རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཚེས་ ༡༩ གྱི་སྔ་དྲོར་རྒྱ་གར་གྱི་ནུབ་བྷང་གྷིལ་མངའ་སྡེར་མེ་འཁོར་གཉིས་གདོང་ཐུག་བརྒྱབ་སྟེ། ཁྱོན་འགྲུལ་བ་ ༦༣ བསད་ཡོད་པ་དང་གཞན་མི་ ༡༠༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག ས་གནས་ཉེན་རྟོག་པས་བཤད་ན་དོན་རྐྱེན་དེའི་ཁྲོད་བུད་མེད་ ༨ དང་བྱིས་པ་ ༢ བཅས་རྐྱེན་ལམ་དུ་ཕྱིན་ཡོད་འདུག་ལ། དེ་ནི་མེ་འཁོར་གཏོང་ཤུགས་ཆེ་བའི་རྐྱེན་གྱིས་གདོང་ཐུག་བརྒྱབ་པ་ཡིན་ཚུལ་བརྗོད་ཡོད། ནུབ་བྷང་གྷིལ་ནི་མའོ་ཤོག་ཁག་གི་ཚོགས་མི་རྣམས་སྦས་སྐོང་བྱེད་སའི་མངའ་སྡེ་ཞིག་ཆགས་ཡོད་སྟབས། ད་ལྟ་ཉེན་རྟོག་པས་དོན་རྐྱེན་དེར་དམིགས་ཡུལ་གཞན་ཡོད་མེད་སྐོར་ལ་རྒྱུས་ལོན་བྱེད་ཀྱིན་ཡོད་འདུག ཕྱི་ཟླ་ ༥ པའི་ཚེས་ ༢༨ ཉིན་ཡང་ནུབ་བྷང་གྷིལ་དུ་མེ་འཁོར་གདོང་ཐུག་གི་དོན་རྐྱེན་བྱུང་སྟེ། ཁྱོན་མི་ ༡༤༥ ཙམ་བསད་ཡོད་པ་དང་། ༢༠༡༠ ལོའི་ཕྱི་ཟླ་ ༤ པར་མངའ་སྡེ་དེའི་ནང་དབུས་གཞུང་གི་ཉེན་རྟོག་པར་མའོ་ཤོག་ཁག་གིས་ཚུར་རྒོལ་བྱས་ཏེ་ཉེན་རྟོག་པ་ ༧༥ ཙམ་བསད་ཡོད། དེ་བཞིན་ ༢༠༠༥ ལོར་ཡང་མའོ་ཤོག་ཁག་གིས་མངའ་སྡེ་དེའི་ནང་ཁྱོན་ཉེན་རྟོག་པ་དང་མི་སེར་གྲངས་ ༡༠༠༠ ཙམ་བསད་ཡོད་པ་རེད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
གསར་འགོད་པ་དཔལ་ལྡན་ལགས་ཀྱི་གསར་འགྱུར་ནང་ཅིག་བསད་དང་གཟིག
གཞན་རྨས་དང་གཟིག་ཟེར་བ་ཏག་ཏག་མ་གཏོགས་མེད་ནོ་འདི་ག་རེ་ཡིན་ན།
ཨ་ལ་རྩེ་མོ་ཡིན་ད།