མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསླབ་པ་མཐར་སོན་མཛད་སྒོ

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ སྟེང་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རར་༼ ཐེངས་ ༡༥ བའི་དབུ་ཕར་གཞུང་ལུགས་ལ་བསླབ་པ་མཐར་སོན་གྱི་རབ་འབྱམས་པའི་ཕྱག་འཁྱེར་སྤྲོད་པའི་མཛོད་སྒོ ༽ ཞུ་བ་དེ་ཚོགས་ཡོད་ལ། དེ་དང་བསྟུན་ཏེ་ཐེངས་འདིའི་བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོངས་ལ་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་གཙོས་པའི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོངས་དང་། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་དབུས་པའི་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དང་མཁན་ཟུར་རྣམ་པ། དེ་བཞིན་སེར་བྱེས་འབྲིང་རིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་དང་གྲྭ་ཚང་གི་དགེ་འདུན་པ་རྣམས་བཅས་ཕེབས་འདུག  

 

སྐབས་དེར་སེར་བྱེས་མཁན་རིན་པོ་ཆེ་མཆོག་གིས་སྐུ་མགྲོན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་གཅིག་མཛད་སྒོ་ངོ་སྤྲོད་གནང་སོང་ལ། དེའི་རྗེས་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་སེར་བྱེས་གྲྭ་ཚང་གི་དབུ་མ་དང་ཕར་ཕྱིན་རབ་འབྱམས་པའི་བསླབ་པ་མཐར་སོན་པ་དག་ལ་ཕྱག་འཁྱེར་དང་། རྒྱུགས་འབྲས་ཀྱི་ཨང་རིམ་ལྟར་བྱ་དགའི་གསོལ་རས་བསྩལ་ཡོད། དེའི་རྗེས་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་གིས་སེར་བྱེས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་རྩེ་ཕུལ་ཁག་ཅིག་ལ་བྱ་དགའི་གསོལ་རས་དང་། སློབ་གྲྭའི་སྟངས་འཛིན་འོག་གི་རྒྱ་ཡིག་དང་དབྱིན་ཡིག་སྐད་སྒྱུར་སྡེ་ཚན་གྱི་སློབ་ཕྲུག་རྩེ་ཕུལ་ཁག་ཅིག་ལ་བྱ་དགའ་དང་སྤྲད་སོང་།

ཆོས་རིག་བཀའ་བློན་མཆོག་གིས་དོ་ནུབ་ཀྱི་མཛད་སྒོ་སྟེང་བྱ་དགའ་དང་ཕྱག་འཁྱེར་བཞེས་མཁན་དག་ལ་བསྔགས་བརྗོད་དང་འབྲེལ། གྲྭ་ཚང་གི་སློབ་གཉེར་བ་རྣམས་ཀྱིས་མུ་མཐུད་ཤུགས་སྣོན་གྱིས་བསླབ་པ་སློབ་གཉེར་མཐར་སོན་པ་གནང་དགོས་པའི་འབོད་སྐུལ་གྱི་བཀའ་སློབ་གནང་སོང་། མཇུག་ཏུ་སེར་བྱེས་གྲྭ་ཚང་གི་དགེ་བསྐོས་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུངས་བཤད་དང་སྦྲགས་ཏེ། སེར་བྱེས་གྲྭ་ཚང་གིས་དུས་དང་ནམ་པ་ཀུན་དུ་༧གོང་ས་མཆོག་གི་བཀའ་དགོངས་ཅི་སྒྲུབ་དང་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་ཀྱིན་ཡོད་སྐོར་དང་། མ་འོངས་པར་ཡང་དམ་ཚིག་གཙང་མའི་ཐོག་ནས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་སྲིད་བྱུས་གང་ཞིག་ཐག་གཅོད་གནང་ཡང་། རྒྱག་གཅིག་མཆོངས་གཅིག་གིས་ཤར་སྐྱོད་བྱ་རྒྱུར་ཆོད་སེམས་དང་ཁས་ལེན་གཙང་མ་ཡོད་ཚུལ་རྒྱབ་ཁྱབ་ཏུ་གསུངས་སོང་། མཛད་སྒོ་ཡོངས་སུ་གྲུབ་རྗེས་གྲྭ་ཚང་གིས་མགྲོན་འབོད་གནང་བ་ལྟར། ཚོགས་བཅར་བ་ཡོངས་ལ་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུས་སོང་།

༼དོན་འགྲུབ་བཀྲ་ཤིས་ཀྱིས་སེ་ར་ཐེག་ཆེན་གླིང་ནས་སྤེལ༽

འབྲེལ་ཡོད་གསར་འགྱུར།

Mobile App

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

༢༠༢༥/༠༨/༢༢
སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

༢༠༢༥/༠༨/༢༢
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་ལགས་ཀློད་གྲོལ་བཏང་འདུག

༢༠༢༥/༠༨/༢༢
སྦེན་ཀོག་གི་འགྲེམས་སྟོན་དེ་ནི་ཨི་རན་དང་། རྒྱ་ནག ཨུ་རུ་སུ་བཅས་ནས་བཙན་བྱོལ་དུ་གྱར་བའི་སྒྱུ་རྩལ་བས་སྤེལ་བའི་དབང་འཛིན་རིང་ལུགས་ཀྱི་སྲིད་གཞུང་དང་སྲིད་གཞུང་དེ་དག་གིས་སྤེལ་བའི་གཉའ་གནོན་གྱི་སྐོར་རེད།
Mobile App

བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་སྒྱུ་རྩལ་བའི་འགྲེམས་སྟོན་དང་། རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་གཉའ་གནོན།

༢༠༢༥/༠༨/༢༢
Front Slider

བཙན་བྱོལ་བོད་མིའི་རུབ་སྡོད་གཞིས་ཁང་གསར་རྒྱག

༢༠༢༥/༠༨/༢༡
Photo: Institute for Security & Development Policy
Mobile App

རྒྱ་ནག་གིས་བོད་ནང་དམག་དོན་རྒྱ་སྐྱེད་བཏང་བ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད།

༢༠༢༥/༠༨/༢༡

མཆན། 17

  1. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    གྲོགས་མཆོག་ཁ་བ་ནག་པོ་ཁྱེད་ངོ་མ་མིང་དོན་མཚུངས་འདུག་ད་དུང་མིང་གསར་པ་ཞག་བཞག་ན་རྒྱ་མི་ནག་པོ་ལབ་མཆོག།

    གང་ལྟར་ཡང་སེར་བྱེས་དགེ་བསྐོས་ལགས་ཀྱི་༼རྒྱག་གཅིག་མཆོངས་གཅིག་གིས་ཤར་སྐྱོད་བྱ་རྒྱུར་ཆོད་སེམས་དང་ཁས་ལེན་གཙང་མ་ཡོད་ཚུལ༽གསུངས་པ་དེས་ཁྱེད་ལ་རྨ་ཁ་ཞིག་བྱིན་ཡོད་བཟོ་འདུག་དེ་ནི་རང་ཉིད་ལྐུགས་པ་ཀླད་མེད་བྱབ་ཆུང་བསམ་དྲན་གང་ཡང་མེད་པས་ལན་པ་ལས། དེ་མིན་ཁོང་ལ་རྨ་འབེབས་འདི་འདྲ་ཞིག་འབྲི་དགོས་པའི་རྒྱུ་མཚན་མིན་འདུག། མ་གཞི་སེརབྱེས་དགེ་བསྐོས་འདི་སེར་བྱེས་དགེ་འདུན་བཞི་སྟོང་ལྔ་སྟོང་ཉེ་བས་མ་གྲོས་བསམ་པ་གཅིག་མཐུན་ལས་གྲུབ་པའི་ཤེས་འཇོན་གྱི་གཤོག་པ་ཟུང་ལྡན་ཞིག་ཏུ་གཏན་འབེསབ་ཀྱི་དགེ་བསྐོས་སུ་བསྐོས་པ་ལས་སྲིད་དབང་གཅིག་སྡུད་ཀྱི་གཞུང་འཛིན་མི་སྣར་བསྐོ་བཞག་ྦབྱས་ཡོད་ཀྱི་མ་རེད། དེའི་ཕྱིར་ཁྱེད་ནས་དགེ་བསྐོས་ལགས་མཚན་སྨྲོས་པ་ཙམ་ལས་དོན་དུ་དགེ་འདུན་འདུས་པའི་སྡེར་ཁྱས་གསོད་བྱས་པ་རང་།

    Reply
  2. གངས་མྱུག says:
    ལོ་ 15 སྔོན།

    དགོས་སྐུལ་ལགས་ཀྱིས་དངོས་གནས་རྒྱུ་མཚན་ལྡན་པ་ཞིག་གསུངས་འདུག ཡི་རངས་དང་རྒྲབ་སྐྱོར་ཡོད།

    Reply
  3. མེ་རི says:
    ལོ་ 15 སྔོན།

    སྤྱིར་དགེ་བརྐོས་ལགས་གཞུང་གི་ལངས་ཕྱོགས་འཛིན་པའི་ལས་བྱེད་མི་སྣ་ཞིག་གི་ངོས་ཐད་ནས་སྐད་ཆ་དེ་འདྲ་བཤད་དགོས་ཀྱི་རེད་བསམ་གི རང་བཙན་ལྟ་གྲུབ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་མེད་མཁན་ཞིག་ཡིན་མིན་དོགས་པ་ཡོད།གལ་ཏེ་རང་བཙན་ལ་མཐའ་གཅིག་ཏུ་རྒོལ་བ་ཡིན་ན་ཁ་ནས་དམངས་གགཙོ་བཤད་པ་ལས་དོན་གྱི་གམངས་གཙོའི་གོ་རྟོགས་ཞན་པའི་རྟགས་རེད།

    Reply
  4. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    དུས་བབ་དྲ་བདག་ལགས་ངའི་བསམ་ཚུལ་འདིར་མི་བཀོད་དོན་ཅི་ཡིན་ནམ།
    ལན་ཞིག་ཡོད་པ་ཞུ།

    Reply
  5. གཡུ་མེ་སྟག says:
    ལོ་ 15 སྔོན།

    སེར་བྱེས་དགེ་བསྒོས་ཁོ་རང་ཕ་ཡུལ་ལ་དྭགས་ཀྱི་རེད། ཁོ་རང་སྤྱིར་དམངས་གཙོ་དང་རང་དབང་གི་ལྟ་བ་དེ་ཚོ་ལ་མཉམ་མྱོང་དང་མོས་བ་ཡོད་མཁན་ཞིག་རེད།འོན་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལ་གཏན་ནས་མི་དགའ་མཁན་ཞིག་རེད། རྐུབས་བཙུག་ས་མེད་ལ་རྐུབས་གང་ལ་བཙུག་དགོས་རེད་ལབ་ནས་རང་བཙན་གྱི་དཔེ་ལ་དེ་འདྲ་སྦྱོར་མཁན་ཞིག་རེད། རང་བཙན་ཐོབ་རྒྱུ་མེད་ལ་ཐོབ་ཕྱིར་དུ་འབད་ན་ལྐུག་པ་རེད་ལབ་མཁན་ཞིག་རེད། ཁོས་བཤད་པ་ལ་རེ་བ་གཏན་ནས་མ་འཇོག ཁོ་རང་ཉིད་རྐུབ་བཙུག་རག་ཟིན་མཁན་ཞིག་རེད། ང་ཚོ་དེ་ལྟར་མ་ཡིན་པ་གཞི་ལུས་རྒྱ་ཆེའི་མི་དམངས་ཀྱི་རེད་བ་ཟབ་མོ་གཏོང་ཟད་དུ་མི་གཏོང་པར་མཁྱེན།

    Reply
  6. གཡུ་མེ་སྟག says:
    ལོ་ 15 སྔོན།

    བདག་གིས་འདིའི་སྟེང་ལ་སྐད་ཆ་བསྐྱར་དུ་དྲང་བདེན་དངོས་མཐོང་ངང་ནས་བཤད་འདོད་བྱུང་སོང་།དགེ་བསྒོས་ལགས་ཀྱི་གྲྭ་ཚང་འདི་བརྒྱ་ཆ་བརྒྱ་དབུ་མའི་ལམ་ལ་མཐའ་གཅིག་ཏུ་ཤར་བསྐྱོད་བྱེད་མཁན་ཡིན་མ་འོངས་བ་ན་ཡང་ཤར་བསྐྱོད་བྱེད་ཀྱི་ཡིན་ལབ་པ་དེ་སྒེར་གྱི་དབང་ཚད་ཁོ་ན་བཤད་པ་ཞིག་མ་གཏོགས་ཚོགས་པ་འདིའི་ནང་དུ་རང་བཙན་དང་རང་ཐག་རང་གཅོད་ཀྱི་ལྟ་བ་ཁུར་མཁན་གང་མང་མང་ཡོད་པ་ཀུན་གྱི་མཁྱེན་གསལ་རེད། ང་རང་ཉིད་དགེ་བསྒོས་ཁོ་རང་གི་ལྟ་འོ་ཙམ་ཤེས་ཀྱི་ཡོད།བདག་གིས་དེ་རིང་འགྲེལ་བཤད་ཅིག་རྒྱག་བསམ་སོང་།

    Reply
  7. མདུང་རྩེ། says:
    ལོ་ 15 སྔོན།

    སེར་བྱེས་གྲྭ་ཚང་འདི་སྔོན་ཐོན་ཅན་ཞིག་ཡིན་པ་ངས་སྔ་མོ་གོ་མྱོང་། དེ་ཡིན་ན་དངོས་གནས་རེད་འདུག རབ་འབྱམས་པའི་ཕྱག་ཁྱེར་སྤྲོད་སར་དབུ་མའི་ལམ་ལ་ཤར་བསྐྱོད་ཡིན་སྐོར་གསུངས་པ་དེ་འབྲེལ་མེད་མིན་པར་མ་ཟད། སྐབས་དང་དུས་ལ་འཚམས་པའི་སྐད་ཆ་རེད། དེ་རིང་བོད་གཞུང་གི་མཛད་གཙོ་རྣམ་པ་དང་། ཤེས་ཡོན་ཅན། ས་གནས་མང་པོ་ནས་ཕེབས་པའི་ཆབ་སྲིད་པ་ལྷན་འཛོམས་ཐོག་དགོན་པ་གྲྭ་ཚང་གི་སྡུག་དཀའ་ལས་བརྒྱབས་པའི་གྲུབ་འབྲས་དང་། མ་འོངས་པའི་དམིགས་ཡུལ་དང་ཕུགས་བསམ་སོགས་གསལ་སྟོན་བྱེད་རྒྱུ་གལ་ཆེའི་ནང་གི་དོན་ཆེ་རེད།
    དགེ་སྐོས་ཀྱིས་དབུ་མའི་ལམ་དུ་རྒྱག་གཅིག་འཆོངས་ཡིན་ཚུལ་གསུངས་པ་དེ་ཡང་བོད་མི་ཡོངས་རྫོགས་སྒྲིལ་ཡོང་བའི་རེ་འདུན་དང་། གྲྭ་ཚང་གི་ལངས་ཕྱོགས་གཙོར་འདོན་བྱས་པ་རེད།
    དགེ་སྐོས་ནི་དགེ་འདུན་དམངས་ཀྱི་སྐུ་ཚབ་དང་། དམངས་ཀྱི་ཕུགས་བསམ་འདི་ལྟར་ཡོད་པའི་ལན་བསྐྱལ་བ་རེད། འདུས་མང་ནས་རང་ཐག་རང་གཅོད་ཀྱིས་དབུ་མའི་ལམ་དུ་ཤར་བསྐྱོད་བྱས་པ་ལས་གཅིག་བསྡུས་ལམ་ལུགས་དང་། མགོ་འཐོམས་རྨོངས་རྒྱུགས་བྱས་པ་རྩ་བ་ནས་མ་རེད་འདོད། གྲྭ་ཚང་འདིའི་དགེ་འདུན་པ་རྣམས་གཞན་དང་མི་འདྲ་བའི་ཆོས་སྲིད་གཉིས་ཀར་བག་ཆགས་ཆེན་པོ་འཇོག་མཁན་ཞིག་རེད་ལ། ༧གོང་ས་མཆོག་གི་བཀའ་གསུང་སྤྱི་བོར་བཀུར་མཁན་ཤ་སྟག་རེད། དེ་ལ་མི་དགའ་བ་དང་མགོ་འཁོར་མདོག་མ་བྱས་ན་བཟང་གི

    Reply
  8. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    ཨརྱ་དང་ཁ་བ་ནག་པོ་གཉིག་ངོ་མ་སྙིང་རྗེ་བའི་གནས་ཞིག་རེེད་ སླར་ཡང་འཁོར་བ་སྐལ་པའི་བར་དུ་
    འཁོར་བ་ཐེ་ཚོམ་མི་འདུག་ རྗེས་སུ་ཡི་རང་ལས་ལྡོག་ཏེ་མི་བཟོད་པ་བྱེད་པ་འདི་ངོ་མཚར་ཆེན་པོ་རེད།
    ཁ་བ་ནག་པོ་དམངས་གཙོ་གཞུང་ཚད་ལྡན་ཞིག་ཡིན་ན་མི་མང་གི་གཞུང་མགོ་རྟིང་སློག་དགོས་རེད་གསུང་པ་གསུངས་པ་དེ་ཁྱེད་རང་ཀླ་ཀློ་ཞིག་པ་ཁྲོམས་བསྒྲག་བྱས་འདུག་མི་མང་གི་གཞུང་ལ་ཡིད་ཆས་དང་གཞུག་གི་རྐྱང་མི་མང་མངོན་འདོད་སྒྲུབ་དགོས་ཀྱི་རེད་མ་གཏོགས་ཚ་གྲང་ལྟ་བུ་འགལ་བ་བྱས་ནས་སྡོད་པ་དམངས་གཙོ་ཚད་ལྡན་རེད་གསུངས་པ་སྨྱོན་པ་རེད ཨརྱ་ལགས་ འདྲེ་ཤར་སྒོ་བཞག་ནི་སླུད་ནུབ་སྒོ་བཏང་ཞེས་
    པའི་དཔེ་ལྟར་སེར་བྱེས་ཚང་གི་བོད་ཀྱི་དབུ་འཕྲིད་རྣམས་པའི་མདུན་དུ་དབུ་ཕར་རབ་འབྱམས་པའི་ཕྱག་སྤྲོད་ཡོད་གསུངས་འདུག་པ་ལས་ འདི་སེར་བྱེས་ཚང་གི་འཇོན་པ་རེད་གཞན་ལ་འདི་ལྟར་ཡོད་མ་
    རེད་གང་ཡང་གསུང་མི་འདུག་པའི ཁྱེད་ཀྱི་འདི་ལྟར་བརྗོད་པ་སྙིང་གི་ན་ཟུག་དྲག་པོ་ཞིག་བླང་
    ནས་མ་བཟོད་པ་ཡིན་པ་འདྲ

    Reply
  9. བསྟན་འཇམ says:
    ལོ་ 15 སྔོན།

    ཨ་ཁུ་ཁ་བ་ནག་པོ་འཚམས་འདྲི་ཁ་བདེ་དང་སྤྲགས་གསལ་བཤད་ཐུང་ངུ་ཞིག་མ་བྱས་ན་ཨ་ཁུ་ཁ་བ་ནག་པོའི་དབུ་ཅུང་འཐོམས་འདུག

    བཙན་བྱོལ་གཞུང་གི་སྲིད་བྱུས་དང་༧་གོང་ས་མཆོག་གི་ཆབ་སྲིད་ལྟ་གྲུབ་འདིའི་ཐད་ལ་རྒྱག་གཅིག་མཆོངས་གཅིག་ཡིན་ཟེར་བ་དེ་མང་གཙོའི་གོ་རྟོག་ཞན་པ་དང་དད་རྨོངས་ཁོ་ནའི་གཡབ་རྒྱུགས་བྱས་པ་དེ་འདྲ་མ་རེད། རྒྱལ་སྤྱིའི་གནས་བབ་དང་ད་ལྟའི་བོད་ཀྱི་གནས་ཚུལ་ལ་གཞིག་ནས་གྲྭ་བ་མི་རེ་ངོ་རེ་ནས་འོས་བླུགས་འོས་ས་བླུགས། བློ་འདྲི་ས་བློ་འདྲིས། མཐའ་དོན་རང་ཐག་རང་གཅོད་ཀྱིས་ཆབ་སྲིད་ཀྱི་ལྟ་གྲུབ་འདི་སྤྱི་མོས་ལས་སྲིད་བྱུས་བཟུང་བ་ལས ། དགེ་བསྐོས་རེ་ཟུང་གིས་དབྱིག་པས་ལེབ་བརྡུང་བྱས་ནས་སྒེར་གཅོད་བྱས་པ་ཞིག་གཏན་མ་རེད། ཡང་གཅིག་བཤད་ན། གཞུང་ལ་ཁ་གཏད་དུ་ལངས་མཁན་མི་མང་པོ་ཡོད་པའི་གཞུང་དེ་མང་གཙོ་ཡང་དག་པའི་གཞུང་ལ་ངོས་འཛིན་བྱེད་ཀི་ཡོད་ན། བྱང་ཀོ་རི་ཡ་དང་འབར་མ་གཞུང་ནི་མང་གཙོ་ཡང་དག་པའི་ངོས་འཛིན་བྱས་ན་ཅིས་མི་ཆོག །

    Reply
  10. ཨརྱ། says:
    ལོ་ 15 སྔོན།

    ངོ་མ་བྱ་བ་འདི་འདྲ་རེ་མཐོང་དུས། ངས་གྲོགས་པོ་ཞིག་གིས་དེང་རབས་གདན་ས་འཛམ་གླིང་མཛེས་མ་འདྲ་ཞེས་བརྗོད་པ་དེ་དྲན་ཡོང་། དེང་གི་གདན་ས་གང་ཡིན་ཡང་དབུ་ཕར་གྱི་ལག་ཁྱེར་ལོ་ལྟར་སྤྲོད་བཞིན་པ་ཞིག་ལས་ད་ཐེངས་སེར་བྱེས་ཀྱིས་འཇོན་སོང་བ་གང་ཡང་མ་ཡིན་པས་འདི་ནི་ཁྱབ་བསྒྲག་ལ་དགའ་བ་ཙམ་རེད། དེ་ལས་ཀྱང་མི་ཁོམ་པའི་བར་ལ་གསོ་སྦྱོང་ཟེར་བ་རང་རེད།

    Reply
  11. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    “བོད་གཞུང་གིས་སྲིད་བྱུས་གང་ཞིག་ཐག་གཅོད་གནང་ཡང་། རྒྱག་གཅིག་མཆོངས་གཅིག་གིས་ཤར་སྐྱོད་བྱ་རྒྱུར་ཆོད་སེམས་དང་ཁས་ལེན་གཙང་མ་ཡོད་ཚུལ”
    འདི་ལྟ་བུའི་དམངས་གཙོའི་འགྲོ་ལུགས་ཤིག་འུ་ཚང་ལ་མ་གཏོགས་ཨེ་ཡོད། གཞུང་གིས་ཐག་ཅི་བཅད་ལ་མང་ཚོགས་ཤར་རྒྱག་རྒྱུག་དགོས་ན་གཞུང་གིས་མི་མང་ཚང་་མ་ཆུ་ནང་ལ་མཆོངས་ཞེས་ལབ་ན་ཡང་རྒྱག་གཅིག་མཆོང་གཅིག་བྱེད་དགོས་སམ། རྟག་པར་ཚིག་འདི་འདྲ་བེད་སྤྱོད་བྱས་པས་རྒྱ་ནག་གཞུང་གིས་རྡ་རམ་ས་ལའི་དམངས་གཙོ་དེ་དམངས་གཙོ་ཚད་ལྡན་ཞིག་མ་རེད་ཅེས་སྙོན་འཛུག་བྱེད་དགོས་ཆགས་པ་རེད། དམངས་གཙོ་ཚད་ལྡན་གྱི་གཞུང་ཞིག་ཡིན་ན་གཞུང་གིས་གང་བཤད་ལ་མི་དམངས་རྒྱག་གཅིག་མཆོང་གཅིག་བྱེད་རྒྱུ་ལས་ལྡོག་སྟེ། མི་མང་གིས་གང་བཤད་ལ་གཞུང་དེ་རྒྱག་གཅིག་མཆོང་གཅིག་བྱེད་དགོས་ཏེ། གཞུང་དེ་མི་དམངས་ཀྱི་སྲིད་གཞུང་ཡིན་པའི་ཕྱིར་རོ།། སྲིད་དབང་གཅིག་སྡུད་ཀྱི་སྲིད་གཞུང་རྒྱ་ནག་དང་བྱང་ཀོ་རི་ཡའི་ནང་དུ་གཞུང་གིས་གང་བཤད་ལ་མི་དམངས་རྒྱག་གཅིག་མཆོང་གཅིག་མ་བྱས་ན་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ཉེས་པ་འགེལ་གྱི་ཡོད་པ་རེད། དེ་བས་གོང་གི་ཚིག་འདིའི་བསྟན་བྱ་ངོ་མ་དེ་གང་ཡིན་ལ་མ་ལྟོས་པར་ཚིག་ཅི་བཞིན་དུ་གོ་བ་བླངས་ན་ངོ་མ་སེམས་སྐྱོ་དགོས་པའི་སྲིད་དབང་གཅིག་སྡུད་ཀྱི་གཞུང་འཛིན་མི་སྣས་བེད་སྤྱོད་གཏོང་བའི་ཚིག་ཅིག་རེད། མ་རེད་དམ། གཞུང་གིས་གང་བཤད་ལ་རྒྱག་གཅིག་མཆོང་གཅིག གཞུང་གིས་གང་བཤད་ལ་རྒྱག་གཅིག་མཆོང་གཅིག གཞུང་གིས་གང་བཤད་ལ་རྒྱག་གཅིག་མཆོང་གཅིག

    Reply
  12. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    བློ་ཐུབ་ལགས
    ངོ་མ་ང་ཕྱོགས་ཞན་གྱི་དབང་དུ་སོང་བ་ཡིན་པར་སྨོན།
    འོན་ཀྱང་གྲྭ་ཇ་མང་ཇ་ཙམ་གྱི་གྲྭ་ཚང་ངམ་གྲྭ་བ་དག་གིའི་རང་དབང་ཕྲོགས་པའམ་དབུ་སྐོར་བཏང་བ་དང་གཏོང་བཞིན་པ་སོགས་ཁ་ཕྱོགས་གང་ལ་འཐེན་འཐེན་ཡིན་གསུངས་པ་དེ་གྲྭ་ཚང་ངམ་གྲྭ་བ་ཚོ་ལ་དམའ་འབེབས་བཏང་པ་རེད།
    གང་ལྟར་ངའི་བཤད་རྒྱུར་དུས་རབ་འདི་གྲྭ་ཚང་དང་གྲྭ་བ་ཚོ་ཁྱེད་ཀྱི་བསམ་པ་ལྟར་གྱི་གླན་པ་དང་རྨོངས་པ་ལས་མ་གྲོལ་བ་ཞིག་གཏད་ནས་མིན
    ང་གཅིག་བཤད་ན་ཁྱེད་ཀྱི་ཡིད་དབང་འཕྲོགས་ལུགས་དང་ངའི་འབྲེལ་མེད་བཤད་ཚུལ་གཉིས་རྒྱུ་གཅིག་ཡིན་ཚོད་རེད

    Reply
  13. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    སྤྲོ་ཚིགས་དགེ་འདུན་ལགས་རབ་འབྱམས་པའི་ཕྱག་འཁྱེར་སྤྲོད་པའི་སྐབས་
    དབུ་མའི་ལམ་ལ་ཤར་སྐྱོད་བྱེད་རྒྱུ་གསུངས་བཤད་གནང་བར་འབྲེལ་བ་མི་
    འདུག་གསུངས་པ་དེ་ཕྱོགས་ལྷུང་གི་སྤྱན་སྒྲིབ་ནི་མ་མཐོང་བ་ཡིན་གྱི་རེད་
    བོད་ཀྱི་ཆབ་སྲིད་པ་ཚང་མའི་མདུན་དུ་དགོན་པ་གྲྭ་ཚང་རྣམས་ཆབ་སྲིད་
    ལ་དོ་སྣང་མེད་པ་དང་མགོ་རྨོངས་ནི་སྡོད་མེད་པའི་གསལ་བཤད་བྱེད་ཡོད་རེད་ མི་མང་པོའི་བསམ་པ་དགོན་པ་གྲྭ་ཚང་ལ་གྲྭ་ཇ་མང་ཇ་གཅིག་བཏང་ན་ཆབ་སྲིད་ག་བ་ཁ་སྐོར་སྐོར་རེད་བསམ་གྱི་ཡོད་རེད་
    ད་འོས་བསྡུས་སླེབས་ལ་ཉེ་བའི་སྐབས་ཆབ་སྲིད་པ་མང་པོ་དགོན་པ་ལ་གྲྭ་ཇ་མང་ཇ་བཏང་ཀ་ཕེབས་ཀྱི་འདུག་ ད་མགོ་མི་འཁོར་ཐག་ཆོད་རེད་

    Reply
  14. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    ངོ་མ་དགའ་འོས་པ་ཞིག་རེད སེར་བྱེས་གྲྭ་ཚང་གི་གཟི་བརྗིད་བསྟོན་འདུག་ ལྷག་དོན་དབུ་མའི་ལམ་ལ་ཐབས་ཅིག་ཏུ་རྒྱབ་སྐྱོར་ཡོད་
    གསུངས་པ་ངོ་མ་དགའ་པོ་བྱུང་ ད་དགོན་པ་གྲྭ་ཚང་ཡང་དུས་རབ་ཉེ་
    གཅིག་པའི་དགོན་པ་ཆགས་གི་འདུག་ དགོན་པ་གྲྭ་ཚང་གཞན་རྣམས་སེར་བྱེས་ཚང་ལ་དམིགས་དཔེ་ལྟ་འོས་ཞིག་རེད་འདུག་
    བུ་ང་ནི་སེར་བྱེས་ཚང་གི་ཡིད་དབང་ཡོངས་སུ་འཕྲོག་སོང་

    Reply
  15. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    བསླབ་པ་མཐར་སོན་དོ་ཅོག་ལ་བཀྲིས་བདེ་ལེགས་ཞུ།
    རབ་འབྱམས་པའི་ཕྱག་འཁྱེར་སྤྲོད་པའི་མཛོད་སྒོའི་སྐབས་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་རྒྱུ་སོགས་ཀྱི་གསུངས་བཤད་གནང་བར་འབྲེལ་བ་ཆེར་མི་འདུག་བསམ

    Reply
  16. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    སེར་བྱེས་ཚང་དབུ་མའི་ལམ་དུ་བསྐྱོད་བཞིན་ཡོད་གསུངས་པའི་དོན་ངོ་མ་གང་ཡིན་ནམ། སེར་བྱེས་ཚང་གིས་དབུ་མའི་ལམ་གྱི་ལས་འགུལ་གང་འདྲ་སྤེལ་བཞིན་ཡོད་པ་ཡིན་ནམ། སེར་བྱེས་ཚང་འདི་དབུ་མའི་ལམ་གྱི་ཆབ་སྲིད་ཚོགས་པ་ཞིག་ཆགས་ཡོད་པ་ཡིན་ནམ།

    Reply
  17. གཡུ་མེ་སྟག says:
    ལོ་ 15 སྔོན།

    དངོས་གནས་དགའ་འོས་བ་ཞིག་རེད། པར་མང་པོ་ཞིག་ཡོད་ན་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese