མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མ་ཆིག་སྟོང་སི་ཁྲོན་ཏུ་བསྐྱལ་བ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་སྐྱེ་རྒུ་མདོ་མི་རིགས་སློབ་འབྲིང་གི་སློབ་མ་ཆིག་སྟོང་ལྷག་སི་ཁྲོན་ཏུའུ་ཅང་ཡན་གྲོང་ཁྱེར་དུ་སློབ་སྦྱོང་དུ་བཏང་ཡོད་འདུག

འདི་ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་རྗེས། རྒྱ་གཞུང་གིས་བྱེད་ཐབས་འདྲ་མིན་གྱི་སྒོ་ནས་བོད་མི་ཚོའི་ས་ཆ་བདག་བཟུང་བྱ་རྒྱུའི་ཧམ་སེམས་ཀྱིས། བོད་མིའི་ས་ཐོག་ཏུ་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་ཁང་དང་རྒྱ་ནག་གཞུང་གི་ལས་ཁུངས་གསར་རྒྱག་གི་དམིགས་ཡུལ་བཅངས་ཡོད་པར་མ་ཟད། ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ལ་རྐྱེན་བྱས་ཏེ། ཉེ་བའི་དུས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་གཙོས་པའི་གྲོང་ཁྱེར་ཁག་ཅིག་ཏུ་བོད་རིགས་སློབ་མ་མངགས་གཏོང་བྱས་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ཡུལ་ཤུལ་མི་རིགས་སློབ་འབྲིང་གི་གཞོན་སྐྱེས་སློབ་མ་སྐོར་ཐེངས་གསུམ་བྱས་ཏེ་བསྡོམས་སློབ་མ་ ༡༡༤༨ ལྷག་དང་དགེ་རྒན་ ༧༠ ལྷག་སི་ཁྲོན་ཞིང་ཆེན་ཏུང་ཅང་ཡན་གྲོང་ཁྱེར་གྱི་སློབ་གྲྭ་ཞིག་ཏུ་མངགས་ཡོད་འདུག  རྒྱ་ནག་གཞུང་གིས་ཐེངས་འདིའི་ལས་གཞི་འདི་མི་རིགས་སློབ་འབྲིང་གི་སློབ་མ་ཚོའི་སློབ་སྦྱོང་ལ་བར་ཆད་མི་ཡོང་ཆེད་ཡིན་ཚུལ་བརྗོད་ཡོད་པར་མ་ཟད། དེ་ནི་གོང་རིམ་འབྲེལ་ཡོད་སྡེ་ཁག་གི་གོ་སྒྲིག་ཡིན་ཚུལ་དང་།  དགེ་སློབ་ཆིག་སྟོང་ལྷག་གིས་ལོ་གཉིས་རིང་སི་ཁྲོན་གྱི་ཏུའུ་ཅང་ཡན་གྲོང་ཁྱེར་དུ་སློབ་སྦྱོང་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

འདི་ལོར་ས་ཡོམ་གྱི་གོད་ཆག་བྱུང་རྗེས་སུ་སྐྱེ་རྒུ་མདོའི་བོད་རིགས་སློབ་མ་ ༢༠༠ ལྷག་གསེར་རྟ་ནང་བསྟན་སློབ་གླིང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་བོད་ཁུལ་གྱི་ས་ཆ་ཁག་ཅིག་ཏུ་མངགས་གཏོང་བྱས་ཡོད་ཚུལ་འདུག་ལ། དེ་མིན་གྱི་སློབ་མ་མང་པོ་ཞིག་ད་ལྟའི་ཆར་ཡང་རྒྱ་ནག་ནང་ཁུལ་གྱི་གྲོང་ཁྱེར་ཁག་ཏུ་མངགས་གཏོང་བྱས་དང་བྱེད་ཀྱིན་ཡོད་འདུག

གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 5

  1. དོན་གོ says:
    ལོ་ 16 སྔོན།

    ང་རང་གི་བསམ་ན་བྱིས་པ་དེ་དག་ངེས་པར་དུ་རྒྱ་ནག་ལ་བསྐྱལ་དགོས་པ་ཞིག་མ་རེད་བསམ། བོད་ཁུལ་ཏུའང་མི་རིགས་སློབ་འབྲིང་དང་མཐོ་འབྲིང་མང་པོ་ཞིག་ཡོད་པ་རེད། དེ་དག་ནང་བཏང་ཚེ། མ་མཐར་ཡང་བོད་པ་གཙང་མ་ཞིག་ཉར་ཐུབ་ཀྱི་རེད་ལ། མ་འོངས་རྒྱ་ནག་གི་སློབ་གྲྭར་བཏང་བ་ལས་ཀྱང་སྡུག་པའི་འབྲས་བུ་ཞིག་འབྱུང་སྲིད་ཀྱི་མ་རེད་བསམ་ཀི གང་ལྟར། འདི་ཡོད་ཚད་ང་ཚོའི་མི་རིགས་འདིའི་མགོ་ཐོག་ལ་ཡོང་བཞིན་པའི་ཆག་འཇིག་ཞིག་ཏུ་ཁོ་བོས་མཐོང་འོང་གི་འདུག

    Reply
  2. དོན་གོ says:
    ལོ་ 16 སྔོན།

    དྲ་གྲོགས་ཚོས་བཤད་པའི་གནས་ལུགས་ཁག་ཅིག་ལ་བདེན་ཀ་སྟེར་དགོས་སྙམ། ཡིན་ནའང་། རྒྱ་ནག་གིས་སྔར་ནས་བཟུང་བོད་ཀྱི་བྱིས་པ་གང་མང་ཞིག་རྒྱ་ནག་རང་གི་གྲོང་ཁྱེར་གང་མང་དུ་སློབ་གྲྭར་གཏོང་གི་ཡོད་པ་དངོས་ཡོད་རེད་ལ། ད་ལྟའི་བཏང་ཡོད་པ་རེད། ཡིན་ནའང་། ང་ཚོས་དངོས་ཡོད་དང་དོགས་སློང་གི་བར་ནས་ཤེས་དགོས་པ་ཞིག་དང་མཐོང་དགོས་པ་ཞིག་ནི། བོད་ལྗོངས་ནས་རྒྱ་ནག་ལ་བཏང་བའི་སློབ་མ་དེ་དག་རེད། དེ་དག་རྒྱ་ནག་གི་སློབ་གྲྭ་ནས་ཕྱིར་ཐོན་རྗེས་མི་རིགས་ཀྱི་སྐད་ཡིག་ཕར་ཞོག ཐ་ན་མི་རིགས་རང་གི་ཡུལ་སྲོལ་དང་གོམས་གཤིས། བསམ་བློ་འཁུར་སྟངས་ལ་སོགས་པ་ཀྱང་འགྱུར་ཡོད་པའི་སྣང་ཚུལ་གང་མང་འདུག དངོས་ཡོད་ཀྱི་བྱུང་བ་དེ་དག་ཤེས་བཞིན་དུ་ད་དུང་ང་ཚོས་དོགས་པ་དང་བློ་འཚབ་མི་སྐྱེས་སམ།
    ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ལ་རྐྱེན་བྱས་ཏེ་བསྡོམས་བྱིས་པ་ ༥༠༧༤ ལྷག་རྒྱ་ནག་ནང་བཏང་ཡོད་པ་རེད། མ་འོངས་པར་བྱིས་པ་འདི་དག་གང་འདྲ་ཞིག་ཆགས་མིན་ཡང་ང་ཚོས་ད་ལྟ་ནས་དོགས་པ་སྐྱེས་དགོས་པ་ཞིག་རེད་བསམ།

    Reply
  3. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 16 སྔོན།

    མི་བུ་སུ་ཞིག་ཡིན་ཡང་རང་ཉིད་མི་འཐད་སའི་ཕ་རོལ་པོས། བྱ་བ་ཅི་ཞིག་སྒྲུབ་ཀྱང་ངན་པར་མཐོང་བ་ནི་ཆོས་ཉིད་རེད། བོད་པ་ཚང་ལ་མཚོན་ན་དགྲ་དམར་སྲིད་གཞུང་ལས་ལྷག་པའི་དགྲ་བོ་ཞིག་འཇིག་རྟེན་གྱི་ཆ་ཡོངས་སུ་རྫོགས་པར་བཙལ་ཀྱང་རྙེད་དུ་མེད་ཅེས་བཤད་པར་ཆོག དེའི་སྟབས་ཀྱིས་ཁོང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་མ་ཡུལ་གངས་ལྗོངས་ཀྱི་པང་དུ་ལས་དོན་ཅི་ཞིག་གཉེར་ཡང་། དེ་ལ་གདོང་དམར་བ་དག་གི་སེམས་པར་དོགས་འཆར་མང་དུ་སྐྱེ་བ་ནི་ལོ་རྒྱུས་ཀྱི་ཕམ་ཁས་སྤྲད་པའི་ཚོར་བ་གསོན་པོ་ཞིག་རེད། དོན་དངོས་སུ་ཡང་མདོ་དབུས་ཁམས་གསུམ་ནི་ཁོང་ཚོའི་མི་སེར་སྤེལ་བར་དཀོན་མཆོག་གིས་བསྩལ་བའི་ཞིང་ས་ཞིག་དང་འདྲ་བར་འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་ཅི་འདྲ་བྱས་དང་བྱེད་ཀྱིན་ཡོད་པ་ནི་ན་ཕྲ་བའི་བོད་པ་ཚང་གི་བྱིས་པ་ཡན་ཆད་ཀྱི་སེམས་སུ་ཁྲ་ལམ་མེར་ཡོད། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་བ་ཡིན་ན། ཁ་སང་ལྟ་བུ་གློ་བུར་བའི་དོན་རྐྱེན་ངན་པས་བསམ་ཡུལ་ལས་འདས་པའི་འཇིགས་སྣང་དང་། གྱོང་གུད་ཕོགས་པའི་ཡུལ་ཤུལ་གྲོང་ཁྱེར་ལ་ཆ་མཚོན་ན། དོན་རྐྱེན་མཇུག་གི་ཉིན་ཤས་རྗེས་ནས་རྒྱ་ནག་གི་སྲིད་འཛིན་དང་། སྲིད་བློན་གཙོ་བའི་མི་སྣ་ཆེ་ཁག་ཆེད་བཅར་གྱིས་སྐྱོ་སྣང་གི་མེ་འུབ་ཏུ་ཚུད་མི་སེར་ཚོར་སེམས་གསོ་དང་། ལྟ་བསྐོར་གང་འཚམས་བྱས་ཡོད་ལ། འཐོར་ཞིག་ཏུ་སོང་བའི་སློབ་གྲྭ་ཁག་གི་སློབ་མ་ཚོའི་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བའི་ཐབས་ལམ་ཡང་བྱས་ཡོད། དེ་མ་ཚད་ད་རེས་ས་གནས་བོད་རིགས་ཀྱི་དགེ་སློབ་དུ་མ་ཞིག་སི་ཁྲོན་ཏུའུ་ཅང་ཡན་གྲོང་ཁྱེར་དུ་སློབ་སྦྱོང་དུ་བཏང་བ་དེ་ཡང་བྱ་བ་ངན་པ་ཞིག་གས་མ་རེད་སྙམ། རྒྱ་ནག་སྲིད་གཞུང་གིས་ང་ཚོར་སྤྲད་པའི་ཕམ་ཁ་དེ་ང་ཚོའི་སེམས་ནས་ནམ་ཡང་བརྗེད་ཐབས་མེད་ཀྱང་། མཚམས་རེར་ང་ཚོའི་ངོས་ནས་ཀྱང་དོགས་པ་ཏོག་ཙམ་ཚ་དྲག་པའི་ཚོར་སྣང་ཞིག་ཡོང་གི་འདུག འོན་ཀྱང་དེ་ནི་ང་ཚོར་མཚོན་ན་ཕམ་ཁ་རབས་དང་རིམ་པར་རག་པའི་མཐའ་མཇུག་གི་འཇིགས་སྣང་ཞིག་ཡིན་སྟབས་ཁག་ཅི་ཡང་མེད། ཕ་གཞིས་ཁྲག་ལ་སྦྱར་མཁན་གྱི་དགྲ་བོ་དེས་ཉིན་ཞིག་ལྷག་བསམ་གྱི་སྒོ་ནས་རང་ལ་རོགས་རམ་ཅི་ཞིག་བྱས་ཀྱང་། རང་གི་སེམས་ནང་གི་དོགས་འཆར་མང་དུ་འགྲོ་བ་ནི་སྨོས་མེད་ཅིག་རེད། སྐབས་རེར་ང་ཚོ་ཡང་དེ་དང་འདྲ་བར་ཆགས་ཀྱིན་མེད་དམ་སྙམ། མདོ་དོན་བདག་གི་བསམ་ཚུལ་ནི་རྒྱ་ནག་གི་ས་ཁུལ་དུ་བཏང་བའི་སློབ་མ་དེ་ཚོའི་རྒྱུད་ལ་ཚད་ལོངས་བའི་སློབ་སྦྱོང་ཞིག་འཇགས་ཡོང་རོགས་བྱས་ན། ད་རེས་ཁོང་ཚོས་བྱེད་སྟངས་དེར་མི་ཆོག་རྒྱུ་ཅི་མི་འདུག་སྙམ་མོ། །

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    སྐྱེ་རྒུ་མདོར་མྱུར་སྐྱོབ་ལས་འགུལ་པས་སློབ་མ་ ༡༡༤༨ ལྷག་དང་དགེ་རྒན་ ༧༠ ལྷག་ཅིག་གི་ཕྲལ་སེལ་སློབ་གྲྭ་ཞིག་བཙུགས་མ་ཐུབ་པ་ནི། འབྲེལ་ཡོད་རྒྱ་བོད་ལས་བྱེད་གཉིས་ཀའི་་ཞབས་འདྲེན་མ་རེད་པེ།

    Reply
  5. གནམ་ལྕགས། says:
    ལོ་ 16 སྔོན།

    བོད་ཡུལ་དགྱ་ཡུལ་དུ་བསྒྱུར། བོད་མི་དགྱ་ནག་ཏུ་བསྒྱུར། ད་ཚར་ཐལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese