མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐག་གཅོད་ཀྱི་དབང་ཚད་ལྡན་པའི་བུད་མེད་བརྒྱ་ཆ་ ༣ ལས་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp
བཙན་བྱོལ་གྱི་སྲིད་ཞུའི་ལས་བྱེད་ནང་ཐག་གཅོད་ཀྱི་དབང་ཚད་ལྡན་པའི་བུད་མེད་བརྒྱ་ཆ་ ༣ མ་གཏོགས་མེད་པར་མ་ཟད། གྲངས་ཚད་དེས་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲིག་འཛུགས་གཞན་ཁག་ནང་དུའང་གནས་བབ་དེ་ཟིན་ཡོད་ཟེར།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ དང་སྐར་མ་ ༣༠ སྟེང་ངྷ་སྟེང་བོད་ཁྱིམ་གྱི་ ༼ ཞི་བདེ་གླེང་མོལ་ཁང་ ༽ དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བོད་ཀྱི་བུད་མེད་ཀྱི་ཚད་མཐོའི་འགན་འཁུར་སྣེ་ཁྲིད་སྦྱོང་བརྡར་ཞེས་པའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་བ་དང་། དབུ་འཛུགས་མཛད་སྒོའི་སྟེང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་པོ་དང་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། བོད་ཁྱིམ་སློབ་གྲྭའི་དབུ་འཛིན་ཚེ་དབང་ཡེ་ཤེས། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་བཅས་ཕེབས་ཡོད། 

ཚོགས་འདུའི་སྟེང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་གིས་ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། སྤྱི་ཡོངས་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་སྲིད་ཞུའི་ལས་བྱེད་ཀྱི་བརྒྱ་ཆ་ ༤༦ བུད་མེད་དང་བརྒྱ་ཆ་ ༥༤ སྐྱེས་པ་ཡིན་ཞེས་བརྗོད་ཀྱི་ཡོད་ནའང་། ཧང་སངས་དགོས་པ་ཞིག་ལ་ཐག་གཅོད་ཀྱི་དབང་ཚད་ལྡན་པའི་གནས་རིམ་ནང་བུད་མེད་ཀྱིས་བརྒྱ་ཆ་ ༣ མ་གཏོགས་ཟིན་གྱི་མེད་པ་དང་། སྐྱེས་པས་བརྒྱ་ཆ་ ༩༧ ཧྲིལ་བོ་ཟིན་གྱི་ཡོད་པར་མ་ཟད། གྲངས་ཚད་དེས་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲིག་འཛུགས་གཞན་ཁག་ནང་དུའང་གནས་བབ་དེ་རང་ཟིན་གྱིན་ཡོད། ཅེས་གསལ་ཡོད།
བུད་མེད་ལྷན་ཚོགས་ཀྱི་གསལ་བསྒྲགས་དེའི་ནང་མུ་མཐུད་དེ་ཐེངས་འདིའི་ཟབ་སྦྱོང་གི་སྐོར་ངོ་སྤྲོད་གནང་དོན། བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་རྐང་འགན་ཁུར་ཏེ། བོད་ཀྱི་བུད་མེད་ཀྱི་ཚད་མཐོའི་འགན་འཁུར་སྣེ་ཁྲིད་ཀྱི་སྦྱོང་བརྡར་སྤྲོད་དགོས་དོན། གོང་གསལ་གྱི་སྟོང་ཆ་དེར་ངོས་འཛིན་གསལ་པོ་བྱས་ཏེ། གནས་རིམ་གོང་མའི་ནང་བུད་མེད་ཚོས་ཆ་ཤས་ལེན་རྒྱུ་དང་གོང་འཕེལ་ཡོང་རྒྱུའི་ཆེད་དུ་ཡིན། ཉིན་བཅུ་གཅིག་གི་སྦྱོང་བརྡར་དེར་མཉམ་ཞུགས་གནང་བའི་བུད་མེད་རྣམས་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་འཇོན་ནུས་ཅན་ཤ་སྟག་རེད། ཐེངས་འདིའི་སྦྱོང་བརྡར་འདིས་དེ་སྔ་བཀའ་ཤག་གིས་གཏན་འབེབས་གནང་བའི་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྲིད་ཇུས་བརྒྱད་དེ་ལག་བསྟར་དོན་འཁྱོལ་ཡོང་ཐབས་ཐད། དགེ་སྐྱོན་ཞིབ་དཔྱད་དང་བསམ་ཞིབ་ནན་ཏན་བྱས་ཏེ་བུད་མེད་ཚོས་རང་ཉིད་ཀྱི་ནུས་པར་ངེས་ཤེས་གསར་རྙེད་འཐོབ་སྟེ། རང་གི་ནུས་ཤུགས་གོང་སྤེལ་གཏོང་ཐུབ་རྒྱུའི་གར་སྟེགས་ཤིག་བསྐྲུན་ཡོད། ཅེས་དང་།
ཉིན་གྲངས་བཅུ་གཅིག་གི་བུད་མེད་ཀྱི་ནུས་ཤུགས་གོང་འཐོར་གཏོང་བའི་གལ་ཆེའི་རང་བཞིན་གྱི་སྦྱོང་བརྡར་དེ་ནི་བཙན་བྱོལ་སྤྱི་ཚོགས་ཧྲིལ་བོར་དོན་ཕན་ལྡན་པའི་བྱ་བཞག་ཅིག་རེད། བུད་མེད་དང་བྱིས་པར་འབྲེལ་ཏེ་སྤྱི་ཚོགས་ནང་ཐག་གཅོད་བྱ་རྒྱུ་དུ་མ་ཞིག་ཡོད། དཔེར་ན། ཤེས་ཡོན་ཀྱི་ཆ་དང་འཕྲོད་བསྟེན་གྱི་ཆ། ཕོ་མོ་འདྲ་མཉམ་གྱི་ཁྲིམས་ལུགས་ཀྱི་ཆ། དེ་བཞིན་སྤྱི་ཚོགས་ནང་བུད་མེད་དང་འབྲེལ་བའི་ལས་དོན་སྣེ་མང་ཁྲོད། བུད་མེད་ཁོ་ནའི་བསམ་ཚུལ་དང་ལམ་སྟོན་ནི་མེད་ཐབས་མེད་པ་ཞིག་ཡིན། ད་རེས་ཀྱི་སྦྱོང་བརྡར་འདི་གྲུབ་རྗེས་བུད་མེད་ཚོས་རང་ཉིད་ཀྱི་ནུས་ཤུགས་གོང་འཕེལ་འགྲོ་བ་ཙམ་མ་ཡིན་པར། འཇོན་ནུས་ལྡན་པ་ཞིག་དང་ཐག་གཅོད་ཀྱི་གནད་འགག་ཐོག་གདོང་ལེན་བྱེད་ཐུབ་མཁན་ཞིག་ལ་རེ་འདུན་བཅངས་ཡོད་ཅེས་གསལ་ཡོད།
ཟབ་སྦྱོང་དབུ་འཛུགས་མཛད་སྒོའི་སྟེང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོའི་གཏམ་བཤད་སྐབས། བོད་སྤྱི་ཚོགས་ཁྲོད་དུ་ནམ་རྒྱུན་ནས་ཕོ་མོ་འདྲ་མཉམ་དང་ཐོབ་ཐང་ཚང་མ་འདྲ་མཉམ་ཡིན་ནའང་། བུད་མེད་ཚོས་ཅི་ཙམ་ལེན་དགོས་པ་དེ་ཙམ་ཞིག་ལེན་ཐུབ་ཀྱི་མེད་པར་བརྟེན། ཐེངས་འདིའི་ཚོགས་བཅར་བ་བུད་མེད་ ༣༠ ཙམ་གྱིས་མ་འོངས་པར་རང་ཉིད་ལ་ཡོད་པའི་ཐོབ་ཐང་ཆ་ཚང་ལེན་ཐུབ་པ་དང་། བོད་སྤྱི་ཚོགས་ལ་ལེགས་ཕྱོགས་ནས་བསྒྱུར་བ་ཆེན་པོ་གཏོང་ཐུབ་རྒྱུར་གདེང་ཚོད་དང་རེ་བ་ཡོད་ཅེས་གསུངས།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས། ང་ཚོའི་རྒྱལ་ཁབ་འདི་དང་མི་རིགས་འདི་ད་ལྟའི་ཆར་རང་དབང་རྩོེད་ལེན་བྱེད་མཁན་དང་བོད་ཀྱི་བདེན་མཐའ་གསལ་ཐབས་ཀྱི་ཆེད་དུ། ལས་ཀ་བྱེད་མཁན་གྱི་མི་རིགས་ཤིག་ཆགས་ཡོད་སྟབས། ང་ཚོའི་སྤྱི་ཚོགས་ཀྱི་མི་འབོར་ཕྱེད་ཀ་ནུས་མེད་དུ་འཇོག་གམ། ནུས་པ་ལྡན་པ་ཞིག་བཟོ་འམ་ཞེས་པ་དེ་ང་ཚོའི་ཐོབ་ཐང་དུ་མཐོང་གི་ཡོད་མ་གཏོགས། བུད་མེད་ལ་བུད་མེད་ཡིན་པའི་ངོས་ནས་ཐོབ་ཐང་ལྷག་མ་ཞིག་དགོས་ཞེས་བཤད་ཀྱིན་མེད་པ་དེ་གསལ་བོ་རེད། སྤྱིར་སྤྱི་ཚོགས་གང་འདྲ་ཞིག་གི་ནང་དུ་བུད་མེད་ཀྱི་གནས་སྟངས་ཡར་རྒྱས་གཏོང་དགོས་བྱུང་ནའང་། གལ་ཆེ་ཤོས་བུད་མེད་རང་གིས་བྱེད་དགོས་ཀྱིན་འདུག ང་ཚོ་རང་ཉིད་ལ་རེག་ལས་ཀྱིན་འདུག ཁྲིམས་དང་སྒྲིག་གཞི་ཞིག་གི་སྟེང་ནས་ཡོང་ཐུབ་པ་ཞིག་ཏུ་ངས་ནམ་ཡང་མཐོང་གི་མེད་ཅེས་གསུངས་ཡོད།
བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས། འདི་ནས་བརྩིས་པའི་ལོ་ ༢༦ ཙམ་གྱི་སྔོན་དུ་༧གོང་ས་མཆོག་གི་བཀའ་དགོངས་དང་བོད་ཀྱི་བུད་མེད་ཚོའི་བསམ་བློ་མངོན་འདོད་གཞིར་བཟུང་། བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་གནང་བ་རེད་ལ། སྐབས་དེའི་གནས་སྟངས་དང་ད་ལྟའི་གནས་སྟངས་གཉིས་བསྡུར་ན། སྤྱི་ཚོགས་ནང་བུད་མེད་ཀྱི་གནས་སྟངས་དེ་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་སོང་འདུག་པ་ཞིག་ཏུ་ངས་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ནའང་ཡར་རྒྱས་ལ་མཐའ་མེད་པ་དང་། ང་ཚོ་འཛམ་གླིང་འདིའི་སྤྱི་ཚོགས་གཞན་གྱི་བུད་མེད་དང་མཉམ་དུ་འགྲོ་དགོས་པར་བརྟེན། འདི་ལྟ་བུའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་བར་ཧ་ཅང་དགའ་སྤྲོ་བྱུང་བ་དང་། འོས་ཤིང་འཚམ་པ་ཞིག་ཏུ་མཐོང་གི་ཡོད་ཅེས་གསུངས།
ཡང་ཁོ་མོས། བུད་མེད་ཚོར་རང་ཉིད་ལ་གདེང་ཚོད་དང་སྤོབས་པ་ཞིག་དགོས་པ་དེ་གལ་ཆེན་པོ་རེད། ངས་བུད་མེད་ཚོར་འཐོབ་དགོས་པ་ཚང་མ་ཐོབ་ཡོད། གྲ་འགྲིག་པོ་ཞེ་དྲག་ཡོད། བུད་མེད་ཚོས་སྐད་རྒྱག་དགོས་པ་མ་རེད་ཅེས་ཟེར་གྱིན་མེད་ནའང་། ཕྱོགས་གཞན་ནས་ང་ཚོ་བུད་མེད་ཚོར་ཡོད་བསྡད་པ་དེ་ཚོ་ལེན་ཐུབ་ཀྱིན་ཡོད་དམ། དེའི་ཐད་དུ་དགོངས་པ་ཞིག་བཞེས་རོགས། ལེན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། དེའི་ཆ་རྐྱེན་དུ་སོ་སོ་རང་ཉིད་ལ་ཡིད་ཆེས་དགོས་པ་རེད། སོ་སོའི་ཡིད་ཆེས་དེས་རྒྱལ་ཁབ་དང་མི་མང་། གཞན་བཅས་ལ་ཕན་ཐོགས་པའི་ཕྱག་ལས་ཤིག་གནང་ན། ང་ཚོ་བུད་མེད་ཚོས་ཏན་ཏན་གནང་ཐུབ་ཀི་རེད་བསམ་གྱིན་ཡོད་ཅེས་གསུངས་ཡོད།
བུད་མེད་ཀྱི་ཚད་མཐོའི་འགན་ཁུར་སྣེ་ཁྲིད་པའི་སྦྱོར་བརྡར་ཞེས་པ་ནི། བཞུགས་སྒར་ངྷ་སར་རྟེན་གཞི་བྱས་པའི་དབུས་བུད་མེད་ལྷན་ཚོགས་ཀྱིས་བོད་རིགས་བུད་མེད་རྣམས་ཀྱི་ཆེད་དུ། དམིགས་བསལ་གྱིས་གོ་སྒྲིག་གནང་བའི་ཟབ་སྦྱོང་ཞིག་ཡིན་ལ། ཟབ་སྦྱོང་འདི་ཕྱི་ཚེས་ ༧ ཉིན་ནས་མགོ་འཛུགས་ཀྱིས་ཚེས་ ༡༧ བར་ཉིན་ ༡༡ རིང་འཚོགས་གཏན་འཁེལ་འདུག

ཐེངས་འདིའི་སྦྱོང་བརྡར་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཆེས་མཁས་པ་དང་ཉམས་མྱོང་ཅན་ཁག་ཅིག་དང་། ལྡི་ལིའི་ Holistic Training solutions ཚོགས་པའི་འགན་འཛིན་ལྕམ་ Lynda O Lepcha དང་། ཨ་རི་ནས་ཕེབས་པའི་ Michelle Pomeroy དེ་བཞིན་ཨ་རི་ནས་ཕེབས་པའི་སེམས་ཁམས་རིག་པ་བ་ལྕམ་ Gaea Logan  བཅས་ཀྱིས་སྦྱོང་བརྡར་སྤྲོད་རྒྱུ་ཡིན་འདུག་ལ། ཟབ་སྦྱོང་འདིའི་ནང་ངྷ་ས་གཙོས་བྷེང་ལོར་དང་ལྡི་ལི། ཤིམ་ལ་སོགས་ས་གནས་ཁག་འགའི་བུད་མེད་ ༣༠ ཙམ་མཉམ་ཞུགས་བྱས་འདུག

དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འདོན་སྤེལ་གནང་བཞིན་པའི་སྒྲོལ་མ་དུས་དེབ་དེ་ཉིད། ལོ་འཁོར་ཉེར་གཅིག་ལོན་པའི་དམིགས་བསལ་འདོན་ཐེངས་ཤིག་དབྱིན་བོད་གཉིས་ཐོག་དབུ་འབྱེད་གནང་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 14

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    གཅན་བཟོད་ལགས་ཀྱིས་སྤྱན་ཤེལ་བསྐྱོན་ནས་ཡང་བསྐྱར་གཟིགས་ཞིབ་གནོངས་རོགས་ཞུ་སླད་དུ།

    ༠༣།༠༡ ནས་ ༠༦།༠༠ བར་ལ་ཐོ་རང་དང་སྔ་དྲོ།། དང་། ༡༥།༠༡ ནས་ ༡༨།༠༠ བར་ལ་ཕྱི་དྲོ་དང་དགོང་མོ།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གནམ་གྱི་ཕྱེད་ཀ་ནི་བུད་མེད་ཡིན་ཅེས་པའི་བཤད་ཚུལ་ལྟར། བོད་རིགས་བུད་མེད་ཚོས་རང་རང་གི་ནུས་པ་སྤེལ་བ་དང་། གདེང་སྤོབས་ཤིག་བསྐྲུན་བཞིན་པ་ནི་ཧ་ཅང་ལེགས།

    བུད་མེད་ཚོའི་ནུས་པ་ཇེ་ཆེར་ཕྱིན་ན་སྐྱེས་པ་ཚོའི་ནུས་པ་ཇེ་ཆུང་ལ་འགྲོ་རྒྱུ་མིན་པར། སྐྱེས་པ་ཚོས་སྔར་ལས་ལྷག་པའི་ནུས་པ་ཞིག་འདོན་ཐུབ་པ་ནི་བུད་མེད་ལྷན་ཚོགས་ཀྱི་ལས་འགུལ་འདིའི་ཕུགས་ཀྱི་དགོས་པ་ཡིན་དགོས།

    ཡིན་ཡང་། ང་ཚོ་བོད་པའི་སྐྱེས་པ་ཚོར་ཡང་ནུས་པ་དེ་འདྲའི་ཆེན་པོ་ཞིག་མི་འདུག མི་རིགས་གཞན་པའི་སྐྱེས་པ་ཚོར་བསྡུར་ན་བསྡུར་ཐབས་མེད་པ་འདྲ་བོ་རེད། ཐ་ན། མི་རིགས་གཞན་གྱི་བུད་མེད་ཚོར་བསྡུར་ན་ཡང་དཀའ་ལས་ཁག་པོ་རེད། དེས་ན་ང་ཚོ་སྐྱེས་པ་ཚོས་ཀྱང་ནུས་པ་གོང་མཐོར་གཏོང་དགོས་པར་འདོད། མི་རིགས་གཞན་གྱི་སྐྱེས་པ་ཚོ་མཉམ་དུ་ལངས་ཐུབ་པ་དང་། འགྲོ་ཐུབ་པ་ཞིག་བྱེད་དགོས་པར་འདོད།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཀརྨ་རྡོ་རྗེས་དུས་ལ་དབྱེ་པ་མང་དུ་དབྱེས་ཀྱང་། བོད་ས་ཁྱོན་ཡོངས་སུ་གནའ་ནས་ད་བར་དུ་སྦྱད་དང་སྦྱོད་བཞིན་པའི་”སྔ་དྲོ་”དང་”ཕྱི་དྲོ་”ཚིག་ཟུར་ནའང་མེད་པ་དེ་ཅི་ཡིན་ནམ།
    ད་ཡང་ཁྱོད་ཀྱིས་ཐ་སྙད་གསར་པ་ཞིག་བཟོས་ཚར་འདུག དེ་ནི་”མཚན་རྒྱབ་”ཅེས་པ་དེ་རེད། དེ་བཞིན་དུ་”མཚན་སྔོན་”ཞེས་ཀྱང་འབྲི་རྒྱུ་ཡིན་ནམ།
    མཚན་མོའི་དུས་ཚོད་༡༢་ལ་ནམ་གུང་དང་དེའི་(རྒྱབ་མདུན་ནམ་གཡས་གཡོན་)ལ། “ནམ་སྟོད”དང་”ནམ་སྨད”ཟེར་གྱི་རེད། ད་དུང་ནམ་སྟོད་ལ་”སྲོད་”ཅེས་ཀྱང་འབྲི། “སྲོད་”དང་”ས་སྲོད”་གཉིས་ནི་མི་འདྲ་བར་སྣང་སྟེ། “སྲོད་”མི་གོང་ལྟར་དང་། “ས་སྲོད་”ནི་ས་རིབ་ཁར་གོ་བ་ཡིན་འདྲ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ལས་བྱེད་ཀྱི་བརྒྱ་ཆ་ ༤༦ བུད་མེད་དང་བརྒྱ་ཆ་ ༥༤ སྐྱེས་པ་ཡིན་ཡང་། ཐག་གཅོད་ཀྱི་དབང་ཚད་ལྡན་པའི་བུད་མེད་བརྒྱ་ཆ་ ༣ ལས་མེད་པ་གསལ་འདུག

    Reply
  5. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    སྤྱིར་བོད་ཀྱི་སྐད་ཡིག་གི་ཐོག་ནས་ཉིན་རྒྱབ་ཞེས་པ་བོད་སྐད་མ་རེད་ཟེར་ན
    བོད་སྐད་མི་ཤེས་པའི་བོད་མི་གསུམ་ཆ་གཉིས་ཡོད་པ་འདོད་དགོས།
    བོད་ཀྱི་ཡུལ་ལུང་ཁག་ལ་རང་རང་གི་ཐུན་མིན་གྱི་ཁ་སྐད་མང་པོ་ཡོད་པས་སོ
    ཨ་མདོ་དང་ཁམས་གཉིས་ལ་ལྟ་ཅི་མོས།
    ལྷ་སའི་ད་ལྟ་སྤྱོད་བཞིན་པའི་སྐད་ལ་ཡང་སྤྱི་སྐད་དང་མི་མཐུན་པ་དང་སྒྲ་བསྡུས་སྐྱོན་སོགས་མང་པོ་ཡོད་
    འདི་བྲིས་ཐང་གཉིས་པ་ཡིན་དེ་ཙམ་བྱོས

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བུད་མེད་ལ་བུ་སྨན་ཞེས་ཚིག་འཁྲིག་ལྟ་བུའི་ཚིག་དེ་བཟང་ཡང་ཁུངས་ཅི་ཡོད། ལ་བཅོས།

    Reply
  7. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    སྤྱིར་བོད་ཀྱི་སྐད་ཡིག་གི་ཐོག་ནས་ཐོག་ནས་དེ་ལྟར་ཟེར་ན།
    མདོ་དབུས་ཁམས་གསུམ་ལ་སྤྱི་སྐད་དང་མི་མཐུན་པའི་རང་རང་གི་ཐིན་མིན་གྱི་ཁ་སྐད་ཡོད་པ་དག་བོད་སྐད་མ་རེད་ཟེར་རྒྱུ་ལས་གཞན་མ་འདས་པས།་
    དེས་ན་བོད་སྐད་སྤྱོད་མི་ཤེས་པའི་བོད་གསུམ་ཆ་གཉིས་ཟིན་ཡོད་པར་སེམས།
    རྒྱ་མིའི་བོད་ཞེས་པ་དེ་རང་སྐྱོངས་ལྗོངས་ཆུང་ཆུང་དེ་ལ་ཟེར་གི་ཡོད་
    ཁྱོད་ལྟར་ན་དེ་བས་རྒྱ་ཆུང་རི་བཏང་བ་མ་ཡིན་ནམ།
    ཨ་མདོ་དང་ཁམས་གཉིས་ལ་བཤད་མི་དགོས་
    ལྷ་སའི་ད་ལྟ་སྤྱོད་བཞིན་པའི་སྐད་ལ་ཡང་སྤྱིད་དང་མི་མཐུན་པ་དང་སྒྲ་བསྡུས་སྐྱོན་སོགས་མང་པོ་ཡོད

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    རྒྱ་རི་སྒྲོལ་མ་ལྟ་བུའི་བོད་ཀྱི་བུད་མེད་ཅིག་ལ་༢༠༡༡ནང་གི་བཀའ་ཁྲིའི་གོ་གནས་ཐོབ་པའི་སྨོན་འདུན་དང་བཅས་གླེང་བར་འདོད་པ་ནི།
    ཉིན་རྒྱབ་ཡོད་ན་ཞོགས་རྒྱབ་ཡོད་དགོས་མེ་ངས་མི་ཤེས་ཀྱང་། ཉིན་མདུན་མེད་པས་ཉིན་རྒྱབ་མེད་དགོས་ཟེར་ན་ཅུང་འགྲིག་པ་མཐོང་། འདི་ནི་རྩོད་ཟླ་ཡོང་བའི་ཆེད་དུའོ། །
    འདིར་བཟློག་ཕྱོགས་ནས་དཔྱད་ན།
    ༢༤།༠༠ ལ་མཚན་དཀྱིལ། དང་།༡༢།༠༠ ལ་ཉིན་གུང་།
    ༢༤།༠༡ ནས་ ༠༣།༠༠ བར་ལ་མཚན་རྒྱབ། དང་། ༡༢།༠༡ ནས་ ༡༥།༠༠ བར་ལ་ཉིན་རྒྱབ།
    ༠༣།༠༡ ནས་ ༠༦།༠༠ བར་ལ་ཐོ་རང་དང་སྔ་དྲོ།། དང་། ༡༥།༠༡ ནས་ ༡༨།༠༠ བར་ལ་ཕྱི་དྲོ་དང་དགོང་མོ།
    ༠༦།༠༡ ནས། ༡༡།༢༩ བར་ལ་ཞོགས་པ། དང་། ༡༨།༠༡ ནས་ ༢༣།༢༩ བར་ལ་མཚན་སྟོད།
    ལྟ་བུས་དབྱེ་ན་སྐྱོན་ཡོན་ཅི་ཡོད་དམ།

    ཡང་བུད་མེ་བུ་སྨན་ལྟ་བུའི་འཁྲིག་ཚིག་ལྟ་བུའི་ཚིག་དེ་བཟང་ཁུངས་ཅི་ཡོད།

    Reply
  9. སྐར་མདའ། says:
    ལོ་ 16 སྔོན།

    ད་ནི་བོད་ཀྱི་བུད་མེད་རྣམས་ཀྱིས་བོད་རང་སྲིད་དང་རང་སྐྱོང་བརྩད་རྒྱུ་ཕར་བཞག་ནས། སྐྱེད་དང་བུད་མེད་བར་གྱི་རྩོད་སྙོགས་གསར་བ་ཞིག་མགོ་འཛུགས་རྒྱུའི་འཆར་གཞི་བཟོ་བཞིན་ཡོད་པ་འདྲ།

    Reply
  10. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    གལ་སྲིད་ཨ་མདོའི་ཡུལ་ན་ཡང་་་་ཕྱི་དྲོ་ལ་་ཉིན་རྒྱབ་ཟེར་མཁན་ཡོད་ན་ཏན་ཏན་བོད་སྐད་མ་ཤེས་པས་ཡིན་རྒྱུ་རེད།

    སྤྱིར་བོད་ཀྱི་སྐད་ཡིག་གི་ཐོག་ནས་་་་ ཉིན་མཚན་གཉིས་ཀྱི་ཆུ་ཚོད་ཉེར་བཞི་དེ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་འབྱེད་གསལ་བོར་བྱས་ཡོད་པ་རེད།

    ཉིན་དང་མཚན་གཉིས་སུ་དབྱེ་བ་ལས་་་་ ཉིན་གྱི་ཆུ་ཚོད་༡༢ ནི་མཚན་དང་བསྡུར་ན་དྲོ་བོ་ཡོད་པ་དང་། དེ་ལ་ཡང་ཁྱད་པར་ཡོད་པ་གསལ་བོར་དབྱེ་ནས་ཡོད་པ་དཔེར་ན། སྔ་དྲོ་་་་་ ཉིན་གུང་་་་ཕྱི་དྲོ་་་་གསུམ་རེད། ཉིན་མཚན་དུས་དྲུག་གམ་ཐུན་དྲུག་ཏུ་དབྱེ་བ་སོགས་ཡོད་པ་ལས། མདུན་རྒྱབ་གཡས་གཡོན་གྱིས་དབྱེ་མེད་པ་མིན་ནམ། ཧ ཧ ཧ ཧ དེ་ཙམ་ཡིན།

    Reply
  11. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།་འདྲེ་རིག་ལྡན་ལགས།

    བཙན་བྱོལ་ཤ་ཟའི་སྐད་ཅིག་ལས་བོད་སྐད་དག་མ་ཞིག་མ་རེད་ཞེས་པ་ནི་རང་ཉིད་མཐོང་རྒྱ་ཅུང་ཆུང་སོང་བ་མིན་ནམ
    ཨ་མདོ་བའི་ཡུལ་ལུང་འགའ་ནས་ཉིན་གུང་ཡོལ་ཟིན་ཙམ་ལ་ཉིན་རྒྱབ་ཟེར།
    དེས་ན་ཉྀད་ཀྱི་ཨ་མདོ་བའི་སྐད་བོད་སྐད་དག་མ་ཞིག་མ་རེད་ཟེར་རམ

    Reply
  12. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    བོད་ཀྱི་བུད་ཚོགས་པའི་གོ་སྒྲིག་འོག་ཟབ་སྦྱོང་འདི་འདྲ་ཞིག་གཉེར་བར་དགའ་བསུ་ཞུ། འོན་ཀྱང་བོད་ཀྱི་བུད་མེད་ཚོགས་པས་ཁ་ཚ་དགོས་གཏུགས་ཀྱི་ཟབ་སྦྱོང་དཔེར་ན་མི་རིགས་འཕེལ་རྒྱས་སུ་གཏོང་ལུགས་སོགས་གོ་སྒྲིག་གནང་ཐུབ་པ་ཡིན་ན་ཕན་དོགས་ཆེན་པོ་ཡོད་པར་འདོད། དེང་ང་ཚོའི་སྤྱི་ཚོགས་སྟེང་བུད་མེད་བརྒྱ་ཆ་མདུན་བཅུའི་སྦྲུམ་འགོག་སྨན་རྟག་ཏུ་མཆོད་བཞིན་ཡོད་པ་ནི་ཤིན་ཏུ་ཉེན་ཁ་ཅན་ཞིག་ཡིན། དེ་དག་འགོག་ཐབས་ཀྱི་ལས་འགུལ་སྤེན་ནས་བོད་མི་རིགས་འདི་ཆེས་གྲངས་ཉུང་མི་རིགས་ལས་སྐྱོབས་དགོས་དེའི་འགན་འཁྲི་གཙོ་བོ་བོད་ཀྱི་བུད་མེད་ཚོགས་པར་ཡོད་པ་ཡིན་ལ་དེ་ནི་བོད་དོན་ངོ་མ་ཡིན་ན་སྣང་ཆུང་དུ་རྩ་བ་ཉིད་ནས་མ་གཏོང་རོགས་ཞུ་འདོད་བྱུང།།

    Reply
  13. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    གཅན་བཟོས་རྒྱམ་གྱི་སྐད་ཆ་དེ་ལ་་་་ལགས་སོ་་་་ལགས་སོོོོོོ་་་་་་་་་་་་་་་་་ཟེེར་རྒྱུ་ཡིན།

    ཉིན་རྒྱབ་་་ཉིན་རྒྱབ་་་་ ཟེར་བ་འདི། བཙན་བྱོལ་ཤ་ཟའི་སྐད་ཅིག་ལས་བོད་སྐད་དག་མ་ཞིག་མ་རེད། ང་ཚོ་བོད་ཀྱིས་་་་ དུས་ལ་སྔ་ཕྱིའི་སྐད་ཆ་བཤད་པ་ལས། མདུན་རྒྱབ་ཀྱི་སྐད་ཆ་མི་བཤད། མདུན་དང་རྒྱབ་ཟེར་བ་ནི་ཡུལ་སྟོན་པའི་ཚིག་ཅིག་ཡིན་པ་ལས་དུས་སྟོན་པའི་མིང་དང་ཚིག་གང་ཡང་མ་རེད།
    སྔོན་ཆད་བོད་རིགས་ཡིག་རྨོངས་རྐྱང་རྐྱང་(བརྒྱ་ཆའི་༩༠) གློ་བུར་དུ་བཙན་བྱོལ་ལ་འབྱོར་བ་དང་། རིམ་པས་ཕྱི་ཡིག་དང་དེ་ནས་བོད་ཡིག་སྦྱོང་བའི་འགོ་ཚུགས་པའི་གོ་རིམ་ཁྲོད་ད་གཟོད་གོ་ལྡོག་གི་སྐད་ཆ་འདི་འདྲ་བྱུང་བར་སྙམ།
    དེ་བས། དུས་བབ་ཚང་གི་ངོས་ནས་ཀྱང་་་་ ཉིན་རྒྱབ་་་་ཟེར་བ་ལྟ་བུའི་་་་་ཤ་ཟའི་སྐད་མི་འབྲི་བའི་རེ་བ་གྲངས་མེད་ཞུ།

    Reply
  14. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཟབ་སྦྱོང་འདི་འདྲ་ཞིག་གོ་སྒྲིག་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ། བོད་ཀྱི་བུ་སྨན་ཚོའི་བསམ་པའི་གོ་རྟོགས་གོང་ནས་གོང་དུ་འཕེལ་བར་སྨོན།

    ཨ་རིག་ལགས། ཁྱོད་ཀྱི་ཡི་གེ་འདི་དང་འབྲེལ་ནས་བསམ་ཚུལ་ཞིག་གླེང་ཆོག་པ་ཞུ། དེ་ནི་”ཉིན་རྒྱབ་”ཅེས་པའི་ཡི་གེ་འདི་གཉིས་རེད། སྤྱིར་ཡི་གེ་འབྲི་སྲོལ་འདི་ཨ་མདོ་བས་མི་འབྲི་མོད། ང་ཚོ་བཙན་བྱོལ་དུ་ཡོང་བ་ནས་ཡི་གེ་འབྲི་སྟངས་མང་པོ་ཞིག་ལ་དབུས་སྐད་ཀྱི་ཤན་ཤུགས་ཐེབས་པ་དང་། ཡང་མང་པོ་ཞིག་ལ་བཙན་བྱོལ་སློབ་མ་ཆུང་ཆུང་ཚོའི་སྐད་ཀྱི་ཤན་ཤུགས་ཀྱང་མང་པོ་ཞིག་ཐེབས། སྤྱིར་ཨ་མདོ་བས་འབྲི་དང་མི་འབྲི་ནི་གནས་ཚུལ་གཞན་ཞིག་རེད་པས། “ཉིན་གུང་”ཡོལ་ཟིན་པས་ན་ཉིན་རྒྱབ་ཟེར་བ་ཡིན་འདྲ་ན། ཨོ་ན་ཞོགས་པ་ཡོུལ་ཟིན་པའི་རྗེས་ལ་”ཞོགས་རྒྱབ”ཅེས་ཐ་སྙད་གསར་པ་ཞིག་བཟོས་པས་ཀྱང་མི་ཆོག་གམ། དེ་ལྟར་བྱས་ན་གནའ་ནས་ད་བར་དུ་བོད་ས་ཁྱོན་ཡོངས་ལ་ཁ་བྱང་རྣ་བྱང་དུ་སོང་བའི་”སྔ་དྲོ་”དང་”ཕྱི་དྲོ་”ཞེས་པའི་ཐ་སྙད་འདི་གཉིས་རྩ་ཡལ་འགྲོ་ཐུབ་པས་ན། བྱས་རྗེས་དང་ཉེས་པ་གང་ཡིན་རུང་ཁ་གསལ་ངོ་གསལ་བྱས་ཟིན་པས་སོ། ། ཨ་ལ་ཚང་མ་ཀུ་རེ་ཡིན། རྗེས་མ་ནས་”ཉིན་རྒྱབ་”ཅེས་པའི་ཚབ་ཏུ་ཕྱི་དྲོ་དང་”ཞོགས་རྒྱབ་”ཀྱང་ཟེར་མི་དགོས་པར་”སྔ་དྲོ་”ཞེས་བྲིས་ན། མ་དག་རྒྱུན་འབྱམས་སུ་སོང་བ་དེ་ཚོ་དག་པ་ཡང་དག་ཏུ་འགྱུར་འགྲོ་བས་ན། གསར་འགྱུར་རྒྱུ་ལམ་ནས་ཀྱང་མ་དག་ཡོ་བསྲང་དང་དག་པ་རྒྱུན་འབྱམས་སུ་གཏོང་ཐུབ་པས་སོ།། ཨ་རིག་འགྱུར་མེད་རྒྱལ་གྱུར་ཅིག ཧ་ཧ་ཧ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese