མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་འདུ་རྭ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

ངྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་དགེ་རྒན་སྐོར་ཞིག་ཤེས་རབ་དགའ་ཚལ་སློབ་གླིང་དུ་༼དགེ་རྒན་འདུ་ར་༽ཞེས་པའི་རང་མོས་གཏམ་གླེང་འདུ་འཛོམས་སྟེང་ཞུགས་ཏེ་རང་རང་གི་མྱོང་ཚོར་དང་། མ་འོངས་པའི་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་གནང་ཡོད།

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དེ་རིང་རེས་གཟའ་ཉི་མའི་ཉིན་ཤེས་རབ་དགའ་ཚལ་སློབ་གླིང་གི་བོད་ཡིག་དགེ་རྒན་ཁག་ཅིག་གི་གོ་སྒྲིག་འོག ༼ དགེ་རྒན་འདུ་ར ༽ ཞེས་པ་ཞིག་ཚོགས་ཡོད་འདུག་ཅིང་། རང་མོས་གཏམ་གླེང་དེའི་སྟེང་རྡ་སའི་ཉེ་འཁོར་གྱི་དཔེ་སྟོན་སློབ་གྲྭ་དང་གྷོ་པལ་པུར་བོད་ཁྱིམ། རྡ་སྟེང་བོད་ཁྱིམ་སོགས་རྡ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་བོད་ཡིག་དགེ་རྒན་ ༢༠ ཙམ་ཞིག་འདུ་འཛོམས་བྱུང་ཡོད་ལ། ཐེངས་འདིའི་འདུ་འཛོམས་ཐོག་དགེ་སློབ་གླེང་སྟེགས་དྲ་རྒྱ་དོ་དམ་པ་རྒན་འོད་ཟེར་ལགས་ཀྱིས་ཁོང་གིས་གཉེར་གྱིན་པའི་དྲ་རྒྱ་ངོ་སྤྲོད་དང་འབྲེལ་ཁོང་གི་ལོ་མང་རིང་གི་དགེ་རྒན་གྱི་ཉམས་མྱོང་སྐོར་ནས་ཁ་བརྡ་བྱས་ཤིང་། སློབ་གྲྭ་ཁག་གི་དགེ་རྒན་ཚོས་རང་རང་གི་སློབ་ཁྲིད་ཀྱི་མྱོང་བ་དང་ལག་ལེན་དངོས་ཀྱི་ཁྲོད་ནས་བྱུང་བའི་བསམ་འཆར་ལྷུག་པོར་བརྗོད་ཡོད།

སྐབས་དེར་དགེ་རྒན་ཚོས་སློབ་ཚན་གྱི་ནང་དོན་སྐོར་དང་། སློབ་ཚན་ཁྲིད་ཐབས་དང་ཁྲིད་ཆས་སྐོར། ལྷག་པར་དུ་བརྡ་སྤྲོད་ཀྱི་སློབ་ཁྲིད་དེ་སྐད་ཡིག་ལག་ལེན་གྱི་སྟེང་དུ་བསྐྱོད་ཐུབ་པར་འབད་དགོས་ཚུལ་བཅས་དང་། བོད་སྐད་ཡིག་གི་ཁོར་ཡུག་སྤྱི་དང་ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་སྐད་ཡིག་གི་ཁོར་ཡུག་སྐོར། དགེ་རྒན་གྱི་འགན་འཁྲི་ལ་གདོང་བཏད་དེ། རང་རང་གི་རྣམ་ཤེས་ལ་ཚ་འདྲི་བྱེད་དགོས་སྐོར་བཅས་ཀྱི་ཐད་རང་རང་གི་མྱོང་བ་མ་འོངས་པར་ཁ་ཕྱོགས་སྟངས་སོགས་གླེང་ཡོད། ཐེངས་འདིའི་མཉམ་འཛོམས་ཀྱི་གཏམ་གླེང་འདི་བརྒྱུད་ནས་ཕན་ཚུན་ལ་གཏིང་སྐུལ་དང་གསལ་འདེབས། བློ་བསྐྱེད་གང་མང་བྱུང་བ་དང་། འདི་ལ་བརྟེན་ནས་བོད་སྐད་ཡིག་གི་ལས་དབང་དང་དགེ་རྒན་ཚོར་འགན་འཁྲི་གང་ཡོད། མ་འོངས་པར་ཁ་ཕྱོགས་ཅི་འདྲ་ཞིག་འཛིན་དགོས་མིན་བཅས་ཀྱི་ཐད་ལ་བསམ་ཚུལ་བརྗེ་རེས་བྱས་ཡོད།

