མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲོག་ཁྲིམས་ཕྱིར་འཐེན་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བསོད་ནམས་ཚེ་རིང་ལགས་ཀྱི་སྲོག་ཁྲིམས་ཕྱིར་འཐེན་བྱ་དགོས་པར་མ་ཟད། བོད་མི་གཞན་ལྔ་བོ་གློད་གྲོལ་གཏོང་དགོས་ཞེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་དགོས་འདུན་བཏོན་ཡོད།

ཟླ་འདིའི་ཚེས་ ༢༥ ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རང་ལོ་ ༢༣ ཡིན་པའི་བོད་རིགས་བསོད་ནམས་ཚེ་རིང་ལ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཐོག་ཁྲིམས་ཆད་དང༌། བཀྲ་ཤིས་ཆོས་སྒྲོན་དང་སྐལ་ཡོན་སོགས་བོད་མི་ལྔ་ལ་ལོ་ ༣ ནས་ལོ་ ༧ བར་གྱི་ཁྲིམས་ཐག་བཅད་ཡོད་པའི་གསལ་བསྒྲགས་གནང་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་དགོང་དྲོ་བོད་གྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ས་གནས་གཞོན་ནུ་གཉིས་ཀྱིས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་གོ་སྒྲིག་གནང་སོང་ལ། སྐབས་དེར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས། ལོ་དྲུག་ཅུའི་ནང་རྒྱ་ནག་གིས་བོད་མི་རིགས་དམར་གསོད་དང༌འཛིན་བཟུང་ཁྲིམས་ཆད། གནར་གཅོད་སོགས་ཀྱི་བྱ་ངན་མཚམས་འཇོག་མྱོང་མེད་ལ། ལྷག་པར་ ༢༠༠༨ ལོར་བོད་ནང་རླབས་ཆེན་གྱི་ཞི་བའི་སྒེར་ལངས་བྱུང་རྗེས། བོད་མི་རིགས་ཀྱི་མགོ་ཐོག་ཏུ་གདུག་རྩུབ་ཆེ་བའི་དྲག་གནོན་དམར་གསོད་དང༌། ཁྲིམས་ཆད་སྣ་ཚོགས་ཤིག་བཅད་པའི་ཁྲོད་དུ། ད་བར་ཡོངས་གྲགས་བོད་མི་བདུན་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་ཡོད། ཐེངས་འདིར་བསོད་ནམས་ཚེ་རིང་དང་བོད་མི་ལྔར་དེ་ལྟར་ཁྲིམས་ཐག་བཅད་པ་དེ། རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ལྷག་པར་རྒྱ་ནག་རང་ཉིད་ཀྱི་ཁྲིམས་གཞི་ཁག ཡང་སྒོས་སུ་སྔ་ལོར་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་ ༢༠༠༩ དང་ ༢༠༡༠ ལོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་དང་ཡོངས་སུ་འགལ་ཡོད་ཅེས་དང་།
ཡང་ཁོང་གིས། ཐེངས་འདིའི་ཁྲིམས་ཆད་དེ་ནི་བོད་ཀྱི་ལས་དོན་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་རྗེས་དང༌། ཨ་རིའི་ཕྱི་སྲིད་དྲུང་ཆེ་སོགས་རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་ཅིག་རྒྱ་ནག་ཏུ་སྐྱོད་པའི་དུས་མཚམས་དང་ཡང་འཁེལ་ཡོད་ཀྱང་། རྒྱ་ནག་གིས་འཛེམས་ཟོན་མེད་པར་བོད་མིའི་ཐོག་ལག་བསྟར་བྱེད་ཀྱིན་པའི་གདུག་རྩུབ་ཀྱི་བྱ་སྤྱོད་དང་། མི་རིགས་རྩ་མེད་བྱ་རྒྱུའི་ངན་ཇུས་ལ་འགྱུར་བ་གང་ཡང་མེད་པ་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་སྐུལ་ལ་བདག་སྤྲོད་བྱེད་པའི་བཟང་ཕྱོགས་ཀྱི་ཆོད་སེམས་རྒྱ་ནག་གཞུང་ལ་མེད་པ་མཚོན་ཐུབ་པར་མ་ཟད། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་སྐུལ་བྱེད་པའི་འགན་འཁུར་ཚུལ་བཞིན་སྒྲུབ་ཐུབ་ཀྱི་མེད་པའི་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་པའི་ངོ་ཚ་ཞིག་ཀྱང་ཆགས་ཡོད། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་པ་སོགས་ཀྱི་ནང་ཨ་རི་སོགས་རྒྱལ་སྤྱིའི་དཔོན་རིགས་ཁག་རྒྱ་ནག་ཏུ་སྐྱོད་སྐབས། བོད་མིའི་ཆབ་སྲིད་བཙོན་པ་གློད་གྲོལ་སོགས། རང་དབང་ལ་ལྟ་སྐུལ་གྱི་མཚོན་རྟགས་གང་འཚམ་ཡོད་མོད། འོན་ཀྱང་ད་ཆ་དེ་ལས་ཡོངས་སུ་གོ་ཟློག་པའི་གནས་ཚུལ་ཐོན་བཞིན་ཡོད་ཅིང༌། དེ་ནི་འཛམ་གླིང་ཧྲིལ་པོའི་མི་མང་སྤྱི་དང༌། ལྷག་པར་རྒྱ་ནག་གི་བཙན་འཛུལ་འོག་ཡོད་པའི་བོད་མི་མང་གི་རང་དབང་དང་ཚེ་སྲོག་གི་འཇིགས་སྣང་ཞིག་ཆགས་ཡོད། དེར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གི་དམག་ཤེད་དང་གདུག་རྩུབ་ཆེ་བའི་ཁྲིམས་ཆད་དེར་ངོ་རྒོལ་བྱ་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་རྒྱལ་སྤྱིའི་ཚོགས་སྡེ་དང་སྲིད་གཞུང་ཁག་ལ་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ནུས་ལྡན་གྱིས་ཚོད་འཛིན་བྱ་དགོས་པའི་རེ་འདུན་བཏོན་པར་མ་ཟད། བསོད་ནམས་ཚེ་རིང་ལགས་ཀྱི་སྲོག་ཁྲིམས་ཕྱིར་འཐེན་དང་ཁོང་རྣམས་འཕྲལ་དུ་གློད་གྲོལ་དགོས་པའི་དགོས་འདུན་ཡང་བཏོན་གནང་སོང།

གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 7

  1. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    ང་ཚོར་དགོས་པ་འཐབ་རྩོད་ཡིན་པ་ལས། སྟོང་བཤད་ཁོ་ན་མིན།
    ང་ཚཽར་དགོས་པ་ལག་ལེན་ཡིན་པ་ལས། སྟོང་བཤད་ཁོ་ན་མིན།
    ང་ཚོར་དགོས་པ་དོན་དངོས་ཡིན་པ་ལས། སྟོང་བཤད་མིན།

    ད་ནི་བཤད་པའི་ལེའུ་རྫོགས་སོང་། ང་ཚཽས་ཅི་ཞིག་ལག་ལེན་དུ་འཁེལ་ཐུབ་མིན་དེ་རེད།

    བོད་རྒྱལ་ལོ།

    Reply
  2. karma dorje says:
    ལོ་ 16 སྔོན།

    སྔར་སྤྲུལ་སྐུ་བསྟན་འཚིན་དགེ་ལེགས་ལྟར་བསོད་ནམས་ཚེ་རིང་ཆེ་དུ་ཚེ་ཐར་ངོ་རྒོལ་མཐར་ཕྱིན་བརྩོན་དགོས།

    Reply
  3. ལྷ་མ་ཡིན། says:
    ལོ་ 16 སྔོན།

    ངོ་རྒོལ་བྱེད་དགོས། བོད་མི་རྣམས་ལ་དུད་འགྲོ་ནང་བཞིན་སྲོག་ཁྲིམས་བཅད་པར་ངོ་རྒོལ་བྱེད་དགོས།

    Reply
  4. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    གཞིས་ལུས་བོད་མི་རྣམས་ཀྱིས་རང་གི་བཅས་པའི་སྲོག་ལ་ཡང་འཕང་མེད་ཀྱིས་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་འབད་པ་རྒྱུན་དུ་བྱེད་ཀྱི་ཡོད་ཀྱང་ཕྱི་ཕྱོགས་སུ་གནས་པའི་བོད་མི་ང་ཚོས་དེ་དག་གི་མངོན་འདོད་དང་
    རེ་བ་ཁ་ཆེམས་སོགས་གང་ཡང་སྒྲུབ་ཐབས་ཀྱིས་ལས་འགུལ་ཞིག་སྤེལ་རྩིས་མི་བྱེད་པར་འཇམ་ཐིང་ངེ་འདི་ལྟར་གཞུག་ན་གཞིས་ལུས་བོད་མི་རྣམས་ཀྱིས་
    རྗེས་སུ་ཡིད་ཆེས་བྱེད་དཀའ་བ་སྣང་ངོ།

    Reply
  5. kelsangrabga says:
    ལོ་ 16 སྔོན།

    རྒྱ་གཞུང་གི་བསོད་ནམ་ཚེ་རིང་སྲོག་ཁྲེམས་ཀྱི་ཐག་བཅོད་བྱེས་པ་དེ་ང་ཚོ་རང་དབང་སྡན་པའི་མི་མང་རྣམས་ཀྱི་བསོད་ནམས་ཚེ་རིང་ལགས་ཀྱི་ཚེ་སྲོག་སྐྱོབས་ཐོབ་པ་དང་སྐྱོན་མེད་སྐྱོན་བརྗོད་ཡིན་པའི་ལས་འགུལ་སྤེལ་་དགོས་

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ངེད་རང་ངོས་ནས་ཆབ་སྲིད་དང་སྲིད་དོན་ཞེས་པ་དབུ་མ་ཐལ་ཟློགས་ཀྱི་རིག་པ་ལས་གོ་དཀའ་བ་ཞིག་ཏུ་གནང༌།
    འདས་པའི་དུས་རིམ་ནང་ང་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་རབ་དང་རིམ་པ་བྱས་པ་མ་ཟད་མར་མེ་ཁྲོམ་བསྐོར་གྱི་ཐོག་ནས་ངོ་རྒོལ་མང་པོ་སྤེལ་ཡོད།
    ཁ་སྔོན་སྐྱེ་རྒུ་མདོར་ས་ཡོམ་འཁྲོད་འཆི་རྐྱེན་བྱུང་བ་རྣམས་ལའང་དུང་སེམས་མཉམ་སྐྱེ་ཐོག་ནས་ལས་འགུལ་མང་པོ་སྤེལ་ཡོད་དེ་གཉིས་ངོ་བོ་དང་བསམ་པ་རྒྱུད་རིམ་གང་ནས་བལྟས་ཀྱང་གཅིག་པ་ཞིག་གང་ལ་ཡིན།
    འོན་ཀྱང་དུང་སེམས་མཉམ་བསྐྱེད་ཆེད་དུ་ས་གནས་མང་པོར་མར་མེ་ཁྲོམ་བསྐོར་བཞུས་པས་ཕྱི་མི་མང་པོ་ཞིག་ལ་གོ་འཇོལ་ཐེབས་ནས་ས་ཡོམ་འཁྲོད་འདས་གྲོང་དུ་གྱུར་བ་རྣམས་ལ་ངོ་རྒོལ་བྱས་བསྐོར་བརྗོད་བཞིན་འདུག
    དེ་ནི་གོ་འཇོལ་ཆེན་པོ་ཞིག་རེད། དེ་ན་ང་ཚོའི་གང་གི་ཆེད་དུ་ལས་འགུལ་སྤེལ་ཡང་དེ་དང་མཚམས་པའི་ལས་འགུལ་སྤེལ་དགོས་པ་ནི་གནད་འགག་ཞིག་མིན་ནམ།
    དག་ཆ་ནོར་བར་དགོངས་དག་ཞུ་བཀའ་སློབ་ཡོངས་བ་མཁྱེན།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ངེད་རང་ངོས་ནས་ཆབ་སྲིད་དང་སྲིད་དོན་ཞེས་པ་དབུ་མ་ཐལ་ཟློགས་ཀྱི་རིག་པ་ལས་གོ་དཀའ་བ་ཞིག་ཏུ་གནང༌།
    འདས་པའི་དུས་རིམ་ནང་ང་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་རབ་དང་རིམ་པ་བྱས་པ་མ་ཟད་མར་མེ་ཁྲོམ་བསྐོར་གྱི་ཐོག་ནས་ངོ་རྒོལ་མང་པོ་སྤེལ་ཡོད།
    ཁ་སྔོན་སྐྱེ་རྒུ་མདོར་ས་ཡོམ་འཁྲོད་འཚི་རྐྱེན་བྱུང་བ་རྣམས་ལའང་དུང་སེམས་མཉམ་སྐྱེ་ཐོག་ནས་ལས་འགུལ་མང་པོ་སྤེལ་ཡོད་དེ་གཉིས་ངོ་བོ་དང་བསམ་རྒྱུད་རིམ་གང་ནས་བལྟས་ཀྱང་གཅིག་པ་ཞིག་གང་ལ་ཡིན།
    འོན་ཀྱང་དུང་སེམས་མཉམ་བསྐྱེད་ཆེད་དུ་ས་གནས་མང་པོར་མར་མེ་ཁྲོམ་བསྐོར་བཞུས་པས་ཕྱི་མི་མང་པོ་ཞིག་ལ་གོ་འཇོལ་ཐེབས་ནས་ས་ཡོམ་འཁྲོད་འདས་གྲོང་དུ་གྱུར་བ་རྣམས་ལ་ངོ་རྒོལ་བྱས་བསྐོར་བརྗོད་བཞིན་འདུག
    དེ་ནི་གོ་འཇོལ་ཆེན་པོ་ཞིག་རེད། དེ་ན་ང་ཚོའི་གང་གི་ཆེད་དུ་ལས་འགུལ་སྤེལ་ཡང་དེ་དང་མཚམས་པའི་ལས་འགུལ་སྤེལ་དགོས་པ་ནི་གནད་འགག་ཞིག་མིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese