མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༡ ལོའི་ལོ་སར་སྤྲོ་ཚོཊ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་མཚོ་སྔོན་གནའ་མཁར་ཟི་ལིང་དུ། མཚོ་སྔོན་བརྙན་འཕྲིན་ཁང་གི་གོ་སྒྲིག་བྱས་པའི་ཕྱི་ལོ་ ༢༠༡༡ ལོའི་ལོ་སར་སྤྲོ་ཚོགས་ཆེན་མོ་ཚོགས་ཡོད་ཅིང་། དགོང་ཚོགས་མཛད་སྒོའི་སྟེང་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཤེས་ཡོན་དང་རྩོམ་རིག་ལོ་རྒྱུས་ལྷན་ཁང་གི་མགོ་གཙོ་གཞོན་པ་སངས་རྒྱས་སྐྱབས་དང་། མཚོ་སྔོན་ཞིང་ཆེན་དྲིལ་བསྒྲགས་ཚན་པའི་མགོ་གཙོ་ཅི་ཏེ་མཱ་ཅཱ། ཞིང་ཆེན་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་གཙོ་གཞོན་པ་དབང་མོ་སོགས་སོགས་ཕེབས་ཡོད་འདུག

ཐེངས་འདིའི་དགོང་ཚོགས་ཐོག་དབུས་གཙང་གཞས་མ་པ་སངས་དང་། བདེ་ཆེན་དབང་མོ། སམ་བྷོ་ཊ་ཚན་སྡེབ། མཐོ་སྒང་བུ་མོ་སྤུན་གསུམ། མདོ་བ་ཚེ་སྐྱིད། འཇམ་དབྱངས་སྒྲོལ་མ། རྡོ་རྗེ་ཕུན་ཚོགས། དེ་བཞིན་བོད་རིགས་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་སོགས་མདོ་དབུས་ཁམས་གསུམ་གྱི་འཁྲབ་སྟོན་པ་དང་སྒྱུ་རྩལ་པ་མང་པོ་ཞིག་ཆེད་དུ་གདན་དྲངས་ཏེ། གཞས་དང་ཞབས་བྲོ། ཁ་ཤགས། ཆང་གཞས། ཨ་རྩེད་སོགས་ཀྱི་རྩེད་རིགས་སྣ་ཁ་ ༢༧ ཙམ་འཁྲབ་སྟོན་བྱས་ཡོད་པ་རེད།

ད་ལོར་ཡང་མདོ་དབུས་ཁམས་གསུམ་གྱི་སྐད་ཐོག་ལེ་ཚན་གཙོ་སྐྱོང་བྱས་ཡོད་པ་མ་ཟད། ལེ་ཚན་ཁག་གི་བརྗོད་བྱ་རྣམས་བོད་རྒྱ་དབྱིན་གསུམ་ཐོག་མང་ཚོགས་ལ་ངོ་སྤྲོད་བྱས་ཡོད་ཅིང་། སྐབས་དེར་ད་དུང་སྐྱེ་རྒུའི་ས་འགུལ་དང་འབྲུག་ཆུའི་འདམ་རུད་གོད་ཆག་སོགས་ཀྱི་བརྗོད་དོན་སྤེལ་ཏེ། མི་རྣམས་ལ་རང་བྱུང་ཁམས་དང་མིའི་འབྲེལ་བར་བསམ་བློ་ཇི་ལྟར་གཏོང་དགོས་པའི་གོ་བསྐོན་བློ་འགུག་བྱས་ཏེ་སེམས་འགུལ་ཐེབས་སུ་བཅུག་ཡོད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་མཚོ་སྔོན་བརྙན་འཕྲིན་ཁང་དང་ཁྲི་ཀ་རྫོང་སྲིད་གཞུང་གཉིས་ཀྱི་གོ་སྒྲིག་འོག ཁྲི་ཀ་རྫོང་སྲིན་པོ་གླིང་གར་༼ ༢༠༡༡ ལོའི་དམངས་ཁྲོད་ལོ་གསར་དགོང་ཚོགས ༽ ཞེས་པ་བསྡུས་ཡོད་ཅིང་། སྤྲོ་ཚོགས་དེའི་སྟེང་གཞས་པ་བསམ་ཁོ་དང་། སྒྲོལ་མ་སྐྱབས། སྒྲོལ་མ་མཚོ་སོགས་ཀྱིས་འཁྲབ་སྟོན་བྱས་ཡོད་འདུག

 

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གནའ་མཁར་ཟི་ལིང་ནས་བསྡུས་པའི་༼ ༢༠༡༡ལོའི་མཚོ་སྔོན་ལོ་སར་སྤྲོ་ཚོཊ་ཆེན་མོ ༽ 

 

 

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་མཚོ་སྔོན་ཁྲི་ཀ་ནས་བསྡུས་པའི་༼ ༢༠༡༡ལོའི་དམངས་ཁྲོད་ལོ་གསར་སྤྲོ་ཚོགས ༽ 

 

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. དྲང་སྲོང་། says:
    ལོ་ 16 སྔོན།

    ལོ་སར་སྤྲོ་ཚོགས་ཟབ་རྒྱས་བྱས་ན་ཧ་ཅིང་ཡག་པོ་རེད། བོད་ལ་དངོས་གནས་བཤད་དུས་སྟོན་གཅིག་ཡོད་པ་དེ་ལོ་སར་སྤྲོ་ཚོགས་རེད། ལོ་རེ་རེ་བཞིན་དུ་སྡུག་བསྔལ་ཁོགས་བཟུང་བྱས་ནས་ལོ་སར་སྤྲོ་ཚོགས་མེད་པར་བྱས་ན་སྲོལ་ངན་རྒྱུད་འབྱམས་ལ་སོང་ནས་མཐར་བོད་ལ་ལོ་སར་སྤྲོ་ཚོགས་མེད་པར་འགྱུར་སྲིད།
    ཡུལ་ཤུལ་གྱི་ས་ཡོམ་གོད་ཆག་ལ་མགོ་ལོག་གིས་ཚེ་འདས་སྨོན་ལམ་དང་ཤུལ་མི་ལ་རོགས་རམ་བྱས་པ་དེས་དུང་སེམས་མཚན་པ་རེད་མ་གཏོགས་གཞན་མྱ་ངན་བྱས་པ་ལ་འབྲས་བུ་ཅི་ཡོད།

    Reply
  2. ཇ་མ་ says:
    ལོ་ 16 སྔོན།

    ས་ཡོམ་ཀོད་ཆགས་འོག་མི་དེ་འདྲའི་མང་པོ་ཞིག་ཤི་བས་ལོ་སར་དགོང་ཚོགས་ཤིག་ནི་ཨེ་དགོས་སམ།

    Reply
  3. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    མགོ་ལོག་ལ་ལོ་སར་དགོང་ཚོགས་མེད།
    ཉེ་སྔོན་ངེད་མགོ་ལོག་མི་རིགས་གླུ་གར་ཚོགས་པས་ད་ལོའི་བོད་ཀྱི་ལོ་སར་དགོང་ཚོགས་ཅི་ལྟར་བསྒྲུབ་པའི་ཐད་ཀྱི་ཚོགས་འདུ་བསྡུས་སོང་། འཚོགས་ཐོག་ཏུ་འགོ་བའི་བདག་ལ་ཁ་ཤགས་གྲ་དག་ཅིག་དགོས་ལུགས་གསུང་བྱུང་། ངས་ལག་པ་ཡར་བཀྱགས་ནས་རང་གི་འདོད་ཚུལ་འདི་ལྟར་བཤད་པ་ཡིན།

    “ད་ལོ་ནི་རང་རེའི་ཤ་རུས་ཁྲག་རྒྱུན་གཅིག་པའི་བོད་རིགས་སྤུན་ཟླ་སྟོང་ཚོ་ནས་ཁྲི་ཚོ་བརྒྱུད་དེ་ཡུལ་ཤུལ་ས་འགུལ་ཁྲོད་དུ་རྐྱེན་ལམ་དུ་ཤོར་སོང་། འུ་ཅག་ཤུལ་ལྷག་བོད་མི་རྣམས་ཀྱིས་མྱ་ངན་ཞུ་བའི་དགོང་ཚོགས་ཤིག་མ་བསྡུས་ན། ལོ་སར་དགོང་ཚོགས་འཚོགས་རྒྱུའི་ཡི་ག་གཏན་ནས་མེད། མི་སྐྱིད་ཐོག་བདེ་ཐོག་ན་ཡོད་དུས་ང་ཚོ་བོད་རིགས་སྤུན་ཟླ་ཕུ་ནུ་ཡིན། ང་ཚོ་གངས་ཅན་པའི་དཔུང་རྡང་མཉམ་གཤིབ་དགོས། ངེད་ཚང་གི་ལ་རྒྱ་ཞེས་ཀི་འབོད་བྱེད་པ་མ་ཡིན་ནམ། འདི་ཙམ་ང་ཚོས་ཁ་མཐུན་གྲོས་འགྲིག་མ་བྱུང་ན་ཤི་གསོན་ཀུན་ཁྲེལ་མི་ཡོང་ངམ།

    ཟི་ལིང་ནས་ལོ་སར་དགོང་ཚོགས་འཚོགས་ན་འཚོགས་ཏུ་ཆུག ཀན་སུའུ་ནས་བསྒྲུབ་ན་བསྒྲུབ་ཏུ་ཆུག ཡུལ་ཤུལ་རང་གི་མི་རྣམས་ཀྱང་གླུ་བྲོ་ལ་རོལ་འདུག་ཟེར་བ་རེ་ཟུང་ཐོས་མོད། ཡིན་ན་ཡང་ང་ཚོས་གཞན་གྱི་བཟང་བསླབ་དགོས་པ་ལས་ངན་བསླབ་དགོས་པའི་ངེས་པ་ག་ལ་ཡོད། ང་རང་ཉིད་ཀྱང་ད་ལོ་དགོང་ཚོགས་ཆེ་ཆུང་མང་པོར་བོས་ཐལ། འོན་ཀྱང་ལོ་སར་དགོང་ཚོགས་གཅིག་ལ་ཡང་ཞུགས་མེད། འདི་ནི་ཁྲིམས་འགལ་མིན་ལ་ལུགས་འགལ་ཡང་མིན། བོད་ཀྱི་གོམ་གཤིས་ལ་ཉེ་འབྲེལ་གཅིག་ཚེ་ལས་འདས་སོང་ན་ལོ་དེའི་ལོ་སར་སྲོལ་མེད་ན་ད་ལོ་ང་ཚོས་མགོ་ཐོག་ཏུ་དེ་ལས་བརྒྱ་འགྱུར་གྱིས་ཆེ་བ་ཞིག་བྱུང་བ་མ་ཡིན་ནམ། རང་རེའི་ཚོགས་པའི་འགོ་བ་དང་ལས་གྲོགས་རྣམ་པ། ང་མི་ཆུང་ཡང་གཏམ་ལ་བརྩི་འཇོག ཤ་ངན་ཡང་མིག་གི་ཞིབ་བལྟ་ཞིག་བྱེད་རོགས” ཞེས་ཞུས་པར་ལས་གྲོགས་ཡོངས་ཀྱིས་ཤིན་ཏུ་ཡིད་འཐད་པའི་སྒོ་ནས་འུར་གྱི་ལེར་སོང་རྗེས་ངའི་བསམ་ཐོག་ལ་རྟ་རྒྱུགས་སོང་།

    ད་དུང་བཤད་རྒྱུ་ཞིག་ཡོད་པ་ནི། ད་ལོ་མི་སྒེར་ངོས་ནས་བསྒྲུབ་ཀྱིན་པའི་ལོ་སར་དགོང་ཚོགས་དེ་དག་ནི་ངའི་སྒེར་ངོས་ཀྱི་ལྟ་བ་ཡིན་ན། མི་རིགས་ཀྱི་ཆེད་དུ་མིན་ལ་སྒྱུ་རྩལ་གྱི་ཆེད་དུའང་མིན་པ་དང་། ལོ་སར་གྱི་ལེགས་སྐྱེས་དེ་བས་ཀྱང་མ་ཡིན་པར་ཁྲེལ་མེད་ཚོའི་སྒོར་གྱི་ཆེད་དུ་ཡིན་པ་ཀུན་གྱིས་ཤེས་པར་བྱོས་ཤིག

    གསལ་བཤད། ༼ གོང་གི་རྩོམ་ཡིག་ཐུང་ངུ་དེ་ནི། མགོ་ལོག་གི་སྒྱུ་རྩལ་པ་འཇམ་དབྱངས་བློ་གྲོས་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་སྤེལ་བའི་ཟིན་བྲིས་ལས་འདྲེན་བཀོད་བྱས་པ་ཡིན། ༽

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese