གོང་ས་མཆོག་གིས་ལྡི་ལི་ཁུལ་དུ་ཆིབས་སྒྱུར་མཛད་འཕྲིན་སྐྱོང་གི་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱལ་ས་ལྡི་ལི་ཁུལ་གྱི་བོད་རིགས་མཐོ་རིམ་སློབ་མ་དང་དེར་ཡོད་དགེ་རྒན་ ༦༠༠ ཙམ་ལ་བཀའ་སློབ་གནང་ཡོད། སྐབས་དེར་༧གོང་ས་མཆོག་གིས་བོད་ཡིག་སློབ་སྦྱོང་བྱ་དགོས་པའི་གལ་ཆེའི་རང་བཞིན་སྐོར་གསུངས་དོན། བོད་ལ་རྒྱ་ནག་གིས་དབང་བསྒྱུར་བྱས་ཏེ་མི་ངོ་ ༦༠ ཙམ་འགྲོ་བཞིན་ཡོད་སྟབས། བོད་མི་རིགས་དང་རིག་གཞུང་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོར་བསླེབས་ཡོད། དེའི་སྟབས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། ཅེས་དང་།
དེང་སང་འཛམ་གླིང་ཐོག་སངས་རྒྱས་པའི་ཆོས་འཆད་དགོས་ཚེ། བོད་གངས་ཅན་དུ་དར་རྒྱས་བྱུང་བའི་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་རྣམས་སྤུས་དག་ཤོས་དང་རྒྱ་ཆེ་ཤོས་དེ་ཆགས་ཡོད། དེ་ལྟ་བུའི་ནང་པའི་ཆོས་དེ་འགྲེལ་བཤད་རྒྱག་རྒྱུའི་སྐད་ཡིག་ཡག་ཤོས་དེ་བོད་ཡིག་ཆགས་ཡོད། དེང་དུས་ཤེས་ཡོན་གཅིག་པུས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུ་ཁག་པོ་ཡིན་སྟབས། ཆོས་ནས་བཤད་པའི་སྐྱེ་བ་སྔ་ཕྱི་སོགས་ཁས་ལེན་མ་ཐུབ་ཀྱང་སེམས་པ་བཟང་པོ་བྱ་དགོས། སེམས་བཟང་པོ་བྱ་རྒྱུ་དེས་རང་གཞན་ཀུན་ལ་བདེ་སྐྱིད་བསྐྲུན་ཐུབ་ཀྱི་ཡོད། ཁྱེད་ཚོ་ཆོས་ལ་དད་པ་ཡོད་མེད་ལ་མ་ལྟོས་པར་སངས་རྒྱས་པའི་ཆོས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། སངས་རྒྱས་པའི་གཞུང་སློབ་སྦྱོང་བྱས་ན་བསམ་བློ་དང་ལྟ་བ་གསར་པ་བསླེབ་རྒྱུར་ཁྱད་པར་ཆེན་པོ་ཡོད། ཅེས་གསུངས།
སློབ་ཕྲུག་གི་ཀུན་སྤྱོད་སྐོར་ལ་གསུངས་དོན། ཡུལ་མི་ཚོས་བཤད་ན། འབྲིང་རིམ་སློབ་གྲྭ་ཐོན་སྟེ་མཐོ་སློབ་ཏུ་ཁག་ཏུ་སྐྱོད་བཞིན་པའི་བོད་པའི་སློབ་ཕྲུག་ཁག་ཅིག་རྣམ་གཡེང་གི་དབང་དུ་སོང་སྟེ། མི་ཚེ་འཕྲོ་བརླག་ཏུ་གཏོང་བཞིན་འདུག་ཟེར། དེ་འདྲའི་རིགས་ལ་གཟབ་གཟབ་བྱ་དགོས་པ་རེད། ཉིན་གཅིག་ལའང་དུས་ཚོད་འཕྲོ་བརླག་ཏུ་མི་གཏོང་བར་སློབ་སྦྱོང་ལ་འབད་བརྩོན་བྱ་དགོས། སློབ་སྦྱོང་ནི་ཀླད་པའི་ཡོན་ཏན་ཁོ་ན་མིན་པར་ལྷག་བསམ་གྱི་ཡོན་ཏན་ཟུང་དུ་འབྲེལ་དགོས་པ་ཞིག་ཡིན། དེའི་རྩ་བ་བོད་ཡིག་དང་བོད་གནའ་རབས་ཀྱི་ཤེས་ཡོན་ལ་ཐུག་ཡོད། ཆོས་དང་རིག་གཞུང་སློབ་གཉེར་གཞི་རྩར་བཞག་སྟེ་དེང་དུས་ཀྱི་ཤེས་ལྡན་པ་ཞིག་ཆགས་ན་གཤོག་པ་གཉིས་ལྡན་དང་བོད་མི་ཆ་ཚང་བ་ཞིག་ཆགས་པ་རེད། ཅེས་གསུངས་ཡོད།
གསར་འགོད་པ་། དཔལ་ལྡན།
མཐོ་སློབ་ཀྱི་ན་གཞོན་རྣམས་ནས་༸རྒྱལ་བའི་བཀའ་སློབ་ཟབ་མོ་རྣམས་ཉིན་རེའི་འཚོ་བའི་གོམས་གཤིས་དང་སྦྱར་གང་ཐུབ་ཀྱིས་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ད་མ་གཟབ་ན། ཧ་ཅང་ཉེན་ཁ་ཆེ། བོད་པའི་ལ་ཞེན་་ཕར་ཞོགས། རང་གི་མི་ཚེའི་འཚོ་གནས་ཀྱང་དཀའ་ངལ་དུ་འགྱུར་ཉེན་ཉེ་པས། བོད་པའི་བཟང་སྤྱོད་ཀྱི་དྲི་མ་མ་ཡོལ་བ་ཞིག་ཅིས་ཀྱང་གནང་རོགས་གནང་། བོད་དོན་ཁྱབ་ཆེ་ཤོས་ནི་མཐོ་སློབ་ཀྱི་སློབ་མ་དག་དང་འབྲེལ་ནས་ཡོད་པས། དེས་བས། ་མང་པོ་ཞིག་་བསམས་མ་ཐུབ་ནའང་། རང་ལ་དྲིན་ཆེ་བའི་ཡབ་ཡུམ་ཕ་མས་སྙིང་གཏམ་དྲོན་མོའི་དྲི་ངད་དང་མ་འབྲལ་བ་ཞིག་གནང་དང་། ལེགས་པོ་ཡོང་ངེས་རེད།
༸གོང་ས་མཆོག་གིས་འདི་ལྟར་གསུངས་ནས་གཞོན་སྐྱེས་རྣམས་ལ་རེ་བ་ཞིག་བཅོལ་བཞིན་ཡོད་མོད། ཁོང་ཚོ་ནི་དེ་ལས་ལྡོག་ཏེ་ཆང་ཁང་དང་རོལ་རྩེད་ཁང་སོགས་སུ་ཉུལ་ནས་ཉི་མ་གཏོང་ཐུབ་བྱེད་ཀྱིན་ཡོད་པ་མ་ཟད། ཞབས་འདྲེན་ཡང་ཞུ་བཞིན་ཡོད་པ་རེད། ཁྱོད་ཚོས་ཡིད་མི་ཆེས་ན་མཚན་མོ་རོལ་རྩེད་ཁང་སོགས་ལ་སོང་དང་ངང་གིས་རྟོག་ཡོང། ལྷག་པར་ཏུ་བུ་མོ་ཚོས་མི་ནག་དང་རྒྱ་བོ་ཕྱུག་པོ་ཚོའི་རྐུབ་ལ་རྒྱུག་ནས་སྒོར་རྡོག་འགའ་རེག་ཐུབ་ལ་འབད་པ་ལས་སློབ་སྦྱོང་ཞེས་པའི་ཐ་སྙད་དང་རྒྱང་ཐག་ཧ་ཅང་རིང།