མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་རང་གི་ལྟ་བའི་ས་མཚམས་ཕྱེ་རོགས་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་སོ་སོས་རྒྱུ་མཚན་ལ་བལྟས་ཏེ་ལྟ་བ་དང་ལངས་ཕྱོགས་མི་འདྲ་བ་ཞིག་བཟུང་ཡོད་སྟབས། དེ་བཞིན་དུ་བསམ་བློ་གཏོང་སྟངས་དང་ཕྱག་ལས་གནང་སྟངས་ཀྱང་མི་འདྲ་བ་ཞིག་དགོས་པ་རེད་ཅེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་ཡོད།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་གཉིས་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་དེ་དེ་རིང་ཞོགས་པར་ངྷ་སའི་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཙོས། སྤྱི་འཐུས་དང་སྤྱི་ཟུར། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་དབུ་མའི་ལམ་ལས་འགུལ་ཁང་གི་རྒྱུན་ལས་དང་རྒྱུན་ལས་ཟུར་པ། ས་གནས་ཁག་ ༡༨ ནས་ཕེབས་པའི་འབྲེལ་མཐུད་པ་ལྷན་འཛོམས་ཐོག་ཚོགས་འདུ་དབུ་འབྱེད་གནང་ཡོད། 

ཚོགས་འདུའི་ཐོག་མར་དབུས་འབྲེལ་མཐུད་པ་སྨན་པ་མཁྱེན་རབ་ལགས་ཀྱིས་དབུ་མའི་ལས་འགུལ་ཁང་གི་ཐོག་མའི་དམིགས་ཡུལ་དང་ལས་འགུལ་ཁང་ངོ་སྤྲོད་གནང་བ་དང་འབྲེལ་གཏམ་བཤད་གནང་དོན། འདས་པའི་མི་ལོ་གཉིས་རིང་ང་ཚོ་ལས་འགུལ་ཁང་གིས་༸གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་གྱི་ངོ་བོ་དང་དམིགས་ཡུལ། དགེ་ཕན་སོགས་བོད་ཕྱི་ནང་གཉིས་ཀྱི་བོད་མི་གཙོས་རྒྱ་རིགས་མི་མང་ལ་རྒྱའི་སྐད་ཡིག་ཐོག་ཡིག་བསྒྱུར་གྱིས་ངོ་སྤྲོད་གནང་བར་མ་ཟད། ༸གོང་མཆོག་གི་འཚེ་མེད་ཞི་བའི་ལས་འགུལ་ཐད་གསལ་བཤད་དང་ཁྱབ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་ལ། ད་ལྟའི་བར་རྒྱ་རིགས་མང་པོས་ང་ཚོའི་ལས་དོན་ལ་དགའ་མོས་དང་རྒྱབ་སྐྱོར་གནང་ཡོད། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཁྲོད་དུའང་ང་ཚོའི་དབུས་རྒྱུན་བསྐོར་བསྐྱོད་ཀྱིས་ས་གནས་ཁག་ ༢༥ ནང་འབྲེལ་མཐུད་ཁང་གསར་འཛུགས་ཀྱི་ལས་གཞི་ལེགས་འགྲུབ་བྱུང་བ་ཡོད་ལ། དེ་དང་འབྲེལ་མི་མང་ནང་ཁུལ་ཏུ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བའི་ལས་འགུལ་དང་། དབུ་མའི་ལམ་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་སོགས་བྱས་ཏེ་བཙན་བྱོལ་སྤྱི་ཚོགས་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ལས་འགུལ་འདྲ་མིན་ཐོག་གྲུབ་འབྲས་གང་འཚམ་ཐོན་ཡོད་ཟེར།

ཡང་ཁོང་གིས། མ་འོངས་པར་ང་ཚོའི་ལས་འགུལ་ཁང་གི་ངོས་ནས་དབུ་མའི་ལམ་དང་འབྲེལ་བའི་རྩོམ་ཡིག་དྲ་རྒྱའི་བརྒྱུད་ལམ་ནས་རྒྱ་ནག་ནང་ཁུལ་གྱི་མི་མང་དང་བོད་ནང་གི་མི་མང་ལ་མཁོ་སྤྲོད་ཀྱིས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་དང་ལྷག་པར་དུ་རྒྱ་རིགས་མི་མང་ལ་འབྲེལ་ལམ་བཟང་དུ་བཏང་སྟེ། དབུ་མའི་ལམ་དང་འབྲེལ་བའི་ལས་འགུལ་གྱི་གཞི་རྒྱ་ཆེ་རུ་གཏོང་འཆར་ཡོད་ཅེས་བརྗོད་བྱུང་།

དེ་བཞིན་དབུས་འབྲེལ་མཐུད་པ་སྤྱི་ཟུར་དང་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་འདས་པའི་ལོ་གཅིག་དང་ཕྱེད་ཀའི་རིང་གི་ལས་འགུལ་ཁང་འདི་ཉིད་ཀྱི་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་སྙན་སེང་ཞུས་ཡོད།

མཐའ་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་མའི་ལམ་གྱི་དགོས་པ་དང་དམིགས་ཡུལ་ངོ་སྤྲོད་དང་འབྲེལ་གསུང་དོན། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ཐད་ཚགས་པར་ཁག་དང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་མང་པོ་ཐོན་ཡོང་གི་ཡོད་པ་རེད། ང་རང་གིས་དེ་དག་ལ་བསྐྱར་ཞིབ་བྱས་སྐབས།  ང་རང་ཚོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་དེའི་ས་མཚམས་ཏག་ཏག་ཟིན་གྱི་ཡོད་ན་བསམ་གྱིན་འདུག་ལ། མི་ཁ་ཅིག་ལ་ཆབ་སྲིད་ཀྱི་ལྟ་བ་བརྟན་པོ་ཞིག་ཨེ་ཡོད་ན་བསམ་པ་ཞིག་ཀྱང་དྲན་འོང་གི་འདུག  ད་ལྟའི་ཆར་སྔོན་མ་རང་བཙན་གྱི་ལྟ་བ་འཁུར་མཁན་གྱི་སྒྲིག་འཛུགས་ཁ་ཤས་ཀྱིས་རང་ཐག་རང་གཅོད་དང་དབུ་མའི་ལམ་གྱི་ལྟ་བའི་ཐོག་འཆར་གཞི་བཏོན་ཡོད་མཁན་ཡོད་ལ།  དབུ་མའི་ལམ་ཡིན་ཟེར་མཁན་གྱིས་རང་ཐག་རང་གཅོད་ཀྱི་ལྟ་བ་འཁུར་མཁན་ལ་རྒྱབ་སྐྱོར་གནང་མཁན་དེ་འདྲ་ཡང་ཡོང་གི་ཡོད། ཡང་རང་བཙན་བཤད་བསྡད་མཁན་གྱི་རིགས་ཀྱིས་རྒྱལ་བ་རིན་པོ་ཆེའི་བཀའ་བསྒྲུབ་ཀི་ཡིན་མཁན་ཟེར་མཁན་དེ་འདྲ་ཡང་ཡོད་པ་རེད། དབུ་མའི་ལམ་གྱི་ཚགས་པར་ཡིན་ཞེས་བཤད་དེ་དེའི་ནང་རང་བཙན་གྱི་ལྟ་བ་དང་གཞན་པའི་ལྟ་བ་འཁུར་མཁན་དེ་འདྲ་ཡོང་གི་ཡོད་ཟེར།

ཡང་ཁོང་གིས། ང་ཚོའི་སྤྱི་ཚོགས་ནང་རྐུབ་སྟེགས་ཞིག་གི་དོོན་དུ་ལངས་ཕྱོགས་འགྱུར་བ་གཏོང་བཞིན་པ་དང་སྒྲིག་འཛུགས་གང་རུང་ལ་ལངས་ཕྱོགས་ཡོད་མེད་སོགས་ལ་བསམ་བློ་བཏང་ཡོང་དུས།  དབུ་མའི་ལམ་ལས་འགུལ་ཁང་གི་སྒྲིག་སྲོལ་དེས་ལས་འགན་དེ་མང་ཚོགས་ནང་ཧ་ཅང་གལ་ཆེན་པོ་ཞིག་དང་། མ་འོངས་པར་སྒྲིག་འཛུགས་འདིས་མི་མང་ནང་ལས་འགུལ་ཤུགས་ཆེར་སྤེལ་ཏེ་མི་མང་གི་གོ་རྟོགས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་བོ་ཞིག་བཟོ་བར་ནུས་པ་ཆེན་པོ་ཞིག་ཐོན་ཡོང་བའི་རེ་བ་དང་ཡིད་ཆེས་ཞིག་བཟུང་ཡོད་ཅེས་གསུངས་བྱུང་།

གཞན་ཡང་ཁོང་གིས།  ༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་ནང་ཚོགས་པ་སྒྲིག་འཛུགས་དང་མི་སྒེར་སོ་སོར་སོ་སོའི་ལྟ་བ་ལངས་ཕྱོགས་བརྗོད་པའི་རང་དབང་ཡོད་ཀྱང་། མི་སྒེར་དང་སྒྲིག་འཛུགས་ཁང་གིས་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་གང་ཡིན་པ་ཁ་གསལ་མེད་པར་ཕར་སྦྲེལ་ཚུར་སྦྲེལ་བྱས་པ་ཡིན་ན། སྒྲིག་སྲོལ་འདྲ་མིན་ཡོད་ཀྱང་དགོས་པ་ཅི་ཡང་མེད། སྒྲིག་སྲོལ་གང་འདྲ་ཞིག་ཡིན་རུང་རྒྱུ་མཚན་ལ་བལྟས་ཏེ་ལྟ་བ་དང་ལངས་ཕྱོགས་ཤིག་བཟུང་ཡོད་སྟབས།  བསམ་བློ་གཏོང་སྟངས་དང་ཕྱག་ལས་གནང་སྟངས་སོགས་ཀྱང་མི་འདྲ་བ་ཞིག་དགོས་པ་རེད་ཅེས་གསུངས་བྱུང་།

སྤྱི་འཐུས་ཚོགས་གཙོས་ད་དུང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་མི་མང་ལ་རེ་སྐུལ་ཞུས་པའི་དབུ་མའི་ལམ་གྱི་ཡིག་ཆའི་ནང་དོན་འགྲེལ་བཤད་དང་འབྲེལ་དབུ་མའི་ལམ་ལས་འགུལ་ཁང་ལ་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་གསར་འཛུགས་གནང་ཡོད་པའི་འབྲེལ་བ་ལས་ཁུངས་ལྟ་བུའི་བོད་ཕྱི་ནང་གཉིས་དང་ལྷག་པར་རྒྱ་རིགས་མི་མང་ལ་༸གོང་ས་མཆོག་གི་དགོངས་དོན་འགྲེལ་བཤད་བྱ་ཐུབ་པའི་ལས་གཞི་རྒྱ་ཆེན་པོ་ཞིག་གསར་འཛུགས་གནང་རྒྱུའི་རེ་བ་དང་འབོད་སྐུལ་ཡང་གནང་བྱུང་།

ཐེངས་འདིའི་དབུ་མའི་ལམ་ལས་འགུལ་ཁང་གི་སྐབས་གཉིས་པའི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་དེ་ཕྱི་ཚེས་ ༣ ནས་ ༥ བར་གྱི་ཉིན་གསུམ་རིང་ཚོགས་འཆར་ཡོད་པ་དང་། དེར་ས་གནས་ ༡༨ ནས་ཕེབས་པའི་ཚོགས་མི་ ༥༠ ལྷག་གིས་ས་གནས་འབྲེལ་མཐུད་ཁང་སོ་སོའི་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་དང་འབྲེལ། སྐབས་སྔོན་མའི་གྲོས་གཞིའི་ཐད་བགྲོ་གླེང་གོ་བསྡུར་དང་སྒྲིག་གཞི་གསར་འཇུག  དེ་བཞིན་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ། དོན་གོ།   

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༩ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 7

  1. BLACK DIAMOND says:
    ལོ་ 15 སྔོན།

    ང་ད་ལྟའི་དབུ་མའི་ལམ་ལ་ཁྱོན་ནས་འཐད་པ་མེད།་གང་ཡིན་ཞེ་ན་དབུ་མའི་ལམ་ལ་འགྱུར་བ་མང་པོ་འགྲོ་ཚར་བས།་ད་ལྟའི་དབུ་མའི་ལམ་ཟེར་བ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་མིན་ཡང་བཤད་དཀའ་ཚོད་འདུག
    ངོ་མ་ང་ཚོར་ཡང་དག་པའི་མང་གཙོ་ཞིག་ཨེ་ཡོད།་དབུ་མའི་ལམ་མ་གཏོགས་བཤད་མི་ཆོག་པའི་གནས་སྟངས་དེ་སུས་བཟོས་པ་ཡིན།་ང་ཚོའི་སྤྱི་ཚོགས་ལ་གནམ་ས་མགོ་རྟིང་སློག་པའི་གསར་བརྗེ་ཞིག་ངེས་པར་དུ་དགོས་ཀྱི་འདུག

    Reply
  2. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    ལྟ་བ་དང་ལངས་ཕྱོགས་མི་འདྲ་བ་ཞིག་བཟུང་ཡོད་པ་ལྟར་བསམ་བློ་དང་བྱེད་སྟངས་མི་འདྲ་བ་ཞིག་བྱེད་དགོས་པ་ཚོགས་གཙོས་གསུངས་པ་ལྟར་ལོས་ཡིན་ཏེ། ལྟ་བ་དེ་དག་འགལ་འདུ་འབའ་ཞིག་ཏུ་བྱེད་པ་དང་བྱེད་སྟངས་ཡང་རྒྱབ་འགལ་ཁོ་ན་བྱེད་པའང་ཤིན་ཏུ་ནས་མི་རུང་བ་ཞིག་ཀྱང་ཅི་ལ་མིན། རང་བཙན་དང་རང་ཐག་རང་གཅོད་རྒྱལ་སྤྱི་དང་རྒྱ་ནག་ལ་བཤད་དགོས་པ་མི་འོས་པ་མིན་ཡང་ནང་ཁུལ་འཐབ་འཛིངས་བྱེད་པའི་ལག་ཆར་ཁྱེར་མི་རུང་། འདི་ཡང་ལྟ་བ་དང་ལངས་ཕྱོགས་ཤིག་ཡིན།

    Reply
  3. གངས་ཕྲུག says:
    ལོ་ 15 སྔོན།

    ཕལ་ཆེར་དབུ་མའི་ལམ་ཟེར་ནས་ལོ་ངོ་བརྒྱ་ཕྲག་རིང་གི་ལོ་རྒྱུས་བོད་རྒྱལ་ཁབ་ཟེར་བ་དེ་བོད་གཞུང་གི་སྐུ་དྲག་ཁ་ཤས་ཀྱིས་ཆ་ལ་སྐུར་བཞིན་འདུག

    Reply
  4. གངས་ཕྲུག says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་གིས་གསུངས་བ་ལྟར་ན་ཕལ་ཆེར་རང་བཟན་བཤད་མཁན་དང་རང་ཐག་རང་གཅོད་ཟེར་མཁན་དེ་མཚོ་ལ་ང་ཚོ་དབུ་མའི་ལམ་ཡིན་ཟེར་ནས་རྒྱབ་བསྐྱོར་བྱེད་མི་རུང་བ་བཤད་འདུག ད་དུང་ཁོས་དབུ་མའི་ལམ་གྱི་ཚགས་པར་ཐོག་བཀྲ་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་ལོ་རྒྱུས་བཀོད་པ་དེ་ལ་ཐ་གཅིད་ཏུ་ངོ་རྒོལ་བྱས་འདུག ངོ་ཚོ་གང་ལྟར་ཀྱང་དབུ་ལམ། རང་བཙན། རང་ཐག་རང་གཅོད་གང་ཡིན་རུང་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་ན་དེས་འགྲིགས་་རེད་མ་གཏོགས་བལྟ་བ་སོ་སོར་ངོ་ལོག་རྒྱབ་ནས་བསྡད་ན་མི་འགྲིགས། གང་ལྟར་དེང་གི་དུས་འདི་ལ་རང་བཙན་བཤད་དུས་༧གོང་ས་མཆོག་དང་བོད་གཞུང་ལ་རྒྱབ་འགལ་བྱེད་མཁན་ཞིག་ཏུ་ངེས་འཛིན་བྱེད་ཀྱིནའདུག་པ་ཞིག་མཐོང་སོང་།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དབུ་མའི་ལམ་ལས་འགུལ་བ་ཚོས་ཚར་གཅིག་ཀློག་རེའི་མཆན་བུ་འདིར་བཀོད་པ་ཡིན། ཁྱོད་རང་ཚོས་ཧམ་བཤད་རྐྱང་རྐྱང་མ་བྱེད་་་དེ་ལས་བོད་མི་དཀྱུས་མ་བ་ཚོའི་སྐད་ཆ་ཡང་ཚར་གཅིག་གཟིགས་རོགས་ཞུ།

    གྲོགས་རྨོག་རུ་བསྟན་པ་ལགས་ཁྱེད་ནི་བློ་རྒྱ་ཡངས་པའི་མི་བུ་ཞིག་ལ་ངེས་ལེན་བྱས་ཀྱི་ཡོད་པས་བསམ་ཚུལ་ཐད་ཆག་ཅིག་ཞུ་འདོད་སྐྱེས་སོང་། ལྟ་བའི་ཆ་ནས་འགལ་བ་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན།

    དབུ་ མའི་ལམ་གྱི་སྒྲུབ་བྱ་གཙོ་བོར་ངོས་འཛིན་ནས་གསུངས་འདུག་པ་དང་དེ་ཡང་བོད་གཅིག་འགྱུར་ཡོང་བའི་ཆེད་དུ་རེད་གསུངས་གནང་འདུག

    ༧གོང་ ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་སྒྲུབ་བྱ་ལམ་དབུ་ཡིན་པ་དང་ལམ་དབུ་མའི་སྒྲུབ་བྱ་གཙོ་བོ་བོད་ཡོངས་རྫོགས་གཅིག་འགྱུར་ཡོང་ཆེད་རེད་གསུངས་པ་ཡིན་ན་་་རྒྱ་དང་བོད་གཉིས་བར་གྱི་རྩོད་ཉོག་དང་བོད་རྒྱ་ཆེན་མི་མང་གི་མངོན་འདོད་གཙོ་བོ་བོད་རིགས་ཡོགས་རྫོགས་གཅིག་འགྱུར་དགོས་པ་དེ་ཙམ་རེད་པས།

    ༢༠༠༨་ ལོར་ཞི་རྒོལ་ཆེན་མོ་བྱུང་བ་འདི་བོད་རིགས་ཡོངས་རྫོགས་གཅིག་འགྱུར་ཡོངས་བའི་ཆེད་དུ་རེད་པས། བོད་མི་ཤེས་ཡོན་ཡོད་པ་དང་དཔའ་ཡོད་པ་ཚང་མ་རྒྱ་ནག་གཞུང་གི་བཙོན་ཁང་ནང་དུ་འགྲོ་དགོས་དོན་བོད་རིགས་ཡོངས་རྫོགས་གཅིག་འགྱུར་མི་འདུག་ཟེར་ནས་ཕྱིན་པ་རེད་པས།

    དབུ་ མའི་ལམ་འདིའི་སྒྲུབ་བྱ་བོད་རིགས་རྫོགས་གཅིག་བཟོ་ཐུབ་པའི་ཆེད་དུ་ཡིན་པར་ཆགས་བཞག་ནའང་དབུ་མའི་ལམ་འདིས་བོད་རིགས་ཡོངས་རྫོགས་རྒྱའི་མངའ་འོག་ཏུ་བཅུག་ནས་བོད་རྒྱལ་ཁབ་ཞེས་པའི་མིང་ཙམ་ཡང་མེད་པ་བཟོ་རྩིས་མ་རེད་པས།

    དབུ་ མའི་ལམ་ཕྱོགས་པ་ཚོས་ཁ་ནས་གསུངས་དུས་རྒྱ་བོད་མི་རིགས་མཐུན་སྒྲིལ་དང་བོད་མི་ནང་ཁུལ་མཐུན་སྒྲིལ་དགོས་ཞེས་གསུངས་ཀྱི་ཡོད་ཀྱང་དོན་དངོས་ཐོག་མཐུན་དང་མི་མཐུན་གྱི་ས་མཚམས་དེར་ལྟ་བ་མཐུན་དང་མི་མཐུན་སྤྱོད་པ་མཐུན་དང་མི་མཐུན་ལ་ཐུག་ཡོད་པར་མ་རེད་པས།

    ཡིན་ ན་་་དབུ་མའི་ལམ་ཕྱོགས་པ་ཚོ་རྒྱ་ནག་གཞུང་དང་རྒྱའི་མི་རིགས་ཀྱི་ལྟ་བ་དང་མཐུན་གྱི་ཡོད་པས། ༧གོང་ས་མཆོག་གིས་མང་གཙོ་གསེར་གྱི་རྟགས་མ་ཁུར་ནས་དམར་ཕྱོགས་པའི་མགོ་ཁྲིད་ཚོ་དང་ཆབ་སྲིད་ཀྱི་ལྟ་བ་མཐུན་ཐུབ་སའི་ས་མཚམས་ཤིག་ཡོད་རེད་པས།

    ནོ་ ཝན་ཞི་བདེའི་རྟགས་མ་དང་སྤྱོད་པ་འཚེ་བ་མེད་པ་ཞིག་ཁུར་ནས་རྒྱ་ནག་དམར་ཕྱོགས་པའི་དམག་མི་དུང་ཕྱུར་མང་པོའི་དྲག་སྤྱོད་དང་མཐུན་ཐུབ་ཐབས་ཤིག་ཡོད་རེད་པས། ལུག་གིས་སྤྱང་ཀུ་ལ་ལྷ་ཆོས་བཤད་ནས་དམར་ཟས་སྤངས་དགོས་གསུངས་ན་ཁས་ལེན་གྱི་རེད་པས།

    བོད་ མི་ནང་ཁུལ་དུ་བཤད་ན་་་བོད་མི་ཚང་མ་རྒྱའི་རྩ་ཁྲིམས་འོག་ཏུ་བསྡད་དགོས་གསུངས་པ་ཡིན་ན་་་ཕ་བསད་དགྲ་བོའི་རྩ་ཁྲིམས་འོག་ཏུ་བུ་གསོན་པོ་ཞིག་ཅི་འདྲ་བྱེད་ནས་སྡོད་དགོས་སམ།

    ལམ་ དབུ་མ་དང་རང་བཙན་གཉིས་ཀྱི་ལྟ་བའི་ཐོག་ནས་བོད་མི་ནང་ཁུལ་དུ་བསད་རེ་མ་བྱེད་ནའང་མཐུན་སྒྲིལ་ཡོང་མེད་པ་ཞིག་རེད། དབུ་མའི་ལམ་ལ་ཕྱིན་པ་ཡིན་ན་་རྒྱ་ཁུངས་ཡིན་པར་རང་ངོས་ནས་ས་ཡིག་རྒྱག་དགོས་ཀྱི་རེད་པྭ།

    བཙན་ རང་ལྟ་བའི་ཐོག་ནས་ལྟས་ན་་་་རང་ངོས་ནས་རྒྱ་ཁུངས་ཡིན་པར་ཤི་སྲོག་ལ་ཐུག་ཀྱང་ཁས་ལེན་བྱེད་མི་རུང་བའི་འགལ་ཟླ་འདི་གཉིས་ག་པ་བཞག་གི་ཡིན་ནམ། རང་བཙན་པ་ཚོས་ལྟས་ན་་་་བོད་རྒྱལ་ཁབ་ཆེན་མོ་འདིར་རྒྱའི་ཁུངས་གཏོགས་ཡིན་ཟེར་མཁན་ཚོ་བོད་རྒྱལ་ཁབ་ཀྱི་དགྲ་བོ་ཡིན་པར་ངོས་ལེན་བྱེད་ཀྱི་རེད་པྭ།

    འགལ་ ཟླ་འདིར་གཉིས་ཀྱིས་བོད་མི་རིགས་ལ་སྐྱིད་ཀྱི་ཉི་མ་ཤར་མི་བཅུག་པ་རིག་པས་དཔྱོད་ཐུབ།
    ཨོ་ཡ་་་་འདོད་པ་ཏོག་ཙམ་གང་སོང་། བྲིས་མཚམས་བཞག་གི་ཡིན་་་་རྗེས་སུ་མཇལ་ཡོང།
    འདོན་སྤེལ།: ༢༠༡༠/༠༨/༠༡

    Reply
  6. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ཚོགས་གཙོ་ཚོགས་གཞོན་གཉིས་ལ་དེང་སང་གོ་སྐབས་མང་པོ་རག་ན་མང་ཙམ་བཤད་བཞག་ན་ཕལ་ཆེར་རེ་བ་ཡོད་རེད། ཚོགས་གཞོན་གྱིས་གཞོན་ནུའི་ནང་ལ་ཕྱིན་ནས་གསུང་བཤད་གནང༌། ཚོགས་གཙོས་དབུ་མའི་ལམ་ཚང་ལ་ཕྱིན་ནས་གསུང་བཤད་གནང༌། ད་ངོ་མ་འཁྲབ་པའི་དུས་ཚོད་རེད་འདུག དེ་འདྲ་གནང་ན་མ་གཏོགས་བཀའ་ཁྲིའི་འོས་ཤོག་རག་གི་མ་རེད་དོ༎

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྙིང་རྗེ་ང་ལྟ་བུའི་བོད་མི་མགོ་འཐོར་ར་དེ་ཚོ་ལ་མི་ལོ་ཉེར་ཤུ་ལྷག་གི་རིང་དུ་ལམ་དབུ་མ་འགྲེལ་བཤད་རྒྱག་བསྡད་དགོས་པ་འདིར་ཅི་འདྲའི་རྒྱུན་རིང་བ་ལ་ཨང།

    ལམ་དབུ་མ་ལ་འགྲེལ་བཤད་རྒྱག་མཁན་དང་གོ་རྟོགས་སྦེལ་མཁན་ཚོས་ངོས་ནས་འགྲེལ་རྒྱག་གི་རྒྱག་གི་་་གོ་རྟོགས་སྦེལ་གྱི་སྦེལ་གྱི་བོད་རང་བཙན་ཟེར་བ་འདིར་ལོ་རྒྱུས་ཀྱི་རྐང་རྗེས་ཙམ་ལས་མངོན་གྱུར་གྱི་ཁེ་དབང་ཞིག་མིན་པ་བཟོས་པ་རེད།

    ལམ་དབུ་མ་ལ་འགྲེལ་རྒྱག་མཁས་པའི་མཁས་དབང་ཁྱོད་རང་ཚོས་རང་ཉིད་རྒྱ་མི་ཡིན་པའི་འགྲེལ་བཤད་ཤིག་རྒྱག་ཐུབ་ན་་་་ཁྱེད་རང་གི་ལམ་དབུ་མའི་དགོངས་དོན་ཡང་དག་པ་ཞིག་རྟོགས་པ་ཡིན་པར་འདྲ།

    དེ་མིན་ན་་་་ཁྱེད་རང་ཚོའི་ཕ་མ་རྒྱ་མི་ཡིན་པར་འགྲེལ་བཤད་འདྲ་ཡོད་གྱི་རེད། གཞན་ཁྱོད་རྣམ་པ་ལ་བོད་མི་རིགས་འདིར་རྒྱ་ཁུངས་ཡིན་པའི་འགྲེལ་བཤད་ག་འདྲ་རེད་དམ། རང་གིས་རང་ཉིད་ཀྱི་ཕ་མ་བསད་པའི་དགྲ་བོ་རྒྱ་དམར་ཡིན་པའི་འགྲེལ་བཤད་དང་གོ་རྟོགས་སྦེལ་པར་འདི་ནི་མི་སྐྱེས་ས་ཁྱི་སྐྱེས་་་ནས་སྐྱེས་ས་རམ་པ་སྐྱེས་ཟེར་བ་ལྟར་རེད།

    བཙན་བྱོལ་གཞུང་གི་སྐུ་དྲག་གསར་པ་ཁྱོད་ཚོས་ང་ཚོ་བོད་མི་ཉམ་ཆུང་ཚོ་རྒྱ་ཁུངས་རེད་ཞེས་འགྲེལ་བཤད་དེ་ལས་རྒྱག་མ་བསྡད་ན་ཡག་བ་མི་འདུག་གམ། ཁྱོད་ཚོ་ལ་རང་མི་དགྲ་ལག་བཞག་ཐུབ་པས་འཇོན་སྟངས་ཙམ་མ་གཏོགས་ག་རེ་ཡོད་དམ།

    ད་ནས་བཟུང་མཐོ་༧གོང་ས་མཆོག་ཡིན་ནའང་འདྲ་དམའ་ལས་བྱེད་དཀྱུས་མ་བ་ཞིག་ཡིན་ནའང་རང་རང་་་ང་ཚོ་རྒྱ་མི་རེད་མ་གསུང་རོགས་ཞུ། ལམ་དབུ་མའི་འགྲེལ་བཤད་ཉན་དགོས་པ་མེད་ཤེས་སོང་། ཅི་ཞིག་ལབ་ཀྱི་ཡོད་མེད་དང་ཅི་ཞིག་སྒྲུབ་ཀྱི་ཡོད་མེད་མི་ལོ་ཉེར་ཤུའི་རྗེས་སུ་གོ་རྟོགས་སྦེལ་དགོས་པ་མི་འདུག

    ཐུགས་རྗེ་གཟིགས་་་ང་ཅོ་རིས་མ་ཤི་བར་དུ་བོད་པ་ཡིནཟེར་ནས་སྡོད་ཀྱི་ཡིན་པས་ང་རྒྱ་མི་རེད་མ་གསུང་རོགས། ཁྱེད་རང་ཚོ་རྒྱ་མི་ཡིན་ཟེར་ན་ཁྱོད་རང་ཚོས་འདོད་པ་རེད། ང་དང་ངའི་ནང་མི་སྤུན་ཆེད་ཚོ་རྒྱ་མི་རེད་གསུང་ན་ཡག་པོ་མ་རེད། ངས་ངོས་ལེན་ཞུ་ཐུབ་ས་མ་རེད།

    ཐུགས་རྗེ་གཟིགས་སྐུ་དྲག་གསར་པ་ཚོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese