མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་བརྒྱུད་ཕྱིར་བོད་ནང་ལོག་བསམ་གྱི་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

ངོས་རང་ལོ་ ༡༦ གི་ཐོག་ང་རང་མི་སྒེར་གྱི་རང་དབང་ཤོར་བ་དང་། ལོ་ ༢༤ ཐོག་ང་རང་གི་རྒྱལ་ཁབ་ཤོར་ཏེ། འདས་པའི་ལོ་ ༥༡ རིང་སྐྱབས་བཅོལ་བའི་གནས་བབ་ཐོག་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། འོན་ཀྱང་ང་རང་གི་ངོས་ནས་རེ་བ་ཡག་ས་ཞིག་ལ་རྒྱག་གི་ཡོད། ངས་རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་བརྒྱུད་དེ་ཕྱིར་བོད་ནང་ལོག་བསམ་པ་དེ་འདྲ་ཡང་ཡོང་གི་འདུག ཅེས་༸གོང་ས་མཆོག་གིས་ཧང་གྷ་རིའི་གྲོས་ཚོགས་སུ་གསུངས་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོ་༸གོང་ས་མཆོག་གིས་ཧང་གྷ་རིའི་རྒྱལ་ས་བྷུ་ཌ་པེ་སིར་གྱི་ཉིན་གྲངས་གཉིས་རིང་གི་ཆོས་འབྲེལ་ལེགས་པར་གྲུབ་སྟེ། ཁ་སང་ཕྱི་ཚེས་ ༢༠ ཉིན་ཧང་གྷ་རིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཆབ་སྲིད་ཚོགས་པ་ Lahet Mas a Politika གཉིས་ཀྱིས་གནད་ཡོད་མགོ་ཁྲིད་ཀྱིས་ཕེབས་བསུའི་ཁྲོད་གྲོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། ཆབ་སྲིད་ཚོགས་པའི་ཚོགས་གཞོན་ལྕམ་སྐུ་ Szabo Timea ལགས་ཀྱིས་ཐེངས་འདིར་ཧང་གྷ་རི་གྲོས་ཚོགས་ཀྱི་ངོས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གྲོས་ཚོགས་སུ་གདན་ཞུ་གནང་བ་དེ་གྲོས་ཚོགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད་ལ། འདས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་ཡར་སྔོན་ནས་བྱུང་བའི་བོད་མིའི་རིག་གཞུང་དང་བོད་པའི་ཁོར་ཡུག་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་གི་གནད་དོན་སོགས་ལའང་སེམས་འཁུར་བྱེད་ཀྱི་ཡོད། ལྷག་པར་དུ་བོད་མིའི་ངོ་བོ་སྲུང་སྐྱོབ་ཡོང་བར་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཐད་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

 སྐབས་དེར་༸གོང་ས་མཆོག་གིས་ཧང་གྷ་རི་གྲོས་ཚོགས་གོང་མའི་ཚོགས་མི་དང་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མི་བཅས་ལ་འཚམས་འདྲི་དང་འབྲེལ་བཀའ་སློབ་གནང་དོན།  ངོས་རང་ལོ་ ༡༦ གི་ཐོག་ང་རང་མི་སྒེར་གྱི་རང་དབང་ཤོར་བ་དང་། ལོ་ ༢༤ ཐོག་ང་རང་གི་རྒྱལ་ཁབ་ཤོར་ཏེ། འདས་པའི་ལོ་ ༥༡ རིང་སྐྱབས་བཅོལ་བའི་གནས་བབ་ཐོག་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། འོན་ཀྱང་ང་རང་གི་ངོས་ནས་རེ་བ་ཡག་ས་ཞིག་ལ་རྒྱག་གི་ཡོད། ངས་རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་བརྒྱུད་དེ་ཕྱིར་བོད་ནང་ལོག་བསམ་པ་དེ་འདྲ་ཡང་ཡོང་གི་འདུག་ཅེས་གསུངས་བ་དང་། དེ་བཞིན་ཁོང་གིས། རྒྱ་ནག་གི་བོད་ལ་འཛིན་པའི་སྲིད་བྱུས་འཁྲུག་འཛིང་ཆེ་བ་ཞིག་ཡིན་ཡང་། ད་ལྟའི་བར་ང་རང་གི་ངོས་ནས་བོད་རྒྱ་ནག་དང་ཁ་བྲལ་བྱ་འདོད་མེད། གཙོ་ཆེ་བ་རྒྱ་ནག་གཞུང་གིས་གུ་ཡངས་ཀྱི་སྲིད་བྱུས་ཤིག་ལག་བསྟར་བྱས་ཏེ་བོད་རྒྱ་གཉིས་ཕན་གྱི་ཐབས་ལམ་ཞིག་ངེས་པར་དུ་འཚོལ་དགོས་པ་རེད།

དེ་ལྟར་མ་བྱས་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་མགོ་ཁྲིད་ཚོར་ཡིད་ཆེ་བརླག་པའི་ཉེན་ཁ་ཡོད་སྟབས། རྒྱ་ནག་གི་གནད་ཡོད་དཔོན་རིགས་ཚོས་སྲིད་བྱུས་གུ་ཡངས་མི་གཏོང་ཐབས་མེད་ཡིན་པ་ཤེས་དགོས་པ་རེད་ལ། བོད་རྒྱའི་དཀའ་རྙོག་སེལ་བ་དེ་ཕྱོགས་གཉིས་ཀར་ཕན་གྱི་ཡོད་པའང་ཤེས་དགོས་པ་རེད། ད་ལྟའི་དུས་འདིར་མེ་མདའི་ནུས་སྟོབས་ལས་དྲང་བདེན་གྱི་ནུས་སྟོབས་ཤུགས་ཆེ་བ་ཡོད། མེ་མདའི་ནུས་སྟོབས་དེ་གནས་སྐབས་ཀྱི་ནུས་སྟོབས་ཤིག་ཡིན་པ་དང། དེས་དྲང་བདེན་གྱི་ནུས་སྟོབས་མེད་པར་བཟོ་མི་ཐུབ་སྟབས། རྒྱ་ནག་གཞུང་གིས་ཀྱང་བོད་མི་རིགས་ཀྱི་གནད་དོན་དེ་བཙན་དབང་གིས་སེལ་ཐུབ་ཀྱི་མ་རེད། དེར་བརྟེན། ང་ཚོས་བོད་རྒྱ་གཉིས་ཕན་གྱི་ཁོར་ཡུག་བཙལ་ཏེ་བོད་རྒྱ་གཉིས་ཕན་ཐོག བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་རྒྱུ་དེ་ཡིན་ཞེས་དང་། ཧང་གྷ་རིའི་གྲོས་ཚོགས་འཐུས་མི་རྣམས་བོད་ནང་གི་གནས་སྟངས་ཤེས་རྟོགས་ཆེད་གཟིགས་སྐོར་དུ་འགྲོ་དགོས་པའི་ར་བ་ཡང་བཏོན་ཡོད།

ཐེངས་འདིའི་ཧང་གྷ་རིའི་གྲོས་ཚོགས་སུ་ཆིབས་བསྒྱུར་གྱིས་གོ་སྐབས་འདི་བརྒྱུད་ཁོང་གིས་ཧང་གྷ་རིའི་གྲོས་ཚོགས་གོང་མའི་མགོ་ཁྲིད་དང་།  དེ་མིན་ཧང་གྷ་རི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ ༣༠ བཅས་ལ་མཇལ་འཕྲད་གནང་ཡོད་པར་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཆབ་སྲིད་ཚོགས་པའི་གནད་ཡོད་མི་སྣ་བཅས་ལ་མཇལ་འཕྲད་གནང་ཡོད་པ་རེད། ༸གོང་ས་མཆོག་ ༡༩༨༢ ལོར་ཐོག་མར་ཧང་གྷ་རིའི་ནང་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཐེངས་འདི་ནི་ཕེབས་ཐེངས་བདུན་པ་དེ་ཆགས་ཡོད་པ་རེད།

 གསར་འགོད་པ་དོན་གོ

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༡༤ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 12

  1. རྫ་ཆུའི་ཟླ་བ། says:
    ལོ་ 16 སྔོན།

    གང་ལྟར་༧་གོས་ས་མཆོག་མྱུར་དུ་བོད་ལ་ཕེབས་ཐུབ་པའི་ཐབས་ཤེས་ག་རེ་ཡོད་ན་བྱེད་དགོས་ཀྱི་རེད་དྲན་གྱི་འདུག
    ཚང་མའི་རེ་བ་དེ་རེད།

    Reply
  2. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་བརྒྱུད་ཕྱིར་བོད་ནང་ལོག་ན་དུས་རབས་ཕྱེད་ཙམ་གྱི་འཐབ་རྩོད་ཀྱི་གྲུབ་འབྲས་སྟོང་བ་ཉིད་དུ་འགྱུར་སྲིད་དོ།
    ཡིན་ཡང་གོང་ས་མཆོག་གི་གཏམ་འདིའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནོན་ཤུགས་ཅིག་སྟེར་ངེས་པར་འདོད།

    Reply
  3. གནས་ཚང་། says:
    ལོ་ 16 སྔོན།

    ཕྱི་སྡོད་བོད་རིགས་སྤུན་ཟླ་བོད་ནང་ཕེབས་པར་ཏང་གིས་ག་དུས་ཀྱང་སྒོ་ཕྱེས་ཡོད་ཅིང་། ལྡེ་མིག་ནི་བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པར་ངོས་ལེན་གནང་ན་སྔར་བྱས་གུ་ཡངས་གཏོང་རྒྱུ་དེ་ཡིན།

    Reply
  4. ཁ་བ་སྐམ་པོ། says:
    ལོ་ 16 སྔོན།

    རེད་ཡ་རྒྱལ་ལོ་དང་སྟག་་མཚེར་སོགས་ཀྱིས་བོད་དོན་དུ་ཁ་ཞེ་གཉིས་མེད་ཀྱི་ལས་དོན་བསྒྲུབས་ནས་མི་ཚེ་ཡང་རྫོགས་སོང་ཐལ། འོན་ཀྱང་འདི་དག་ཡང་ནག་ཉེས་ཤིག་མ་རེད་ཟེར་མཁན་ཉུང་གི་ཡ་་་་་ཤུཤུཤུ

    Reply
  5. ནད་པ says:
    ལོ་ 16 སྔོན།

    ༸ གོང་ས་སྐྱབས་མགོན་ཆེན་པོས་ཐུགས་དགོངས་དཀྱེལ་ཡངས་ཆེ་བ་འདི་འདྲ་ཞིག་གིས་རེ་འདུན་གནང་བཞིན་ཡོད་ཀྱང་དེར་རྒྱ་ནག་དབུས་གཞུང་གིས་དང་ལེན་བྱེད་ཐབས་བྲལ་བ་ཞིག་ཆགས་ཡོད།

    ཉེ་བའི་ཆར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་བརྒྱ་ལྷག་ལ་འཇབ་དམག་དང་གསང་བའི་སགྲིག་འཛུགས་སོགས་ཀྱིས་སྦྱོང་སྤྲད་དེ་བཅིང་གྲོལ་དམག་ལ་རྒོལ་བའི་ལས་གཞི་སྤེལ་བ་དེ་དག་ཆ་ཚང་༸ གོང་ས་མཆོག་གི་དབུ་ལ་བསྐྱལ་ཏེ་སྐྱོན་བརྗོད་ཚད་ལས་བརྒལ་བ་ཞིག་རྩོམ་ཡིག་སྤེལ་འདུག

    དོན་དངོས་ཐོག་ཨ་རིའི་དབུས་གསང་བའི་ལས་ཁུངས་དང་འབྲེལ་བ་བྱེད་མཁན་དེ་ཚོ་ཏྰ་ལའི་བླ་མའི་སྐུའི་གཅེན་པོ་རྒྱལ་ལོ་དང་། ཐུབ་བསྟན་འཇིགས་མེད་སོགས་བོད་མི་འགའ་ཤས་ཞིག་གིས་བྱས་ཡོད་པ་ལས་༸ གོང་ས་མཆོག་གིས་རྒྱ་བོད་གཉིས་ཕན་ཁོ་ནའི་ལམ་ནས་མཉམ་གནས་བྱེད་རྒྱུའི་ཐུགས་རེ་གནང་བཞིན་ཡོད།

    གནད་དོན་དེ་ཚོའི་གྲས་༸ གོང་ས་མཆོག་བོད་དུ་ཕེབས་རྒྱུའི་ཐད་ལ་འགོག་རྐྱེན་ཆགས་ཀྱི་ཡོད་སྟབས་འབྲེལ་ཡོད་རྒྱ་ལོ་སོགས་ཀྱིས་དུས་ཐོག་གསལ་བཤད་བྱེད་དགོས།

    Reply
  6. གནམ་ལྕགས། says:
    ལོ་ 16 སྔོན།

    གང་ལྟར་གང་མགྱོགས་ངང་༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཐུབ་ན་བོད་གཞིས་ལུགས་རྒྱ་ཆེའི་མི་མང་ལ་རེ་བ་དེ་ལས་མེད།

    Reply
  7. རང་དབང་ཕོ་ཉ། says:
    ལོ་ 16 སྔོན།

    འོ་ད་ཡིན་ན།གོང་ས་མཆོག་ཁོང་གི་རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་མ་ལེན་སྔོན་ནས་ང་ཚོ་བོད་མི་རྣམས་ལེན་ཚར་བ་བྱེད་དགོས་རེད་མ་གཏོགས་རྒྱ་གར་གཞུང་གིས་སྡོད་བཅུག་གི་མ་རེད་ད།་

    Reply
  8. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    རྒྱ་ནག་གི་བཅའ་ཁྲིམས་འོག་ གི་རང་སྲིད་རང་སྐྱོང་དང་རྒྱ་ནག་གི་ཕྱི་བསྐྱོད་ལག་ཁྱེར་གཉིས་ཀྱི་བར་དུ་ མཚུངས་རྟགས་ལས་འགལ་རྟགས་ཅི་ཡང་མེད། སྐད་ཆ་ཐག་ཉེ་ས་ནས་བཤད་ན་ང་ཚོས་ད་བར་རྒྱ་ནག་གི་ཕྱི་བསྐྱོད་ལག་ཁྱེར་མ་རག་པར་ ལོ་ངོ་ལྔ་བཅུ་ལྷག་ལ་དཀའ་ལས་བརྒྱབ་པ་མཁྱེན་པར་མཛོད།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གང་མྱུར་བོད་ལ་གཟིགས་སྐོར་དུ་ཕེབས་ཐུབ་པའི་རེ་སྨོན་ཞུ། ཧང་གྷ་རི་ནས།

    Reply
  10. གླིང་ཚང་བྱ་གླག says:
    ལོ་ 16 སྔོན།

    གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རེ་དོན་འགྲུབ་པར་ཤོག

    Reply
  11. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ༸མགོན་པོ་མཆོག་གིས། ད་ལྟའི་དུས་འདིར་མེ་མདའི་ནུས་སྟོབས་ལས་དྲང་བདེན་གྱི་ནུས་སྟོབས་ཤུགས་ཆེ་བ་དང་། མེ་མདའི་ནུས་སྟོབས་དེ་གནས་སྐབས་ཀྱི་ནུས་སྟོབས་ཤིག་ཡིན་པ་དང། དེས་དྲང་བདེན་གྱི་ནུས་སྟོབས་མེད་པར་བཟོ་མི་ཐུབ་པ་གསུངས་པ་དངོས་ཡོད་གནས་ཚུལ་ཡིན་པ་སྨོས་མེད་རེད།།
    འོན་ཀྱང་དེང་སང་འཛམ་བུ་གླིང་འདི་དཔལ་འབྱོར་གྱི་དུས་རབས་ལྟབུ་ཞིག་ཆགས་སྟབས་དྲང་བདེན་གྱི་ནུས་སྟོབས་ལས་དཔལ་འབྱོར་གྱི་ནུས་སྟོབས་ཤུགས་ཆེ་བ་དང་། རྒྱལ་ཁབ་ཆེ་ཆུང་མང་དག་ཅིག་གིས་ཚོང་འབྲེལ་གྱི་དགོས་མཁོའི་དབང་ལས་རྒྱ་དམར་ལ་བསྟུན་མཁས་ཀྱིས་མེ་མདའ་དང་དཔལ་འབྱོར་གྱི་ནུས་སྟོབས་ཀྱིས་དྲང་བདེན་གྱི་ནུས་སྟོབས་མེད་པར་བཟོ་མི་ཐུབ་པའི་ངེས་པ་མི་འདུག།
    དཔེར་ན་དྲང་བདེན་དང་དངོས་ཡོད་གནས་ཚུལ་ལ་སོ་སོར་དབང་པའི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཞིག་ཡིན་ཀྱང་དེར་འགྲོ་དབང་དང་སྡོད་དབང་མེད་པར་གཞན་ལ་ལག་ཁྱེར་སོགས་ཞུ་དགོས་པ་ནི་དྲང་བདེན་གྱི་ནུས་པ་ཉམས་པའི་རྟགས་སུ་མཐོང་།

    Reply
  12. བསེ་རུ། says:
    ལོ་ 16 སྔོན།

    དོན་གོ་ལགས།
    ར་བ་ཡང་བཏོན་ཡོད། ཅེས་པ། རེ་བ་ཡང་བཏོན་ཡོད། ཅེས་པར་བཅོས་རོགས།

    ༸གོང་ས་མཆོག་གི་ཐུགས་དགོངས་སུ་འཆར་བ་ལྟར། དོན་དངོས་སུ་རྒྱ་ནག་གཞུང་གིས་ཕྱི་བསྐྱོད་ལག་ཁྱེར་ཐོག་ནས་༸གོང་ས་མཆོག་བོད་ནང་དུ་ནམ་ཡང་གདན་འདྲེན་བྱེད་མི་སྲིད་པ་ཞིག་རེད། བོད་མི་དཀྱུས་མ་ཚོ་ལོ་རེ་ནས་ལོ་རེ་བཞིན་ལག་ཁྱེར་དེའི་ཐོག་ནས་བོད་དུ་གཉེན་འཕྲད་སོགས་ལ་བསྐྱོད་ཐུབ་ཀྱི་ཡོད་ཀྱང་། ༸གོང་ས་མཆོག་ལག་ཁྱེར་དེའི་ཐོག་ནས་བོད་ནང་དུ་ཕེབས་འདུན་འཆར་བ་ལྟར་དོན་དངོས་སུ་ཕེབས་རྩིས་གནང་ན། རྒྱ་ནག་གཞཱུང་གིས་དེར་འགྲེལ་བཤད་ལོག་པ་ཞིག་རྒྱག་མགོ་ཚུགས་ཀྱི་རེད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese