རྒྱ་གར་གྱི་ནུབ་བྷང་གྷལ་དུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་སྟེ་ཉུང་མཐར་མི་ ༦༥ བསད་ཡོད་འདུག
ཕྱི་ཚེས་ ༢༨ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་རྒྱ་གར་གྱི་ནུབ་བྷང་གྷལ་དུ་མེ་འཁོར་གཉིས་ཕན་ཚུན་གདོང་ཐུག་བརྒྱབ་སྟེ་ཉུང་མཐར་མི་ ༦༥ ལ་སྲོག་སྐྱོན་དང་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོགས་ཡོད་འདུག གདོང་ཐུག་མ་བརྒྱབ་གོང་ལ་འགྲུལ་བསྐྱོད་མེ་འཁོར་གཅིག་ལྕཊ་ལམ་སྟེང་གས་གཏོར་བྱུང་སྟེ། ལྕཊ་ལམ་གཞན་པའི་ཐོག་འགྱེལ་ཡོད་པའི་སྐབས་དངོས་ཟོག་སྐྱེལ་འདྲེན་མེ་འཁོར་གཞན་ཞིག་གློ་བུར་དུ་འབྱོར་ཏེ་གདོང་ཐུག་བརྒྱབ་ཡོད་འདུག་ལ། གདོང་ཐུག་རྒྱག་ས་དེ་ནི་ནུབ་བྷང་གྷལ་གྱི་ས་ཁོངས་ཆགས་ཡོད་པར་མ་ཟད། ས་ཁུལ་དེ་ནི་མའོ་ཤོག་ཁག་གི་སྡོད་གནས་གལ་ཆེན་ཞིག་ཡིན་ཚུལ་རྒྱ་གར་གྱི་ས་གནས་འབྲེལ་ཡོད་དཔོན་རིགས་ཤིག་གིས་བརྗོད་ཡོད་འདུག ད་ལྟ་ཉེན་རྟོག་པས་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱེད་ཀྱིན་ཡོད་ཀྱང་། དབྱེ་ཞིབ་པས་དོན་རྐྱེན་དེ་ནི་མའོ་ཤོག་ཁག་གིས་བཟོས་པར་དོགས་པ་བྱེད་བཞིན་ཡོད་འདུག
ཤེས་རྟོགས་བྱུང་བ་ལྟར་ན་མའོ་ཤོག་ཁག་གི་མི་སྣ་དག་རྒྱལ་གར་མངའ་སྡེ་ ༢༠ ཙམ་གྱི་ནང་གནས་སྡོད་བྱེད་ཀྱིན་ཡོད་ལ། འདས་པའི་དུས་ཡུན་ནང་ཤོག་ཁག་དེས་མི་གང་མང་ཞིག་བསད་ཡོད་འདུག
གསར་འགོད་པ། དཔལ་ལྡན་རྒྱ་མཚོ།
སྙིངརྗེ། ཨོཾ་མ་ཎི་པད་མེ་ཧཱུཾ།
karma dorje ༼ ཨོམ་ མཎི་ པད་མེ་ ཧྰུམ། ༽དབྱིན་མིང་ཅན། སྔར་ཡིན་ན་བོད་གངས་ཅན་ཆོས་ལྡན་གྱི་ཞིང་ཁམས། ཨ་མ་དང་མ་ཎི་མཉམ་ཤེས་ཞེས་བོད་ཀྱི་ངག་རྒྱུན་ལ་རླུངས་ལྟར་གྲགས་ཡོད། ད་ནི་བོད་མི་རྒན་འཁོག་འདི་ཚོའི་ཀྱང་མ་ཎི་འབྲུ་དྲུག་འདི་ཙམ་ཡང་ཀློག་ཀྱང་ཤེས་ཀྱིན་མི་འདུག ཅི་འདྲའི་སྐྱོ་བ་ལ། བོད་ཀྱི་ཆོས་དང་རིགས་གཞུང་ཉམས་ཆག་ལ་སོང་ཞེས་དེ་འདི་རེད། འདི་ལས་གཞན་པའི་བོད་ཀྱི་ཆོས་དང་རིགས་གཞུང་ཉམས་ཚུལ་གཞན་ཞིག་འཇོག་རྒྱུ་མེད།
ཧ་ཧ་ཧ་་ཧ་དྲ་གྲོགས་ཀརྨ་རྡོ་རྗེ་ལགས་ཀྱིད་མ་ཎི་འདོན་སྟངས་འདི་དེང་སང་ནུབ་ཕྱོགས་བོད་པའི་མ་ཎི་འདོན་སྟངས་རེད་ད།
དེ་ལས་ལྷག་ག་རེ་དགོས་སམ།
སྙིང་རྗེ། ཨོཾ་མ་ཎི་པད་མེ་ཧཱུཾ། བདེ་བ་ཅན་ལ་སྐྱེ་བ་ཤོག
ཨ་ཁ་ཁ
དྲ་གྲོགས་karma dorje ལགས་ཀྱིས་མ་ཎི་ཡང་འདོན་ཤེས་ཀྱི་མི་འདུག
ཁྱོད་ཀྱང་རྙིང་རྗེ།
རྐྱེན་ངན་འདི་ཡང་ང་ཚོ་མི་ཡིས་བཟོས་པའི་མཇུག་འབྲས་ཡིན་ངེས་རེད།
མཆོག་གསུམ་རྒྱལ་བ་རྒྱ་མཚོར་རྐྱེན་འདས་སུ་ཕྱིན་པ་རྣམས་མངོན་མཐོའི་གོ་འཕངས་མྱུར་དུ་འཐོབ་པའི་སྐྱབས་འཇུག་ཤུགས་དྲག་བཅས།
ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ།
རྙིང་རྗེ། ཨོམ་ མཎི་ པད་མེ་ ཧྰུམ།