མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་པ་ ༥༨༠༠།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ད་ལྟ་ཡང་བོད་དང་ཞིན་ཅང་གཙོས་རྒྱ་ནང་ནང་ཁུལ་དུ་ཆབ་སྲིད་བཙོན་པ་ལྔ་སྟོང་བརྒྱད་བརྒྱ་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་ཚུལ་འདུག
 
ཉེ་བའི་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་དུས་དེ་ཝ་ཤིན་ཊོན་ཌེ་སེ་རུ་སྐོང་འཚོགས་གནང་ཡོད་འདུག་ལ། གྲོས་ཚོགས་སྟེང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་ཆེད་མཁས་པས། རྒྱ་ནག་གཞུང་གིས་འཛམ་གླིང་དཔལ་འབྱོར་ཉམ་ཉེས་དང་སྟབས་བསྟུན་ཏེ་བྱང་ཀོ་རི་ཡ་དང་ཨི་རན་བཅས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་གྱི་ཆིངས་ཡིག་འཇོག་གི་ཡོད་པའི་སྐབས་འདིར་ཝ་ཤིན་ཊོན་གྱི་ངོས་ནས་ཀྱང་ཞི་འཇམ་གྱི་ལམ་ནས་རྒྱ་ནག་ནང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐག་གཅོད་བྱ་དགོས་སྐོར་དང་།  དེ་བཞིན་རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་བཏོར་བརླག་ཅེས་པའི་ཉེས་མིང་ཁ་རུ་འཁྱེར་ཏེ་རྩོམ་པ་པོ་དང་ཁྲིམས་རྩོད་པ། དེ་བཞིན་བོད་དང་ཞིན་ཅང་གཙོས་པའི་གྲངས་ཉུང་མི་རིགས་ཚོར་དྲག་གནོན་བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་ ༢༠༠༨ ལོ་ནས་བཟུང་མངོན་གསལ་གྱིས་ཤུགས་ཆེ་རུ་ཕྱིན་ཏེ་རྒྱལ་ཁབ་ཀྱི་སྲིད་བྱུས་ལ་དགག་བཞག་བྱེད་མཁན་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་མོས་པ་མེད་པའི་མི་སྣ་མང་པོ་ཞིག་འཛིན་བཟུང་བཀག་ཉར་བྱས་ཏེ། ད་ལྟའི་ཆར་བོད་དང་ཞིན་ཅང་གཙོས་པའི་གྲངས་ཉུང་མི་རིགས་ཁག་དང་རྒྱ་ནག་ནང་ཁུལ་དུ་ཆབ་སྲིད་བཙོན་པ་ ༥༨༠༠ ལྷག་བཀག་ཉར་བྱས་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་འདུག

གནས་ཚུལ་འདི་དག་གི་ཐད་ཨ་རིའི་ནིའུ་ཡོག་སློབ་ཆེན་གྱི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་ཁེལ་ཧེན་ལགས་ཀྱིས། དེ་ནི་རྒྱ་ནག་གཞུང་གི་ཕྱི་གསལ་ནང་གསལ་མེད་པའི་སྲིད་བྱུས་དང་། ད་ལྟ་རྒྱ་ནག་གི་བཙོན་པའི་གྲངས་འབོར་འཕར་ཞིང་གནས་སྟངས་ཛ་དྲག་གི་ཕྱོགས་སུ་འཕེལ་བཞིན་པར་བློ་འཚབ་ཡོད་སྐོར་བརྗོད་ཡོད་འདུག་ལ། ཐེངས་འདིའི་ཚོགས་ཐོག་ཏུ་ཕེབས་པའི་གནས་ཚུལ་དབྱེ་ཞིབ་པ་མང་པོས་ཨ་རིའི་གཞུང་ཕྱོགས་ནས་རྒྱ་ནག་དང་ལྷན་དུ་ལོ་རེར་འཆར་ཅན་གྱི་འབྲེལ་མོལ་གནང་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་དེ་ལོ་རེར་ཐེངས་གཉིས་རེར་འཚོགས་དགོས་པའི་རེ་བ་དང་འབོད་སྐུལ་གནང་ཡོད་པར་མ་ཟད། དེ་བཞིན་ཚོགས་འདུའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་བཞིན་པའི་མི་སྣ་མཉམ་ཞུགས་ཀྱི་གོ་སྐབས་སྤྲད་དེ་དམིགས་བསལ་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་ཀྱིན་པའི་རིགས་དང་ཁྲིམས་རྩོད་པ་དང་རྩོམ་པ་པོ་སོགས་བཙོན་འཇུག་བྱེད་བཞིན་པའི་སྐོར་ལ་གླེང་མོལ་བྱ་དགོས་པའི་རེ་འདུན་ཡང་བཏོན་ཡོད་འདུག

གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 3

  1. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ལོ་རེ་ལ་ཚོགས་འདུ་ཐེངས་ཉི་ཤུ་རེ་ཚོགས་ན་ཡང་རྒྱ་ཡི་ཁ་འཇམ་ཚིག་སྙན་གྱིས་འགྲོ་བ་མི་ཡི་ཐོབ་ཐང་ཚོགས་པའི་ཚོགས་མི་རྣམས་མགོ་ཡུལ་འཁོར་ལོ་སྐོར་སྐོར་བྱ་རྒྱུ་ལས་མེད་པ་མངོན་གསལ་རེད།
    ང་ཚོ་མི་ཉམ་ཆུང་ཚོ་ལ་འགྲོ་བ་མི་ཡི་ཐོབ་ཐབ་ཟེར་བ་ཞིག་ག་ལ་ཡོད།སྟོབས་ཆེན་རྒྱལ་ཁབ་སུ་ཡིན་ཡང་ཁོང་རང་ཚོ་ལ་ཁེ་བཟང་ཞིག་མེད་ན་ཆར་བ་མེད་པའི་འབྲུག་སྒྲ་རང་རེད།ང་ཚོའི་ཉམ་ཆུང་ཚོས་ཁོང་ཚོ་ལ་ཁེ་བཟང་ག་རེ་སྤྲོད་ཐུབ།

    Reply
  2. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    གནམ་སྔོན་པོ་འདིའི་འོག་ན་རྒྱ་དམར་པོ་འདི་ལ་ཁ་ཡ་ཡོང་མཁན་ཞིག་མེད་པ་མཐོང་གསལ་ཡིན་པས་ད་ནི་མགོ་རུམ་ལ་བཅུག་ནས་ཉལ་རྐྱང་ཡིན།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    འཛམ་གླིང་འདིའི་ནང་ལ་བཙོན་པ་ལ་ཉེས་ཆད་མ་དྲང་པ་ཆེ་ཤོས་ནི་ཆབ་སྲིད་པའི་བཙོན་པ་ཚོ་རེད། ཉེས་ཆད་གཏོང་མཁན་ཚོས་གཟབ་གཟབ་བྱོས་ན་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese