མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དགེ་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

 

བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༢༥ ནས་མགོ་འཛུགས་ཀྱིས་ཝ་རཱ་ན་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཆོས་དགེ་ ༣༥ ཙམ་ལ་ཟབ་སྦྱོང་ཞིག་སྤྲོད་བཞིན་ཡོད་འདུག་ལ། ཟབ་སྦྱོང་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་ཝར་ནཱ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་བློ་བཟང་བསྟན་འཛིན་ལགས་དང་། རྒྱ་གཞུང་སློབ་དཔོན་དགེ་བཤེས་ཕུན་ཚོགས་དོན་གྲུབ་ལགས་གཉིས་ཕེབས་ཡོད་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གི་གསུང་བཤད་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་དང་། ཕྱི་དངོས་པོའི་ཤེས་ཡོན་ལས་ལྷག་པ་ནང་གི་ཤེས་ཡོན་ཡར་རྒྱས་འགྲོ་རྒྱུ་གལ་ཆེ་ཡིན་པར་བརྟེན་ཆོས་དགེ་ཚོའི་ལས་འགན་ལས་ལྷག་པ་ཞིག་མེད་པ་དང་། སྒྲ་ཚད་གཉིས་ནི་གསུང་རབ་སྤྱིའི་དགོངས་འགྲེལ་ཡིན་སྟབས། ༧གོང་ས་མཆོག་གི་དགོངས་བཞེད་ལྟར་སློབ་མ་རྣམས་ལ་རིགས་ལམ་སློབ་ཁྲིད་ཐད་ལ་ཤུགས་རྒྱག་དགོས་པ་དང་། སློབ་མའི་གནས་ཚད་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་གང་ལ་གང་དགོས་བསྟེན་དགོས་པ་སོགས་ཞིབ་ཕྲའི་ལམ་སྟོན་གནང་ཡོད།

ཟབ་སྦྱོང་དེའི་རིང་ཝ་ནཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ཆེན་པོ་ངག་དབང་བསམ་གཏན་ལགས་ཀྱིས། སངས་རྒྱས་ཀྱི་ཆོས་ཚུལ་ནང་དད་པ་དང་ཡིད་ཆེས་ཀྱི་སྒོ་ནས་ཉམས་ལེན་བྱ་རྒྱུའི་སྡེ་ཚན་ (Buddhist Faith) དང་། ལྟ་བ་དང་གྲུབ་མཐའི་རྣམ་བཞག་གི་སྡེ་ཚན་ (Buddhist Philosophy)དང་། ནང་ཆོས་ཀྱི་ཚན་རིག་ (Buddhist Science) བཅས་གསུམ་གྱི་སྐོར་ནས་ཟབ་སྦྱོང་སྤྲོད་རྒྱུ་ཡིན་པ་དང་། ཤེས་རིག་དྲུང་ཆེ་ཡིས་ཆོས་དགེ་དག་གི་བྱེད་སྒོ་ལམ་སྟོན་སྐོར་ནས་ཟབ་སྦྱོང་སྤྲོད་རྒྱུ། དེ་བཞིན། ཝ་ནཱ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས་ཀྱིས་ནང་ཆོས་ཁྲིད་ཐབས་སྐོར་དང་། ཝ་ནཱ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་ཕུན་ཚོགས་དོན་གྲུབ་ལགས་ཀྱིས་ནང་ཆོས་ནས་གསུངས་པའི་ས་ལམ་རྣམ་གཞག་སྐོར། ཝ་ནཱ་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་རབས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་ཆོས་འབྱུང་སྐོར། སློབ་དཔོན་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རིགས་ལམ་སྐོར། སྐུའི་གསུང་སྒྱུར་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ནང་ཆོས་དང་ཚན་རིག་འབྲེལ་ལམ་སྐོར་བཅས་ཀྱི་ཟབ་སྦྱོང་སྤྲོད་རྒྱུ་ཡིན་འདུག

