མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་སྐད་བརྙན་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཞིན་ཧྭ་གསར་ཁང་གིས་དུས་ཚོད་ ༢༤ རིང་གི་དབྱིན་སྐད་བརྙན་འཕྲིན་ལེ་ཚན་ཞིག་སྒོ་འབྱེད་བྱས་ཡོད་འདུག

དེ་རིང་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་སྔ་དྲོར་རྒྱ་ནག་གཞུང་གིས་གཙོ་གཉེར་བྱེད་བཞིན་པའི་ཞིན་ཧྭ་གསར་ཁང་གིས་དབྱིན་སྐད་བརྙན་འཕྲན་ལེ་ཚན་ཞིག་དབུ་འབྱེད་བྱས་ཡོད་ལ། བརྙན་འཕྲིན་དེའི་རྒྱང་སྲིང་དུས་ཡུན་ཆུ་ཚོད་ ༢༤ རེད། དབྱིན་སྐད་གསར་འགྱུར་ལེ་ཚན་དེ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་པའི་དེ་རིང་གི་ཉིན་མོར་སྟབས་བསྟུན་ནས་སྒོ་འབྱེད་བྱས་པ་ཞིག་རེད་ལ། འདིིའི་ཐད་ཞིན་ཧྭ་བརྙན་འཕྲིན་དྲ་རྒྱའི་སྤྱི་ཁྱབ་འགན་འཛིན་ཝུའུ་ཅིན་གྱིས་བྷི་བྷི་སི་རྒྱ་སྐད་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་སྐབས།  ང་ཚོའི་ངོས་ནས་དབྱིན་སྐད་གསར་འགྱུར་ནང་རྒྱལ་སྤྱིའི་གནས་ཚུལ་གཙོ་བོར་འགོད་རྒྱུ་ཡིན་ཞེས་བརྗོད་ཡོད། ཞིན་ཧྭ་གསར་ཁང་གིས་བརྗོད་ན། དབྱིན་སྐད་ལེ་ཚན་འདི་སྲུང་སྐར་དང་དྲ་རྒྱ་བརྒྱུད་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་།  ཡུ་རོབ། བྱང་ཨ་རི། དེ་བཞིན་ལྷོ་ཨབ་རི་ཁ་གཙོས་པའི་འཛམ་གླིང་ས་ཕྱོགས་ཚང་མར་སྟོན་ཐུབ་ཀྱི་ཡོད་ཅེས་བརྗོད་ཡོད།  ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༧ པའི་ཚེས་ ༡ ཉིན་ནས་བཟུང་དབྱིན་སྐད་ལེ་ཚན་དེའི་རྒྱང་སྲིང་དུས་ཡུན་སྐར་མ་ ༩༠ ཙམ་ཡིན་མོད། ལོ་དེའི་ལོ་མཇུག་ཏུ་དུས་ཡུན་སྐར་མ་ ༡༨༠ རུ་སྦར་བ་རེད། ད་ལྟ་རྒྱང་སྲིང་གི་དུས་ཡུན་སྐར་མ་ ༣༦༠༠ ཙམ་རེད་འདུག གསར་ཁང་དེའི་འབྲེལ་ཡོད་ལས་བྱེད་ཞིག་གིས་བཤད་ན། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༧ པའི་ཚེས་ ༧ ཉིན་ཞིན་ཧྭ་གསར་ཁང་གི་ངོས་ནས་༼ཞིན་ཧྭ་བརྙན་འཕྲིན་རྒྱང་སྲིང་སྔར་ལས་ཡར་རྒྱས་སྐོར་གྱི་བསམ་འཆར་ཡིག་ཆ༽ཞིག་བཏོན་ཡོད་ལ་དུས་ཚོད་རིམ་བརྒྱུད་ཁྲོད་ཡར་རྒྱས་འགྲོ་ཐུབ་པ་རེད་ཅེས་བརྗོད་ཡོད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

ཆུ་ཚོད་ ༦ སྔོན་ལ།
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

ཆུ་ཚོད་ ༡༢ སྔོན་ལ།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢
ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིས་བོད་ནང་གི་བྱིས་པར་སྲུང་སྐྱོབ་དགོས་པའི་བསྒྲགས་གཏམ་གཏན་འབེབ་གནང་། ༢༠༢༦།༢།༡༡ དྲ་བརྙན་གྱི་པར་བཤུས།
Mobile App

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་ཞིག་གཏན་འབེབ་གནང་།

༢༠༢༦/༠༢/༡༢

མཆན། 3

  1. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཞིན་ཧྭ་གསར་ཁང་གིས་དུས་ཚོད་ ༢༤ རིང་གི་དབྱིན་སྐད་བརྙན་འཕྲིན་ལེ་ཚན་ཞིག་སྒོ་འབྱེད་བྱས་ཡོད་ཟེར་དེ་རྒྱ་ནང་གི་རྒྱ་རིགས་མི་མང་ངམ་ཡང་ན་གྲངས་ཉུང་མི་མང་། ཕྱི་རྒྱལ་མི་རིགས་སུའི་ཆེད་དུ་རྒྱལ་སྤྱིའི་གནས་ཚུལ་སྟོན་གྱི་ཡོད་དམ། རྒྱ་ནག་ནང་དུ་དབྱིན་སྐད་ཤེས་མཁན་བརྒྱ་ཆ་བཅུ་ཡང་མེད། གྲངས་ཉུང་མི་རིགས་ནང་དུ་དབྱིན་སྐད་ཤེས་མཁན་ག་ཚོད་ཡོད་གྲངས་ཀ་ཐེབས་པ་ཞིག་ཡིན། དེ་ན་དེ་ནི་ཆུ་མེད་སར་ཟམ་པ་དང་མི་མེད་སར་དབུལ་སྐྱོབས་ཀྱི་ཡར་རྒྱས་ཞིག་ལས་ཕན་མེད་ཀྱི་ལས་ཞི་གཅིག་ཡིན། ཡར་རྒྱས་ཀྱི་གྲངས་ཀ་དང་མ་དངུལ་གྱི་འགྲོ་མགྲོན། རྒྱ་དཔོན་གྱིས་བཟའ་གོ་བསྡུ་ས་བཅས་ཡིན་ནོ།།

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    གཞི་ནས་ཐབས་ཤེས་འདི་སྤྱད་སོང། ད་བདེན་བདེན་རྫུན་གཉིས་ཀྱིས་གནམ་ས་དགང་རྒྱུ་རེད་ཡ། ཕྱི་ཕྱོགས་ནས་ཀྱང་དེ་མཚུངསཀྱི་་གདོང་ལེན་ལ་གྲ་སྒྲིག་བྱེད་རོགས། དཔེར་ན་ཆོལ་ཁ་གསུམ་གྱི་སྐད་དེ་གཅིག་བྱེད་པའམ་དེའི་དུས་ཚོད་ཕྱེད་ཀ་དབྱིན་སྐད་གསར་འགྱུར་དུ་བསྒྱུར་རྒྱུ་ལྟ་བུ།

    Reply
  3. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 16 སྔོན།

    ཡག་པོ་རེད། དེ་ཡང་ཁོང་ཚོའི་ཡར་རྒྱས་རེད།
    ཡར་རྒྱས་ནི་དགྲ་ཕྱོགས་ནས་ཀྱང་འགྲོ་ལོས་ཆོག
    བཀྲ་ཤིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese