མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝི་ཀེ་གསང་གྲོལ་དྲ་བའི་བོད་དང་རྒྱ་ནག – ས་དཀར་བཀྲ་ཤིས།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཟླ་ ༡༡ ཚེས་ ༢༨ ནས་བཟུང་ཝི་ཀེ་གསང་གྲོལ་དྲ་བའི་ Wikileaks ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་སྲིད་གསང་བའི་ཏར་འཕྲིན་ཡིག་ཆ་ཁྲི་ ༢༥ ཁྱབ་བསྒྲགས་བྱས་པ་དང་། དེ་དག་ཁྲོད་རྒྱ་ནག་དང་འབྲེལ་ཡོད་ཡིག་ཆ་སྟོང་ཕྲག་བདུན་ཡོད་པར་བརྗོད་ལ། གསང་ཡིག་ཁག་དེ་དག་ལས་ང་ཚོའི་རྒྱ་ནག་གི་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུངས་དང་། ཆབ་སྲིད་རྒྱུན་ལས་ཨུ་ཡོན་མི་དགུ་ཡིས་ལས་དོན་ཆེ་ཆུང་ཇི་ལྟར་ཐག་གཅོད་བྱེད་སྟངས། མ་འོངས་བའི་རྒྱ་ནག་གི་སྲིད་འཛིན་ཞིས་ཅན་ཕིན་གྱི་བྱ་སྤྱོད་དང་ལྟ་བ་ཁྱེར་སོ། ༢༠༠༨ལོར་ཨོ་ལིམ་པིག་རྩེད་འགྲན་སྐབས་མི་རིགས་རིང་ལུགས་སྐུལ་སློང་ཇི་ལྟར་བྱས་པ། ཆབ་སྲིད་རྒྱུན་ལས་ཨུ་ཡོན་ཀྲང་གིས་འཛུབ་སྟོན་འོག་གྷོ་གྷལ་དྲ་ཚིགས་ལ་གཏོར་སྐྱོན་བཏང་བ། ཆབ་སྲིད་རྒྱུན་ལས་ཨུ་ཡོན་ལིས་ཁུ་ཆང་གིས་རྒྱ་ནག་གི་ GDP གྲངས་ཚད་ནི་རྫུན་བཟོ་ཡིན་པར་བརྗོད་པ་བཅས་ཕྱོགས་མང་པོ་ཞིག་མཐོང་ཐུབ་ལ། ལྷག་པར་ཏུ་བོད་དོན་འབྲེལ་ཡོད་ཀྱི་ཡིག་ཆ་འགའ་རེ་ཡང་ཟགས་དང་འཛག་བཞིན་ཡོད་པ་ནི་མང་པོ་ཞིག་གིས་འཚོལ་བཞིན་པ་དང་ཤེས་འདོད་པ། དོ་སྣང་བྱེད་བཞིན་པ་ཡིན་ངེས་བའི་འདིར་ཁ་ཤས་ཤིག་ཡར་སྒྲུག་ཏེ་བོད་བསྒྱུར་བྱས་ཡོད་པ་གཤམ་གསལ།

 

ཆབ་སྲིད་རྒྱུན་ལས་ཨུ་ཡོན་ཀྲང་ལིས་ཁྲང་ཁྲོན་གྱིས་བཀའ་བཏང་སྟེ། གྷོ་གྷལ་དྲ་ཚིགས་ལ་གཏོར་སྐྱོན་བཏང་བ།

ཝི་ཀེ་གསང་གྲོལ་དྲ་བའི་རྒྱ་ནག་དང་འབྲེལ་ཡོད་གསང་ཡིག་ཐོག་མའི་ནང་རྒྱ་ནག་དང་གྷོ་གྷལ་དྲ་བའི་བར་གྱི་རྙོག་དྲའི་སྐོར་ཡོད་ལ།  ནེའུ་ཡོག་དུས་བབ་སྟེང་བཀོད་པ་ལྟར་ན། ༢༠༠༩ ལོའི་ཕྱི་ཟླ་ ༥ བའི་ཚེས་ ༡༨ ཉིན་རྒྱ་ནག་ནང་ཡོད་པའི་ཨ་རིའི་སྐུ་ཚབ་ཀྱིས་ཝ་ཤིན་ཊོན་ལ་ཏར་འཕྲིན་ཞིག་བཏང་བའི་ནང་འདི་ལྟར་བརྗོད་ཡོད་དེ།  ཁུངས་ལྡན་གནས་ཚུལ་ལྟར་ན་རྒྱ་ནག་གི མགོ་ཁྲིད་ཚོ་གྷོ་གྷལ་དྲ་རྒྱ་ལ་ཞེད་སྣང་སྐྱེ་ཡི་ཡོད་པ་དང་། ཆབ་སྲིད་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་དཔོན་རིགས་མཐོ་ཤོས་ལིས་ཁྲང་ཁྲོན་གྱིས། རང་ཉིད་ཀྱི་མིང་གློ་གྷལ་ནང་འཚོལ་བཤེར་སྐབས་ཁོ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་མང་པོ་མཐོང་བས། ཁོ་རང་ཧང་སངས་དུ་བཅུག་ཡོད་པ་རེད། ཁོ་ནི་གྷོ་གྷལ་དྲ་བར་བཏང་འཛིན་དང་ཞིབ་བཤེར་བྱེད་མཁན་གྱི་གཏེ་བོ་དེ་ཡིན་ལ། ཁོང་གི་བཀོད་སྒྲིག་འོག་རྒྱ་ནག་ནང་རྟེན་གཞི་བྱས་ཡོད་པའི་གྷོ་གྷལ་དྲ་བའི་མ་ལག་ལ་གཏོར་བཤིག་བཏང་ཡོད་པར་བརྗོད། གསང་ཡིག་ནང་རྒྱ་ནག་གིས་གྷོ་གྷལ་དྲ་བའི་ནང་ཏྰ་ལའི་བླ་མ་དང་། ༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེ་དམར་གསོད་དོན་རྐྱེན་སྐོར་དྲ་ནང་ནས་འཚོལ་ཞིབ་བྱེད་མི་ཐུབ་པའི་དགོས་འདུན་བཏོན་ཡོད་འདུག  རྒྱ་ནག་མགོ་ཁྲིད་ཚོས་དྲ་རྒྱ་ནི་རྒྱ་ནག་སྒོ་འབྱེད་དང་དམངས་གཙོ་ཅན་དུ་གྱུར་བར་འགོག་མི་ཐུབ་པའི་སྟོབས་ཤུགས་ཤིག་ཡིན་པར་ངོས་ལེན་བྱེད་ཀྱི་མེད་པ་དང་། གསང་ཡིག་ཏུ་ ༢༠༡༠ ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་རག་པའི་གནས་ཚུལ་ལྟར་ན། གྷོ་གྷལ་དྲ་ཚིགས་རྒྱ་ནག་ལས་ཕྱིར་འཐེན་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་རྒྱལ་ཁའི་སྙན་ཞུ་ཞིག་ཏུ་ཁོ་ཚོའི་དྲ་བ་བཏང་འཛིན་ཐད་བྱས་རྗེས་བཞག་ཡོད་རབས་བརྗོད་འདུག་ལ། སྔོན་ཆད་ཡིན་ན་རྒྱ་ནག་གི་དཔོན་རིགས་ཚོས་དྲ་རྒྱ་ནི་གཏན་ནས་བཀག་སྡོམ་བྱེད་མི་ཐུབ་པ་ཞིག་རེད་སྙམ་ནས་སེམས་ཁྲལ་བྱེད་ཀྱི་ཡོད་མོད། གྷོ་གྷལ་དོན་རྐྱེན་བརྒྱུད་ཁོ་ཚོ་ལ་སྡོམ་ཚིག་ཅིག་བརྙེད་པ་ནི། ལས་སླ་བོའི་ཐོག་ནས་དྲ་རྒྱ་བཀག་སྡོམ་བྱེད་ཐུབ་པ་དེ་རེད་ཅེས་བརྗོད།

 

གསང་ཡིག་ནང་ད་དུང་ ༢༠༠༢ ལོ་ནས་བཟུང་རྒྱ་ནག་གིས་དྲ་ཇག་ Hacker སྐོར་ཞིག་བེད་སྤྱོད་བཏང་སྟེ། ཨ་རིའི་གཞུང་གི་གློག་ཀླད་དང་། ཡུ་རོབ་རྒྱལ་ཁབ་ཁག  ཏྰ་ལའི་བླ་མའི་གློག་ཀླད་བཅས་སུ་འཛུལ་ནས་ཡིག་ཆ་བརྐུ་ཁྱེར་བྱས་ཡོད་པ་དང་།  དྲ་ཇག་དེ་ཚོ་ནི་རྒྱ་གཞུང་གིས་ཆེད་འགུག ས་དྲ་ལམ་མཁས་ཅན་དང་རྒྱལ་གཅེས་དྲ་ཇག་ཚོགས་པ་ཟེར་བའི་གྲུབ་ཡོད་འདུག ༢༠༠༩ ཟླ་ཕྱི་ཟླ་ ༦ པར་ཨ་རྒྱ་གཉིས་ཀྱིས་གནམ་གཤིས་སྐོར་ལ་གྲོས་མོལ་སྐབས་ཨ་རིའི་སྐུ་ཚབ་ཚོ་ལ་ PDF ཅན་ཀྱི་ཡིག་ཆ་ཞིག་ཡིག་གློག་རྡུལ་ཡིག་ཟམ་བརྒྱུད་བསྐུར་བའི་ནང་དྲ་འབུ་ཡོད་པ་ཤེས་རྟོགས་བྱུང་འདུག ༢༠༠༩ ལོ་དྲ་ཇག་དེ་ཚོ་བསྐྱར་ཏུ་ཨ་རིའི་གཞུང་གི་གློག་ཀླད་ནང་འཛུལ་བའི་ཐབས་ཤེས་བཏང་ཡོད་པ་དང་། ཨ་རིའི་གཞུང་གི་རྟོག་དཔྱད་མི་སྣའི་བརྗོད་ན་དྲ་ཇག་དེ་ཚོ་དང་མི་དམངས་བཅིངས་འགྲོལ་དམག་དབར་འབྲེལ་བ་ངེས་ཅན་ཡོད་པའི་བདེན་དཔང་བྱ་ཐུབ་ཟེར།  གཞན་ཝི་ཀེ་དྲ་བ་གསར་བཟོ་མཁན་སྐུ་ཞབས་ཇོ་ལེའང་ཨེ་སངས་Julian Assange ཀྱིས་བརྗོད་དོན་ཁོང་གི་དྲ་ཚིགས་ཀྱིས་བོད་མི་ཞིག་དམར་གསོད་བཏང་པའི་འདྲ་པར་ཁྱབ་བསྒྲགས་བྱས་པས། རྒྱ་ནག་གི་དྲ་ཇག་གིས་གཏོར་བརླག་བྱས་ཏེ། ཆུ་ཚོད་ཁ་ཤས་རིང་དྲ་ཚིགས་ཁ་ཕྱེས་མི་ཐུབ་པ་བཟོས་སོང་ཟེར། 

 

ལྕམ་ནན་སེ་ཕོ་ལོ་སི་བོད་ནང་བསྐྱོད་རྒྱུ་ཡིན་ཟེར་བའི་རྒྱ་ནག་གཞུང་སྐྲག་ཐག་ཆོད་ཡོད་པ།

ཁར་རྫ་ཁུ་སི་ཐན་རྒྱལ་ཁབ་ཏུ་ཡོད་པའི་ཨ་རིའི་སྐུ་ཚབ་རི་ཆར་ཧོ་ལན་ཀྲི་ Richard Hoagland ཡིས་ཝ་ཤིན་ཊོན་ལ་བཏང་བའི་ཏར་འཕྲིན་ནང་བཀོད་དོན་ལྟར་ན། ༢༠༠༩ ལོའི་ཕྱི་ཟླ་ ༥ བར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སེ་ཕོ་ལོ་སི་རྒྱ་ནག་ནང་འཚམས་འདྲིར་ཡོང་སྐབས། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ཕྱི་སྲིད་དཔོན་རིགས་ཤིག་གིས་རྒྱ་གཞུང་ལ་ལྕམ་ནན་སེ་བོད་ནང་གཟིགས་སྐོར་ཏུ་འགྲོ་ཆོག་པའི་དགོས་འདུན་བཏོན་ཡོད་པ་དང་། སྐབས་དེར་རྒྱ་གཞུང་ཕྱི་སྲིད་བློན་ཆེན་གཞོན་པ་ཧུ་ཡ་ཧྥེ་ཡིས་ལྕམ་ནན་སེ་ཡིས་མཛད་རིམ་ཧ་ཅང་ཞིབ་ཚགས་ཆེ་པས་བོད་ནང་གཟིགས་སྐོར་བཀོད་སྒྲིག་བྱ་མི་ཐུབ་པར་བརྗོད་འདུག ཡིན་ན་ཡང་ཁར་རྫ་ཁུ་སི་ཐན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་སྐུ་ཚབ་ཁྲིན་གོ་ཕིན་གྱིས་ཨ་རིའི་སྐུ་ཚབ་ Richard Hoagland དང་ལྷན་གསོལ་ཚིགས་ཤིག་གི་སྐབས་སྐད་ཆ་དྲང་མོ་བརྗོད་དོན། ལྕམ་ནན་སེ་རྒྱ་ནག་ལ་འཚམས་འདྲིར་ཡོང་སྐབས་བོད་ནང་གཟིགས་སྐོར་ཏུ་འགྲོ་རྒྱུ་ཡིན་ཟེར་བ་དེས་རྒྱ་ནག་ཕྱི་སྲིད་ལས་ཁུངས་སྐྲག་ཐག་ཆོད་ཡོད་པ་རེད་བཅས་བརྗོད་ཡོད་འདུག

ལྕམ་ནན་སེ་ལགས་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་ཤུགས་ཆེན་གནང་མཁན་ཞིག་ཡིན་ལ།  ༡༩༩༡ ལོར་ཁོ་མོས་པེ་ཅིན་དུ་འཚམས་འདྲི་སྐབས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་རྒྱ་ནག་མང་གཙོའི་ཆེད་སྐུ་གཤེགས་པའི་དཔའ་པོ་ཚོར་ཕུལ་བ་ཅེས་བཀོད་པའི་འཕྲེད་དར་འཕྱར་ཡོད་འདུག ༢༠༠༨ ལོར་བོད་ནང་ཡར་ལངས་སྐབས་ཁོ་མོ་ཏྰ་ལའི་བླ་མ་དང་མཇལ་འཕྲད་གནང་ཡོད་པས་རྒྱ་གཞུང་ཁོང་ཁྲོ་ཟ་རུ་བཅུག་ཡོད་ལ།  ༢༠༠༨ ལོའི་ཕྱི་ཟླ་ ༡༠ པར་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དེ་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པ་ཧོའུ་ཅྰ་ལ་ཕུལ་བར་ཁོ་མོས་བསྔགས་བརྗོད་གནང་ཡོད་འདུག

༼ མུ་འགོད། ༽

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    མུ་མཐུད་ནས་གནས་ཚུལ་མཁོ་འདོན་གནང་རོགས་གནང་།

    Reply
  2. རིག་བུ། says:
    ལོ་ 15 སྔོན།

    ས་བཀར་བཀྲ་ཤིས་ལགས། མུ་འབྲེལ་དཔྱད་བརྗོད་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ། སྔོན་མ་ཁྱེད་ཀྱི་རྩོམ་ཡིག་འགའ་བོད་ཀྱི་དུས་བབ་ཚགས་ཤོག་སྟེང་ནས་མཇལ་མྱོང་ཡང་། བར་ལམ་ཞིག་ནས་མཚམས་ཆད་སོང་། ད་ཆར་བསྐྱར་དུ་འགོ་བརྩམས་པར་དགའ་བསུ་ཡོད། མུ་མཐུད་དོན་ལྡན་གྱི་དཔྱད་བརྗོད་དང་སྒྱུར་རྩོམ་སོགས་འགོད་པར་རེ་ལྟོས་བྱས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese