ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་སྤྱི་འཐུས་གྲོས་ཚོགས་ཀྱི་ཚབ་བྱས་ཏེ། ཉེ་ཆར་དབྱིན་ཇིའི་སྲིད་བློན་གསར་པ། ཌ་བེ་ཌི་ཝེལ་ལེམ་ཌོ་ནལ་ཌི་ཁེ་མེ་རོན་ David William Donald Cameron མཆོག་ལ་རྟེན་འབྲེལ་ཞུ་བའི་འཚམས་འཕྲིན་ཞིག་ཕུལ་ཡོད།
རྟེན་འབྲེལ་ཞུ་ཡིག་དེའི་ནང་བཀོད་དོན། སྐུ་ཉིད་ཉེ་ལམ་སྲིད་བློན་གྱི་འོས་འདེམས་ནང་རྒྱལ་ཁ་ཐོབ་པར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་རྒྱལ་ཁབ་ནང་མང་གཙོའི་ལམ་སྲོལ་ལག་བསྟར་བྱེད་བཞིན་པ་དེར་འཛམ་གླིང་ནང་བསྔགས་བརྗོད་དང་། གཟི་བརྗིད་ལྡན་པ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ང་ཚོས་སྙིང་སྟོབས་ལྡན་པའི་མང་གཙོའི་ཀུན་སློང་ཡང་དག་པ་ཞིག་ཁྱེད་ཚོའི་ལམ་ལུགས་ནང་ཡོད་པར་མཐོང་ཐུབ་པ་མ་ཟད། བློ་སྐྱེད་ཀྱང་ལེན་ཐུབ་བྱུང་། སྐུ་ཉིད་དང་སྐུ་ཉིད་ཀྱི་རྒྱལ་ཁབ་ལ་ང་ཚོས་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། བོད་དང་དབྱིན་ཇི་ལུང་པ་གཉིས་བར་ལོ་ངོ་བརྒྱ་ཕྲག་རིང་ནས་འབྲེལ་བ་ཡོད་པ་དེས་བོད་ཀྱི་ལོ་རྒྱུས་ཐོག་ཤུགས་སྣོན་ཡང་གང་ཙམ་ཐེབས་ཡོད། སྐུ་ཉིད་ལ་མང་མོས་འོས་ཤོག་ཐོབ་པར་བརྟེན་ཏེ་འཛམ་གླིང་གི་མི་མང་པོའི་རེ་བའི་མཚོན་དོན་ལྟ་བུ་གཟེངས་སུ་ཐོན་ཡོད་པ་དང་། མི་མང་གིས་སྐུ་དབང་ཕུལ་བ་དེའི་ཐོག་ནས་རང་གི་རྒྱལ་ཁབ་ཙམ་མ་ཟད། འཛམ་གླིང་ལ་ཕུལ་བྱུང་གི་ཞབས་འདེགས་བསྒྲུབ་ཐུབ་རྒྱུའི་ཡིད་ཆེས་ཡོད། ཅེས་བཀོད་འདུག
བོད་ཀྱ་རྩ་དོན་ལ་ཕན་པར་ཤོག
དངོས་གནས་རེད།
ད་ལོ་སྐྱེ་དགུ་མདོ་རུ་ས་ཡོམ་གོད་ཆགས་འོག་འདས་གྲོངས་སོང་རྣམས་དང་། ཤུལ་ལུས་ནང་མི་ཚོའི་ཆེད་དུ་བོད་ཕྱི་ནང་གཉིས་ཀྱིས་རོགས་གང་ཐུབ་བྱས་ཡོད། མ་ཟད་གོང་ས་མཆོག་གིས་ཀྱང་ས་གནས་དེར་བྱོན་རྒྱུའི་ཆོག་མཆན་ཞུས་པ་དང་། ཡང་ཡང་ཐུགས་སྨོན་གནས་བ་སོགས་བསམ་གྱི་མི་ཁྱབ་པའི་རོགས་རམ་བྱས་ཡོད།
བོད་ནང་ལ་མཚོན་ན་དགེ་འདུན་པ་སོགས་བོད་མི་མངས་པོས་རང་སྲོག་ལ་མ་འཛེམས་པར་རོགས་རམ་གང་མངས་གནང་། འོད་ད་དུང་མི་ཁ་ཤས་ནས་རྒྱ་གཞུང་གིས་རོགས་རམ་བྱས་པ་ནང་བཞིན་ཞིག་བོད་རིགས་ཚོའི་བྱས་མེད་མདོགས་དང་། བསམ་འཆར་འདོན་མཁན་གང་མངས་ཞིག་འབྱུངས་དང་འབྱུང་བཞིན་པ་འདྲ།
ཁྱེད་རང་ཚོས་བསམ་བློ་ལེགས་པོ་ཞིག་བཏང་ནས་སུ་ཞིག་གིས་སེམས་གཏིངས་ནས་རོགས་རམ་བྱས་སོང་དང་མ་སོང་རྟགས་དཔྱད་བྱེད་རོགས།
སྤྱིར་རོགས་རམ་ཅི་ཐུབ་བྱས་ན་ད་དུང་ཡང་མགུ་རྒྱུ་དང་ཁ་ངོ་མེད་མཁན་ཡོད་ན། ད་ནི་གཞན་ཁྱེད་ཚོ་ལ་སྙིང་ནས་བརྩེ་བ་ཡོད་མཁན་བོད་རིགས་ལས་གཞན་པ་ཞིག་ཡོད་ན་དེར་ཕེབས་དང་དགའ་བསུ་ཡོད།
རང་བྱུང་གི་གནོད་འཚེ་བྱུང་སྐབས་སྡུག་ཡུ་ནང་མི་ལ་བཀལ་དོན་ཅི་ཡང་མེད། འདི་ལྟ་བུའི་གོད་འཛམ་གླིང་གི་ས་ཆ་མངས་པོ་ལ་འོངས་འོང་བཞིན་པ་རེད། ལྷག་པར་དུ་སྐྱེ་དགུའི་གོད་ཆགས་ལ་ཧང་སངས་དོན་ཅི་ཡོད།
དབྱིན་ཇིའི་སྲིད་བློན་གསར་པ་ལ་མཚམས་འདྲི་ཡོད།་མ་ཟད།་་་་འདས་པའི་ལོ་རྒྱུས་ནང་བོད་རང་བཙན་ཤོར་དགོས་དོན་ཡང་དབྱིན་ཇིའི་ངན་ཇུས་ཏོག་ཙམ་ཡོད་པར་བརྟེན་དུས་ད་ལྟ་ཁྱོད་ཚོས་ཁ་གསང་ཏེ་ར་འཕྲོད་བྱེད་པའི་དུས་ལ་འབབ་འདུག
བསམ་ཆུ༹ལ།
འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་བྱུང་ཆེ༹། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བོད་འབངས་ཡོངས་ཀྱི་ཆ༹བ་གནང་ནས་གསོལ་རས་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་ཉེ་ལམ་ཧ་ཏེ་རྒྱལ་ཁབ་ལ་རོགས་སྐྱོར་སུད་སྒོར་འབུམ་གཅིག་གནང་ཟིན་པ་རེད།
རོགས་རམ་གནང་བ།
ད་ལམ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་ཡ་ང་བའི་གོད་ཆག་བྱུང་མ་ཐག་ཏུ་བོད་ཕྱི་ནང་གཉིས་ཀས་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་ ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་ཤུལ་ལུས་རྣམས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེར་གནང་བ་གསར་ལམ་ཁག་ནས་རྟོགས་པ་ངེས་སོ།
སྣང་མེད་བཏང་བ།
འོན་ཀྱང་དེང་དུས་སྤྱི་ཆོ༹གས་ཁྲོད་མི་ཆོ༹སབཤད་པ་ལྟར་ན། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ་ལས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་གསོལ་རས་གནང་མེད་ལུགས་དང་ མ་ཟད་བོད་འབངས་ཡོངས་ཀྱི་སྐུ་ཆ༹བ་རྡ་སའི་མཇ༹ད་གཅོ༹་རྣམ་པས་དེ་ལས་སྣང་མེད་དུ་བཏང་འདུག་ཟེར།
རྗེས་ལུས་ཐེབས་སོང།
ཨོ་ཧོ་ད་དུང་དེ་ཡིས་ག་པར་ཆ༹ད་ ཕ་རོལ་པོ་རྒྱ་དམར་གིས་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་ཡིན་ཟེར་ནས་མྱ་ངན་བྱས་འདུག་པ་མ་ཆ༹ད་ད་ལྟའི་འཇ༹མ་གླིང་ཡོངས་སུ་གྲགས། ང་ཆོ༹ས་མཇ༹ད་གཅོ༹་རྣམ་པས་ཅུང་ཟད་དྲན་པ་བརྗེད་རྗེས་ སླར་ཡང་ནམ་ལངས་ནས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་བྱས་ཡིན་པར་འདྲ།།
དབྱིན་ཅིའི་ལོ་རྒྱུས་ནང་ལ། དབྱིན་དམག་ལྷ་སར་འབྱོར་རྗེས་དམག་སྤྱི་ནས་ཕར་དབྱིན་ཅི་རྒྱལ་སར་ཡི་གེ་ཞིག་བསྐུར་སྐབས། བོད་དང་དམག་འཁྲུགས་ཞེས་པའི་ཐ་སྙད་མེད། དེ་གང་ཡིན་ཞེ་ན། བོད་མི་བསད་སྐྱང་བྱེད་པ་ལས་གཞན་པའི་སྐ་ངལ་ཅི་ཡང་མི་འདུག འོན་ཀྱ་ས་གནས་མཐོ་ལ་མཁའ་དབུགས་དམའ་བའི་དབྱིན་ཅིའི་མི་ས་ཆ་འདིར་སྡོད་དཀའ། མ་ཟད་བོད་དབང་བསྒྱུར་བྱས་ནའང་དེ་ལ་དཔལ་འབྱོར་དང་ཐོན་སྐྱེད་གཞན་པ་སོགས་ཀྱི་ཁེ་ཕར་མ་མཐོང་བའི་རྩེད་མོའི་ཆེད་དུ་མི་གསོད། ཞེས་བཀོད་ཡོད། ཕར་ཆེར་རྒྱ་རི་སྒྲོན་མ་ནས་འདི་ལ་ཐུགས་རྗེ་ཆེ་ཞེས་ཡི་གེ་གཞན་པ་བསྐུར་ན་མི་ལེགས་སམ།
i really comfused with those opportunism
especially out side tibetans and their hopless face
HEARTY CONGRATULATIONS!
MR. DAVID WILLIAM DONALD CANERON
ཡིན་ནའང་དབྱིན་རྗེས་བོད་བཙན་འཛུལ་བྱེད་སྐབས་བོད་དམག་ཉི་བརྒྱ་ལྷག་ཙམ་དམར་གསོད་གཏང་བ་དེ་དྲན་པ་བརྗེད་རྒྱུ་ཡོད་མ་རེད་ད།
མ་ཟད་༡༩༦༠་ལོར་འཛམ་གླིང་མི་མང་ལ་བོད་རྒྱ་མིའི་ཆ་བཤད་ཡིན་པའི་རྫུན་གཏམ་བཤད་པ་དེ་ཚོ་བྱེད་རྒྱུ་ཡོད་མི་རེད་ད།
མགོ་གསེར་དེ་ཚོ།
རྒྱ་རི་སྒྲོལ་མ་འདི་དངོས་གནས་བུ་མེད་མ་འདྲ་པ་ཞིག་རེད་འདུག་ད་
འདིར་ངས་ནམ་ཡང་བསྔགས་བརྗོད་བྱེད་བཞིན་ཡོད་་་་་་་་་
ཨིན་ཡུལ་དམངས་གཙོའི་ཤུགས་རྐྱེན་གྱིས་བོད་དང་རྒྱ་ནག་ལ་ཡང་མང་གཙོ་གང་མྱུར་དར་བའི་སྨོན་འདུན་ཡོད།