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 11

  1. མྱི་ལྟིག says:
    ལོ་ 15 སྔོན།

    ན་ནིང་དོ་ཚུགས་ཡོང་བའི་དགེ་རྒན་ཁག་ཅིག་མ་གཏོགས་དངོས་ནས་དྲང་གནས་ཕན་ཐོགས་ནི་ཞིག་མེད་ཡ། མིང་བཤད་ན་ཡག་པོ་མི་འདུག་མ་གཏོགས།དགེ་རྒནཨ་ནེ་ཁག་ཅིག་དང་ཞི་མོ་རེ་གཉིས་ཡོད་པ་དེ་དག་ཕུད་དགོས་ནནི་རྐྱང་རྐྱང་ཡིན།གསོག་སློབ་གི་སློབ་མ་ཚོ་དགེ་རྒན་རྫུན་མ་་དེ་དག་གིས་ལམ་ལོག་ཏུ་མི་འཁྲིད་མི་ཐུབ་པའི་རེ་བ་ཡོད།

    Reply
  2. གངས་རིའི་བུ says:
    ལོ་ 15 སྔོན།

    བསམ་ཚུལ་ཞིག་ཞུ་འདོད་བྱུང་།སློབ་གྲྭ་ཁག་གི་དགེ་རྒན་རྣམས་འདུས་ཏེ་ཚོགས་འདུས་བསྐོར་བ་དེ་ཡག་པོ་རེད།ཡིན་ན་ཡང་སོ་སོའི་བཤད་པ་དེ་ལག་ལེན་བྱེད་མིན་ནི་ཐེ་ཚོམ་གྱི་གནས་སུ་གྱུར་འདུག

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    བསམ་ཚུལ་ཞིག་བརྗོད་འདོད་བྱུང་། དང་པོ་སློབ་གྲྭའི་དགེ་རྒན་ཚོའི་སློབ་མ་ཚོ་ལ་སློབ་གསོ་ཅི་འདྲ་གཏོང་དགོས་མིན་ཐད་ཟབ་སྦྱོང་ཞིག་བྱས་ན་མ་རེད་དམ

    Reply
  4. ངར་ལྕགས། says:
    ལོ་ 15 སྔོན།

    ད་ཡོད་དགེ་རྒན་ཚོའི་ཨ་ནེ་རུས་པ་མེད་པ་འགའ་ཡོད་པས།རེ་ཐག་ཆད་སོང་།གསོག་སྒར་སློབ་གྲ་ཟེར་བ་དེ་ལ་རེ་བ་བྱེད་རྒྱུ་མེད་པ་བཀའ་ཁྲིས་གསུངས་སོང་།དེ་བཞིན་རེད་འདོད་དོ།

    Reply
  5. ཨ་གཙང་གནས་རྒྱམ། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཚོ་ངས་བལྟས་ན་ཚོགས་འདུ་འདིའི་མིང་ལ་༼བོོད་ཡིག་ལ་ཐོབ་ཐང་དང་དགེ་རྒན་ལ་རྒོལ་ལན་གླེང་བ༽ཞེས་བཏགས་ན་འགྲིག་པ་འདྲ། རྒྱུ་མཚན་གང་ཡིན་ཞེ་ན། དེ་སྔོན་བཙན་བྱོལ་སློབ་གྲྭ་ཁག་ཏུ་སློབ་ཚན་ནང་རྒྱལ་རབས་ལོ་རྒྱུས་ནང་ཆོས་རིག་ལམ་ཟེར་བ་སོགས་མིང་རྫིག་པོ་མིང་བོ་ཡོད་ཀྱང་དོན་ལ་གང་འདྲ་ཡིན་མིག་མཐོང་ལག་ཟིན་རེད། ད་དུང་སློབ་དགེ་མང་པོས་སློབ་ཕྲུག་ཚོར་བོད་ཡིག་གིས་ཁ་ལ་མི་རྙེད་པ་སོགས་རྣམ་རྟོག་ལང་རྒྱུ་མང་བོ་བཤད་བཞིན་པ་དེ་དག་ལ་དགག་བཞག་སྤོང་གསུམ་རེ་བྱས་ན་དོན་གནད་ན་ལ་ཐུག་ཡོད་པ་འདྲ། དེ་ཨེ་རེད་ཡིན་ན་ལག་པ་ཆོགས།

    Reply
  6. ཁ་བའི་མེ་ཏོག says:
    ལོ་ 15 སྔོན།

    ཡག་པོ་འདུག ཡག་པོ་འདུག ངེས་ར་འདི་ནི་ཚོགས་གྱུར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ད་དུང་མུ་མཐུད་དུ་ཚོགས་རོགས་གནང་། རྒྱབ་སྐྱོར་ཡོད།

    Reply
  7. དུར་ཁྲོད། says:
    ལོ་ 15 སྔོན།

    ཧ་ཅང་ཡག་པོ་རེད། བདག་གིས་གནས་ཚུལ་འདི་མཐུང་ནས་བ་ཡུལ་ན་ཡོད་པའི་ཤེས་རབ་རྒལ་ཚལ་སློབ་གླིང་གི་སློབ་མ་ཚོ་གནས་ཚུལ་འདི་བཤད་པ་ཡིན།ཁོང་ཚོ་ཧ་ཅང་དགའ་ནས་རེ་བ་ཡང་འདི་ལྟར་བཅོས་སོང་། སྔོན་མ་ནི་སྔོན་གྱི་དུས་ཤིག་རེད། དུས་ཚོད་ནི་འདས་ཟུན་ནི་རེད། ད་ཁྱེད་ཅག་གི་ཤ་རུས་པའི་གསང་ནས་ཤུགས་རྒྱོབས། བོད་ཆོལ་ཁ་གསུམ་གྱི་མཐུན་སྒྲེལ་དང་མ་འོངས་གངས་རིས་ལྗོངས་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་མིན་ནི་དེང་སྐབས་ཀྱི་དགེ་རྒན་རྣམ་ལ་རག་ལས་ཡོད་ནི་རེད། ཟེར།

    Reply
  8. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རང་ཉིད་ཀྱི་འགན་ཁྲི་དངོས་ཟིན་པའི་ཐོག་རང་འགུལ་གྱི་བྱེད་སྒོ་འདིའི་རིགས་བྱས་པ་སྤྲོའོ།
    དེར་བརྟེན་ལོ་མང་རིང་བསགས་པའི་་ཉམས་མྱོང་རྣམས་ཕྱོགས་གཅིག་དུ་སྡོམས་པའི་མཐུ་བོ་ཆེ་མི་མངོན་པའི་དབྱིངས་སུ་མི་འཐིམ་པར་གང་ལ་ཅི་ལྕོགས་ཀྱི་ལས་བྱེད་པར་འཚལ་ལོ།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    གང་ནས་མགོ་བརྩམས་པ་དེ་ནས་གཞུག་ཡང་དེ་ནས་བསྐྱེལ་ཐུབ་པའི་རེ་སྐུལ་དང་བཅས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། འདི་ལྟར་རང་ངོ་རང་གིས་ཟིན་ཐབས་ཀྱི་ཐབས་ལམ་གང་མང་མང་ཞིག་བཙན་བྱོལ་ཁོར་ཡུག་གང་ས་ནས་ཚོགས་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་ཡོང་གི་རེད།

    Reply
  10. བསེ་རུ། says:
    ལོ་ 15 སྔོན།

    མ་སྐུལ་དང་བླང་ཐོག་དགེ་རྒན་ལྷན་འཛོམས་གནང་སྟེ། སེམས་པའི་འཆར་སྒོ་དང་། ཉམས་མྱོང་བརྒྱུད་སྤྲོད། བོད་ཀྱི་སྐད་ཡིག་ཁྲིད་ཐབས། འགན་འཁྲིའི་འདུ་ཤེས་སོགས་ཀྱི་ཐད་ནས་གླེང་སློང་ལྷུག་པོར་གནང་བར་འབྲེལ་ཡོད་ཚང་མར་དམིགས་བསལ་བཀྲ་ཤིས་བདེ་ལེགས་དང་། སླད་མར་ཡང་འདི་ལྟའི་གླེང་སློང་རིམ་པར་གནང་སྟེ། རང་ཉིད་ནས་འགོ་བརྩམས་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་གཡོ་འགུལ་ཞིག་བཏང་སྟེ། བཙན་བྱོལ་བོད་མིའི་གཞི་རིམ་གྱི་སྐད་ཡིག་རྨང་གཞི་སྲ་བརྟན་དང་། དགེ་རྒན་ཚོའི་ཤེས་ཚད་མཐོར་འདེགས། སློབ་ཁྲིད་ཐབས་ལམ་ལ་སྒྱུར་བཅོས། སློབ་གྲྭ་ཁག་གི་བོད་དགེ་ནང་ཕན་ཚུན་ཉམས་མྱོང་བརྗེ་རེས་སོགས་ལ་ཤུགས་སྣོན་ངེས་པར་གནང་དགོས་ཀྱི་འདུག་པས་དེ་དོན་ཐུགས་ལ་འཇོག་རོགས།།

    Reply
  11. རས་པ། says:
    ལོ་ 15 སྔོན།

    ངས་བསམ་ན་བོད་ཆོས་ལྡན་ཡུལ་ནས་སྐྱེས་པའི་མི་རྣམས་ཀྱིས་དགེ་བའི་བྱ་བ་མངོན་དུ་བསྒྱུར་ཚུལ་ནི་སློབ་མའི་ཆེད་དུ་ཅི་ཞིག་བྱ་འོས་ཞེས་པའི་དྲི་བ་འདི་སེམས་སུ་འཆར་དུ་འཇུག་རྒྱུ་དེ་ཉིད་ལགས། ཉེ་སྔོན་དྲུང་ཆེ་སྐུ་ཞབས་ཤིག་གིས་རྒན་ཡོལ་དུ་འགྲོ་ཁའི་གསུང་གླེང་སྐབས་སུ་དགེ་རྒན་རྣམས་ལ་བཟང་ངན་ཞེས་དབྱེ་བ་ཡོད་པ་མ་ཡིན་པར་དེ་ནི་ཉམས་མྱོང་དང་རྒྱུས་ལོན་ཐུབ་པའི་རིག་པ་ཡོད་མེད་ལ་ཐུག་འདུག དེ་བཞིན་ལས་དོན་གང་ལའང་ཉམས་མྱོང་བསགས་དགོས་པ་གལ་ཆེན་པོ་རེད་གསུངས་སོང་། ཉམས་མྱོང་བསགས་དགོས། རྒྱུས་ལོན་བྱེད་དགོས། སྐད་གྲགས་ཅན་གྱི་སློབ་གསོ་བ་ཏུའུ་ཝེ་ཡང་ཉམས་མྱོང་ཅན་ཞིག་ཡིན་པ་དེ་ལྟར་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese