བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ཁྲོད་ཐོག་དང་པོར་བོད་པའི་དགེ་ འདུན་པའི་ཚན་རིག་སྣེ་ཁྲིད་པའི་སློབ་ཐོན་ཐོག་མ་དེ་སློབ་མཐར་ཕྱིན་ཡོད་པ་རེད།
བོད་ཀྱི་དཔེ་མཛོད་ཁང་གིས་ཕྱི་ཚེས་ ༡༣ ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། ཐེངས་འདིའི་ཚན་རིག་དགེ་རྒན་སློབ་ཐོན་པའི་གྲས་སུ་མི་གྲངས་སུམ་ཅུ་ཡོད་ལ། ཁོང་ཚོས་ཚན་རིག་སྦྱངས་ཏེ་ཕྱིར་རང་རང་གི་དགོན་སྡེ་ཆེ་ཁག་སྟེ། སེ་ར་དང་དགའ་ལྡན། འབྲས་སྤུངས། ས་སྐྱ་མདོ་སྔགས་ཆོས་གླིང་། བོན་དགོན་སྨན་རི་གླིང་བཅས་སུ་ཕེབས་རྒྱུ་ཡིན་འདུག་ལ། དགོན་པ་ཆེ་ཁག་ལྔ་བོ་འདིའི་ནང་དུ་དགེ་འདུན་པ་ ༡༥༠༠༠ ལྷག་ཡོད་ཅིང་། འདི་དག་གི་མང་པོ་ཞིག་ནི་ཚན་རིག་སྦྱོང་འདོད་ཀྱིས་སྒུག་ཡོད་པ་རེད་ཟེར།
ཕྱི་ཚེས་ ༡༤ སྟེ་ས་ག་ཟླ་བའི་ཚེས་གཅིག་ཉིན་དགེ་འདུན་པའི་ཚན་རིག་དགེ་རྒན་འདི་དག་སློབ་མཐར་ཕྱིན་པའི་མཛད་སྒོ་ཡིན་ཅིང་། མཛད་སྒོའི་སྐུ་མགྲོན་དུ་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ཕེབས་རྒྱུ་ཡིན་པ་དང་། མཛད་སྒོ་འཚོགས་ས་ནི་སྦིར་ས་གནས་ཀྱི་རི་དྭགས་ལྷུང་བའི་ནགས་ཚལ་ཞེས་པ་དེ་ཡིན་འདུག
གསར་དུ་སློབ་མཐར་ཕྱིན་པ་འདི་དག་གིས་རང་གི་དགོན་པའི་ནང་དུ་གནམ་རིག་ནས་དབང་རྩ་རིག་པའི་བར་གྱི་སློབ་ཐབས་དང་། ཤེས་ཡོན་གྱི་རྒྱུ་ཆ་སྣ་ཚོགས་ཁྱེར་ནས་ཕེབས་རྒྱུ་ཡིན་པར་བཤད་ལ། དགེ་འདུན་པའི་ཚན་རིག་དགེ་རྒན་འདི་དག་ནི་བོད་ཀྱི་དཔེ་མཛོད་ཁང་དང་སཱ་གྷར་ཁྱིམ་ཚང་ (Sager Family Foundation) གཉིས་ཀྱི་གོ་སྒྲིག་དང་མཐུན་འགྱུར་འོག་སློབ་མཐར་ལེགས་འགྲུབ་བྱུང་བ་ཞིག་ཡིན་འདུག
༢༠༠༡ ལོ་ནས་བཟུང་སཱ་གྷར་ཁྱིམ་ཚང་ (Sager Family Foundation) དང་བོད་ཀྱི་དཔེ་མཛོད་ཁང་གཉིས་མཉམ་འབྲེལ་་གྱིས་དགེ་འདུན་པར་དམིགས་པའི་ཚན་རིག་ཅེས་པའི་ལས་གཞིའི་འོག་ནས་རྒྱ་གར་ནང་གི་བོད་པའི་དགེ་འདུན་པ་ཚོར་ཚན་རིག་གི་ཟབ་སྦྱོང་སྣ་ཚོགས་སྤྲད་པ་དང་། ༢༠༠༡ ནས་ ༢༠༠༧ ལོའི་བར་དུ་ལོ་ལྟར་དགེ་འདུན་པ་ ༥༠ རེར་བདུན་ཕྲག་བཞིའི་རིང་ཚན་རིག་གི་ཟབ་སྦྱོང་སྤྲད་ཡོད་པ་རེད། ཟབ་སྦྱོང་འདི་དག་གི་མཐའ་མར་ཚན་རིག་སྣེ་ཁྲིད་གསོ་སྐྱོང་ཁང་ཞེས་པ་ཞིག་གསར་འཛུགས་བྱུང་ལ། གསོ་སྐྱོང་ཁང་འདིའི་ནང་དུ་དགེ་འདུན་པ་ ༣༠ དྲག་འདེམས་ཀྱིས་ཚན་རིག་སློབ་ཁྲིད་དང་ཚན་རིག་གི་ཤེས་ཡོན་གྱི་སྣེ་ཁྲིད་པར་སྦྱོང་བརྡར་སྤྲད་ཡོད་པ་རེད། དེ་དང་མཉམ་དུ་སློབ་གླིང་འདིའི་ནང་དུ། ས་གནས་དགོན་པ་ཁག་གི་དགེ་འདུན་པ་ཚོར་ལོ་གཅིག་གི་ནང་ཐེངས་གཉིས་རེར་བདུན་ཕྲག་གཉིས་རིང་གི་ཚན་རིག་ཟབ་སྦྱོང་སྤྲོད་ཀྱིན་ཡོད་པ་རེད།
དགེ་འདུན་པའི་ཚན་རིག་དགེ་རྒན་སྐོར་ཁག་དང་པོ་སློབ་མཐར་ཕྱིན་པ་དང་བསྟུན། སྐོར་ཁག་གཉིས་པ་དེ་ ༢༠༡༡ ལོར་མགོ་འཛུགས་གནང་འཆར་ཡོད་པ་དང་། དེའི་ནང་དུ་རྒྱ་གར་དང་བལ་ཡུལ་གྱི་བོད་པའི་དགེ་འདུན་པ་རྣམས་ལ་ཚན་རིག་སློབ་ཁྲིད་གནང་རྒྱུ་ཡིན་པ་དང་། སྐོར་ཁག་གཉིས་པའི་ནང་དུ་བཙུན་མ་ཡང་བསྡུ་རྒྱུ་ཡིན་འདུག
These monks and nuns are now graduated! oh!Bikshus and nuns learn science is basically right??? but main my suggestion is that believers always love clarity practitioner of Buddha-Dharma, hence..???
ལོ་ཁ་ཤས་ཀྱི་ནང་ཚུད་ལ་ཚན་རིག་སྦྱངས་ནས་སློབ་མཐར་ཕྱིན་འགྲོ་བ་དེར་ངེད་ཡིད་ཆེས་ཀྱི་མི་འདུག། བོད་རང་སྐད་ལ་ཡོད་པའི་བརྡ་སྤྲོད་རིག་པ་སྦྱང་བ་ལའང་ལོ་ཤས་དགོས་ངེས་ཡིན་པ་ཁྱོད་དང་ང་ལ་གསལ་ཆ་ཡོད་ ཚན་རིག་ཅེས་བརྗོད་དུས་ཚེ་གང་ལ་སྦྱངས་ནའང་མཐའ་རྟོགས་དཀའ་བའི་གནས་ཚུལ་དེ་འདྲ་ཡིན་པས་ ངས་བལྟས་ན་ཚན་རིག་པའི་སློབ་ཐོན་ཞེས་བརྗོད་ན་ངོ་བསྣོིངས་དགོས་པའི་ཚོད་རེད།
རི་བོང་ལགས་སུ།
ཁུངས་སྐྱེལ་དང་རྒྱུ་མཚན་མེད་པར་སྡུག་ས་དང་ངན་ས་ཁོ་ན་ནས་ཤོད་པའམ་བལྟ་བ་ནི་སེམས་ཁམས་ཀྱི་ནད་གཞི་ལྕི་མོ་ཞིག་ཡིན། དེ་མིན་ཚན་རིག་སྦྱོང་མཁན་གྱི་དགེ་འདུན་པ་འདི་དག་གདན་སར་སློབ་གཉེར་ཁུངས་མ་འཁྱོལ་བ་ཁོ་ན་ཡིན་མིན་ནི་ཁོང་ཚོ་ད་ལྟ་སཱ་ར་མཐོ་སློབ་ལ་ཚན་རིག་ཟབ་སྦྱོང་ཚོགས་མུས་ཡིན་པས་འདིར་ཕེབས་དང་། ང་ཚོས་ཁྱོད་དང་ཁོང་ཚོའི་བར་སྲོལ་རྒྱུན་དང་དེང་དུས་ཀྱི་རིག་གནས་གང་གི་ཐོག་ལ་ཡང་བགྲོ་གླེང་དང་ཤོད་རེས་གོ་སྒྲིག་བྱེད་ཆོག་པས་དེ་དུས་ཤེས་ཚོད་ཡིན། དེ་མིན་བཟོད་ཟད་ཀྱི་རྟགས་དེ་འདྲ་མ་སྟོན་ན་ལེགས།
གཡུ་སྒྲ་ལགས་སུ།
ཁྱེད་ཀྱིས་བཤད་པའི་ཀླད་པའི་ཚད་གཞི་དེ་ཁྱེད་རང་གི་ཀླད་པ་ཡིན་རྒྱུ་རེད། དེ་མིན་ང་ཚོས་ཐམས་ཅད་མཁྱེན་པ་བྱས་ནས་སངས་རྒྱས་བྱེད་ཐུབ་པ་མི་འདོད་དམ། ཆོས་མཚན་གཉིས་ལྷན་དུ་མི་ཤེས་པ་གང་ཡོང།
༸གོང་ས་མཆོག་གིས་ཐུགས་རེ་ཆེན་པོས་དགེ་འདུན་པ་ཚོར་ཚན་རིག་དང་སྐད་ཡིག་གིས་མཚོན་པའི་དེང་རབས་རིགས་གནས་ཤིག་བསླབ་རྒྱུའི་གྲ་སྒྲིག་གནང་དུས། བསམ་ས་མ་སོང་གསེག་སར་སོང་ནས་བར་དོ་བ་རྐྱང་ལ་གོ་སྐབས་སྤྲད་ནས་༸ཁོང་གི་ཐུགས་རེ་སྟོང་ཟད་དུ་གཏོང་བཞིན་པ་ནི་སེམས་སྐྱོ་དགོས་པ་ཞིག་རེད། རྗེས་མ་ནས་འདི་དག་གསར་དུ་བསྡུ་སྐབས་སྔོན་འགྲོའི་རྒྱུགས་སྤྲོད་ཚད་ལྡན་རེ་བླངས་ནས་དེ་ལ་རྩ་འཛིན་བྱས་ན་ད་གཟོད་ལེགས་ལམ་དུ་བསྐྱོད་ཐུབ་ངེས། གཞན་འདི་དག་མང་ཆེ་བ་གདན་ས་ཁག་ཏུ་སློབ་གཉེར་ཁུངས་མ་འཁྱོལ་མཁན་རྐྱང་ཡིན་རྒྱུ་རེད་སྙམ།
་ཡ་ཡ་ད་་་་་་་་་་་་་་་་་་་་་་་དང་ཐོག་ཅི་ཞིག་བཟོ་བསྐྲུན་བྱེད་རྒྱུ་ཡིན
ཡང་ན་ཤིང་སྡོང་ལ་སེམས་ཡོད་པས་རྒྱུ་མཚན་ཡག་པོ་ཞིག་གསུང་རོགས་གནངྲ་
བྲ་རྡོར་མཆོག་གིས་ཇི་སྐད་དུ། ངས་འདི་ལྟར་བསམ་སོང་། འདི་ལ་དགག་པ་རྒྱག་མཁན་ཡོད་ན་མི་དེ་ཧ་ཅང་ཤེས་ཡོན་ཕྱོགས་ལ་མཐོང་རྒྱ་ཆུང་བའི་རྟགས་ལས་མ་འདས། ཞེས་གསུངས་པ་འདི་ལ་དགག་པ་རྒྱག་མཁན་ཞིག་ཡོད་ན། མི་དེ་ངས་མཐོང་རྒྱ་ཆེ་ཆུང་ཕར་ཞོག་ལྐུག་པ་ལྐུག་རྐྱང་ལ་རྩི་རྒྱུ་ཡིན། བྲ་རྡོར་ལགས། ང་ཁྱེད་ཀྱི་རྒྱབ་རྩ་ན་ཡོད་ཤག་ཤག་ཡིན་ད། ད་དགག་པ་རྒྱག་ནི་ཡོད་ན་ཤོག་ཡ། ཨ་དྲེལ་ཞོན་མ། ད་ཨེ་རྣལ་ཀི
ཡ་ཡ། ཚན་རིག་ཟེར་དུས་གཞི་རྒྱ་ཆེན་པོ་དང་རྣམ་གྲངས་མང་པོ་དེ་འདྲ་ཞིག་རེད། སྐུ་ཞོག་རྣམ་པས་སློབ་ཚན་གང་ཞིག་སྦྱངས་པ་ཡིན་ནམ།
ཚན་རིག་སྦྱངས་སྐབས་ཨང་དང་པོ་དང་གཉིས་པའི་སྐད་ཆ་ཡོད་པ་མ་རེད།་གང་ཡིན་ཟེར་ན་དྲང་པོ་དྲང་ཤགས་བྱེད་རྒྱུ་དེ་གལ་ཆེན་པོར་ཡིན།དེ་ལས་ཟློག་ཏེ་ཕྱོགས་ཞེན་ཀྱི་དབང་དུ་སོང་ན་དོན་འབྲེས་གང་ཡང་མེད།
དགེ་འདུན་པ་ཚོ་ཐུགས་རྗེ་ཆེ།བོད་ལ་ད་ལྟ་དགོས་ངེས་ཅན་དེ་ཚན་རིག་ལག་རྩལ་རེད།རྒྱུན་སྐྱོང་ཡོང་བའི་རེ་བ་ལགས།
ཚན་རིག་ནང་དུ་ནང་ཆོས་ཡང་འདུས་ཡོད་ལ་ནང་ཆོས་ནང་དུ་དེ་ལས་ཀྱང་ཚན་རིག་འདུས་ཡོད།དེའི་དོན་མཛོད་འགྲེལ་ཐར་ལམ་གསལ་བྱེད་དུ་གཟིགས་ན་གསལ།
ཚན་རིག་པའི་ནང་བོད་ཀྱི་དགེ་འདུན་པ་ནང་པོ་ཞིག་ལ་ཚན་རིག་སྤྱང་བའི་གོ་སྐབས་བྱུང་བ་དེ་ཡག་པོ་རེད་བསམ་སོང་།འོན་ཀྱང་ཚན་རིག་དང་ནང་ཆོས་པར་ལ་མི་མཐུན་པ་མེད་པ་གསལ་པོ་རེད།དོན་ལ་ཚན་རིག་ནི་འགྲོ་བ་མའི་གནས་སྐབས་ཀྱི་དཀའ་ངེལ་སྲེད་བྱེད་ཞིག་རེད།ནང་ཆོས་ནི་འགྲོ་བ་ཡོངས་ཀྱི་ཕུགས་གྱི་དཀའ་ངེལ་སྲེད་བྱེད་ཀྱི་ཐབས་ལམ་ཞིག་རེད་བསམ་སོང་།འདི་ལ་དགག་པ་བྱེད་མཁན་བྱུང་ན་མི་དེ་ལ་ཧ་ཅིང་ཤེས་ཡོན་ཕྱོགས་ལ་མཐོང་རྒྱ་ཆུང་བའི་རྟགས་ལས་མ་འདས།ད་དུང་ཚན་རིག་ནི་ནང་ཆོས་ནས་བཤད་པའི་གཟུགས་ཅན་ཀྱི་དངོས་པོ་རྣམས་འགྲོ་བ་ཡོང་ཀྱི་མིག་ལམ་དུ་གསལ་བྱེད་ཞིག་རེད་ཟེར་ཆོག
ནང་ཆོས་ནི་ཕྱིའི་དཔལ་འབྱོར་ཙམ་མ་ཡིན་པར་ནང་སེམས་ཀྱི་དཀའ་ངེལ་སྲེད་བའི་ཐབས་མཆོག་ཞིག་རེད་ཟེར་ཆོག
འདི་གཉིས་ཟུང་དུ་འབྲེལ་ན་འགྲོ་བ་ཡོངས་ལ་དོན་དམ་པའི་བདེ་སྐྱིད་ཞིག་བསྟེར་ཐུབ།
ཡག་པོ་ཞེ་དྲག་བྱུང་འདུག ཚན་རིག་དང་ནང་ཆོས་དབར་གྱི་བགྲོ་གླེང་དང་ཉམས་ཞིབ་ཀྱི་ཐད་ལ་ཕན་ཐོགས་ཆེན་པོ་ཡོད་ཀྱི་རེད། འོན་ཀྱང་ནང་ཆོས་འདི་ཨང་དང་པོར་བཞག་ནས་སྦྱངས་རྗེས་ཚན་རིག་ལ་སྦྱངས་བ་བྱེད་ཐུབ་ན་ཡག་པོ་རེད།
ཨོོ་་་་་་ཡག་པོ་རེད། འོན་ཀྱང་ཀླད་པ་གཉིས་ཡོད་ན་མ་གཏོགས་ཚན་རིག་དང་ནང་ཆོས་ཤེས་རྒྱུ་ཁག་པོ་རེད། གཙོ་བོ་སོ་སོ་རང་གི་ཕྱོགས་ལེགས་པར་མི་ཤེསཔར་མགོ་སེར་ཚོའི་ལྟ་བའི་ཕྱོགས་སུ་རི་བོང་ཅལ་རྒྱུག་བྱེད་པ་ཐུབ་པ་སངས་རྒྱས་ཀྱི་བུ་ཞིག་གི་བྱེད་ཚུལ་ཡིན་པར་མི་སྣང་ངོ་།།
ད་ནི་ང་ཚོ་དུས་རབས་ཉེར་གཅིག་པའི་འགྲོ་བ་དང་མཉམ་དུ་གོམ་པ་དང་པོ་སྤོས་པ་ཡིན། གོམ་པ་གཉིས་པ་སོགས་ནི་ང་ཚོ་ཚང་མའི་འགན་ཡིན།
དགེ་འདུན་པས་ཚན་རིག་སྦྱངས་པ་ག་ལ་ཡིན། འདི་ནི་ཚན་རིག་ཐ་སྙིད་ཀྱི་ཐོག་ནས་ནང་ཆོས་ལ་གཏིང་གཟབ་གྱིས་གོ་རྟོགས་ཐེབས་ཐབས་བྱས་པ་ཙམ་རེད། ཐ་སྙིད་མ་འདྲ་ཙམ་རེད་མ་གཏོགས་ང་ཚོའི་ནང་བསྟན་ཤེས་རིག་ནི་ཚན་རིག་དང་ཅིག་མཚུངས་རེད།
རི་བོང་མི་ཤོར་རི་བོང་ཤོར་།
རི་བོང་སླར་ཡང་འཛིན་རྒྱུ་ཡོད་།
སྡོམ་པ་མི་ཤོར་སྡོམ་པ་ཤོར་།
སྡོམ་པ་ཤོར་ན་ཤོར་གཅིག་རེད།
རྩེད་མོ་ཡིན།
ནང་ཆོས་ལ་ཐོགས་པ་མེད་པ་དེའི་ཐོག་ཚན་རིག་ཡག་པོ་ཞིག་ཤེས་ན་མར་ཐོག་མར་བརྩེགས་རེད་། བོད་ཀྱི་བླ་སྲོག་ལྟ་བུ་གྲྭ་པ་སློབ་ཐོན་བ་ཚོ་ལ་སྙིང་ནས་དགའ་བསུ་ཡོད་།
བོད་པའི་ ཚན་རིག་གིས་ ཁོར་ཡུག་ སྲུང་སྐྱོབ་ལ་ ཨང་ དང་པོར་ ཤུགས་ བཞག་དགོས།
རིན་ཆེན་རུལ་བུ་ལགས།
རི་བོང་་་རི་བོང་ཤོར་་་་སྡོམ་པ་་སྡོམ་ཤོར་ཡོད་མེད་སེམས་འཁྲུལ་བྱེད་དགོས་པ་དེ་ཙམ་མ་མཐོང་ངོ།
གང་ཡིན་ཟེར་ན་དབུ་མ་ཐལ་འགྱུར་བའི་ལུགས་སུ་ལྟར་ན་སྡོམ་པ་ནི་གཟུགས་ཡིན་པས་གྲྭ་ས་ཁག་གི་ཚན་རིག་ཡར་རྒྱས་འགྲོ་དུས་སྡོམ་པ་ཤོར་ཡོད་མེད་ཕྲ་མཐོང་རྒྱང་ཤེལ་ནས་ལྟས་ན་སྡོམ་པ་ཡོད་མེད་རྟོགས་ཐུབ། དེ་ལས་ཡག་བ་ག་རེ་དགོས།
རྗེས་མ་ནས་གྲྭ་བ་རྫུན་མ་བསྡད་ས་རག་ཁག་པོ་རེད། ཚན་རིག་ཟེར་བ་འདིས་ལས་སླ་པོ་ཞིག་འཇོག་ནི་མ་རེད།
དེ་རིང་ཁྱེད་ཀྱི་རི་བོང་རི་བོང་ཤོར་སྡོམ་པ་སྡོམ་པ་ཤོར་ཟེར་བ་འདིས་ང་ལ་དགོད་རྒྱུ་བྱུང་ཐུགས་རྗེ་ཆེ་ཞུ།
རང་ངོ་རང་གིས་མ་ཟིན་ན་ངོ་ཚ་དགོས་པ་ལས་ངོ་ཚ་དགོས་དོན་གང་ཡང་མེད། སྐད་ཆ་རུས་པ་ཅན་རེ་བཤད་མཁན་མི་འདུག་གམ།
དགེ་འདུན་པས་ཚན་རིག་ལ་སྦྱང་ན་ཕན་ཐོགས་ཆེན་པོ་ཡོད་པ། སྐྱབས་མགོན་རིན་པོ་ཆེའི་དགོངས་པ་རེད་ཟེར་བ་ཙམ་མ་ཡིན་པར་དོན་དངོས་ཐོག་ནས་གྲུབ་འབྲས་རླབས་ཆེན་ཡོད་པ་ཞིག་ཡིན། ད་ཐེངས་ཀྱི་སློབ་ཐོན་པ་རྣམས་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཡོད། ངའི་རེ་བ་ལ་ཁྱེད་རྣམས་ཀྱི་བོད་ཉག་ཕྲ་བའི་དུས་ཚོད་འདིར་ནུས་ཤུགས་གང་ཡོད་ཀྱིས་ལས་དོན་སྒྲུག་རོགས། འུ་ཅག་གི་མི་རབས་ཕྱི་མ་འཛམ་གླིང་འདིའི་ཐོག་ངོ་ཚ་ནས་འགྲོ་མི་དགོས་པ་ཞིག་ཡོང་བ། ཁྱེད་རྣམས་ཀྱི་ཕྱག་ཏུ་ཡོད་པ་རེད། མཐའ་དོན་ཁྱེད་རྣམས་ཀྱི་ཅི་བསམ་ལེགས་གྲུབ་ཡོང་བར་གུས་པས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུ་ཡི་ཡོད།
ཟིན་མི་ཐུབ་པ་དེ་ཡིན། ལོ་ཤས་རྗེས་སུ་་་་་་་་་ལ་བཅོས་དགོས།
འདི་༧་གོང་ས་མཆོག་གིས་རྒྱངས་རིང་ལ་གཟིགས་པ་རེད། ནུབ་ཕྱོགས་པའི་ཚན་རིག་པ་གྲགས་ཆེན་ཡོད་ཚད་ཡི་ཤུ་བའི་དགོན་སྡེ་ཁག་གི་ནང་བྱུང་བ་ཤ་སྟག་རེད། ཕྱིས་སུ་དགོན་སྡེ་དག་དེང་སང་གི་སྐད་གྲགས་ཅན་གྱི་སློབ་གྲ་ཆེན་མོ་འདི་དག་ལ་རིམ་བཞིན་འགྱུར་བ་རེད། ནང་ཆོས་དང་ཚན་རིག་གང་སྤྱང་ནའང་དགའ་དགོས་པ་ཞིག་རེད་མོད། དེ་ལས་འཇིགས་སྣང་ཆེ་བ་ཞིག་ཡོད་པ་ནི་བཙན་བྱོལ་བོད་པའི་་དགོན་སྡེ་ཁག་གི་ནང་ལོ་ཉེར་ལྔ་མན་གྱི་བོད་པ་ཁེ་གཙང་གི་གྲ་བས་བརྒྱ་ཆའི་ལྔ་ཡང་ཟིན་མི་ཐུབ་དེ་ཡིན། ལོ་རྗེས་སུ་དགོན་སྡེ་དེ་དག་གི་ནང་བོད་པའི་བླ་རྒན་རྒན་ཁོགས་ག་རེ་ལས་ཡོད་བགྱི་མ་རེད་ཡ། ད་དུང་སློབ་ཕྲུག་མེད་པར་བཙན་བྱོལ་བའི་སློབ་གྲ་འགའ་ཡང་སྒོ་བརྒྱབས་འདུག་ཟེར་གིན་འདུག་ག
ཚན་རིག་ཞེས་པ་དེ་སྐད་གྲགས་ཆེ་བ་ཙམ་ལས་དེ་དངོས་མགྱོགས་པོ་བཞེད་དྲགས་ཤེས་མཁན་ཞིག་ཡིན་ས་རེད། ད་རེས་ཀྱི་ཚན་རིག་སློབ་མཐར་སོན་པ་རྣམས་ 2001་ ནས་འགོ་འཛུགས་བྱས་ལོ་རེ་ཟླ་བ་གཉིས་གསུམ་ཟབ་སྦྱོང་གནང་ནས་ཐོན་པ་རེད། ཟླ་གྲངས་དེ་དག་སྡོམས་ན་ལོ་གཅིག་ལྷག་ཙམ་རེད། ཧ་ཅང་ལྟབས་བདེ། དེ་འདྲ་ཞིག་གི་ང་ཚོའི་སྤྱི་ཚོགས་འདིར་ཕན་འདོགས་པའི་གསར་བསྟོད་གང་ཞིག་སྐྲུན་ཐུབ་བམ། ངས་ལྟས་ན་ད་རེས་ཀྱི་ཚན་རིག་ཐར་སོན་སློབ་མ་རྣམས་ནས་ཤོག་བུའི་གནམ་གྲུ་ཞིག་ཀྱང་གསར་བསྟོད་བྱ་མི་ཐུབ། སློབ་ཡུན་དང་སློབ་གསོ་གང་ཕྱིའི་འཐད་ནས་ཡོངས་ཐབས་མེད།
སྐད་ཆ་དྲང་མོར་བཤད་ན། ཚན་རིག་ལ་བྱང་ཆ་ཐོན་པ་ཞིག་བྱེད་དགོས་ན། རྩིས་དངོས་རྫས་གསུམ་གྱི་གཞུང་ཆེན་དག་ལ་མི་ཚེ་ཧྲིལ་བོ་ཞིག་བཏང་ན། ད་གཟོད་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་གི་ཕྱི་གླིང་གི་ཚན་རྩལ་རིག་གནས་ལ་རྒྱུས་མངའ་ཙམ་ཡོང་ཐུབ་པའི་རེ་བ་ཡོད་པ་ཙམ་ལས། དེ་དག་དང་ཐོལ་བརྒལ་གྱི་གསར་གཏོད་ཅིག་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། དེ་ལས་ནང་བསྟན་པས་སེམས་ཐག་རྦད་ཆོད་ཀྱིས་མི་ཚེ་ཧྲིལ་བོར་སངས་རྒྱས་ཀྱི་བསྟན་པར་འབད་བརྩོན་བྱས་ནས་དེར་བསྒྲུབ་པ་ཉམས་ལེན་མཐར་ཐུག་པ་ཞིག་བྱས་ཤིང་། སློབ་གྲྭ་བས་རྩིས་དངོས་རྫས་གསུམ་དེ་ལྟར་དུ་སྦྱངས་ཏེ་མཐར་རང་སྐད་ཀྱི་སྟེང་ནས་རིག་གནས་ཀྱི་རྣམ་གཞག་མཐའ་དག་སྤུ་རིས་མ་འདྲེས་པར་དེ་དག་བསླབ་སྦྱང་བྱ་ཐུབ་པ་ཞིག་བྱས་ན་ཡག་པ་ལས། གྲྭ་བ་བཙུན་མར་བསྲེས། གྲྭ་བཙུན་མཉམ་འདུས་ཀྱིས་ལོ་ཟླ་ཁ་ཤས་ལ་ཚན་རིག་གི་ཕྱི་ཤུན་ལ་ཁ་བཏོག་སྣེ་བཏོག་བྱས། སློབ་གྲྭ་བས་བསླབ་རྒྱུའི་དེང་རབས་རིག་གནས་མི་སྦྱངས་པར་རི་བོའི་གཏོས་དང་མཉམ་པའི་ནང་བསྟན་གྱི་གླེགས་ཤིང་ལ་ཁ་ལྡག་ལྕེ་ལྡག་ཙམ་བྱེད་བཞིན་པའི་ང་ཚོ་དེང་རབས་ཀྱི་བོད་པ་ཚང་གི་ཡ་མ་ཟུང་གི་རིག་གནས་སྣང་ཚུལ་འདི་ནི་བླ་འཁྱམས་པའི་གང་ཟག་ཅིག་གི་གཟིགས་རིས་ཤིག་འབྲི་བཞེངས་བྱེད་ཀྱིན་ཡོད། འདིར་གནའ་མིའི་ཁ་དཔེ་ཞིག་ཡོད་པ་རེད། རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་ཟེར་བ་དེ་གོ་མྱོང་གོ་མྱོང་ཞིག་ཨེ་རེད།
དགེ་ཆོས་མཆོག་གིས།
ཀུན་ལ་ཕན་པའི་ངོ་མཚར་རྫུ་འཕྲུལ་དང།
ཡོངས་ལ་གནོད་པའི་ལྟས་ངན་ཆོ་འཕྲུལ་གཉིས།
ཤེས་རབ་རལ་གྲིའི་རྣོ་ཕྱོགས་རེ་རེའི་རྩེ།
གཅིག་གི་གདལ་ལ་གཅིག་ཀྱང་སླེབས་པར་ངེས།
ཡག་པོ་ཞེ་དྲག་རེད་
བཤད
ད་དུང་བྱེད་རྒྱུ་ཞིག་ལ་ནང་བསྟན་དཔལ་འབྱོར་རིག་པ་གྲུབ་མཐའ་དང་གློག་ཀླད་སྒྲིག་རིམ་ཤེས་བྱ་སོགས་ནི་ང་ཚོས་ཅིས་ཀྱང་འབད་དགོས་པའི་རིག་གཞུང་ཡིན་པར་འདོད།
གོང་ས་མཆོག་གི་ཡང་དག་གིས་བཀའ་སློབ་འོག ཕར་ཕྱིན་ཡན་གྱིས་ནང་བསྟན་གཞུང་ལ་མཁས་པའི་དགེ་འདུན་པ་ཚོར་ལོ་རེར་གཟའ་འགའ་རེ་ཙམ་མ་ཡིན་པར་དེང་དུས་ཀྱི་སྔོན་ཐོན་གྱིས་སློབ་གྲྭ་ཆེན་མོ་ཁག་གི་སློབ་གཞི་བཞིན་ཆེད་ལས་སྣ་མང་དུ་དབྱེ་སྟེ་སློབ་གསོ་མ་ལག་གསར་བ་ཞིག་འཛུགས་རྒྱུ་གལ་ཆེན་རེད། ལྷག་པར་དུ་བོད་སྨན་དང་ཕྱི་ལུགས་སྨན་གཉིས་ཟུང་འབྲེལ་གྱིས་ཤེས་རིག་ཡར་སྤེལ་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཡིན་པར་སྣང་། བོད་ཁྲི་ལོར་ཤོག བོད་ཀྱི་དགེ་འདུན་པ་ལ་སྐྱབས་སུ་མཆིའོ ། ཕྲན་གྱིས་ནམ་ཡང་བོད་ཀྱི་དེང་རབས་ཅན་གྱིས་དགེ་འདུན་པ་ཚོར་རེ་ལྟོས་བཅིངས་ཡོད།
བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ ༼ཤེས་རིག་བཀའ་བློན༽ཞེས་འབྲི་ན་ཚིག་ཉུང་ལ་གོ་བདེ་བ་འདུག
བཙན་བྱོལ་གྱི་གཞུང་ཡིག་ཁ་ཤས་ནང་ཚིག་བསྡུས་དྲག་པའི་སྐྱོན་འདུག་ཡིན་ཡང་འདི་ལྟ་བུ་དགོས་མེད་ཀྱི་ཚིག་རིང་དྲག་པའི་སྐྱོན་ཡང་འདུག དེ་ལས་ཞེ་ས་དང་ཆེ་མཐོང་ཆེད་དུ་༼བཀུར་འོས་དཔལ་ལྡན་ཤེས་རིག་བཀའ་བློན༽ལྟ་བུ་འབྲི་ན་ལེགས་སྙམ།
ད་དུང་གསལ་བོ་བཤད་རྒྱུ་ཞིག་ལ། འདིའི་ནང་དུ་གདན་ས་གསུམ་ནང་དཔེ་ཆ་པ་ཡག་ཤོས་མང་བོ་ཡོད། དཔེར་ན། ཚབ་མཚོན་ལྟ་བུ་ཞིག་ངོས་བཟུང་ན། སེར་བྱེས་ཧར་གདོང་ཐམས་མཁས་ལྟ་བུ་རེད། དེ་བཞིན་གདན་ས་ཁག་དང་བཙུན་དགོན་གྱི་དཔེ་ཆ་བ་མང་བོ་འདུག རེ་རེ་བྱས་ནས་མིང་མ་བཟུང་བ་དགོངས་དག་ཞུ།
ངོས་གནས་དགའ་སོང་། དུས་རབས་ཉེར་གཅིག་པའི་གྲྭ་བཙུན་ཟེར་ན་འདི་འདྲ་དགོས་པ་རེད། མ་གཞི་ཁ་སང་སྔོན་མ་ནེ་ཡོག་དུས་བབ་ཅེས་པའི་གསར་ཤོག་སྟེང་བོད་ཀྱི་གྲྭ་བཙུན་ཚོའི་བློ་ཁ་ཚན་རིག་གི་ཕྱོགས་སུ་བསྒྱུར་བ་ཟེར་བའི་གསར་འགྱུར་གལ་ཆེན་ཞིག་མཐོང་བྱུང་། ངས་དེ་རྩ་ཆེན་པོར་བརྩིས་ནས་ཕྲན་གྱི་ཁང་བའི་ནང་དུ་སྦྱར་ཡོད། བསྟན་འཛིན་བརྩོན་འགྲུས་ངའི་ཤག་ཏུ་ཡོང་ནས་དེ་ག་རེ་རེད་ཟེར། ངས་འདི་ནི་རླབས་ཆེ་བའི་ལས་དོན་ཞིག་རེད། མ་གཞི་གཞོན་ནུ་ཚོགས་པའི་་མི་མང་མདུན་སྐྱོད་དང་འདི་གཉིས་བསྡུར་ན་འདི་གསར་འགྱུར་བརྒྱུད་ལམ་དང་བོད་དོན་ཁྱབ་བསྒྲགས་གལ་ཆེན་རེད་ཅེས་ལབ་ཡིན།
ཨ་ལེ་་་མ་གཞི་ལྷག་རྡོར་ལགས་ཤེས་ཡོན་དང་འཇོན་ཐང་གི་ཐོག་ཞེད་དྲག་ཡག་པོ་ཡོད་ས་རེད། རེད་དེ། ཁོས་མི་ལ་བསྟུན་ཤེས་མི་བྱེད་པ་འདྲ།
གང་ལྟར་སྐྱོན་མེད་པའི་མི་ཞིག་དཀོན་མོ་རེད། ཡོན་ཏན་གྱི་ཆ་ནས་བསམ་བློ་བཏང་ན་ཡག་པོ་འདུག།
འདི་ནི་དངོས་གནས་བོད་པའི་སྤྱི་ཚོགས་ནང་སྔོན་ཆད་བསམ་ཡུལ་དུ་ཤར་མ་མྱོང་བའི་རླབས་ཆེན་ཞིག་རེད།
གོ་ཐོས་ལྟར་ན། ༸གོང་ས་མཆོག་གི་བཀའ་དགོངས་གཙོ་བོ་ནི། འདིའི་ནང་དུ་ཞུགས་པ་ལ་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་མ་མཐའ་དབུ་མ་སློབ་མཐར་སོན་པའམ། རབ་ན་དགེ་བཤེས་ཆོས་ཀྱི་སྣེ་འཁྲིད་ཐུབ་མཁན་དགོས་ཞེས་གསུངས་ཡོད་ཚོད་འདུག།
འོན་ཀྱང་ལོ་ཤས་གོང་གདན་ས་གསུམ་ལྟ་བུར་མཚོན་ན་མཁས་དབང་དགེ་ལུགས་རྒྱུགས་སྤྲོད་ལ་འགྲོ་བཞིན་པ་མང་ཞིག་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་ཞེས་བཤད་བྱུང་།
འདིའི་བརྒྱུད་རིམ་ལ་ཞིབ་འཇུག་ཅིག་གནང་ན་ལྷག་རྡོར་ཟེར་བའི་དཔེ་མཛོད་འགན་གྱིས་༸གོང་ས་མཆོག་གི་དགོངས་གཞི་ཧ་མ་གོ་བ་ཡིན་ནམ། ག་རེ་ཡིན་དོགས་པ་ཟ་དགོས་ཡ་རེད་འདུག།
ད་ཡིན་ན་ཡག་པོ་འདུག་་་སྐྱེ་བ་ཕྱི་མ་བསྒུག་མ་དགོས་པར་བོད་མི་རྣམས་ཚེ་འདིར་ཁ་ཐུག་བདེ་བ་ཅན་གྱི་ཞིང་ཁམས་འགྲོ་ཐུབ་པའི་འཕྲུལ་ཆ་ཞིག་བཟོ་བསྐྲུན་བྱེད་ན་ག་འདྲ་ཡག་པོ་ཨང།
ང་ཡང་ཚན་རིག་གི་ལག་རྩལ་དང་ནང་ཆོས་ཀྱི་ནུས་པ་ལ་བརྟེན་ནས་མ་ཤི་སྔོན་ནས་ལྷ་ཡུལ་དུ་འགྲོ་འདོད་ཆེ་ཁུ།
དགེ་ཆོས་ཀྱིས་གསུངས་པའི་རྙིང་ཞེན་དེ་དོར་ནས་དེང་རབས་ཀྱི་རིག་གནས་ལེན་པ་འདི་དགའ་དགོས་པའི་གནད་དོན་ཞིག་རེད་འདུག
ཚན་རིག་ཟེར་འདི་ནི་ལག་ལེན་འདྲེས་ཡོད་ཞིག་ལས་ཁ་བཤད་གཅིག་པོའི་ཐོག་གི་ཚན་རིག་ཡོང་མི་སྲིད་སྙམ། དེ་འདྲ་ཡིན་དུས་ཚན་རིག་གི་སློབ་སྦྱོང་ཐོན་ནས་ལག་ལེན་ཅི་ཞིག་འདེབས་བརྩི་ཡིན་ནམ། ག་རེ་བཟོ་བརྩི་ཡིན་ནམ།
སྤྱིར་ཕ་མེས་ཀྱི་ནང་བསྟན་ཆོས་ལུགས་ཀྱི་སློབ་སྦྱོང་སྤྱི་ཕྱིན་པའི་ཐོག་དེང་དུས་ཀྱི་ཚན་རིག་ལ་སོགས་པའི་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱུང་ན་ཧ་ཅང་ཡག་རེད་བསྔགས་བརྗོད་ཡོད་ལ་མ་འོངས་པར་ཡང་སྤྱི་སྒེར་གཉིས་ཀར་ཕན་པའི་བྱ་བ་བརླབས་ཆེན་གནང་ཐུབ་པའི་ཡིད་ཆེས་ཡོད།
འོན་ཀྱང་ཁོ་བོའི་གོ་ཚུལ་ལ་ཚན་རིག་སློབ་གཉེར་བའི་ནང་གཞུང་ཆེན་ཁག་ལ་དེ་ཙམ་གྱི་སློབ་སྦྱོང་གནང་མྱོང་མེད་པའམ་དེ་ཙམ་གྱི་གཟེངས་སུ་ཐོན་མཁན་གྱི་དཔེ་ཆ་བ་མི་འདུག་ཅེས་བརྗོད་མཁན་འདུག འདི་འདྲ་ཡིན་ན་ཐབས་སྐྱོ་བོ་རེད། ཚན་རིག་གཅིག་པུ་ཤེས་པ་དེ་ཙམ་གྱི་ཧ་ལས་རྒྱུ་མེད།
གསེར་གྱི་ལྡེ་མིག་ ༣༠།
ཁོང་རྣམ་པ་ནི་སླར་ཡང་བོད་པའི་ཤེས་རིག་གི་གླིང་ལ་ཐོབ་པའི་གསེར་གྱི་ལྡེ་མིག་གསར་པ་ ༣༠ རེད། ལྡེ་མིག་འདི་དག་གིས་འུ་ཅག་གི་བློ་སྒོ་གསར་པ་ཞིག་ཕྱེ་ཐུབ་པའི་སྨོན་ལམ་འདེབས།
ལོ་ ༡༠༠༠ ལྷག་གི་རྗེས་ནས་བོད་བརྒྱུད་ནང་བསྟན་གྱི་གདན་ས་ཁག་དང་དགོན་སྡེ་ཁག་ལ་དེང་རབས་ཀྱི་རིག་ཚན་གསར་པ་ཞིག་དངོས་སུ་སྣོན་མགོ་བརྩམས་པ་རེད། དགོན་པ་སོ་སོ་ནས་ཁོང་རྣམ་པར་དམིགས་བསལ་གྱི་བདག་པོ་རྒྱག་དགོས་པ་དང་། སློན་ཚན་དང་སློབ་གཞི་བཅས་གང་དགོས་ཇི་མཁོ་ཡི་མཐུན་འགྱུར་གནང་རྒྱུ་གལ་ཆེན་པོ་རེད།
དགེ་འདུན་པ་ཁོང་རྣམས་ལ་མངོན་པར་བསྟོད། ཁོང་རྣམས་ལ་ལྟོས་ན་ང་དང་ང་འདྲ་བ་སྐོར་ཞིག་གྲྭ་གཟུགས་ཙམ་རང་རེད། ཁོང་རྣམས་ནི་ཚན་རིག་ལ་མཁས་པ་ཙམ་མ་ཡིན་པར་གདན་ས་ནས་དཔེ་ཆ་ཡག་ཤོས་གྲས་རྐྱང་རྐྱང་རེད།
འདི་ནི་བླ་ན་མེད་པ་དང་མངོན་པར་བསྟོད་འོས་པའི་གསར་འགྱུར་ཞིག་རེད། རྗེས་མར་ཚན་རིག་གི་གྲྭ་ཚང་ཞིག་ཀྱང་བཙུགས་ན་ལེགས། དཔེར་ན་སྨན་པ་གྲྭ་ཚང་ལྟ་བུ་རེད། གང་ལྟར་ང་ཚོའི་བོད་ཀྱི་དགོན་སྡེའི་རིག་གནས་འདི་གནའ་དེང་གི་རིག་གནས་ཆ་ཚང་འཛོམས་པ་ཞིག་ཡིན་འོས།
འདི་ན་ནོར་བཅོས་་བྱེད་དགོས་པ་ཆེན་པོ་ཞིག་ནི་ས་སྐྱ་ཞེས་བྲིས་འདུག་པའི་དེ་གང་ལ་གོ་དགོས་སམ།
ས་སྐྱ་ནི་ས་གནས་ཞིག་གི་མིང་ངམ་བོད་གངས་ཅན་ལྗོངས་སུ་ཆོས་བརྒྱུད་ཆེན་པོ་བཞི་ཡི་ཡ་གྱལ་ཞིག་གི་མཚན་ཡིན།
དེས་ན་འདི་ནང་ས་སྐྱ་དེ་གང་ལ་གོ་དགོས་སམ།
མིང་གཙང་མ་འགོད་འདོད་ཡོད་ཚེ་ས་སྐྱ་གིས་གདན་ས་ཡི་མཚན་དང་ཡང་ན་དགོན་པ་སོ་སོ་ལ་མཚན་རེ་ཡོད་ངེས་ལ་དེ་འགོད་གནང་ན་ལེགས།
དེ་མིན་ས་ངོར་ཚར་རྫོང་ཇོ་བུ་ཞ་སོགས་ཚང་མའི་སྤྱི་མིང་དེ་འདི་འགོད་ན་གོ་བ་ལོན་དཀའ། གོང་བཞིན་དགོན་སྡེ་ཆེ་ཁག་སྟེ། སེ་ར་དང་དགའ་ལྡན། འབྲས་སྤུངས། བོན་དགོན་སྨན་རི་གླིང་བཅས་བྲིས་བ་བཞིན་ས་དགོན་ཆེ་གེ་མོ་བྲིས་ན་བཟང་།
གོང་ལ་འགོད་པ་བཞིན་དགའ་ལྡན་དང་སོགས་འདྲ། དེ་བཞིན་བོན་དགོན་
དགེ་འདུན་དེ་རྣམས་ཀྱིས་ལོ་གྲངས་འདི་ཙམ་ཞིག་སློབ་སྦྱོང་བྱས་ཏེ་དགེ་སྡེ་སོ་སོར་ལ་ཚན་རིག་གི་སློབ་འཁྲིད་གནས་ཐོབ་པ་དེ་ཅི་འདྲའི་སྦྱང་སྟོབས་ཆེ་པོ་འདུག་
ང་ཚོའི་བོད་པའི་གཞོན་ནུ་ཚོ་འདི་འདྲ་རྐྱང་རྐྱང་ཡིན་ན་ཅི་འདྲིའི་སྐྱིད་པ་ཨང་།
དགེ་འདུན་དེ་རྣམས་ལ་གུས་པའི་ཐུགས་རྗེ་ཆེ་ཞུ་བ་ཆ་གཅིག་ དགེ་སྡེ་སོ་སོར་ལ་ལམ་སྟོན་གསར་པ་ཞིག་གནང་ཐོབ་པའི་རེ་བ་ཤིན་ཏུ་ཆེ།
གོང་དུ་གསར་འགྱུར་ནང། 《མཛད་སྒོའི་སྐུ་མགྲོན་དུ་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ཕེབས་རྒྱུ་ཡིན་པ་དང་།》 ཞེས་བྲིས་འདུག་པ་༼ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་༽ཞེས་བཅོས་དགོས་འདུག