ཧྥི་ལི་ཕིན་གྱི་ཉེན་རྟོག་ཟུར་བ་ཞིག་གིས་གཟའ་ཟླ་བའི་ཉིན་ཡུལ་སྐོར་སྤྲོད་འཆམ་པའི་རླངས་འཁོར་ཞིག་བཙན་ཁྲིད་བྱས་མཐར། བཙན་ཁྲིད་བྱས་པའི་ཁྲོད་ཀྱི་མི་བརྒྱད་དང་བཙན་ཁྲིད་བྱེད་མཁན་བཅས་ཀྱི་ཚེ་སྲོག་ཤོར་པའི་གནས་ཚུལ་བྱུང་ཡོད།
ཧོང་ཀོང་ནས་ཡོང་བའི་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པའི་རླངས་འཁོར་ཞིག་གི་འགྲུལ་བཞུད་ཀྱི་ཉིན་མཐའ་མ་སྟེ། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པར་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལ་ཡི་ནང་སྐྱོད་བཞིན་པའི་སྐབས། གློ་བར་དུ་མི་ཞིག་རླངས་འཁོར་དུ་འཛུལ་ཏེ། རླངས་འཁོར་ཇོ་སེ་རའི་ཛལ་ཞེས་པའི་སྐྱེད་ཚལ་ལ་སླེབས་སྐབས། མི་དེས་ཁོ་རང་གི་ལས་གནས་སླར་གསོ་མ་བྱུང་བར་རླངས་འཁོར་ནང་གི་མི་ ༢༥ བཙན་ཁྲིད་བྱ་རྒྱུ་ཡིན་པར་བསྒྲགས།
མི་ ༢༥ ལས་གསུམ་ཧྥི་ལི་ཕིན་གྱི་མི་སེར་དང་གཞན་ ༢༢ སྤྲོ་འཆམ་པ་རེད། ཧྥི་ལི་ཕིན་གྱི་མི་གསུམ་ནི་ཁ་ལོ་བ་དང་། དཔར་བ། ལམ་ཁྲིད་པ་བཅས་ཡིན།
ཁོས་རླངས་འཁོར་གྱི་སྒོའི་སྟེང་ལ་ནོར་འཛོལ་བྱུང་པའི་ཐག་གཅོད་དེར་ནོར་བཅོས་བྱ་དགོས་ཞེས་པའི་སྦྱར་ཡིག་ཅིག་བཀལ་ཞིང་། དྲང་བདེན་མ་ཡིན་པའི་བྱས་ཉེས་ལ་ངེས་འཛིན་གསལ་བོས་མཐའ་མའི་ཐག་གཅོད་དྲིལ་བསྒྲགས་བྱ་དགོས་པར་བྲིས་ཡོད།
ས་གནས་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རླངས་འཁོར་བཙན་ཁྲིད་བྱེད་མཁན་གྱི་མི་དེ་ནི། ཧྥི་ལི་ཕིན་ནང་གི་ཆེས་ལེགས་པའི་ཉེན་རྟོག་དམག་མི་བཅུའི་ཁྲོད་ཀྱི་གཅིག་ཡིན་ལ། ཁོང་ཉེན་རྟོག་དམག་མིའི་མགོ་ཁྲིད་རྒན་རབས་པ་ཞིག་ཀྱང་ཡིན་ནའང་། ལོ་གཉིས་ཀྱི་གོང་དངུལ་བཙན་འཕྲོག་དང་ནག་ཚོང་གི་ཉེས་མིང་འོག ཁོ་ཉེན་རྟོག་པའི་ལས་གནས་ནས་ཕྱིར་འཕུད་བཏང་བའི་གནས་ཚུལ་བརྗོད་འདུག
དང་ཐོག་བཙན་ཁྲིད་པ་མེན་ཏོ་ཛ་ཡིས་ཧྥི་ལི་ཕིན་སྲིད་གཞུང་དང་གྲོས་མོལ་གྱིས་ཐག་གཅོད་བྱ་རྒྱུར་རེ་བ་བཅངས་ཏེ། ནང་ལོག་གི་འགྲིལ་བཞུད་པ་ཚོར་འཇིགས་སྐུལ་མ་བྱས་པ་མ་ཟད། ཁོང་ཚོར་དུས་ཐོག་ཟ་མ་སྤྲོད་དགོས་ལུགས་ཀྱང་བརྗོད་ལ། ཁོས་གསར་འགོད་པ་རླངས་འཁོར་དུ་ཡོང་བཅུག་སྟེ། བརྙན་འཕྲིན་བརྒྱུད་རང་ཉིད་ཀྱི་དགོས་འདུན་འགྲེལ་བརྗོད་བྱས་ཡོད།
དེ་ནས་བྱིས་པ་དང་གཅིན་སྙིའི་ནད་རིགས་ཡོད་པའི་མི་གཅིག་བཅས་ཁྱོན་མི་ ༩ རླངས་འཁོར་ནས་འགྲོ་རུ་བཅུག འོན་ཀྱང་དུས་ཡུན་གང་མཚམས་ཤིག་ནས་གནས་བབ་དེ་ཛ་དྲག་ཆེ་རུ་གྱུར་ཞིང་། རླངས་འཁོར་ལས་མེ་མདའི་སྐད་གྲགས་པ་དང་ཁ་ལོ་བ་སྒེའུ་ཁང་ནས་ཕྱིར་ཐར་ཙམ་གྱིས། མི་ཚང་མ་བསད་སོང་ཞེས་སྐད་བརྒྱབས།
སྐབས་དེར་དྲག་ཆས་ཉེན་རྟོག་པས་རླངས་འཁོར་གྱི་མཐའ་བསྐོར་ཞིང་། སྒེའུ་ཁང་བཅགས་ཏེ་མེ་མདའ་རྒྱག་མགོ་བརྩམས། ཡུན་ཙམ་ནས་མེ་མདའི་སྐད་སྒྲ་འཇགས་པ་དང་རྨས་མ་རྣམས་མྱུར་སྐྱོབ་རླངས་འཁོར་ལ་བཞག་སྟེ། སྨན་བཅོས་བྱེད་པར་ཁྲིད། བཙན་ཁྲིད་བྱེད་མཁན་དང་དེ་མིན་འགྲིལ་བཞུད་པ་མི་ ༨ སྐབས་དེའི་མེ་མདའ་རྒྱག་རེས་བྱས་པའི་ཁྲོད་ཚེ་སྲོག་ཤོར་ཡོད།
མེན་ཏོ་ཛ་ཡི་ཕུ་བོ་ཡང་ཉེན་རྟོག་དམག་མིའི་མགོ་འཛིན་ཞིག་ཡིན་ལ། ཁོས་བརྗོད་དོན། ཁོང་གིས་ཉེན་རྟོག་ལས་རིགས་ཐད་བྱ་བ་གང་ལེགས་བསྒྲུབས་ཡོད་རུང་སོ་སོས་མ་བསྒྲུབས་པའི་ཉེས་མིང་འོག ལས་གནས་ནས་ཕྱིར་འཕུད་བཏང་བ་དེར་འདོད་བློ་མ་ཁེངས་པས་རེད་ཅེས་ཟེར།
ཉིན་དེའི་དགོང་མོའི་གསར་འགྱུར་དུ་ཧྥི་ལི་ཕིན་གྱི་སྲིད་འཛིན་བྷེ་ནའེ་ནོ་ཡིས། སྐབས་འདིའི་བཙན་ཁྲིད་པས་མི་གཞན་ལ་གནོད་འཚེ་གཏོང་རྩིས་མེད་ཚུལ་དང་། གྲོས་མོལ་བ་ཚོས་ཀྱང་ཞི་འཇམ་ངང་གནད་དོན་ཐག་གཅོད་འབྱུང་ཐུབ་པར་བསམ་ཡོད། འོན་ཀྱང་སྟབས་མ་ལེགས་པར་གནས་བབ་ལ་འགྱུར་ལྡོག་ཕྱིན་པ་རེད། འགྱུར་ལྡོག་དེ་ཡི་རྒྱུ་རྐྱེན་ཅི་ཡིན་ལ་རྟོག་ཞིབ་ནན་མོ་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད།
གནས་ཚུལ་ཐོན་གསལ་ལྟར་ན། སྲོག་སྐྱོན་མ་བྱུང་པའི་ཁྲོད་ཀྱི་མི་གཉིས་དབྱིན་ཇིའི་མི་སེར་ཡིན་པར་བརྗོད་འདུག
ད་ཐེངས་གི་རླུང་འཁོར་བཙན་ཁྲིད་འདི་ཉེན་ཁ་ལས་བསྐྱབས་མ་ཐུབ་པའི་ཐད་ལ། འཇིགས་སྐུལ་རིང་ལུགས་པའི་བདེ་འཇགས་དཔྱད་ཞིབ་པ་ཅལ་སི་ཤའོ་སྦུརེ་ཇི་ལགས་ཀྱིས། གནད་དོན་བཅུའི་ཐད་ནས་ཧྥི་ལི་ཕིན་ཉེན་རྟོག་པར་སྐྱོན་བརྗོད་བྱས་ཡོད།
༡ ཉེན་ཁ་ལས་སྐྱོབ་རྒྱུར་གཡོ་ཇུས་རང་བཞིན་གྱི་བློ་ཐག་ཆོད་པོ་མེད་པ།
༢ སྐབས་བསྟུན་གྱི་མཁོ་ཆས་ཐད་གྲ་སྒྲིག་མེད་པ།
༣ བཙན་ཁྲིད་པའི་ལག་ཆ་འཕྲོག་ཐུབ་པའི་གོ་སྐབས་དམ་བཟུང་མ་བྱས་པ།
༤ བཙན་ཁྲིད་པར་མེ་མདའ་རྒྱག་པའི་གོ་སྐབས་ཡོད་ཀྱང་དམ་འཛིན་མ་བྱས་པ།
༥ བཙན་ཁྲིད་པའི་འདོད་འདུན་མ་བསྐངས་པ།
༦ བཙན་ཁྲིད་པ་བརྙན་འཕྲིན་ལས་འགོག་ཐབས་མ་བྱས་པ།
༧ ཉེན་རྟོག་མི་སྣས་བཙན་ཁྲིད་པར་ཐབས་བརྒྱ་ཇུས་སྟོང་གིས་སེམས་ལྷོད་ལ་འབབ་པར་མ་བརྩོན་པ།
༨ མང་ཚོགས་བདེ་འཇགས་ལ་ལྷོད་གཡེང་ཤོར་བ།
༩ གྲོས་མོལ་ཡོང་བར་བཙན་ཁྲིད་པའི་སྤུན་ཉེ་བེད་སྤྱོད་བྱས་པ།
༡༠ དྲག་སྤྱོད་པར་ཁ་གཏད་གཅོག་པའི་ཉེན་རྟོག་མི་སྣར་སྦྱོང་བརྡར་ཡག་པོ་མེད་པ། བཅས་རེད།
བཙན་ཁྲིད་པ་མེན་ཏོ་ཛ་ནི།
༡༩༨༡ ལོར་མ་ནི་ལ་ཉེན་རྟོག་དྲག་ཆས་དཔུང་ཁག་ལ་ཞུགས།
༢༠༠༥ ལོར་འགུལ་སྐྱོད་ཉེན་རྟོག་རུ་ཁག་གི་མགོ་དཔོན་དང་ཉེན་རྟོག་མགོ་ཁྲིད་རྒན་པར་གོ་གནས་སྤར།
༢༠༠༨ ལོར་དངུལ་བཙན་འཕྲོག་དང་ནག་ཚོང་གི་ཉེས་མིང་ཕོག
༢༠༡༠ ལོའིཟླ་ ༡ པོའི་ནང་ཉེན་རྟོག་པའི་ལས་གནས་ནས་ཕྱིར་འཕུད་བཏང་།
གསར་འགོད་པ། བནྟེ་སྐྱབས།
ཡག་པོ་མིན་འདུགས།།
གཙན་ཁྲིད་པ་དང་འཇིགས་སྐུལ་རང་ལུགས་པ་ཇེ་མང་རེད། འདི་ནི་འཛམ་གླིང་ལ་བདེ་སྐྱིད་མེད་པ་བཟོ་བའི་རྐྱེན་རྩ་གཅིག་རེད་ལ་མི་ཚང་མས་རང་ཉིད་ནས་འགོ་རྩོམ་སྟེ་ཞི་བདེ་ལ་འབད་པ་གལ་ཆེ། མཚོན་ཆ་བཟོ་སྐྲུན་ཐད་ལ་ཡང་མི་མང་གིས་ངོ་རྒོར་བྱེད་དགོས་ངེས་རེད།
ཀློག་པ་པོ་འདྲེ་རིག་ལྡན་དང་ཟླ་བ་ལྷ་མོ་ཟུང་ལ། བསམ་པ་རྣམ་དག་གིས་ཕན་ཚུན་ལ་བྲིས་པའི་མཆན་དེ་དག་ལ་ཐུགས་རྗེ་ཆེ་ཞུ། ཕྲན་གྱིས་གོང་གི་གསར་འགྱུར་སྐོར་གྱི་རྩོམ་ཡིག་དེ་འབྲི་སྐབས། རྒྱུ་རྐྱེན་ཞིག་གི་དབང་གིས། ཐད་ཀར་བྲིས་ཤིང་བསྐྱར་བཅོས་ཞུ་དག་བྱ་བའི་ཁོམ་ལོང་མ་བྱུང་པས། དོན་དེར་བསམ་གཞིག་ཡོད་པ་ཞུ།
དུས་བབ་ཚང་ལ་གསར་འགོད་པ་སོ་སོས་བྲིས་ཟིན་པའི་རྩོམ་ཡིག་དག་དྲ་ཐོག་དང་ཚགས་ཤོག་ཏུ་མ་བཀོད་གོང་། རྩོམ་སྒྲིག་པའམ་ཁོང་གི་ལས་རོགས་ལ་སྤྱན་འབུལ་བྱེད་པའི་ལུགས་སྲོལ་མེད་པ་མ་ཡིན་མོད། སྐབས་དེར་དུས་ཚོད་ཀྱི་རྐྱེན་པས་སོ་སོ་ལའང་བསྐྱར་བཅོས་ཙམ་བྱ་ཁོམ་མ་བྱུང་བས་སོ། །
འདྲེ་རིག་ལྡན་ལགས་ཁྱེད་རང་གིས་བྲིས་པའི་མཆན་བུ་ལའང་ཡིག་ནོར་འདུག།
མངོན་གསལ་དོད་པའི——-མངོན་གསལ་དོད་པོའི
འཕངས་སེམས་སྐྱེ་གིན་འདུག——ཕངས་སེམས་སྐྱེ་གིན་འདུག
གཞན་གྱི་འདེང་འཇོག——-གཞན་གྱིས་གདེང་འཇོག།
ཉེན་རྟོག་ཟུར་བ་——-(ཉེན་རྟོག་པ་ཟུར་བ)
ཉིན་མཐམ་མ་ ——-(ཉིན་མཐའ་མ)
བློ་བར་དུ་མི་ཞིག་ ——-(གློ་བུར་ཏུ་མི་ཞིག་)
ངེས་འཛིན་གསལ་བོས་——-(ངོས་འཛིན་གསལ་བོས་)
ས་གནས་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ——-(ས་གནས་གསར་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། )
མགོ་ཁྲིད་——-(འགོ་ཁྲིད་)
སྒེའུ་ཁང་ནས་ ——-(སྒེའུ་ཁུང་ལས་)
ཡུན་ཙམ་ནས་——-(ཡུད་ཙམ་དང་ཡུན་ཙམ་གཉིས་བར་ལ་ཁྱད་པར་ཆེ)
གང་ལེགས་བསྒྲིབས་——-(གང་ལེགས་བསྒྲུབས་)
སོ་སོས་མ་བསྒྲིབས་པའི་ཉེས་མིང་འོག ་——-(འདི་ལ་གོ་བ་གང་ཡོད་ཤེས་མ་སོང་)
རླུང་འཁོར་བཙན་ཁྲིད་ ——-(རླངས་འཁོར་བཙན་ཁྲིད་)
མགོ་ཁྲིད་ ——-(འགོ་ཁྲིད་)
གསར་འགྱུར་འདི་ཀློག་གིན་ཀློག་གིན་སེམས་ལ་དངངས་འཚབ་ཅིག་སྐྱེས་བྱུང་བས། གོང་གི་མངོན་གསལ་དོད་པའི་
ཡིག་ནོར་ཁག་ཅིག་འདིར་བཀོད་པ་ཡིན། ང་རང་སྟེང་ནས་མཆན་བུ་འདི་དྲ་ངོས་སུ་གཏོང་དགོས་པའི་རེ་བ་བྱེད་ཀྱིན་མེད།
གང་ལྟར། ཡིག་ནོར་དང་དག་སྡེབ་འདིའི་རིགས་ལ་དོ་སྣང་བྱེད་དགོས་ཀྱིན་འདུག མཚམས་རེར་བོད་ཀྱི་དུས་བབ་འདི་
ལྟའི་སྐྱ་ཆད་སྔོ་སྡུག་གི་གནས་བབ་ཅིག་ཏུ་ལྷུང་འགྲོ་ས་རེད་སྙམ་པའི་འཕངས་སེམས་སྐྱེ་གིན་འདུག གསར་འགོད་པ་ཚོས་
རང་གིས་གང་བྲིས་པའི་གསར་འགྱུར་དེ་བཞིན་རྩོམ་སྒྲིག་པ་དང་རྩོམ་སྒྲིག་པ་གཞོན་པ་བཅས་ལ་བསྟན་ནས་དག་མཆན་ཐོབ་རྗེས་
གཞི་ནས་དྲ་ངོས་སུ་འགོད་རྒྱུའི་ལུགས་སྲོལ་ཞིག་ཡོད་ན་ལེགས་པར་སྙམ། དེ་མིན། ཚགས་ཤོག་དང་དྲ་ངོས་གཉིས་ལས་དྲ་ངོས་
འདི་ཁྱབ་ཆེ་བས། ཚགས་ཤོག་གིས་དྲ་ངོས་ནས་ཤོར་བའི་གཞན་གྱི་འདེང་འཇོག་དེ་ཚབ་ཐུབ་རྒྱུ་མ་རེད།
ལྷག་བསམ་རྣམ་པར་དག་པོས་་་་་་ འདྲེ་རིག་ལྡན་གྱིས།
གཙན་ཁྲིད་པ་དང་འཇིགས་སྐུལ་རང་ལུགས་པ་ཇེ་མང་རེད། འདི་ནི་འཛམ་གླིང་ལ་བདེ་སྐྱིད་མེད་པ་བཟོ་བའི་རྐྱེན་རྩ་གཅིག་རེད་ལ་མི་ཚང་མས་རང་ཉིད་ནས་འགོ་རྩོམ་སྟེ་ཞི་བདེ་ལ་འབད་པ་གལ་ཆེ། མཚོན་ཆ་བཟོ་སྐྲུན་ཐད་ལ་ཡང་མི་མང་གིས་ངོ་རྒོར་བྱེད་དགོས་ངེས་རེད།