དེ་རིང་དབུས་གཙང་ཆོལ་ཁས་ཕྱི་ལོ་ ༢༠༡༡ ལོའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་པའི་དབུས་གཙང་སྤྱི་འཐུས་ཀྱི་འོས་མི་རྣམས་ཡོངས་ཁྱབ་ཕྱིར་བསྒྲགས་བྱས་ཡོད་འདུག
ཕྱི་ཚེས་ ༢༥ ཉིན་ཏེ་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་གངས་སྐྱིད་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་མི་གཅིག་དང་། སྐབས་བཅོ་ལྔ་པའི་དབུས་གཙང་ཆོལ་ཁའི་བོད་མང་སྤྱི་འཐུས་ཀྱི་འོས་མི་རྣམས་ཕྱིར་བསྒྲགས་གནང་ཡོད།
ཐེངས་འདིར་དབུས་གཙང་ཆོལ་ཁའི་བཏོན་པའི་བཀའ་ཁྲིའི་འོས་མིར་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བདམས་ཡོད་ལ། གསར་འགོད་གསལ་བསྒྲགས་ཐོག་དབུས་གཙང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་ཀྱིས། ང་ཚོས་ཉེ་ཆར་འོས་བསྡུ་དང་འབྲེལ་བའི་དམིགས་བསལ་ལྷན་ཚོགས་སྐབས། ཆོལ་ཁའི་མི་མང་གི་མངོན་འདོད་གཞིར་བཞག་ཐོག་བཀའ་བློན་ཁྲི་པའི་འོས་དམིགས་སུ་ཆོལ་ཁ་དབྱེར་མེད་ཀྱིས་འོས་མི་གསུམ་བདམས་མོད། གཉིས་ཀྱིས་དགོངས་ཞུ་གནང་སོང་། ཁོང་རྣམ་གཉིས་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་བཀའ་ཟུར་བཀྲ་ཤིས་དབང་འདུས་རྣམ་གཉིས་རེད་ཅེས་གསུངས།
དེ་བཞིན་འོས་བསྡུ་དང་འབྲེལ་བའི་དམིགས་བསལ་ལྷན་ཚོགས་སྐབས་དབུས་གཙང་སྤྱི་འཐུས་ཀྱི་འོས་མིར་ཁྱོན་མི་ ༢༠ ཙམ་བདམས་ཐོན་བྱུང་ཡོད་ལ། དེ་དག་ནི། ༡། སྤྱི་འཐུས་ལས་ཐོག་སྒྲོལ་མ་ཚེ་རིང་ལགས་དང་། སྤྱི་འཐུས་ཟླ་བ་ཚེ་རིང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན། སྤྱི་འཐུས་ཀརྨ་ཡེ་ཤེས། སྤྱི་འཐུས་ཚེ་བརྟན་ནོར་བུ། སྤྱི་འཐུས་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས། དབུས་གཞོན་ནུའི་ཚོགས་ཟུར་སྒོ་དྲུག་སྐལ་བཟང་ཕུན་ཚོགས། དབུས་གཙང་དབུས་རྒྱུན་ཁྱུ་གསར་དངོས་གྲུབ་དཔལ་ལྡན། དབུས་བུད་མེད་ཚོགས་ཟུར་བུ་མོ་ཆེ་རིང་། སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས། སྤྱི་འཐུས་ཚེ་རིང་སྒྲོལ་མ། དབུས་གཙང་དབུས་རྒྱུན་ཟུར་པ་འཕན་པོ་རྒྱལ་མཚན། སྤྱི་འཐུས་ངག་དབང་ལྷ་མོ། མོན་གྷོ་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་སྐྱིད་གྲོང་ཚེ་དབང་ནོར་བུ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་ཚོགས་གཙོ་འཇམས་དབྱངས་རྡོ་རྗེ། རྩིས་ཞིབ་དྲུང་ཟུར་འཇིགས་མེད་འབྱུང་གནས། ས་གནས་གཞོན་ནུའི་ཚོགས་ཟུར་བྱ་ཉལ་ཚེ་རིང་ལྷ་སྐྱབས། བདེ་སྐྱིད་གླིང་གཞིས་ཆགས་ཀྱི་སྤྱི་མི་ཚེ་རིང་དོན་གྲུབ། དབུས་གཙང་དབུས་རྒྱུན་ལས་ཀྱི་དགེ་བཤེས་ངག་དབང་དཔལ་ལྡན་བཅས་ཡིན་པ་རེད།
སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། ཐེངས་འདིར་དབུས་གཙང་གི་ཆོལ་ཁོངས་ཀྱི་སྤྱི་འཐུས་རྣམས་ལ། ཆ་རྐྱེན་གཉིས་ཁས་ལེན་དུ་བཅུག་པ་དང་ས་ཡིག་རྒྱག་ཏུ་བཅུག་ཡོད་ལ། ཆ་རྐྱེན་གཉིས་ནི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བཞིན་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐོར་གནང་མཁན་དང་། རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དང་། གཞན་དེ་ནི་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དགོས་རྒྱུ་དེ་ཡིན།
གོང་གསལ་གྱི་དབུས་གཙང་ཆོལ་ཁོངས་ཀྱི་སྤྱི་འཐུས་འོས་མི་རྣམས་ཀྱིས་ཆ་རྐྱེན་དེ་གཉིས་ཁས་ལེན་དང་མཚན་རྟགས་བསྐྱོན་ཡོད། ཡིན་ནའང་། དབུས་གཙང་ཆོལ་ཁར་ཤ་ཞེན་ཞེས་པ་སྤྱི་པའི་འཐུས་མིའི་ཡོང་ཁུངས་བཅའ་ཁྲིམས་རིན་པོ་ཆེའི་ནང་ཆོལ་ཁ་ཆོས་བརྒྱུད་ཅེས་གསལ་ཡོད་པ་དང་། ཆོལ་ཁའི་སྒྲིག་འཛུགས་འདི་བཞིན་ཚགས་ཚུད་སྲ་བརྟན་ཡོང་དང་མི་ཡོང་སྤྱིར་ཆོལ་ཁའི་སེར་སྐྱ་མི་མང་ཡོངས་དང་། སྒོས་སུ་ཆོལ་ཁའི་གནད་དོན་མི་སྣ་རྣམས་ཀྱི་ཕྱར་གྲུ་མཉམ་འདེགས་ཀྱིས་ཆོལ་ཁའི་གོང་བུའི་ནུས་པ་དང་། བོད་སྤྱིར་རྣམ་དཔྱོད་འདོན་སྤེལ་གྱི་སྲི་ཞུ་སྒྲུབ་སའི་གླེང་སྟེགས་ཤིག་ཏུ་བསྐྲུན་ཐབས་མཐུན་འགྱུར་དགོས་པའི་གནད་དོན་ཁོ་ནའི་ཆེད་དུ་ཡིན་ཞེས་བརྗོད་ཡོད།
གསར་འགོད་པ། དཔལ་ལྡན་རྒྱ་མཚོ།
དབུས་གཙང་རྒྱུན་ལས་རྣམ་པ་ཐུགས་བསམ་ཅུང་ཙམ་བཞེས་ན་ཡག་པོ་འདུག་བསམས་བྱུང་།གལ་ཏེ་ཁྱོད་ཚོས་དབུས་གཙང་ཞེན་ཁོག་ཡོད་མཁན་ཆོལ་ཁ་གཞན་ལ་ཁ་གཏད་གཅོག་མཁན་ཞིག་བདམས་ན།གཞན་གཉིས་ཀྱིས་དེ་འདྲ་བ་ཞིག་འདེམས་ཀྱི་རེད།ཨ་ནི་ཡང་བསྐྱར་གཅིག་འཁྲུགས་ཀྱི་ཡིན་ནམ།།མི་ཚེ་ནང་འཁྲུགས་ཀྱིས་དུས་བསྐྱེལ་རྒྱུ་ཡིན་ནམ།།ཁྱོད་ཚོས་ཟླ་བ་ཚེ་རིང་ལྟ་བུ་འདེམས་ཚེ།གཞན་གྱིས་དེའི་ཁ་མནོན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལྟ་བུ་འདེམས་རྒྱུ་ཐག་གིས་ཆོད།།དེ་ནས་སུ་ཐོབ་སོང་བལྟ་རྒྱུ་རེད།།བཀའ་ཁྲི་འོས་གཞིར་བཀའ་ཁྲི་འབུམ་རྒྱ་སྟོན་པ་དེ་འདོད་པ་གང་མ་བྱུང་།།
བོད་རིགས་སེར་སྐྱ་ཡོངས་ལ་ཞུ་རྒྱུར་། རང་བཙན་གི་ལྟ་བ་ཡོད་མཁན་ཡིན་ན་ ༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་མ་ཞུ་རོགས་གནང
རྒྱ་དམར་གྱི་སོ་བ་ཚོའི་དབང་ཤུགས་ཇེ་ཆེ་རུ་འགྲོ་བཞིན་འདུག
མི་རིགས་ལ་ཤ་ཞེན་ཅན་གྱི་ཆོལ་གསུམ་སྤུ་ཟླ་ཡོངས་ཀྱི་དོགས་གཟབ་གནང་རོགས
ངའི་ཚོད་དཔག་མིན།དཀོན་མཆོག་གསུམ།
ཆོལ་ཁ་ལུང་ཚན་ཁ་འཁྱེར་གྱི་སྤྱི་ཡི་རྩ་དོན་བརླག་ཉེན་ཡོད་པའི།
སྤུན་ཟླ་མིང་སྲིང་ཚོའི་ཞིབ་དཔྱད་ཡག་པོ་གནང་རྒྱུ་ངའི་རེ་བ་ཉག་གཅིག་ཡིན།
བོད་རྒྱལ་ལོ།སྤུ་རྒྱལ་བཙན་པོའི་རང་ས་ཟིན་པར་ཤོགས།
དེང་སང་གི་དབུ་མའི་ལམ་གྱི་མི་སྣ་རྒན་གཞོན་ཕལ་མོ་ཆེ་སྔོན་རང་བཙན་གྱི་ལྟ་བ་འཛིན་མཁན་ཡིན་རབས་ཟེར། དེ་བདེན་ན་ཐེངས་འདིར་གཞོན་ནུའི་ཚོགས་ཟུར་དེ་དག་དབུ་ལམ་དུ་ཞུགས་པར་ངན་བརྗོད་བྱེད་དོན་མེད། ལྟ་བ་འགྱུར་མི་ཆོག་པའི་བསམ་ཚུལ་དེ་རིགས་ནི་དོན་ངོ་མའི་རང་ལྟ་མཁྲེགས་འཛིན་ཟེར་བ་དེ་ཅི་ལ་མིན། ངས་བལྟས་ན་མང་ཆེ་བ་བསམ་ཤེས་པའི་འགྱུར་བ་ཞིག་ཡིན་པར་འདོད། གོ་ཚོད་ལ་གཞོན་ནུའི་ཚོགས་མིའི་ནང་ནས་ཀྱང་མང་ཆེ་བའི་ལྟ་བ་དབུ་མར་གྱུར་ཡོད་ཟེར། སྤྱི་འཐུས་འོས་གཞི་བདམས་པ་རྣམ་པའི་སྤུས་ཚད་སྐོར་ངས་མི་ཤེས། གང་ལྟར་རྒྱ་ཆེའི་མི་དམངས་ཀྱི་འོས་ལྡུག་དུས་མ་ནོར་བ་བྱ་རྒྱུ་གལ་ཆེ་ལ། མང་ཆེ་བ་ནོར་གྱི་ཡང་མ་རེད་འདོད།
སྤྱི་འཐུས་འོས་མི་འདི་ཚོས་ཐོབ་དང་གོ་ས་ཞིག་ཡོད་དུས་ལྟ་བ་དང་ལངས་ཕྱོགས་རྡ་སའི་གནམ་གཤིས་བཞིན་འགྱུར་ཆོག་ཆོག་ཡོད་པ་ནི་ཇི་འདྲིའི་ཡ་མཚན་པ་ཞིག་རེད། དངོས་གནས་རྒྱ་དམར་སྲིད་གཞུང་བོད་མི་ཚོར་ཡིད་ཆེས་མི་ཡོང་བ་ཁག་མི་འདུག ངས་སྤྱི་འཐུས་འོས་མི་འདི་ཚོའི་འདས་ཟིན་པའི་སྐད་ཆ་དག་དྲན་དུས་གསར་འབྱོར་བ་ང་ཁོང་ཚོའི་མགོ་སྐོར་འོག་ཏུ་ཚུད་པ་གཞི་ནས་རྟོག་བྱུང་།
དབུས་གཙང་ཆོལ་ཁས་གཏོན་པའི་བཀའ་ཁྲིའི་མིང་ལ་ད་ནས་བཟུང་ཚང་མས་༼བཀའ་ཁྲི་འབུམ་བརྒྱ་མ༽ཞེས་བཏགས་རྒྱུ་ཡིན་ད།
༈ ༁ྃ གཏེར་མ། ཟླ་བ་ཚེ་རིང་ཞེས་པའི་མི། དུས་ཀྱི་མཐའ་རུ་བོད་དུ་སྐྱེས། བོད་ཁམས་ཡོངས་ལ་བཀྲུག་བཀྲུག་གཏང། ད་དུང་བོད་ཀྱི་སྤྱི་འཐུས་བྱེད། མོད་ཀྱང་ཁམས་པའི་གྲི་ལས་དྲངས། དེ་ནས་བོད་དུ་འཁྲུག་ཟིང་ཡོངས། པད་འབྱུང་ང་ཡང་བྱ་ཐབས་བྲལ། ཧཧཧཧ་མཚོ་རྒྱལ་ལ་གདངས་སོ། ༢༠༡༠ལོ་གཏེར་སྟོན་མགོ་བདེ་གླིང་པའི་རྡ་ས་བྷའ་སུག་གི་བྲག་ལས་གཏོན་པའོ།
དབུས་གཙང་ཆོལ་ཁའི་བཀའ་སྤྱི་གཉིས་ཀྱི་འོས་མི་སྟོན་པ་ལ་དགའ་བསུ་ཡོད། ཡིན་ན་ཡང་སྤྱི་མཐུས་ལས་ཐོག་ཀརྨ་ཆོས་འཕེལ་ནི་ཤེས་འཇོན་གཉིས་ལྡན་ཞིག་ཡིན་པ་མ་ཟད་སྐབས་གསུམ་པའི་བཀའ་ཁྲི་ལ་ཆ་རྐྱེན་ལྡན་མཁན་ཞིག་ཡིན་པའི་ཁོང་འོས་མི་ནང་མེད་པའི་བློ་ཕམ་ཡོད། གཞན་ཆ་རྐྱེན་གཉིས་སྟོན་པའི་ནང་ནས་ཆ་རྐྱེན་དང་པོ་འགལ་བའི་མི་མང་པོ་འདུག ཆ་རྐྱེན་ཕྱི་མ་དེ་ནི་བོད་ཆོལ་ཁ་གསུམ་རྡོག་རྩ་ཆིག་སྒྲིལ་དགོས་པའི་བཅའ་་ཁྲིམས་རིན་པོ་ཆེ་དང་དང་ཡོངས་སུ་འགལ་ཡོད་པས་རྒྱ་མི་ལ་དགོས་པའི་ཆ་རྐྱེན་ཞིག་ཡིན་པ་ཐེ་ཚམ་མེད། བཀའ་ཁྲིའི་འོས་མི་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་རེད་འདུག་པའི་ཁོང་ནི་ང་ཚོའི་བོད་པའི་སྤྱི་ཚོགས་ནང་འབུམ་བརྒྱ་མ་ཞེས་པའི་མིང་ཞིག་ཐོག་ཡོད་པའི་གནད་དོན་དེའི་ཐད་ལ་ཐག་གཅོད་ཞིག་མ་བྱེད་ན་གཞུང་ཞབས་ལ་འགྲོ་རྒྱུའི་བཅའ་ཁྲོམས་དང་ཡོངས་སུ་མགལ་ཡོད་པའི་ཚང་མའི་ཐུགས་གཟབ་གནང་རོགས། དབུས་གཙང་ཆོལ་ཁའི་མཁྱེན་དགོས་པ་ཞིག་ལ་༡༩༥༩ ལོར་བོད་མི་འབུམ་ཕྲག་མང་པོ་དམར་བསད་གཏོང་བའི་གནད་དོན་རང་བཙན་གྱི་ཆེད་དུ་ཡིན་པའི་ཁོང་རྣམ་པའི་བྱས་རྗེ་ལ་རྡོ་རོལ་མ་གཏོང་རོག དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ནའང་རང་བཙན་མི་དགོས་པའི་ས་ཡིག་རྒྱག་བཅུག་པ་སྔོན་བྱུང་ལོ་རྒྱུས་དང་འབྱུང་གྱུར་བོད་ཀྱི་གནས་བབ་ལ་བསམ་བློ་མ་བཏང་པ་རང་རེད་འདུག
དབུས་གཙང་ཆོལ་ཁའི་སྤྱི་འཐུས་འདེམས་སྟངས་དེ་ཁྱད་མཚར་ལ། གུང་ཁྲན་ཏང་ལས་ཐབས་སྐྱོ་བ་འདུག ཏང་ནང་དུ་འཛུལ་དུས་ཁས་ལེན་གྱི་ས་ཡིག་འགོད་དགོས་པ་རེད་ཟེར་བ་གོ་མྱོང་མེད།
ད་ཡིན་ན་ལྟད་མོ་ཆེ་རུ་ཆེ་རུ་རེད། སྒོ་དྲུག་ཟེར་བ་འདི་སྔོན་མ་གཞོན་ནུའི་ཚོགས་གཙོ་བྱས་ནས་ཁ་བདེ་མདོག་ཁ་པོ་ཞེ་དྲག་ཡོད་རེད། དེ་རིང་གཟའ་ག་རེ་བརྒྱབ་པ་རེད། རང་བཙན་གྱི་ལྟ་བ་འཁྱེར་གྱི་མིན་ཞེས་ས་ཡིག་ཇི་ལྟར་བརྒྱབ་པ་ཡིན་ན།
ཀྱེ་མ་ཀྱེ་ཧུད། དབུས་གཙང་མི་མང་བསམ་བློ་ཡག་པོ་ཐོངས། ཤོག་བུ་རླུང་འཁྱེར་གྱི་མི་འདི་ཚོས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལས་ཀ་ཞིག་ག་ནས་བྱེད། རེ་བ་སྤུ་ཙམ་ཡང་མི་འདུག
དབུས་གཙང་ཆོལ་ཁའི་སྤྱི་འཐུས་མི་འགྲོའི་ཐག་གཅོད་དེ་ནི་དམར་ཤོག་ཚོགས་པའི་བྱེད་སྟངས་དང་ཁྱད་པར་མི་འདུག གང་ཡིན་ཟེར་ན་དོན་ཚན་གང་ཡང་རུང་བ་ཞིག་ཁས་ལེན་དམ་བཅའ་མ་བྱེད་ན་འོས་ཁོངས་སུ་འཛུལ་བཅུགས་ཀྱི་མིན་ཟེར་བ་དེ་དམར་ཤོག་གི་བྱེད་སྟངས་རང་རེད་ལ། རང་དབང་མང་གཙོའི་ལུང་པ་ཞིག་ལ་མཚོན་ན་རང་དབང་དང་འདྲ་མཉམ་ནི་མང་གཙོའི་གཞི་རྩའི་དགོས་མཁོ་ཡིན། ད་དུང་བཀའ་ཁྲིའི་འོས་མི་དེ་ཡང་མི་མང་གི་མངོན་འདོད་བཞིན་ ཆོལ་ཁ་དབྱེར་མེད་ཀྱིས་འོས་མི་གསུམ་བདམས་ཡོད་ཟེར་བ་དེ། དོན་དངོས་ཤིག་རེད་དམ། གལ་སྲིད་དབྱེར་མེད་ཡིན་ན་མདོ་སྟོད་ཆོལ་ཁའི་འོས་མི་སུ་ཡོད། ཡང་ན་མདོ་སྟོད་དང་མི་དམངས་དང་མདོ་སྟོད་ཆོལ་ཁ་དེ་བོད་པའི་སྐྱིད་སྡུག་དང་བཙན་བྱོལ་སྤྱི་ཚོགས་ནས་ཕུད་པ་རེད་དམ། ལྷག་པར་དབུས་གཙང་གི་སྤྱི་འཐུས་འོས་མི་ནང་བཙན་བྱོལ་སྤྱི་ཚོགས་ནང་རྙོག་དྲ་བཟོ་མཁན་དང་རྙོག་དྲ་ཡོད་མཁན་མི་སྣ་གཙོ་བོ་འགའ་ཤས་སླེབས་འདུག་པས་སློབ་ཕམ་ཡོད། ཡག་ཤོས་བྱུང་ན་རྙོག་དྲ་ཡོད་པའི་མི་སྣ་དེ་དག་ཕྱིར་མཐེན་བྱེད་རོགས།