ཐེངས་འདིའི་ཆོས་དགེ་ཟབ་སྦྱོང་དེ་ཟླ་འདིའི་ཚེས་ ༢༥ ཉས་ཟླ་རྗེས་མའི་ཚེས་ ༨ བར་གྱི་ཉིན་བཅུ་བཞིའི་རིང་སྤྲོད་འཆར་ཡོད་འདུག་ལ། ཟབ་སྦྱོང་དེའི་སྟེང་ངྷ་ས་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་ནས་ཆོས་དགེ་ ༨ དང་། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་ནས་ཆོས་དགེ་ ༢ ། སམ་བྷོ་ཊ་བོད་སློབ་ཁྱབ་ཁོངས་ནས་ཆོས་དགེ་ ༦ ། རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ནས་ཆོས་དགེ་ ༡༧ ། བལ་ཡུལ་ནས་ཆོས་དགེ་ ༢ བཅས་ཁྱོན་བསྡོམས་ཆོས་དགེ་གྲངས་ ༣༥ ཙམ་མཉམ་ཞུགས་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གསུམ་གྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཉིན་གྲངས་བརྒྱད་རིང་གི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

ཧི་མ་ཅལ་མངའ་སྡེར་རང་བྱུང་གོད་ཆག་བྱུང་བར་ཐུགས་སྨོན་མཛད། 

༢༠༢༥/༠༩/༠༩
Demonstrators gather outside Nepal’s parliament during a protest in Kathmandu on Monday. Photograph: Prabin Ranabhat/AFP/Getty Image
Mobile App

བལ་ཡུལ་ནང་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པས་སྲིད་འགྱུར་སློང་ཉེན་ཡོད་འདུག

༢༠༢༥/༠༩/༠༩
གློག་བརྙན་གསའ་ཡི་མདུན་ངོས།
Mobile App

བོད་ཀྱི་གློག་བརྙན་གསའ་གཟེངས་རྟགས་མི་འདྲ་བ་བཞིའི་ནང་མིང་འདོན་བྱས་འདུག

༢༠༢༥/༠༩/༠༩
Anadolu Agency ASIA
Mobile App

རྒྱ་གཞུང་གིས་ཉི་ཧོང་གྲོས་ཚོགས་འཐུས་མི་ཞིག་ལ་ཉེས་ཆད་བཏང་།

༢༠༢༥/༠༩/༠༩

མཆན། 12

  1. རི་བོང། says:
    ལོ་ 15 སྔོན།

    དུས་འགྱུར་གྱིས་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལ་བཅར་འདྲི་བྱེད་སྐབས་ཁོང་གིས།
    གལ་སྲིད་དགེ་རྒན་ཞིག་བུད་སོང་ན། དེའི་ཚབ་ཏུ་དངོས་ནས་སྤྱི་ཚོགས་ཐོག་ན་ཤེས་ཡོན་ཡོད་མཁན་ཞིག་འཇོག་རྒྱུ་མི་བྱེད་པར་རང་གི་ཁ་ལ་ཉན་མཁན་ཞིག་དང་རང་ལ་འདོད་པ་ཡོད་མཁན་ཞིག རང་གི་སློབ་་མ་ཡིན་མཁན་ཞིག རང་གི་ཕྱོགས་ཡིན་ནི་ཞིག་ཁྲིད་ཡོང་ནས་འཇོག་གི་རེད།

    སློབ་གྲྭའི་ཆོས་དགེ་ཚོར་མཚོན་ན། སེ་འབྲས་དགེ་གསུམ་ན་གཞུང་ལུགས་མཐར་ཕྱིན་ཅིང་དགེ་བཤེས་བཞག་སྟེ་ལས་ཀ་མེད་པར་བསྡད་ཡོད་པ་གང་མང་མང་ཡོད་ནི་རེད། དེ་ཚོ་ཁྲིད་ཡོང་སྟེ་ཆོས་དགེ་དང་རིགས་ལམ་ཁྲིད་དུ་མི་འཇུག་པར་འདི་ན་གྲྭ་བ་འགྲོ་ས་མེད་མཁན་ཚོ་སྟེ་རང་རང་གི་ཁ ལ་ཉན་མཁན་རྐྱང་རྐྱང་ཁྲིད་ཡོང་ནས་ཆོས་དགེ་བྱས་ཡོད་པ་རེད།

    གཞན་སློབ་གྲྭ་ནས་འཐུས་ཤོར་ལ་སོང་འདུག་སློབ་གྲྭ་ནས་ཅི་ཡང་མི་ཤེས་ཀི་ཟེར་ན་རྣར་འགྲོ་གི་རིགས་གནས་འཐུས་ཤོར་ལ་སོང་ཚར་འདུག རྩོམ་རིག་འཐུས་ཤོར་ལ་ཕྱིན་འདུག་ཟེར་ན་ཡིད་ཆེས་ཀི ལྷག་པར་དུ་རིག་གནས་གསར་བ་སྦྱངས་ས་མེད་ཀི་ཟེར་ན་དེ་བས་ཀྱང་ཆོག་གི འདི་ནས་ནང་ཆོས་འདི་ལྟ་བུའི་འཐུས་ཤོར་ལ་བུད་སོང་ཟེར་ན། བོད་ནང་ལ་བལྟས་ན། ཆེས་རྣར་མི་འགྲོ་བའི་སྐད་ཆ་ཞིག་རེད།

    སེ་འབྲས་དགེ་གསུམ་དང་གྲུབ་མཐའ་རེ་རེའི་གྲྭ་ས་ང་ཚོའི་འཁྲིས་ལ་ཡོད་ནི་རེད། འདིའི་ནང་ལ་ལག་པ་བསྲིངས་ནས་གཅིག་ཀྱང་མི་ལེན་པར་ཁྱེད་ལ་མཁོ་བའི་མི་རྐྱང་རྐྱང་བླངས་བསྡད་ན་འགན་མ་ཁུར་བའི་ལས་ཀ་རེད། བྱ་སྤྱོད་རེད། ལམ་ཁ་འདིར་དངོས་ནས་བཅོས་སྒྱུར་གཏོང་དགོས་ཀྱི་འདུག། བཅོས་སྒྱུར་གཏོང་བ་ལ་མི་སུ་ཡིན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་སུ་ཡིན་ཡང་ཤུགས་རྒྱག་དགོས་ཀྱི་འདུག་ཅེས་པ་དེ་ཡིན། ཅེས་བྲིས་འདུག སྐད་ཆ་འདི་ངོ་མ་བདེན་པ་རེད་སྙམ།

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ཕྱི་དངོས་པོའི་ཤེས་ཡོན་ལས་ལྷག་པ་ནང་གི་ཤེས་ཡོན་ཡར་རྒྱས་འགྲོ་རྒྱུ་གལ་ཆེ་ཡིན་པར་བརྟེན་ཆོས་དགེ་ཚོའི་ལས་འགན་ལས་ལྷག་པ་ཞིག་མེད། ཅེས་ཡང་ཁ་གཡེང་གིས་མི་མགོ་སྐོར་གྱིན་འདུག

    Reply
  3. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    འཇིག་རྟེན་ཁྱིམ་པ་འཇིག་རྟེན་འདིར་ཇི་ལྟར་འཚོ་དགོས་མིན་དང་ཡོངས་སུ་ཐ་དད་པའི་གྲྭ་པ་འདི་དག་ལ་དགོན་པར་ཇི་ལྟར་གནས་དགོས་མིན་གྱི་ཟབ་སྦྱོང་སྤྲད་ན་འོས་འཚམས་རེད། དེ་མིན་ཞོགས་པའི་ཞལ་འདོན་ཙམ་ལ་ལྟ་བ་ལ་ནི་ཟབ་སྦྱོང་ཞིག་སྤྲོད་དགོས་དོན་མེད་པས་དུས་ཚོད་ཆུད་ཟོས་སུ་བཏང་བ་རེད།

    Reply
  4. རིགས་བཟང་། says:
    ལོ་ 15 སྔོན།

    སློབ་དཔོན་གཉིས་ཀྱི་ཞལ་གསུང་ལ་རྗེས་སུ་ཡི་རངས་ཡོད་། ད་དུང་ཆོས་དགེ་དེ་དག་ལ་ནང་དགོང་ཞལ་འདོན་གྱི་ཚུལ་དུ་མཁས་པའི་དབང་བོ་དགེ་ཆོས་ཀྱི་སྙན་རྩོམ་༼ ཕལ་སྐད་གསོང་པོར་བརྗོད་པའི་ཀ་རྩོམ། ༽གང་མང་མང་ཀློག་གིན་བཅུག་ན་ཕན་ཐོག་ཡོད་པ་སྨྲ་མེད་རེད།

    Reply
  5. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    དགེ་བཤེས་ཚོ་གྲོང་དུ་སོང་ནས་མི་སྐྱ་ཚོར་ནང་ཆོས་ཀྱི་འགྲོ་སྟངས་སློབ་སྦྱོང་སྤྲོད་དགོས་ལ། མི་སྐྱ་ཚོ་དགོན་པར་ཡོང་ནས་གྲྭ་པ་ཚོར་འཛམ་གླིང་གི་འགྲོ་སྟངས་རེ་ཡང་སློབ་ཐུབ་ན་ཧ་ཅང་བཟང་།
    ད་ལྟའི་ཆར་གཅིག་ལ་ཡོད་པ་དེ་གཅིག་ལ་མི་འདུག འདི་ལ་བརྟེན་ནས་སྤྱི་ཚོགས་འདི་གཉིས་ཀྱི་བར་དུ་གཅིག་གིས་གཅིག་ཁས་མི་ལེན་པའི་འགལ་ཟླ་ཆེན་པོ་འདི་ཡོང་གིན་ཡོད་པ་རེད། འདི་ནི་བོད་ཕྱི་ནང་གཉིས་ཀར་ཧ་ཅང་གལ་ཆེ་གི མཚམས་པ་བྲག་ཁུང་ནང་ན་ཡོད་པ་ཚོ་ལ་བརྗོད་པ་མིན་ལོ།།

    Reply
  6. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཡག་པོ་བྱུང་འདུག་ ཐུགས་རྗེ་ཆེ་ཞུ་

    Reply
  7. ཁམས་སེམས་བཟང་། says:
    ལོ་ 15 སྔོན།

    ༄༅། །ཆོས་ཚོར་སྤྲོད་པའི་ཟབ་སྦྱོང་འདི་རིགས་བོད་ཀྱི་དགོན་སྡེ་ཁག་ཏུ་སྤྲོད་ཐུབ་ན་དགེ་མཚོན་ཆེ་པོ་མཐོང་། དཔེར་ན་ནང་ཆོས་དང་མཚན་རིགས་སོགས་ཀྱི་སྐོར་དང་དེང་དུས་སློབ་མ་ཚོའི་བསམ་དང་མཐུན་པའི་ནང་ཆོས་ངོ་སྤྲོད་གནང་ཚུལ་སོགས་ཀྱི་སྐོར།
    ཆོས་དགེ་ཚོས་ནང་ཆོས་ངོ་སྤྲོད་བའི་རྗེས་སློབ་མ་ཚོ་ནང་ཆོས་ལ་དོ་སྣང་ཆེ་རུ་འགྲོ་ཡོད་ན་ཡང་ན་ཆུང་དུ་ཕྱིན་ནམ། ངའི་གྲོགས་ཁ་ཤས་ཀྱི་བསམ་པར། སློབ་མ་ཚོས་ནང་ཆོས་ཡག་པོ་མི་ཤེས་པའི་སྐབས་ནང་ཆོས་སྨོང་དད་ཀྱིས་དོ་སྣང་ཆེན་པོ་ཡོད་སྲིད། ནང་ཆོས་ངོ་སྤྲོད་པའི་རྗེས་ནང་ཆོས་ཀྱི་དོན་ངོ་མི་ཤེས་པར། ཡ་་་་་་་་་་་་ད་ནི་ནང་ཆོས་ཤེས་སོང་་་་་་་་་ཧ་ལས་དགོས་པ་ཞིག་གང་ཡང་མི་འདུག་བསམས་ནས་དད་ལོགས་སྐྱེས་མི་སྲིད་པའི་ཉེན་ཁ་མེད་མིན་ཟེར་མཁན་ཡོད། གལ་ཏེ་ངའི་གྲོགས་པོས་བཤད་པ་བཞིན་ཡིན་ན། ཆོས་དགེ་ཚོ་་་་ཐུགས་རྗེས་གཟིགས་ཟབ་སྦྱོང་སྤྲོད་པ་བཞིན་དུས་རྒྱུན་འཛིན་གྲྭའི་ནང་ངེས་པར་དུ་ཟབ་ཟབ་གནང་ནས་སློབ་མ་ཚོར་གཟིགས་བསྐྱོང་གནང་རོགས། འདི་ནི་ང་དང་ངའི་གྲོགས་པོའི་རེ་བ་ཡིན།།།།།།།།།།།།།།།།།།།།།།།།།།།།།།

    Reply
  8. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་གནང་བ་ཐུགས་རྗེ་ཆེ་ཞུ།
    ཟབ་སྦྱོང་སྤྲད་ཚར་རྗེས་ངེས་པར་དུ་སློབ་གྲྭ་ཁག་ཏུ་ལག་བསྟར་བྱེད་དགོས།
    བག་གཡེང་དུ་བཞག་མིན་རུང་།
    བཙན་བྱོན་ནང་ཆོགས་ཆེན་དང་ཟབ་སྦྱོང་ཐོག་གྲོས་ཆོད་མང་དག་ཞིག་བཞག་ཀྱང་ལག་ལེན་མེད་པ་ལྷག་ཡོད།

    Reply
  9. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཆོས་དགེ་ཚོས་གནའ་བོའི་ལུགས་སྲོལ་ལྟར་ཕྲེང་བ་རིང་པོ་རེ་ཐོགས་ཏེ་ལག་པར་དཔེ་ཆ་རིང་པོ་ཞིག་བསྣམས་ཏེ་ཉིན་གང་བོར་སློབ་མ་ཚོར་དཔེ་ཆ་འཁྲིད་ཀྱི་ཨེ་ཡོད་ན། ཡང་ན་དེང་དུས་ཀྱི་ཚན་རིག་ཡང་རྒྱས་འགྲོ་བཞིན་པ་དང་ཆབས་ཅིག་གནའ་དེང་ཟུང་འབྲེལ་གྱིས་ཆོས་དགེ་རེ་བྱེད་ཀྱིན་ཡོད་ན།

    Reply
  10. བསེ་རུ། says:
    ལོ་ 15 སྔོན།

    དགེ་རྒན་ཞིག་ལ་ཆ་མཚོན་ན། རང་ཉིད་ཀྱི་ཤེས་ཚད་ཇི་ལྟར་ཡོད་རུང་མེད་རུང་། གང་ཤེས་པའི་ཡོན་ཏན་དེ་སློབ་མ་ཚོའི་རྒྱུད་སྟེང་དུ་བབས་ཐུབ་པ་ཞིག་བྱེད་དགོས་སྟབས། སློབ་ཁྲིད་ཐབས་ལམ་ཐོག་དགེ་རྒན་ཚང་མས་ཐུགས་སྣང་དང་། སྲོལ་རྒྱུན་ཙམ་མ་ཡིན་པར་དེང་དུས་ཀྱི་ཁྲིད་ཐབས་སོགས་ནས་ལེགས་ཆ་བླང་སྟེ། གཙོ་བོ་སློབ་ཁྲིད་ཐབས་ལམ་ཐོག་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པར་མཐོང་།

    སློབ་མའི་སེམས་ཁམས་དང་། སྤྱི་ཚོགས་ཀྱི་གནས་བབ། ཁོར་ཡུག་གི་འགྱུར་ལྡོག ཤེས་ཡོན་གྱི་དགོས་དམིགས་སོགས་ཕྱོགས་མང་པོ་ཞིག་གི་ཐོག་དགེ་རྒན་རང་ཉིད་ལ་འགན་ཁུར་གྱི་བསམ་བློ་རྒྱུན་ལྡན་ནས་དགོས་ངེས་སུ་མཐོང་།།

    Reply
  11. ཇ་མ་ says:
    ལོ་ 15 སྔོན།

    ཆོས་ལུགས་སློབ་ན་མི་བཟང་མེད་མོད། དེ་ལས་བརྡ་དག་འགའ་རེ་སློབ་ན་དེ་བས་བཟང་།

    Reply
  12. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    གསར་འགྱུར་འདི་ཀློག་མཁན་ཐེངས་གཅིག་བྱུང་འདུག་པས་འདི་ཀློག་མཁན་དང་པོ་ང་ཆགས་ཡོད་སྟབས་མཆན་འདི་བཏབ་པ་ཡིན།
    ཆོས་དགེ་ཟབ་སྦྱོང་ལ་སློབ་ཚན་དང་དོན་དག་འགའ་ཤས་ཤིག་སྐྱར་གསོ་ཙམ་མིན་པར་དེང་དུས་ཀྱི་བྱིས་པའི་སེམས་ཁམས་རིག་གཞིར་བཞག་གིས་དེང་དུས་ཀྱི་སློབ་ཚན་ཁྲིད་ཐབས་ངེས་པར་དུ་སློབ་དགོས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese