མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲུག་ཆུ་རྫོང་དུ་མི་ ༡༡༡༧ ཤི་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp
 
ཕྱི་ཚེས་ ༡༢ ཉིན་ཀན་སུའུ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས། འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གནོད་སྐྱོན་ཕོག་པའི་སྐོར་ལ་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ལྟར་ན། ཐེངས་འདིའི་འབྲུག་ཆུའི་ཆུ་ལོག་ཆེན་པོའི་གནོད་འཚེ་ཁྲོད། རྐྱེན་ལམ་དུ་ཤོར་བའི་མི་ཆིག་སྟོང་ཆིག་བརྒྱ་བཅུ་བདུན་ལ་བུད་འདུག་ཟེར།
 
ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་བཅུ་བདུན་དང་སྐར་མ་ཉི་ཤུ་བར་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གནོད་འཚེ་ཆེན་པོ་ཐེབས་པའི་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་སྟོང་གཅིག་དང་བརྒྱ་དང་བཅུ་བདུན་ལ་བུད་པ་དང་། རྨས་མ་ལྗིད་མོ་དྲུག་ཅུ་རེ་བཞི་སྨན་ཁང་དུ་བསྡད་པའི་ཁྲོད་ནས་རྨས་མ་ལྔ་བཅུ་ང་བརྒྱད་ས་གཞན་ལ་སྨན་བཅོས་བྱེད་པར་བསྐྱལ་ཞིང་། མི་ལྔ་སྨན་ཁང་ལས་བུད། མི་ལྔ་བརྒྱ་དང་རེ་བདུན་གྱིས་སྒོ་བསྟེན་སྨན་ཁང་ནས་སྨན་བཅོས་བྱས་པར་མ་ཟད། མི་སྟོང་གཅིག་དང་ཉིས་བརྒྱ་ཞེ་གསུམ་བདེ་བླག་ངང་བསྐྱབས་པ་དང་། ད་དུང་མི་དྲུག་བརྒྱ་དང་ཉེར་བདུན་གར་སོང་མ་ཤེས་པར་ལྷག་ཡོད་ཅེས་གནས་ཚུལ་བཀོད་འདུག
 
ད་ལྟའི་ཆར་གར་སོང་མི་ཤེས་པའི་མི་ད་དུང་དྲུག་བརྒྱ་ལས་བརྒལ་ཡོད་ལ། མི་ཤི་བའི་གྲངས་འབོར་ཡང་དེ་ལྟར་འཕར་བཞིན་ཡོད་འདུག
 
བསྐྱར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༤ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 9

  1. ཤིས་རི། says:
    ལོ་ 16 སྔོན།

    ཆུ་ལོག་གིས་བསད་ཟིན་པ་རྣམས་ལ་སྨོན་ལམ་དང་ཤུལ་ལུས་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཡོད།

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    དགྱ་དམར་ཀླ་ཀློས་ཉི་སྟོང་བརྒྱད་ལོར་རང་རིགས་སྤུན་ཟླ་བརྒྱ་ཕྲག་མང་པོ་དམར་གསོད་བཏང་། འདི་ལོའི་ལོ་སྟོད་ལ་ས་ཡོམ་བརྒྱབ་ནས་སྤུན་ཟླ་སྟོང་ཕྲག་མང་པོའི་ཚེ་སྲོག་བཀུམ། ཟླ་འདིར་ཆུ་ལོག་གིས་སྤུན་ཟླ་བརྒྱ་ཕྲག་མང་ཁ་ཤས་ཚེ་སྲོག་བཅོམ། ངོ་མ་ང་ཚོའི་བོད་བའི་ལས་འདི་ཡ་ང་བ་ལ། ཨོཾ་མ་ཎི་དཝཔདྨེ་ཧུཾ། ཨོཾ་མ་ཎི་དཝཔདྨེ་ཧུཾ། ཨོཾ་མ་ཎི་དཝཔདྨེ་ཧུཾ། ཨོཾ་མ་ཎི་དཝཔདྨེ་ཧུཾ། ཨོཾ་མ་ཎི་དཝཔདྨེ་ཧུཾ། ཨོཾ་མ་ཎི་དཝཔདྨེ་ཧུཾ།

    Reply
  3. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན་མི་ཤི་གྲངས་ ༤༠༠༠ ལྷག་བརྒལ་ཡོད་པ་དང་། ཐེངས་འདིའི་གནོད་འཚེ་ཁྲོད་འབྲུག་ཆུ་རྫོང་མཁར་གྲོང་སློབ་ཆུང་དང་པོར་གནོད་སྐྱོད་ཐེབས་ཡོད་འདུག ཡུལ་འདིར་སྔོན་ཆད་ཤིང་ནགས་ཀྱིས་ཁེབས་ཡོད་ལ། རྗེས་སུ་རྒྱ་གཞུང་གིས་གྲོང་སྒྱུར་འཛུགས་བསྐྲུན་གྱི་ལས་གཞི་སྣ་ཚོགས་པའི་རྐྱེན་གྱིས་ཤིང་ནགས་ཕོན་ཆེན་པོ་གཏུབ་འབྲེགས་བྱས་སོང་སྐད། རང་བྱུང་ས་རྒྱུ་ལ་གནོད་སྐྱོན་ཚབ་ཆེན་ཐེབས་ཏེ་ཆུ་ལོག་ས་རུད་ཀྱི་གནོད་འཚེ་འབྱུང་ཉེན་ཁར་བཅར་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་གི་ས་གཤིས་ཞིབ་འཇུག་པས་རྟོག་ཞིབ་བརྒྱུད་ཡུལ་དེ་ས་གཤིས་ཉམས་ཆགས་སུ་གྱུར་བའི་རྐྱེན་གྱིས་ཡུལ་གཞན་དུ་གནས་སྤོ་དགོས་ཚུལ་ཞིབ་འཇུག་སྙན་ཐོའི་ནང་བཏོན་ཡོད་འདུག གཞན་ཡང་། ད་དུང་ཡུལ་ཕྱོགས་དེར་མུ་མཐུད་ནས་ཆར་ཞོད་ཆེན་པོ་བརྒྱག་རྒྱུ་ཡིན་པ་དང་། མུ་མཐུད་ས་རུད་འབྱུང་ཉེན་ཡོད་སྐོར་དཔྱད་བརྗོད་པ་དག་གིས་བརྗོད་འདུག

    Reply
  4. འཇམ་དབྱངས། says:
    ལོ་ 16 སྔོན།

    གནས་ཚུལ་འདི་རྫོང་ཐོག་རང་ལ་བྱུང་ཡོད་སྟབས་འདས་གྲོངས་སུ་སོང་བའི་མི་གྲངས་གསར་འགྱུར་བརྒྱུད་དུ་ཐོན་པ་ལས་མང་བ་སྨྲོས་མེད་ཀྱང་གནས་ཚུལ་དྲང་བདེན་དུ་མི་བཀོད་པ་འདི་གོང་ཁྲན་ཏང་གི་སྲིད་ཇུས་ཤིག་རེད་ཟེར།

    Reply
  5. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    འབྲུག་ཆུ་རྫོང་ཐོག་རང་མི་འབོར་ཁྲི་བཞི་ལྷག་ཡོད་པའི་གནས་ཚུལ་འདུག་ལ་དེའི་ནང་ནས་མི་ཁྲི་གཉིས་ཙམ་ལ་གནོད་སྐྱོན་ཐེབས་འདུག་པའི་ཚོད་དཔག་བོད་ནང་དུ་བྱེད་བཞིན་འདུག

    Reply
  6. དྲང་སྲོང་། says:
    ལོ་ 16 སྔོན།

    ཨོ་ཨོ་ ཀན་ལྷོ་འབྲུག་ཆུ་རྫོང་དུ་ཆུ་ལོག་གིས་མི་མང་བསད་གྲངས་སྟོང་གཅིག་དང་བརྒྱ་དང་བཅུ་བདུན་ཡོད་ཟེར་བ་འདི་བདེན་པ་ཡིན་ན་མི་བསད་གྲངས་ཧ་ཅིང་མང་པོ་རེད། ཅི་འདྲའི་སེམས་སྐྱོ་བ་ལ། ལོ་ཁ་ཤས་སྔོན་དུ་འབྲུག་ཆུ་རྫོང་ལ་སོང་པ་ཡིན། འབྲུག་ཆུ་རྫོང་ཐོག་གི་མི་ཕར་ཆེར་བོད་པ་རེད་འོན་ཀྱང་རྒྱ་རིགས་དང་ཧུ་རིགས་ཀྱང་ཧ་ཅིང་མང་པོ་དེར་བསྡད་ཡོད།
    གང་ལྟར་ཡང་ཨ་མདོ་འབྲུག་ཆུ་རྫོང་གི་བོད་རིགས་མི་དམང་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ།
    གསར་འགོད་པ་ལགས། གནས་ཚུལ་འདིའི་ཐད་ལ་ཁྱེད་ཀྱིས་འདི་ལྟར་བཀོད་ཡོད་ལ། ༼ད་དུང་མི་དྲུག་བརྒྱ་དང་ཉེར་བདུན་གར་སོང་མ་ཤེས་པར་ལྷག་ཡོད་ཅེས་གནས་ཚུལ་བཀོད་འདུག༽ འདི་ལ་བལྟས་ན་གནས་ཚུལ་འདི་བརྒྱུར་གཏོངས་བྱས་པ་ཤེས་ཐུབ། འོན་ཀྱང་གང་དུ་བཀོད་ཡོད་དང་། བདེན་དཔང་ཅི་འདྲ་ཡོད་མེད་སོགས་གསལ་པོ་འགོད་རོགས།

    Reply
  7. ནད་པ says:
    ལོ་ 16 སྔོན།

    མངོན་པར་དགའ་བའི་ཞིང་ཁམས་སུ། །རྫོགས་པའི་སངས་རྒྱས་མི་འཁྲུགས་བཞུགས། །ངན་སོང་སྦྱངས་བའི་འཁྲུངས་ས་ཡི། །ཞིང་མཆོག་དེ་ན་སྐྱེ་བར་ཤོག །

    གཡ་ལོ་བཀོད་པའི་ཞིང་ཁམས་སུ། །རྗེགབཙུན་འཕགས་མ་སྒྲོལ་མ་བཞུགས། །ཆགས་སྡང་སྤངས་པའི་འཁྲུངས་ས་ཡི། །ཞིང་མཆོག་དེ་ན་སྐྱེ་བར་ཤོག །

    ཤངས་མདོགས་དཔལ་གྱི་རི་བོ་ལ། །གུ་རུ་པདྨ་འབྱང་གནས་བཞུགས། །སྐྱེ་འཆི་སྤངས་པའི་འཁྲུངས་ས་ཡི། །ཞིང་མཆོག་དེ་ན་སྐྱེ་བར་ཤོག །

    པདྨ་འདམ་གྱིས་མའགོས་པར། །སྲིད་གསུམ་དྲི་མས་མ་འགོས་ཤིང་། །སྲིད་པའི་པདྨོ་ལས་སྒྲོལ་མ། །བདེ་བ་ཅན་དུ་སྐྱེ་བར་ཤོག །

    བདེ་བ་ཅན་གྱི་ཞིང་ཁམས་སུ། །སངས་རྒྱས་འོད་དཔག་མེད་པ་བཞུགས། །སྣང་བ་མཐའ་ཡས་འཁྲུངས་ས་ཡ། །ཞིང་མཆོག་དེ་ན་སྐྱེ་བར་ཤོག །

    རི་བོ་ཏྭ་ལའི་ཞིང་ཁམས་སུ། །ཡི་དམ་ཐུགས་རྗེ་ཆེན་པོ་བཞུགས། །སྙིང་རྗེ་ཅན་གྱི་འཁྲུངས་ས་ཡི། །ཞིང་མཆོག་དེ་ན་སྐྱེ་བར་ཤོག །ཨོཾ་མ་ཎི་དཝཔདྨེ་ཧུཾ།

    དགེ་བ་འདི་ཡིས་ཚེ་འདས་དག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ཅིག །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །

    Reply
  8. སེར་ཆེན་ says:
    ལོ་ 16 སྔོན།

    བོད་པ་ཚོའི་ལས་དབང་འདི་བཙོག་གི་ཡ།

    Reply
  9. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    མི་ཡུལ་དམྱལ་ཡུལ་རེད་ལ། བོད་པ་ལས་ངན་ཡང་རེད། མ་ཎྀ་རེད་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese