མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ལོ་ལྔ་བཅུའི་ལེགས་རྩོམ་ཕྱོགས་བསྒྲིགས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

མི་ལོ་ལྔ་བཅུའི་ལེགས་རྩོམ་ཕྱོགས་བསྒྲིགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་བཙན་བྱོལ་བོད་ཀྱི་མི་ལོ་ལྔ་བཅུའི་རྩོམ་རིག་གི་ཚད་གཞི་མཚོན་བྱེད་དུ། སྙན་དངགས་དང། བརྩམས་སྒྲུང། ལྷུག་རྩོམ། དཔྱད་བརྗོད་བཅས་ཀྱི་ལེགས་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་བཞི་འདོན་སྤེལ་བྱེད་རྒྱུ་ཡིན་ན། ད་སྔ་དུས་དེབ་གྲགས་གྲས་སོགས་སུ་རྩོམ་ཡིག་གང་མང་སྤེལ་མྱོང་བའི་རྩོམ་པ་པོ་རྒན་དར་གཞོན་གསུམ་རྣམ་པས་རང་རང་གི་བརྩམས་ཆོས་གང་དག་ལས་ལེགས་ཤོས་གསུམ་ལས་མ་མང་བ་རེ་ལྷན་དུ་ངོ་སྤྲོད་མདོར་བསྡུས་རེ་དང་འདྲ་པར་རེ་བཅས་འདི་ལོའི་སྤྱི་ཟླ་བརྒྱད་པ་བར་ལ་གཤམ་གསལ་གློག་འཕྲིན་ཁ་བྱང་གཉི་གའི་ཐོག་གཏོང་གནང་ཡོང་བ་ཞུ།

འདས་གྲོངས་སུ་ཕྱིན་པ་དང་ད་ལྟ་བོད་ནང་དུ་ཕྱིར་ལོག་ཟིན་པའི་རྩོམ་པ་པོ་དག་གི་བརྩམས་ཆོས་འདི་ག་མཐུན་ཚོགས་རང་ནས་འདེམས་རྒྱུ་ཡིན།

དེབ་བཞི་ཕྱོགས་བསྒྲིགས་ཟིན་རྗེས་སླར་ཡང་རྩོམ་ལུས་མི་འདྲ་བ་སོ་སོ་ལས་ཨང་དང་པོ་ནས་གསུམ་པའི་བར་གྱི་ལེགས་རྩོམ་འགྲན་སྡུར་གྱི་གཟེངས་རྟགས་ཤིག་ཀྱང་འབུད་ཐུབ་ན་སྙམ། གཟེངས་རྟགས་རྩོམ་ཡིག་འདེམས་མཁན་ནི་ལེགས་རྩོམ་ཕྱོགས་བསྒྲིགས་ནང་ལ་ཚུད་པའི་རྩོམ་པ་པོ་རྣམ་པ་བྱས་ན་ལེགས་སྙམ་མོད། དགོངས་ཚུལ་གཞན་ཡང་ཡོད་ན་གསུང་བར་རིགས།

འདས་གྲོངས་སུ་ཕྱིན་པའི་རྩོམ་པ་པོ་དག་གི་བརྩམས་ཆོས་ལེགས་རྩོམ་འགྲན་སྡུར་གྲས་སུ་འཇོག་འོས་མིན་ཡང་རྩོམ་པ་པོ་རྣམ་པའི་དགོངས་འཆར་ལ་ཉན་རྒྱུ།

སོ་སོས་རྩོམ་ཡིག་དུས་ལྟར་མ་བསྐུར་ན་ང་ཚོར་འགན་མེད། བསྐུར་བྱུང་བ་རྣམས་ལས་ཀྱང་རྩོམ་ཡིག་ཚད་གཞི་མ་ལོངས་པའི་རིགས་ཕྱིར་འཐེན་བྱ་རྒྱུའི་དབང་ཚད་འདི་ག་མཐུན་ཚོགས་ཀྱི་རྩོམ་སྒྲིག་ཚོགས་ཆུང་ལ་ཡོད་པ་བཅས།
tibpen@yahoo.com         chapbrag@gmail.com
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས།
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༠།༥།༢།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 16

  1. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    རྙོག་དྲ་མེད་པ་ཞིག་དགོས་ན་་་་་་ལས་དོན་གང་ཡང་བསྒྲུབ་མི་རུང་། ཁ་རོག་གེར་་ ཁུ་སིམ་མེར་བསྡད་ན་རྙོག་དྲ་གང་ཡང་མེད། དེ་མིན། ལས་དོན་ཆེན་པོ་ཆེ་བསྒྲུབ་པར་རྩོམ་ཚེ། བོད་མི་རེ་ཟུང་གི་ཁོག་པར་ཟུག་ལངས། མིག་ལ་གཟེར་རྒྱག་ནས་གང་ས་གང་ནས་འུར་ལངས་སེ་བུད་འགྲོ།
    ཨོ་རེད། གལ་སྲིད་མི་དེ་དག་གི་རྩོམ་ཆག་དེ་ཚོ་ཡང་ལེགས་འདེམས་ཡིན་ཁུལ་གྱིས་པར་བསྐྲུན་ཞུས་དང་ན་ཡང་རྙོག་དྲ་མེད་འགྲོ་བའི་ཐབས་ཤིག་ཡོད་པ་རེད། གང་ལྟར། དེའི་རིགས་ཀྱིས་རྩོམ་ཡང་བྲི་མི་ཤེས་པས་ད་ཅི་བྱེད། རྗེས་ལུས་ནང་གི་ཡང་ལུས། དུད་འགྲོ་ནང་གི་བེད་མེད་དེ་ཚོ་་་་་ད་ངོ་མ་ ཧ ཧ ཧ ཧ ཧ ད་ལྟད་མོ་བལྟ་རྒྱུ་ཡོད་རྒྱུ་རེད། དཀར་རོ་དགེ་ཕྱོགས་གན་་་་་

    Reply
  2. སློབ་དཔོན། says:
    ལོ་ 16 སྔོན།

    བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་གཞི་ཡག་པོ་འདུག བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་གི་བྱུང་འཕེལ་རྟོགས་བྱེད་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་ངེས་པར་དུ་གནང་དགོས་པ་ཞིག་རེད། དེས་ན་དེ་ཡང་ཉ་ཉོག་མང་བོ་མ་བསྲེས་ཚད་གཞི་ཞིག་གི་ཐོག་ནས་འདེམས་སྒྲིག་བྱ་ཐུབ་ཞིག་གནང་གལ་ཆེ། བཅད་ལྷུག་སྤེལ་མའི་རིགས་གང་ཡིན་ན་ནམ་རྒྱུན་རྩོམ་པ་པོ་སོ་སོས་ཤུགས་རྒྱག་སའི་ཕྱོགས་དེ་འདེམས་ཐུབ་ན་ཡག་པོ་མེད་འགྲོ་དྲན་གྱིན་འདུག དཔེར་ན་རྩོམ་པ་པོ་ཞིག་ཡིན་ན་རྩོམ་སྣ་ཚོགས་འབྲི་གིན་ཡོད་ནའང་ཁོང་གིས་ནམ་རྒྱུན་ཤུགས་རྒྱག་ས་དེ་བརྩམས་སྒྲུང་ཡིན་ན་གཙོ་བོ་བརྩམས་སྒྲུང་གི་ཕྱོགས་འདེམས་རྒྱུ་གལ་ཆེ། དེ་ནས་དཔྱད་རྩོམ་དང་བརྩམས་སྒྲུང་། སྙན་ངག ལྷུག་རྩོམ་སོགས་སྡེ་ཚན་གང་ཡིན་ན་རྩོམ་པོ་གཅིག་ལ་ས་མིག་གཅིག་མ་གཏོགས་མེད་ན་ལེགས། དེས་འདེམས་སྒྲིག་དང་རྩོམ་ཡིག་སྤུས་ཚད་ཇེ་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་པ་རེད།

    རྩོམ་ཡིག་འདེམས་སྒྲིག་གནང་མཁན་ལ་མཁས་པ་གདན་འདྲེན་ཞུ་ཐུབ་ན་བཟང་།
    དཔེར་ན།
    སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། ཤེས་རབ་དར་རྒྱས། ཀླུ་སྨྱོན་ཧེ་རུ་ཀ ཨ་འཇམ་དབྱངས་ཚུལ་ཁྲིམས། ཆབ་བྲག་ལྷ་མོ་སྐྱབས། གཟུངས་ཕྱུག་སྐྱིད།
    ལྷ་ཆབ་སྦྱིན་པ།

    འདི་དག་གི་དགའ་ཞིག་མི་འདུག སྤྱིར་ཆབ་སྲིད་ཀྱི་རྩོམ་ཡིག་འབྲི་མཁན་མང་ནི་རེད། དེ་དག་གིས་གསར་འགྱུར་ལྟ་བུའི་རྩོམ་ཡིག་སྤེལ་རྒྱུ་མ་གཏོགས་སྒྱུ་རྩལ་རིག་ལ་བལྟ་རྒྱུ་ཁག་པོ་རེད།

    Reply
  3. སློབ་དཔོན། says:
    ལོ་ 16 སྔོན།

    བོད་ཀྱི་རྩོམ་པའི་མཐུན་ཚོགས་ཀྱི་ལས་གཞི་ཡག་པོ་འདུག བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་གི་བྱུང་འཕེལ་རྟོགས་བྱེད་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་ངེས་པར་དུ་དགོས་པ་ཞིག་རེད། དེས་ན་དེ་ཡང་ཉ་ཉོག་མང་བོ་མ་བསྲེས་ཚད་གཞི་གི་ཐོག་ནས་འདེམས་སྒྲིག་བྱ་ཐུབ་ཞིག་གནང་གལ་ཆེ། བཅད་ལྷུག་སྤེལ་མའི་རིགས་གང་ཡིན་ན་ནམ་རྒྱུན་རྩོམ་པ་པོ་སོ་སོས་ཤུགས་རྒྱག་སའི་ཕྱོགས་དེ་འདེམས་ཐུབ་ན་ཡག་པོ་མེད་འགྲོ་དྲན་གྱིན་འདུག དཔེར་ན་རྩོམ་པ་པོ་ཞིག་ཡིན་ན་རྩོམ་སྣ་ཚོགས་འབྲི་གིན་ཡོད་ནའང་ཁོང་ནམ་རྒྱུན་ཤུགས་རྒྱག་ས་དེ་བརྩམས་སྒྲུང་ཡིན་ན་གཙོ་བོ་བརྩམས་སྒྲུང་གི་ཕྱོགས་འདེམས་རྒྱུ་གལ་ཆེ། དེ་ནས་དཔྱད་རྩོམ་དང་བརྩམས་སྒྲུང་། སྙན་ངག ལྷུག་རྩོམ་སོགས་སྡེ་ཚན་གང་ཡིན་ན་རྩོམ་པོ་གཅིག་ལ་ས་མིག་གཅིག་མ་གཏོགས་མེད་ལེགས། དེས་འདེམས་སྒྲིག་རྩོམ་ཡིག་སྤུས་ཚད་ཇེ་ལེགས་སུ་འགྲོ་རྒྱུར་ཕན་ཐོགས་པ་རེད།

    རྩོམ་ཡིག་འདེམས་སྒྲིག་གནང་མཁན་ལ་མཁས་པ་གདན་འདྲེན་ཞུ་ཐུབ་ན་བཟང་།
    དཔེར་ན།
    སྤྲེལ་ནག་བློ་གྲོས་དཔལ་བཟང་། ཤེས་རབ་དར་རྒྱས། ཀླུ་སྨྱོན་ཧེ་རུ་ཀ ཨ་འཇམ་དབྱངས་ཚུལ་ཁྲིམས། ཆབ་བྲག་ལྷ་མོ་སྐྱབས། གཟུངས་ཕྱུག་སྐྱིད།
    ལྷ་ཆབ་སྦྱིན་པ།

    འདི་དག་གི་དགའ་ཞིག་མི་འདུག སྤྱིར་ཆབ་སྲིད་ཀྱི་རྩོམ་ཡིག་འབྲི་མཁན་མང་ནི་རེད། དེ་དག་གིས་གསར་འགྱུར་ལྟ་བུའི་རྩོམ་ཡིག་སྤེལ་རྒྱུ་མ་གཏོགས་སྒྱུ་རྩལ་རིག་ལ་བལྟ་རྒྱུ་ཁག་པོ་རེད།

    Reply
  4. karma dorje says:
    ལོ་ 16 སྔོན།

    ལས་འགུལ་འདི་ལེགས་རྩོམ་སྤེལ་ཐབས་རེད། ཡག་པོ་འདུག དེབ་བཞི་ལས་ལྷག་ཡོང་བའི་རེ་སྨོན་ཞུ།

    Reply
  5. མགོ་རུལ། says:
    ལོ་ 16 སྔོན།

    དཔྱད་འདེམ་བྱེད་ན་རྙོག་དྲ་མེད་པ་ཞིག་ཡོང་ཐུབ་ཀྱི་མ་རེད། འདི་ནི་ཆོས་ཉིད་ཅིག་རེད། རྩོམ་རིག་གི་ཕྱོགས་གང་སར་མིག་རྒྱ་སེམས་རྒྱ་ཡངས་པའི་ཆབ་བྲག་ལྷ་མོ་སྐྱབས་དང་ཤེས་རབ་དར་རྒྱས། བློ་གྲོས་དཔལ་བཟང་། ཆུང་ཚེ་རིང་བཞིས་རྩོམ་ཡིག་ལེགས་འདེམས་དང་ཐག་གཅོད་བྱས་ན་བསམ་འཆར་མེད། རྒྱུ་མཚན་ནི་མི་འདི་བཞི་རང་རེའི་སྤྱི་ཚོགས་སྟེང་གི་ཅུང་རང་ཚུགས་ཅན་གྱི་ཤེས་ཡོན་པར་གྲགས་ཤིང་གྲུབ་པས་སོ།།

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ལོ་ངོ་ལྔ་བཅུའི་རྩོམ་ཡིག་འགྲན་བསྡུར་གྱི་རྩ་ཁྲིམས།
    ༼གཤམ་གསལ༽

    1༽ལེགས་འདེམས་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱི་རྩོམ་ཡིག་འགྲན་ཚོགས་འདིར་མཉམ་བཞུགས་མི་ཆོག་པ་ངེས་པར་བཟོ་དགོས།
    2༽མ་མཐའ་དཔྱད་ཞིབ་དྲུག་ལས་མ་ཉུང་བའི་ཚོགས་མི་དགོས།
    3༽ཚོགས་མི་སོ་སོའི་ཉམ་ཞིབ་མཐར་ཕྱིན་གནང་ཏེ་གསང་བའི་ཐོག་སྐར་མ་སྤྲོད་དགོས་པ་མ་ཟད་རང་ཉིད་ཉམ་ཞིབ་བྱས་པའི་རྩེར་སོན་རྩོམ་ཡིག་གསུམ་ལ་འབུར་དུ་ཐོན་པའི་རྒྱུ་རྩལ་དང་ཉམས་འགྱུར་ཡར་མཐོན་ཁྱད་ཆོས་གང་ལྡན་བསམ་ཚུལ་ཐུང་ངུ་རེ་ངེས་པར་འབྲི་དགོས།
    4༽ཕྱོགས་བསྒྲིགས་བྱེད་པོ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་པ་རྣམས་དང་ལེགས་འདེམས་མཉམ་འཛོམས་ཐོག་ལེགས་འདེམས་པ་སོ་སོའི་སྤྲད་པའི་སྐར་གྲངས་རྣམས་མཉམ་རུབ་ཀྱི་སྡོམས་དགོས།
    5༽ལེགས་འདེམས་པ་རྣམས་ཀྱི་རང་རང་གི་སྤྲད་པའི་སྐར་མཐོ་ཤོས་ཀྱི་རྩོམ་ཡིག་གསུམ་གྱི་ཁྱད་ཆོས་བརྗོད་པའི་བསམ་དེའང་རྒྱུན་ལས་པ་རྣམས་དང་ལེགས་འདེམས་རྣམས་ཀྱི་རྒྱུད་སྒྲག་གནང་དགོས།
    6༽ལེགས་འདེམས་པ་ཁག་དང་རྒྱུན་ལས་པ་རྣམས་ཀྱི་དབར་ལ་དགོང་ཚུལ་དང་དགོང་པ་བཞེས་ཕྱོགས་མི་འདྲ་བ་ཡོངས་སྲིད་ཀྱང་བགྲོ་གླེང་བྱས་མི་ཆོག་ཞབས་འདྲེན་ཞུ་རོགས་ཡིན།
    7༽གྲོང་ཟིན་པའི་རྩོམ་པ་པོ་དག་གི་མཛད་རྗེས་ལ་མངགས་བརྗོད་ཞུ་དགོས་པ་མ་ཟད་ཁོང་རྣམས་ལ་ཆེ་མཐོང་བྱ་དགོས་ཀྱང་། ད་རེས་འགྲན་ཚོགས་འདིའི་དམིགས་ཡུལ་གཞོན་སྐྱེས་རྣམས་རང་མི་རིགས་ཀྱི་རིག་གཞུང་ལ་ཐུགས་གནང་བསྐུལ་དེད་ཡོང་རྒྱུའི་ཆེད་ལགས་ན་ཁོང་རྣམས་འཇིག་རྟེན་གཞན་དུ་ཕེབས་ཟིན་པས་འགྲན་བསྡུར་འདིར་བཞུགས་ཐབས་མེད་པ་ཡིན།
    གོང་གསལ་རྩ་ཁྲིམས་དེ་དག་དང་འགལ་མེད་བྱ་དགོས་པ་དགོངས་བཞེས་བཞུ། ཧཧཧ

    Reply
  7. ལྷ་མོ། says:
    ལོ་ 16 སྔོན།

    དཔྱད་རྩོམ་གྱི་ལེགས་འདེམས་པའི་མི་འགྲོ་ནི། དྲ་གྲོགས་ཁང་གསར་རྡོ་རྗེ་ལགས་དང་། དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། ནོར་གླིང་ཉམས་ཞིབ་པ་རྡོ་རྗེ་དབང་ཕྱུག་བཅས་བྱུང་ན་སེམས།

    སྙན་ངག་ལེགས་འདེམས་པའི་མི་འགྲོར། བེར་སྨྱོན་འཇིགས་མེད་དབང་རྒྱལ། ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ། རྡོ་རྦིས་བསྟན་འཛིན་ཤེས་རབ་བཅས་བྱུང་ན་སེམས།

    སྒྲུང་རྩོམ་ལེགས་འདེམས་པའི་མི་འགྲོར། ཟ་ལེ་རྒྱལ་རི་སྐྱེས་ཁ་བ་འཚོ། བརྩེ་དུང་གི་རྒྱལ་སྲས་བོད་ཤ་ཁྲག་རུས་གསུམ། སྒོ་མང་རྔ་བ་ཤེས་རབ་བཅས་བྱུང་ན་སེམས།

    Reply
  8. ལྷ་མོ། says:
    ལོ་ 16 སྔོན།

    ལྷ་མོ་གསང་བའི་མིང་ཡིན། །
    ལྷ་མོ་སྐྱབས་ལ་གསང་ཡོད། །
    གསང་མི་ངོ་འཕྲོད་བྱུང་ན། །
    ལྷ་མོ་སྐྱབས་ནི་ཉོབ་འགྲོ །
    ཧཧཧཧཧཧ།

    Reply
  9. ལྷ་མོ། says:
    ལོ་ 16 སྔོན།

    ལྷ་མོ་སྐྱབས་ལགས་ལྷུག་རྩོམ་དང་། སྒྲུང་རྩོམ་ཐད་ཡག་པོ་གང་འཚམས་འབྲི་མཁན་ཞིག་རེད། དེའི་སྤྱིར་བྱས་ན་ལེགས་འདེམས་ཚོགས་མའི་འོས་ཆོས་ཚང་ཡང་། ད་དུང་གནས་ཚུལ་གཅིག་ཡོད་པ་ནི་རྩོམ་ཡིག་བྲི་མཁན་གྱི་སྐྱེ་བོ་དེ་ཚོ་སུ་ཡིན་ཧ་གོ་ན་ལྷ་མོ་སྐྱབས་ཀྱིས་དྲང་པོ་བྱེད་ཀྱི་མ་རེད། དེ་བརྒྱ་ཆ་བརྒྱ་ཐག་བཅད་ཆོག་པའི་གནས་ཚུལ་ཞིག་རེད། དེར་བརྟེན་ཐེངས་འདིར་ཁོ་རང་ལེགས་འདེམས་ཚོགས་ཆུང་ནང་རྩ་བ་ནས་མ་བསྡད་ན་ཡག་པོ་འདུག

    Reply
  10. ལྷ་མ་ཡིན། says:
    ལོ་ 16 སྔོན།

    ང་ལ་དབང་ཆ་ཡོད་ན། ལྷ་མོ་ལགས་ཁྱེད་རྩོམ་ཡིག་འདེམས་པར་བསྐོ་བཞག་བྱེད།

    Reply
  11. ལྷ་མོ། says:
    ལོ་ 16 སྔོན།

    གྲོངས་ཟིན་པ་ཞིག་ཇི་ལྟར་བྱས་ནས་ལེགས་རྩོམ་འགྲན་བསྡུར་གྱི་གྲས་སུ་ཞུགས་དགོས་རེད། དེ་བས་འགྲན་བསྡུར་ནང་མ་བཅུག་ན་ལེགས།

    གཟེངས་རྟགས་རྩོམ་ཡིག་འདེམས་མཁན་ནི་ལེགས་རྩོམ་ཕྱོགས་བསྒྲིགས་ནང་ལ་ཚུད་པའི་རྩོམ་པ་པོ་རྣམ་པ་བྱས་ན་ལེགས་སྙམ་མོད། ཟེར་བ་བཞིན་བྱས་ན་དྲང་བདེན་ཞིག་རྩ་བ་ནས་ཡོང་གི་མ་རེད།
    ༡ རྩོམ་ཡིག་འདེམས་མཁན་དེ་རྩོམ་ཡིག་བསྐུར་མཁན་ནང་ཡོད་ན་དྲང་པོ་རྩ་བ་ནས་ཡོང་གི་མ་རེད།
    ༢ རྩོམ་ཡིག་འདེམས་མཁན་དེ་ཚོས་རྩོམ་ཡིག་བྲི་མཁན་སུ་ཡིན་མི་ཤེས་པ་བྱེད་དགོས།
    ༣ རྩོམ་དེབ་མ་བཏོན་གོང་ལ་ལེགས་འདེམས་བྱས་ཟིན་པ་བྱེད་དགོས།
    ༤ རྩོམ་ཡིག་གི་སྡེ་ཚན་སོ་སོ་ལ་མཁས་པའི་ལེགས་འདེམས་ཚོགས་ཆུང་འཛུགས་དགོས།
    ༥ རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་བྱེད་སུ་རུང་ལེགས་འདེམས་ཚོགས་ཆུང་ཁག་ནང་ཡོད་མི་རུང་།
    ༦ ལེགས་འདེམས་རྩོམ་ཡིག་ཕྱོགས་བསྒྲིགས་བསྡུ་རུབ་བྱེད་ཀྱི་ཡོད་པ་ཆོལ་གསུམ་བོད་ཀྱི་ཕྱི་སྡོད་རྩོམ་པ་པོ་གྲགས་ཆེ་བ་ཚང་མས་མ་གོ་མ་ཐོས་མེད་པ་བཟོ་དགོས།

    Reply
  12. ལྷ་མོ། says:
    ལོ་ 16 སྔོན།

    དཔྱད་རྩོམ་དེ་གླང་དར་མའི་མགོ་ལ་ར་ཡོད་མེད་དང་། སྲོང་བཙན་སྒམ་པོ་ག་དུས་འཁྲུངས་མིན་སོགས་ཀྱི་སྐོར་ཡིན་ན་ཕན་པ་གང་ཡོད་མ་རེད་སེམས། དེ་བས་བརྗོད་གཞི་རང་འདོད་ཐོག་དཔྱོད་སྟོབས་གསར་པ། གནད་འགག་གསར་པ་དེ་འདྲ་རང་དབང་གི་ཐོག་ནས་གླེང་ཐུབ་ན་དགེ་མཚན་ཡོད་པ་རེད་སྙམ།

    Reply
  13. ལྷ་མོ། says:
    ལོ་ 16 སྔོན།

    རྩོམ་རིག་སྡེ་ཚན་སོ་སོ་ལ་ཞིབ་དཔྱོད་པ་ཉུང་མཐར་གསུམ་རེ་དགོས། སྙན་ངག་ལ་མཁས་པའི་རྩོམ་པ་པོ་དེ་ཚོས་སྙན་ངག་གི་རྩོམ་ལ་ཞིབ་དཔྱོད་བྱས། སྒྲུང་རྩོམ་ལ་མཁས་པའི་རྩོམ་པ་པོ་དེ་ཚོས་དེ་བཞིན་བྱས། གལ་ཆེ་ཤོས་དེ་དཔྱད་རྩོམ་ཞིབ་འཇུག་པ་དེ་ཚོ་ལྟ་གྲུབ་འདྲ་མིན་གྱི་ཕྱོགས་སུ་ལྷུང་བ་མིན་པར་དཔྱད་རྩོམ་གྱི་རྩོམ་ལུས་ཧྲིལ་པོའི་བརྗིད་ཚད་ལ་ལྟ་ཤེས་མཁན་དེ་འདྲ་ཡོད་དགོས་རྒྱུ་ཧ་ཅང་གལ་ཆེ་བ་ཡིན་ལ། རང་དབང་གི་དཔྱད་བརྗོད་སྤྱི་ཚོགས་ཐོག་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རང་དབང་གི་སྒོ་ནས་མངོན་པར་བྱེད་ཐུབ་པ་དགོས་པའི་རྩ་དོན་ཞིག་ཆགས་ཡོད། དེ་མིན་ཚིགས་བཅད་རེ་ཟུང་དང་། རང་མོས་རེ་ཟུང་བསྒྲིགས་པའི་དེབ་ཞིག་བཏོན་ན་ཕན་པ་ག་ཚོད་ཡོད་མིན་ནི་དྲི་བ་ཞིག་རེད།

    Reply
  14. ཕུན་ཚོགས ། says:
    ལོ་ 16 སྔོན།

    ཡག་པོ་འདུག་་་བཀའ་དྲིན་ཆེ་།རེ་བ་བྱས་ནས་བསྡད་ཡོད།
    རྩོམ་ཡིག་འདེམས་སྟངས་དེ་སྦྲང་ཆར་རྩོམ་རིག་བྱ་དགའ་འདེམས་སྟངས་ལྟར་གློག་པ་པོ་ཡོངས་ལ་འདེམས་ཤོག་འགོང་སའི་འགོང་ཤོག་གམ་ཡང་ན་དྲ་གནས་ངོས་སུ་འདེམས་ཐུབ་པའི་ཆ་རྐྱེན་བྱུང་ན་ཅུང་རྣམ་པ་གསར་བ་དང་སྤུས་དག་པ་ཞིག་ཡོང་གི་སྙམ།

    རྩོམ་པ་པོ་རྒན་རབས་དང་ཤེས་ཡོན་པ་ཁ་ཤས་ལ་འདེམས་སུ་འཇུག་པའི་ལུགས་སྲོལ་དེ་ནི་རྩོམ་པ་པོ་རྙིང་པ་དག་གི་ལྟ་བ་དང་འདོད་ཚུལ་ཀྱི་ཕྱོགས་སུ་ལྷུང་བའི་ཉེན་ཁ་ཤིན་ཏུ་ཆེ་བས།ཐེངས་འདིར་ན་གཞོན་རྩོམ་པ་པོ་ཚོར་གོ་སྐབས་དང་འདུ་ཤེས་དང་ལྟ་བ་གསར་བའི་དཔུང་ཤུགས་ཅང་ཆེ་རུ་ཕྱེ་ཐུབ་པའི་རེ་བ་ཧ་ཅང་ཆེ།

    ད་ནི་མཐུན་ཚོགས་འདིས་སྣེ་ཁྲིད་དེ་སྐྱུགས་ལྡད་རྩོམ་རིགས་ཀྱི་གཤིས་ཀ་ཡོངས་སུ་བསྒྱུར་ཏེ་གསོན་ཤུགས་ཀྱིས་བཏེགས་པའི་རྩོམ་རིགས་གང་མང་སྤྱི་ཚོགས་སུ་བསྟར་ཐུབ་པའི་སྨོན་འདུན་རིང་པོ་བྱེད་ཀྱིན་ཡོད།

    Reply
  15. ཞྭ་ནག་བློ་གྲོས། says:
    ལོ་ 16 སྔོན།

    དེ་ནི་ངེས་པར་དགོས་ངེས་ཤིག་རེད། ཐུགས་རྗེ་ཆེ་ཞུ། རྩོམ་ཡིག་འདེམས་སྟངས་དེ་འགྲིག་གི་མི་འདུག་སྙམ་གྱི་ཡོད། གང་ཡིན་ཟེར་ན། དེ་ནི་རྩོམ་པ་པོ་ཚད་ལྡན་ལྔ་ནས་བདུན་བར་གྱི་འདེམས་སྒྲུག་ཚོགས་ཆུང་ཞིག་བཙུགས་ཏེ། དེས་འཚོལ་ཞིབ་དང་འདེམས་སྒྲུག་བྱས་པ་ཡིན་ན། ད་གཟོད་རྩོམ་ཡིག་ལེགས་ཤོས་ཟེར་ན་འདྲ། ཚད་གཞི་མཐོ་ཤོས་ཀྱི་རྩོམ་ཡིག་དེ་ཚོ་ལེགས་འདེམས་ཐུབ་ཀྱི་རེད།
    ད་ལྟ་ནས་གསལ་པོ་ཆགས་དགོས་པ་གཞན་ནི། ལེགས་འདེམས་རྩོམ་སྒྲིག་ཚོགས་ཆུང་དེ་རྩོམ་པ་པོ་ཚད་ལྡན་ཤ་སྟག་གིས་གྲུབ་པ་ཞིག་རེད་དམ། ཡང་ན། མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་རེད། རྒན་ལགས་ནས་དེའི་སྐོར་གསལ་བཤད་ཅིག་གནང་ན་ལེགས།

    Reply
  16. སྤང་མདའ་སྟོབས་རྒྱས། says:
    ལོ་ 16 སྔོན།

    ཡག་པོ་རེད་བོད་མི་རིགས་ཀྱི་རིགས་གཞུང་ལ་དོ་སྣང་ཡོང་སླད་དེ་ལྟར་བྱས་འགྲིག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese