མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་ནང་ཁུལ་གྱི་ན་ཚ་རྙིང་བ་མེད་པར་བཟོ་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་ནས་འཚོགས་འཆར་གྱི་གཞོན་ནུའི་ཚོགས་ཆེན་ཐེངས་ ༡༤ པའི་སྟེང་། གཞོན་ནུའི་ཚོགས་གཙོ་ཟུར་བ་སྒོ་དྲུག་སྐལ་བཟང་སོགས་ཀྱིས་ཉེ་ཆར་གཞོན་ནུའི་ཚོགས་གཞོན་ཕྱིར་འཕུད་བྱས་པའི་སྐོར་ལ་གླེང་སློང་ཤུགས་ཆེར་བྱ་རྒྱུ་ཡིན་པ་དང་། སྐབས་དེར་གཞོན་ནུའི་ནང་རྙོག་དེ་གཙང་བཟོ་ཐུབ་པ་བྱ་དགོས་ཟེར།

འདི་གའི་གསར་འགོད་པས་ངྷ་ས་དབུས་གཞོན་ནུ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བཞི་པ་དེ་ཟླ་ ༨ ཚེས་ ༢  ནས་ ༨ ཉིན་བར་བདུན་ཕྲག་གཅིག་རིང་ངྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་འཚོགས་འཆར་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་གར་ནང་ཁུལ་གྱི་ས་གནས་ཁག་དང་ཨ་རི། ཁེ་ན་ཌ། ཐེ་ཝན་བཅས་ས་གནས་ ༤༡ ལྷག་གི་ཚོགས་བཅར་བ་ ༡༥༠ ནས་ ༢༠༠ བར་ཕེབས་རྒྱུའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག 

གསར་འགོད་པས་དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ། ཐེངས་འདིའི་ཚོགས་ཆེན་ཐེངས་ ༡༤ སྟེང་གནད་དོན་གཙོ་བོ་གང་དག་སྐོར་ལ་བགྲོ་གླེང་གནང་མིན་ཐད་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ཐེངས་འདིའི་ཚོགས་ཐོག་ཏུ་གཞོན་ནུའི་ལངས་ཕྱོགས་བཞིན་བོད་རང་བཙན་སླར་གསོའི་ཆེད་དུ་ལས་འགུལ་སྤེལ་རྒྱུ་གཙོས། བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཇི་ལྟར་བྱ་མིན་དང་༸གོང་ས་མཆོག་གི་སྐུ་ཕྱཱའི་སྐོར། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལས་དོན་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་གསུངས།

    གསར་འགོད་པས་ཁོང་ལ། ཉེ་ཆར་གཞོན་ནུའི་ནང་ཁུལ་དུ་རྩོད་རྙོག་བྱུང་བ་དང་གཞོན་ནུའི་ཚོགས་གཞོན་ཕྱིར་འཕུད་བྱས་པའི་གནད་དོན་དེའི་ཐད། ཚོགས་ཆེན་གྱི་སྐབས་སུ་གླེང་སློང་བྱ་མིན་དང་དམིགས་བསལ་གྱི་དུས་ཚོད་གོ་སྒྲིག་ཡོད་མེད་དྲིས་པར། ཁོང་གིས་དེའི་ཐད་ད་ལྟ་གང་ཡང་བཤད་རྒྱུ་མིན། ཚོགས་ཆེན་གྱི་སྐབས་དང་ཡང་ན་ཚོགས་ཆེན་རྗེས་གང་རུང་དུ་གསལ་བཤད་བྱ་རྒྱུ་ཡིན་ཞེས་དང་། ནང་ཁུལ་གྱི་རྙོག་དྲ་གསལ་བོར་ཆགས་མིན་དེ་ཚོགས་ཆེན་གྱི་རྗེས་སུ་གསལ་བོར་རྟོགས་འོང་གི་རེད་ཅེས་འགྲེལ་བརྗོད་གནང་།

    དེ་ལྟར་གཞོན་ནུའི་ཚོགས་གཙོ་མཆོག་གིས་གཞོན་ནུའི་ནང་རྙོག་ཐད་དུ་གང་ཡང་གསུངས་མེད་ནའང་། གཞོན་ནུའི་ཚོགས་མི་དང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་དང་གཞོན་ནུའི་ཚོགས་གཙོ་ཟུར་བ་ལྷ་བཟང་ཚེ་རིང་རྣམ་གཉིས་ཀྱིས། ཐེངས་འདིའི་ཚོགས་ཆེན་སྟེང་གཞོན་ནུའི་ཚོགས་གཞོན་ཟུར་བ་དོན་གྲུབ་རྡོ་རྗེའི་རྒྱབ་སྐྱོར་བ་སྐབས་སྔོན་མའི་ཚོགས་གཙོ་ཟུར་བ་སྒོ་དྲུག་སྐལ་བཟང་སོགས་ཀྱིས། ཐེངས་འདིར་གཞོན་ནུའི་ཚོགས་གཞོན་ཕྱིར་འཕུད་བྱས་པའི་སྐོར་གླེང་སློང་བྱ་རྒྱུ་ཡིན་པར་ཚོད་དཔག་གནང་གི་འདུག

    བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་དེའི་སྐོར་ནས་གསུངས་དོན། ད་ལྟའི་ཆར་གཞོན་ནུའི་ཚོགས་ཆེན་ཐེངས་ ༡༤ ལ་འཚོགས་ལ་ཉེ་བ་དང་། ཉེ་ཆར་ངྷ་ས་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱིར་འཕུད་བྱས་པའི་གཞོན་ནུའི་ཚོགས་གཞོན་ཟུར་བ་དོན་གྲུབ་རྡོ་རྗེ་ལ་རྒྱབ་སྐྱོར་ཞུ་མཁན་སྒོ་དྲུག་སྐལ་བཟང་སོགས་ཀྱིས། ཐེངས་འདིའི་ཚོགས་ཆེན་སྟེང་ཚོགས་གཞོན་ཕྱིར་འཕུད་བྱེད་སྟངས་འགྲིག་མི་འདུག་ཅེས་སྐྱོན་འཛུགས་བྱ་རྩིས་འདུག་ལ། ཚོགས་ཆེན་སྟེང་ནང་རྙོག་འབྱུང་རྒྱུ་ཡིན་པ་ཏན་ཏན་རེད། དེ་ལྟར་བྱུང་ཚེ་རྒྱ་ནག་ལ་དགོས་པ་དེ་རེད། འདི་ནི་ངའི་སེམས་ཁྲལ་ཆེ་ཤོས་དེ་ཡིན་ཞེས་གསུངས།

    ཁོང་གིས་ད་དུང་གཞོན་ནུའི་ནང་རྙོག་འདི་ནི་ད་ལྟའི་ཚོགས་གཞོན་ཕྱིར་འཕུད་བྱས་མིན་ཙམ་ལ་ཐུག་མེད་པར། ཕྱི་ལོ་ ༢༠༠༡ ནས་ ༢༠༠༤ བར་དང་ ༢༠༠༧ ནས་ ༢༠༡༠ བར་དུ་བྱུང་བསྡད་པ་རེད། མི་མང་ནང་རྙོག་དྲ་དེ་གཞོན་ནུ་ནང་ཁུལ་ནས་སེལ་ཐུབ་གི་རེད་ཟེར་གྱི་ཡོད་ལ། གཞོན་ནུ་རང་གིས་ཀྱང་དེ་ལྟར་བཤད་ཀྱིན་ཡོད། གང་ལྟར་ཕར་བཤད་ཚུར་བཤད་བྱས་ཏེ་མཇུག་མཐར་ན་ཚ་རྙིང་བ་རྩ་གཏོར་དང་། སྒོ་དྲུག་སྐལ་བཟང་གི་བྱེད་ཕྱོགས་གཙང་བཟོ་བྱ་ཐུབ་པ་དགོས། གལ་སྲིད་དེ་ལྟར་མ་བྱུང་ན། མ་འོངས་པར་གཞོན་ནུས་མུ་མཐུད་བོད་དོན་ཆེད་ལས་འགུལ་སྤེལ་རྒྱུར་འགོག་རྐྱེན་ཆེན་པོ་འཕྲད་གི་རེད་ཟེར། 

    ཡང་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། དོན་གྲུབ་རྡོ་རྗེ་ཡིི་ལས་ཀ་བྱེད་ཕྱོགས་དེས་༧གོང་ས་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་གཞུང་གི་མཚན་གནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་མ་འོངས་པའི་ལས་དོན་བྱེད་ཕྱོགས་བཅས་ལ་གནོད་སྐྱོན་བཟོས་ཡོད། ཚོགས་གཞོན་ཁོང་ལའང་དེ་ལྟར་ཞུས་ཡོད་ཟེར།

    གཞོན་ནུའི་ཚོགས་གཙོ་ཟུར་བ་ལྷ་བཟང་ཚེ་རིང་ལགས་ཀྱིས། ང་ལ་ནམ་རྒྱུན་ནས་མི་དང་འབྲེལ་འདྲིས་ཤུགས་ཆེར་བྱེད་པའི་གོམས་གཤིས་དེ་ཙམ་མེད་སྟབས། གཞོན་ནུའི་ད་ལྟའི་སྒྲིག་འཛུགས་སྐོར་ལ་གང་ཡང་བཤད་ཐུབ་ཀྱི་མི་འདུག ཡིན་ནའང་། སྐབས་སྔོན་མའི་ཚོགས་གཙོས་གནང་ཕྱོགས་ཐད་ལ་ངས་སྐད་ཆ་མང་བོ་གོ་ཐོས་བྱུང་། དེའི་སྐོར་ནས་ང་ལ་ཏན་ཏན་བསམ་ཚུལ་ཡོད་ལ། གལ་སྲིད་མི་འདི་ཡང་བསྐྱར་གཞོན་ནུའི་ནང་དུ་སླེབས་ཚེ། ང་རང་ཉིད་གཞོན་ནུའི་ནང་དུ་དཀའ་ལས་རྒྱག་མཁན་ཞིག་ཡིན་ནའང་། གཞོན་ནུའི་ཚོགས་མི་ནས་དགོངས་པ་ཞུ་གི་ཡིན་ཞེས་དང་། 

    ཁོང་གིས་ད་དུང་། སྔོན་མ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ཀྱིས་ལས་ཀ་བྱེད་སྟངས་དེར་ང་བློ་ཕམ་བྱུང་། དགའ་བོ་མེད། ད་ལྟའི་ཆར་ཟུར་ཙམ་གོ་ཐོས་བྱུང་བ་ལྟར་ན། ཁོང་ཚོ་ཁག་ཅིག་ཡང་བསྐྱར་སྐད་ཆ་བཤད་སར་ཡོང་བའི་ཐབས་ཤེས་བྱེད་ཀྱིན་ཡོད་པ་འདྲ། དེ་འདྲ་བྱུང་ཚེ་ཚོགས་ཆེན་ཐོག་སྔོན་མར་ཁོས་ལས་ཀ་བྱེད་སྟངས་མ་མཐུན་པ་དེ་ཚོ་གསལ་བོ་བཟོ་དགོས་ཀྱི་རེད། གཞོན་ནུའི་སྒྲིག་འཛུགས་ནང་དུ་དཀའ་ངལ་བྱུང་བ་རེད། དེ་ལ་སྐྱོན་ཞིག་ཡོད་རྟགས་རེད། སྐྱོན་དེ་ན་ཚ་རྙིང་བ་ལྟར་སྦས་ནས་བཞག་ཚེ་དྲག་སྐྱེད་ཡོང་གི་མ་རེད། དེ་ལས་སྐྱོན་དེ་ངོས་ལེན་བྱས། བརྡར་ཤ་བཅད་དེ་མཐར་གཙང་བཟོ་བྱ་ཐུབ་པ་བྱུང་ཚེ་ཡག་པོ་ཡོང་གི་རེད་ཅེས་གསུངས།

    གཞོན་ནུའི་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་འདི་ལོའི་ཟླ་ ༢ ཚེས་ ༨ ཉིན་གཞོན་ནུའི་དབུས་རྒྱུན་ལས་ངོ་ཡོད་གསུམ་ཆ་གཉིས་མང་མོས་ཐོག གཞོན་ནུའི་ཚོགས་ཁོངས་ནས་ཕྱིར་འཕུད་བྱས་ཡོད་ལ། དེ་ནི་ཚོགས་གཞོན་གྱིས་འདི་ལོའི་ཟླ་ ༢ ཚེས་ ༢༥ ཉིན་ནས་མགོ་འཛུགས་ཀྱིས་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཐག་གཅོད་ཐད། ཨ་རིའི་གཞུང་ཚབ་ཁང་ལ་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་ཞུས་ཏེ། གཞོན་ནུའི་ལས་དོན་དང་འབྲེལ་བའི་ཕྱི་སྐྱོད་ལག་འཁྱེར་ཞུ་རྒྱུ་དེ་ནི། ངན་ཇུས་མགོ་སྐོར་ཡིན་ཚུལ་བཤད་དེ་གཞོན་ནུའི་གལ་ཆེའི་ལས་དོན་ལ་འགལ་རྐྱེན་བཟོས་སྟབས། གཞོན་ནུའི་སྒྲིག་གཞི་དོན་ཚན་བརྒྱད་པའི་ནང་གསེས་ ༡༢ དང་། ལེ་ཚན་དགུ་བའི་ནང་གསེས་ ༧ པའི་འབྲུ་དོན་ལྟར་ཐག་གཅོད་བྱས་སྐོར། སྐབས་དེར་དབུས་རྒྱུན་ལས་ཁང་གིས་ས་གནས་གཞོན་ནུ་ཁག་ལ་གསལ་བཤད་གནང་ཡོད།

    གཞོན་ནུའི་ཚོགས་གཞོན་ཁོང་གིས་ཀྱང་སྐབས་དེར་ནང་གསེས་དོན་ཚན་དྲུག་ཅན་གྱི་ཞུ་གཏུགས་ཡི་གེ་ཞིག་དབུས་རྒྱུན་ལས་ཁང་ལ་ཕུལ་ཏེ། ཁོང་གཞོན་ནུའི་ཚོགས་གཞོན་ནས་ཕྱིར་འབུད་བྱས་པར་སྐྱོན་བརྗོད་དང་རང་ཉིད་སྒྲིག་འགལ་བྱུང་མེད་ལུགས་ཀྱི་གསལ་བཤད་དང་སྐྱོན་བརྗོད་གནང་ཡོད།

    གང་ལྟར་གནད་དོན་འདིའི་ཐད་དུ་ཉེ་ཆར་ས་གནས་ཁག་ཅིག་གིས་གཞོན་ནུའི་ཚོགས་མི་རྣམས་ཀྱིས་ཛ་དྲག་གི་ཚོགས་འདུ་འཚོགས་དགོས་པའི་འབོད་སྐུལ་ཞུས་ཡོད་ནའང་། ཚོགས་ཆེན་ཐོག་ཕན་ཚུན་གསེད་བཀྲོལ་བྱ་རྒྱུ་བྱས་ཏེ། ཛ་དྲག་ཚོགས་འདུ་ཚོགས་ཐུབ་པ་བྱུང་མི་འདུག

གསར་འགོད་པ། ཨ་རིག་འགྱུར་མེད་དང་དོན་གོ

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༢ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 13

  1. Lhamon says:
    ལོ་ 16 སྔོན།

    སུ་རྒྱལ་སུ་ཕམ་གྱི་སྐད་ཆ་མ་རེད། དངོས་གནས་བྱས་ན་ནང་འགྲིག་བྱེད་དགོས་པ་རེད། ནང་འགྲིག་མ་བྱས་ན་དཀའ་ངལ་ངེས་འཕྲད་སྲིད་པ་རེད། སྒོ་དྲུག་སྐལ་བཟང་ལྟ་བུ་གཞོན་ནུའི་ཚོགས་འདུ་ལ་ཡོང་རྒྱུའི་སྤོབས་པ་གང་ནས་བྱུང་བ་རེད། ཉེ་བའི་ཆར་དབུས་གཙང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་སྐབས་བོད་རང་བཙན་སྤང་རྒྱུའི་ཁས་ལེན་དང་ས་ཡིག་བརྒྱབ་པ་མ་རེད་དམ། དངོས་གནས་ཁྱད་མཚར་རེད། ད་དུང་བོད་རང་བཙན་གྱི་ལྟ་ཚུལ་འཛིན་པའི་ཚོགས་པའི་ནང་འཛུལ་ཞུགས་བྱེད་ཕོད་པ་འདི་ངོ་ཚ་ཞེ་ཁྲེལ་མེད་པའི་རྟགས་མ་རེད་དམ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ནང་བཀྲ་མི་ཤིས་ན། ཕྱི་དོན་ག་ལ་གྲུབ། ཅེས་པའི་གཏམ་དཔེ་ལ་ཡང་ཡང་སོམས་དགོས།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    སྒང་དྲུག་སྐལ་བཟང་ལ་ཡང་རྒྱ་ནག་པོ་ཚང་གིས་གཞོན་ནུའི་ཚོགས་ཆེན་དེ་ཡག་པོ་ཞིག་མི་ཡོང་བའི་ལས་ཀ་ཞིག་བསྐུལ་ཡོད་རྒྱུ་རེད་ཡ།དེ་མིན་ན་རྙོག་དྲ་བཤད་དགོས་དོན་ཡོད་ལེ་མ་རེད།
    ཚོགས་མི་རྣམས་ཀྱིས་ཁོང་གཉིས་ཀྱི་གནས་ཚུལ་གསལ་པོ་བཟོ་ནས་ཉེ་བ་སུ་ལ་ཡོད་ན་རྐང་ལག་ཕན་མ་ཐོགས་པ་བཟོ་དགོས་ཀྱང་བོད་ཀྱི་དོན་དུ་ཡིན་པའི་ལག་ལེན་སྟར་དགོས་པ་རེད།

    Reply
  4. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    བོད་ཀྱི་གཞོན་ནུ་ཚོགས་པ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཚོགས་པ་ཞིག་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཚོགས་སྡེ་ཆེ་ཤོས་དེ་རེད། བོད་མི་ས་ཡ་དྲུག་གི་དགོས་འདུན་ལ་སྨན་པའི་ཚོགས་པ་དེ་རེད།

    སྒོ་དྲུག་སྐལ་བཟང་ཕུན་ཚོགས་གཙོ་བྱས་པའི་ཚོགས་མི་དང་ཚོགས་ཟུར་ཡོངས་ལགས།
    དགོངས་པ་རྒྱ་ཆེ་ཙམ་བཞེས་རོགས་གནང་། ཚོགས་པ་ནང་ཁུལ་དང་སྤྱི་ཚོགས་ནང་ཁུལ་དུ་བསམ་ཚུལ་མཐུན་མིན་གྱི་གནས་ཚུལ་ཡོང་གི་རེད།
    འོན་ཀྱང་འགག་ལ་ཐུག་ན་ཆུང་བ་དོར་ནས་ཆེ་བ་ལེན་ཤེས་དགོས་པ་རེད། ང་ཚོ་བཙན་བྱོལ་ནས་འཚོ་བ་དེ་རང་གི་ཁ་རྒྱབ་དང་། བདེ་དོན་ཁོ་ན་ཞིག་གི་ཆེ་ད་དུ་མ་རེད། རྒྱལ་ཁབ་དང་མི་རིགས་ཤིག་གི་ཆེད་དུ་རེད།

    བོད་ཀྱི་གཞོན་ནུའི་ཚོགས་མི་ཞིག་ཡིན་པས་ཆ་ནས། བོད་ཀྱི་གཞོན་ནུའི་ཚོགས་ཟུར་ཞིག་ཡིན་པས་ཆ་ནས། ངའི་སེམས་གཏིང་ན་ཁྱེད་ཚོར་གདེང་འཇོག་ཡོད།
    ངའི་སེམས་གཏིང་ན་ཁྱེད་ཚོར་རེ་བ་ཡོད།

    དགོངས་པ་ཆེ་ཙམ་གཞེས་རོགས། སྐུ་མཁྱེན། དགྲ་དགའ་གཉེན་སྡུག་གི་གནས་ཚུལ་བྱུང་ན་རང་མགོ་བརྡུང་བའི་ཐོ་བ་མ་རེད་དམ།
    ཁྱོད་ལ་མི་ངན་ན་ང་ལ་མི་ངན་བསམ་བློ་བཏང་ན་ཅོལ་ཆུང་མ་རེད་དམ།

    ད་རེས་ཀྱི་ཚོགས་ཆེན་དེའང་། བོད་མི་རིགས་དང་རྩ་དོན་གྱི་ཆེད་དུ་ངར་ངར་བརྫིག་བརྫིག་གིས་འཚོགས་ཐུབ་པའི་རེ་བ་ཡོད། སྨོན་ལམ་ཡོད།
    སེམས་གཏིང་གི་རེ་འདུན་ཡིན།

    ང་ཚོས་རྩ་དོན་གྱི་ལྟ་བ་ཐ་དད་ཡིན་ཀྱང་། ང་ཚོ་བོད་པ་གཅིག་གི་འདུ་ཤེས་དེ་སུ་ལ་མེད། སྐུ་མཁྱེན། ཚང་མས་སྤྱི་དོན་དགོངས་པར་ཞོག བདེན་དོན་ཡིད་ལ་བཟུང་།
    ལས་འབྲས་སྤྱི་བོར་བསྒོམ།
    ཚིག་དོན་ལ་ཐལ་སྐྱོན་ཤོར་ན་དགོངས་དག་ཞུ།
    བོད་མི་རིགས་ལ་དགའ་མཁན་ཞིག་གི་སེམས་གཏིང་གི་རེ་སྐུལ་ཡིན།

    Reply
  5. བློ་བཟང་ཐུབ་བསྟན་ says:
    ལོ་ 16 སྔོན།

    ད་རྣམས་རྟོག་རེད་བོད་ཀྱི་ཚོགས་པ་ག་འདྲ་ཞིག་ཡིན་ཡང་ནང་རྙོག་མེད་མཁན་གཅིག་ཀྱང་མི་འདུག
    བོད་ཀྱི་གནས་བབ་ལ་གཟིགས་ནས་ལྷག་བསམ་རྣམ་དག་བྱེད་མཁན་གཅིག་མི་འདུག།
    རང་གི་མིང་མཐོ་པོ་སླེབས་ཆེད་དང་གཞན་ལ་ཕྲ་དོགས་བྱེད་མཁན་ཤ་སྟག་རེད་འདུག་
    སྤུ་མོ་ས་ལ་གཙུག་ལག་པ་སྤྱི་བོར་ལེན་ནས་འོ་དོད་ཆེན་པོའི་རེ་སྐུལ་ཞུ་རྒྱུ་ལ།
    བོད་ལ་ཡོད་པའི་བོད་མི་དང་གོང་ས་མཆོག་གི་ཐུགས་འཕམ་བྱེད་མི་དགོས་པ་ཞིག་གནང་རོགས་
    རྒྱ་གཞུང་གི་འདི་ལྟར་བརྗོད དགའ་བ་ལ་དང་སྐྱིད་པ་ལ་གཞོན་ནུ་ཚོགས་རྩ་གཏོར་འགྲོ་རན་འདུག་
    དགའ་བ་ལ་དང་སྐྱིད་པ་ལ་བཙན་བྱོལ་ནང་འཆམ་མཐུན་མི་འདུག

    Reply
  6. སྟག་སྨྱོན། says:
    ལོ་ 16 སྔོན།

    སྒོ་དྲུག་སྐལ་ངན་སོགས་ལ་ཏན་ཏན་དམིསག་ཡུལ་དང་ལས་འགན་གཞན་པ་ཞིག་ཡོད་ངེས་རེད། ༡༩༥༩ ཡར་མར་ལ་ཆུ་བཞི་སྒང་དྲུག་གིས་འཆར་གཞི་ལྡན་པའིསྒོ་ནས་རྒྱ་དམར་རྒོལ་འཛིང་བྱེད་སྐབས་ཀྱང་། མི་ངན་དེ་རིགས་ཀྱིས་རྒྱ་དམག་གི་ལམ་ཁྲིད་དང་སྐད་བསྒྱུར་དང་། གསང་བ་མཁོ་སྤྲོད་སོགས་ཁ་ནང་ལ་འཁོར་ནས་ལག་པ་བརྒྱབ་གཟེད་མཁན་ཚོས་ཆུ་བཞི་སྒང་དྲུག་ལ་དཀའ་སྡུག་ཚད་མེད་བཟོས་པ་རེད། དེ་ནས་ཆུ་བཞི་སྒང་དྲུག་གི་དམག་ཁྲིམས་ནང་དུ་རྒྱ་མིར་ལག་འབྲེལ་གྱིས་ཆུ་སྒང་སྒྲིག་འཛུགས་ལ་གྱོང་སྤྲོད་མཁན་ཚོར་སྲོག་གཅོད་ཀྱི་ཁྲིམས་བཟོ་དགོས་བྱུང་བ་རེད། སྒོ་དྲུག་སྐལ་ངན་ད་ནས་དོན་འགྲུབ་རྡོ་རྗེ་ཟེར་བའི་མི་ངན་འདི་ཚོས་བོད་དོན་ཕྱི་མི་སུ་ལའང་བཙོང་སྲིད་པ་གསལ་བོ་ཆགས་པ་རེད། ཁོས་ཨ་རིའི་དོན་གཅོད་ལ་གསང་བའི་འབྲེལ་བ་བྱས་ནས་བོད་མའི་ཚོགས་སྡེ་ཆེན་པོ་འདིའི་ཆ་མཐོང་མེད་པ་བཟོས་པ་ལྟ་བུ་རེད། ཚོགས་པ་འདི་གང་བྱེད་མི་སྒོ་དྲུག་སྐལ་ངན་སོགས་མི་ངན་ལག་མ་ཡིན་པར། ཚོགས་མི་ཚང་མ་འཛོམས་ནས་ནག་ཅན་པ་གསལ་འདོན་ཚར་གཅོད་བྱེད་དགོས་པ་རེད། མི་རེ་གཉིས་ཀྱི་ཆེད་དུ་བོད་མི་རིགས་ཀྱི་སྒྲིག་འཛུགས་ཞིག་འདི་ལྟར་རྩེད་སྤྱད་བྱེད་དུ་འཇུག་མི་རུང་།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གཞོན་ནུ་ལོས་འཁྲིག གཞོན་ནུ་ཚོ་རྒྱལ་དབང་མཆོག་གི་སྐུ་ཚབ་རེད། གཞོན་ནུ་ཚོ་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་རེད། ཁྲི་པ་མ་ཡིན་པ་ཡང་རེད། ཁྲི་ཟུར་ཡང་རེད། བཀའ་ཟུར་རེད། དྲུང་ཆེ་ཕལ་ཆེ་བ་རེད།

    གཞོན་ནུ་ག་ས་གང་དུ་ཡོད་པ་རེད། གཞོན་ནུ་འདི་ཚོ་རྒྱ་ནག་གི་མིག་ལ་འཐོག རྒྱལ་སྤྱིའི་ཁ་ལ་འཐོག རྒྱ་གར་གྱི་མཆན་ལ་འཐོག

    གཞོན་ནུ་འདི་བོད་མིའི་སེམས་ལ་འཐོག

    གཞོན་ནུ་ཡ་གཞོན་ནུ། ཁྱོད་རྒས་འདུག གཉེར་མ་གོན་འདུག ཁྱོད་དངོས་གནས་རྒས་འདུག ཚད་ངེས་ཅན་ལ་བསླེབས་འདུག ང་ཚོར་གཞོན་ནུ་ངོ་མ་ཞིག་དགོས་ཀྱི་འདུག དང་ཐོག་གི་གཞོན་ནུ་དེ་དགོས་ཀྱི་འདུག དེ་ཁྱོད་མ་རེད། ཁྱོད་མ་རེད། ཁྱོད་དངོས་གནས་མ་རེད། ངས་མནའ་སྐྱེལ་ཆོག

    Reply
  8. སྟོང་བསྐོར་ ཐུབ་བསྟན says:
    ལོ་ 16 སྔོན།

    ན་ཚ་རྙིང་པ་དེ་ལ་སྨན་ཡོད་པ་མ་རེད། དེ་ལས་བཤའ་སྐྱོབ་དང་ན་ཡགས་ཤོག་རེད།

    Reply
  9. ་འབྲི་མཚོ says:
    ལོ་ 16 སྔོན།

    གཞོན་ནུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱི་བརྩོད་གླིང་དེ་ཡུན་རིང་པོ་བྱུང་སོང་སྔལ་དགོ་དྲུག་དང་བློ་བཟང་ཡེ་ཤེས་གཉིས་མཐུན་མེད་ལ་ཡང་ཉེ་ཆར་ཚེ་དབང་རི་འཛིན་དང་དོན་གྲུབ་རྡོ་རྗེ་་གཉིས་ཡང་མཐུན་མེད་པ་རེད་གང་རྟལ་བོད་རིགས་སྤྱི་ལ་གྱོང་རེད་དེང་གཞོན་ལྷན་གྱིས་ཚོགས་ཆེན་འདིའི་སྐབས་ལ་ཞིབ་འཇུག་ནན་པོ་བྱེད་ནས་མ་འོང་པ་ལ་འདི་འདྲ་མི་ཡོངས་བ་བྱེད་དགོས་པ་གལ་ཆེན་པོ་མཐོང་གང་ལགས་ཞེསན་་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་ཚོགས་པ་གཞན་དང་མ་འདྲ་བ་གལ་ཆེན་པོ་གཞིག་རེད་

    Reply
  10. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ན་ཚ་འདི་རག་དུག་རེད།་་་་་་་སྨན་རིན་ཆེན་པོ་རེད།་་་་་་མགྱོགས་པོ་མི་ཤི་བའི་ཆེད་དུ་སྨན་ཟ་ན་མ་གཏོགས་ཐབས་ཤེས་ཅི་ཡོད།

    ན་ཚ་འདི་འདྲ་ཚོད་མཐོ་བའི་རིགས་རེད་ད། ཁག་པོ་རེད། སྔོན་མ་ནས་རྒྱ་སྨན་རྫུན་མ་འདྲ་ཟས་མ་བསྡད་ན་ཕལ་ཆེ་རེ་བ་རེ་མེད་འགྲོ

    Reply
  11. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ན་ཚ་རྙིང་པར་སྨན་བཅོས་གསར་པ་བྱུང་ན་ཡག་པོ་རེད།

    Reply
  12. བསེ་རུ། says:
    ལོ་ 16 སྔོན།

    ན་ཚ་རྙིང་པ་མེད་པ་བཟོ་དགོས་པ་བདེན་དུ་ཆུག་ཀྱང་།
    རྒྱ་གུང་ཁྲན་གྱི་ལག་ཆར་མི་འགྱུར་བའི་བགྲོ་གླེང་དང་།
    ཐག་གཅོད་གནང་དགོས་ངེས་སུ་མཐོང་།།

    Reply
  13. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    ཡག་པོ་བྱུང་འདུག ལྷ་བཟང་ཚེ་རིང་དང་བསྟན་འཛིན་བརྩོན་འགྲུས་སོགས་ཀྱིས་ད་ཐེངས་ནུས་པ་འདོན་པའི་དུས་ལ་བབ་པ་རེད། མི་ཚེ་གང་བོ་བོད་དོན་ལས་འགུལ་ཆེད་ཕུལ་བའི་བོད་དོན་ཉམས་ཞིབ་པ་དང་སྐབས་སྔོན་མའི་ཚོགས་གཞོན་བློ་བཟང་ཡེ་ཤེས་སོགས་ལ་ད་ཐེངས་རྒྱལ་ཁ་ཆེན་པོ་ཐོབ་པའི་རེ་འདུན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese