མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་དབང་འདུས་ཀྱིས་བརླག་ཐལ། – བློ་གྲོས་རབ་བརྟན།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

བཟང་སླ་ང་གང་བོ། ངན་སྐྱོགས་གང་གིས་བརླག་སོང་།

བཀའ་ཁྲིའི་སྔོན་འགྲོའི་འོས་བསྡུའི་ཁྲོད་ནས་ལྟད་མོ་ཆེ་ཤོས་ནི་སྐུ་ངོ་བཀྲ་ཤིས་དབང་འདུས་རེད། སྐུ་ངོ་བཀྲས་དབང་བཙན་བྱོལ་བོད་མིའི་ཁྲོད་མཐོ་རིམ་ཕྱག་ལས་གནང་མཁན་གཏམ་ངན་བཤད་འདུག་ཉུང་བའི་གྲས་ཤིག་རེད་ལ། གཞུང་སེམས་ཆེ་ཞིང་ཕྱག་ལས་ཁམས་གཙང་གནང་མཁན་ཞིག་ལ་བརྩི་འཇོག་དང་གུས་བཀུར་ཡོད་པ་རེད། ཡིན་ནའང་ད་ཐེངས་རང་གིས་མི་ཚེ་ཡོངས་བོད་གཞུང་ལ་ཕྱག་ལས་གནང་བའི་གྲུབ་འབྲས།བཟང་སླ་ང་གང་བོ། ངན་སྐྱོགས་གང་གིས་བརླག་སོང་།

ཐོག་མར་སྐུ་ངོ་བཀྲ་ཤིས་དབང་འདུས་དབུས་གཙང་ཆོལ་ཁ་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་འོས་མིར་བཏོན་ཀྱང་ངོས་ལེན་མ་བྱས། སྐབས་དེར་རྒྱུ་མཚན་བཤད་དོན་ནི་ད་བར་བོད་གཞུང་གི་སྒྲོམ་གཞིའི་ནང་ཕྱག་ལས་གནང་བ་ཡིན་ལ། ད་ལྟ་ལོ་ནའི་བབ་དང་གཟུགས་པོ་བདེ་མིན་བཅས་ཀྱིས་བཀའ་ཁྲིའི་འོས་མིར་འདུག་རྒྱུ་མིན་པ་མ་ཟད། བྷེ་ཇམ་གྱི་སྐུ་ཚབ་དོན་གཅོད་ནས་ཀྱང་དགོངས་པ་ཞུས་པ་ཡིན་ཡང་ཚབ་ལ་མི་བསླེབས་མ་སོང་ཞེས་བཤད། དེ་རྗེས་ཅུང་མ་འགོར་བར་བཀའ་ཁྲིའི་འོས་བསྡུའི་སྐོར་གྲག་འགུལ་ཆེ་རུ་སོང་བ་དང་བསྟུན། སྐུ་ངོ་བཀྲས་དབང་ཀྱང་འགྱུར་ཏེ་སྐད་ཆ་གཉིས་བཤད། བཀའ་ཁྲིའི་འོས་མི་ལ་འདུག་གི་མིན། འོན་ཀྱང་མི་མང་གིས་འོས་བླུག་ན་དེ་ག་རེད་ཅེས་བཤད་དེ་ཟླ་ངོ་ཁ་ཤས་འདས་ཤིང་། རིམ་པས་སྔོན་འགྲོའི་འོས་འབྲས་སྤྱིར་བསྒྲགས་གནང་བ་དང་དེར་སྐུ་ངོར་ཨང་རིམ་བཞི་བ་རེད་ལ་ཐོབ་པའི་འོས་གྲངས་ ༢༠༠༠ལྷག་རེད། འདི་ལ་གཞིགས་ན་སྐུ་ངོ་འོས་མིའི་ཁོངས་སུ་བསྡད་ཀྱང་འོས་ཐོབ་རྒྱུ་མིན་པའི་ཚོད་དཔག་དེ་སུ་ཡིན་ནའང་བྱེད་ཐུབ་པ་ཞིག་རེད་ལ། དེར་བརྟེན་མི་མང་པོས་དགོངས་པ་ཞུ་རྒྱུ་ཡིན་པའི་དངོས་འཛིན་གནང་ཡོད་ཀྱང་། སྐུ་ངོ་དེ་ལས་ལྡོག་སྟེ་དངོས་གཞིའི་འོས་མིའི་ཁོངས་སུ་བསྡད་པ་དེས་སྐུ་ངོའི་སྐོར་ལ་བསམ་ཚུལ་མང་པོ་རང་ཤུགས་ཀྱིས་བསུས་ཡོད། 

སྐུ་ངོས་སྤེལ་བའི་གསལ་བསྒྲགས་ལྟར་ན། རྒྱབ་སྐྱོར་བ་ཚོའི་ངོར་བལྟས་ཏེ་མཐའ་མའི་འོས་མིའི་ཁོངས་སུ་བསྡད་ཡིན་ལ། དངུལ་དང་དུས་ཚོད་ཀྱི་རྐྱེན་པས་གཞིས་ཆགས་ཁག་ཏུ་བསྐྱོད་ཐུབ་ས་མ་རེད་ཟེར། རྒྱབ་སྐྱོར་བ་ཚོས་བོད་པའི་སྤྱི་ཚོགས་ན་བཀའ་ཁྲི་འོས་ཤོས་སྐུ་ཉིད་མཐོང་བ་ཡིན་པ་ཞུས་མི་དགོས། དེར་བརྟེན་རྒྱབ་སྐྱོར་བ་ཚོའི་རེ་བ་ནི་འོས་ཐོབ་དགོས་ཀྱི་ཡོད་པ་རེད་ལ། འོས་ཐོབ་ཆེད་ལས་འགུལ་ཀྱང་སྤེལ་ཏེ་གཞིས་ཆགས་ཁག་ཏུ་བསྐྱོད་དགོས་པ་ལས་འོས་མིའི་ཁོངས་སུ་ཡོད་པ་ཙམ་གྱིས་ག་ལ་འགྲིགདངུལ་གྱི་དཀའ་ངལ་ཡོད་ན་བཀྲས་མཐོང་ལ་རྒྱབ་སྐྱོར་གནང་མཁན་ཚོ་བཞིན། སྐུ་ངོའི་རྒྱབ་སྐྱོར་བ་ཚོས་ཀྱང་དངུལ་བསྡུ་རུབ་ཀྱི་ལས་འགུལ་ཆུང་ཆུང་སྤེལ་དགོས་པ་རེད་ལ་སྤེལ་མི་ཐུབ་ཅི་ཡོད། དུས་ཚོད་ཀྱི་ཆ་ནས་ད་དུང་ཟླ་ངོ་གསུམ་ཙམ་འདུག་ལ། དེའི་རིང་གཞིས་ཆགས་ཁག་ལ་འགྲོ་བའི་དུས་ཚོད་འདང་ཐག་གཅོད་རེད། དེ་མིན་འོས་ཐོབ་ཆེད་ལས་འགུལ་ཅི་ཡང་མི་སྤེལ་པར་བགྲོ་གླེང་ཙམ་ལ་མཉམ་ཞུགས་ཀྱིས་བསྡད་ན། སྐུ་ངོས་རྒྱབ་སྐྱོང་བ་ཚོའི་ངོར་བལྟས་ཏེ་འོས་ཁོངས་སུ་བསྡད་པ་མིན་པ་གསལ་བོར་ཆགས་པ་རེད་ལ། སུ་ཞིག་ལ་ཕན་ཐོགས་དང་གང་ཞིག་ལ་གནོད་སྐྱེལ་ཕྱིར་སྐུ་ངོའི་ཁོག་ཏུ་མི་ཞིག་འཛུལ་ཏེ། མཐའ་མའི་བཀའ་ཁྲིའི་འོས་ཁོངས་སུ་ཞུགས་པ་ཡིན་པ་དོན་གྱིས་བསྟན་འདུག 

བོད་པའི་སྤྱི་ཆོགས་སུ་བཀའ་ཁྲིའི་སྐོར་ལ་མི་རབས་གསར་བ་དང་ཉམས་མྱོང་ཟེར་བའི་ལྟ་སྟངས་གཉིས་རེད། དེ་གཉིས་མཚོན་དོན་དུ་བཀྲས་མཐོང་དང་བློ་སེང་གཉིས་ཆགས་ཡོད། ཁོང་ཉིས་ཀ་སྔོན་འགྲོའི་འོས་འབྲས་རྩེ་བུད་རེད། བློ་སེང་གིས་སྔོན་འགྲོའི་འོས་བསྡུའི་སྐབས་གཞིས་ཆགས་དང་དགོན་སྡེ། བོད་མི་འདུས་སྡོད་ས་ཆ་ཆེ་བ་ཡོངས་བསྐོར་བ་བརྒྱབ་ཚར་བ་རེད། དེའི་འབྲས་བུ་འོས་གྲངས་ཉིས་ཁྲི་ལྷག་ཐོབ། བཀྲས་མཐོང་གིས་སྔོན་འགྲོའི་འོས་བསྡུའི་སྐབས་སུ་སྐོར་སྐྱོད་ཅི་ཡང་མ་བྱས་ན་ཡང་ཁོང་ལ་འོས་གྲངས་གཅིག་ཁྲི་ལྷག་ཐོབ་པ་རེད། ད་དུང་ཁོང་གཞིས་ཆགས་དང་དགོན་སྡེ་ཁག་ལ་འགྲོ་རྒྱུ་ལྷག་ཡོད་དུས། དངོས་གཞིའི་འོས་བསྡུའི་སྐབས་སུ་ཁོང་ལ་འོས་མང་དུ་འགྲོ་རྒྱུ་དང་བློ་སེང་གི་འོས་གྲངས་ཉུང་དུ་འགྲོ་བར་སེམས་ཚེགས་ཤིག་ཀྱང་བློ་སེང་དང་བློ་སེང་གི་རྒྱབ་སྐྱོར་བ་ཚོར་ཡོད་མུས་རེད། དེ་འདྲའི་གནས་སྟངས་འོག་སྐུ་ངོ་བཀྲ་ཤིས་དབང་འདུས་བཀའ་ཁྲིའི་དངོས་གཞིའི་འོས་མིའི་ཁོངས་སུ་ཞུགས་པ་དེས། བཀྲས་མཐོང་ལ་ཁ་གཏད་ཏག་ཏག་བྱུང་ཡོད་པ་རེད་ལ། དེས་བཀྲས་དབང་མེད་ན་བཀྲས་མཐོང་ལ་ཐོབ་པར་རེ་བ་ཆེ་བའི་བཀྲས་དབང་གི་འོས་གྲངས་ཉིས་སྟོང་ལྷག་དེ་འགོག་ཐུབ་ཡོད་ཅིང་། རྒྱ་སྒྲོལ་དང་བློ་བཟང་སྦྱིན་པ། འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་བཅས་ལ་ཐོབ་པའི་འོས་ཤོག་བཀྲས་མཐོང་ལ་ཕྱོགས་པར་ཡང་གནོད་བསྐྱལ་ཡོད་དེ། བློ་སེང་ཕུད་པའི་གཞན་འོས་མི་ལྔ་བོར་འོས་བླུག་མཁན་ཚོར་ལྟ་སྟངས་གཅིག་གྱུར་ཅིག་ཡོད་ནི་བོད་པའི་སྤྱི་ཚོགས་དང་གཞུང་གི་འཛིན་སྐྱོང་ནང་ཕྱག་ལས་གནང་བའི་ཉམས་མྱོང་དེ་རེད། མྱོང་ཅན་ལྔའི་ནང་ནས་རྩེ་བུད་དེ་བཀྲས་མཐོང་རེད་ལ་གཞན་ཚོས་དགོངས་ཞུ་གནང་བ་ཡིན་ན། ཁོང་ཚོའི་འོས་དེ་བཀྲས་མཐོང་ལ་ཐོབ་པའི་གོ་སྐབས་ཆེན་པོ་རེད།

མཇུག་ཏུ་བོད་པའི་གཏམ་དཔེ་གསུམ་གྱིས་སྐུ་ངོ་གླེང་མཚམས་འཇོག་གི་ཡིན། དོན་གཅོད་ཕྱག་ལས་བཞག་སྟེ་བཀའ་ཁྲིའི་འོས་ཁོངས་སུ་ཞུགས་དེ་༼རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་༽ཟེར་དེ་རེད། བཀྲས་མཐོང་ལ་མཚོན་ན་བཀྲས་དབང་༼ལྷ་བདུད་དུ་བབས། སྨན་དུག་ཏུ་གྱུར་༽ཟེར་བ་རང་རེད། བློ་སེང་ལ་༼ ཆར་བ་ཆུ་འགྲོགས་ ༽ཆགས་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

མཆན། 41

  1. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་སྐུ་ཁམས་བཟང་ཕྲན་ཉིན་ཤས་ལས་དོན་གྱི་རྐྱེན་པས་དྲ་རྒྱ་ཁ་ཕྱེ་ཐུབ་མསོང།

    རྫུན་གཏམ་གཅིག་ཚར་བརྒྱ་ཙམ་བསྐྱར་ཟློས་བྱས་ན་བདེན་པར་འཛིན་གྱི་གངས་ཆབ་ལགས།
    ཕྲན་གྱིས་༼ཕྲན་ཆབ་སྲིད་དང་འབྲེལ་བ་ཡོད་མེད་ཁྱེད་རང་། རང་གཞུང་བདེ་སྲུང་ལྷན་ཁང་དུ་སྐད་ཆ་དྲི་བར་སོང་ན་ཆོག་ཁོང་ཚོ་ཆུ་ཚོད་དགུ་པ་ནས་ལྔ་པ་བར་རེ་གཟའ་ཉི་མ་ཕུད་པའི་ཉིན་ལྟར་སྒོ་ཕྱེ་ཕྱེ་རེད། ༽བརྗོད་པས།
    ཁྱེད་ཀྱི་དེའི་ལན་དུ་༼ བདེ་སྲུང་ལས་ཁུངས་སུ་བཀའ་འདྲི་ཞུ་དགོས་རེད་པས། རྐུ་མས་རྐུ་མ་ལ་རྒྱབ་སྐྱོར་བྱེད་དགོས་པ་ནི་ཚེ་སྔོན་ལས་ཀྱི་བཀོད་ཐང་ཡིན་ཀྱི་རེད།༽ཞེས་བྲིས་ཡིན་ནའང་ཁྱེད་ཀྱི་འགྲེལ་བཤད་རྒྱག་དུས་ལོག་འགྲེལ་ཞིག་རྒྱག་འདུག་ངོ་མ་ཤེས་པ་རང་དབང་དུ་མི་གནས་པའི་ཝ་མོ་ཞིག་ཡིན་པའམ་ཡང་ན་མི་གཞན་གྱིས་རང་ཉིད་བེད་སྤྱོད་ལོག་པར་གང་འདྲ་གཏོང་བཞིན་ཡོད་པ་མགོ་མ་འཚོས་པ་ཞིག་ཡིན་པ་གོར་མ་ཆག
    དྲ་གྲོགས་ཁྱེད་ཀྱི་གཡོ་རྫུས་ཀྱི་གདོང་རིས་ཡང་དྲ་གྲོགས་ཚོའི་མདུན་བཤམས་པ་མ་ཟད་རང་ཉེས་གཞན་འགེལ་ཀྱི་སྟོང་བསམ་རིང་ལུགས་པ་ཞིག་ཡིན་ཡང་མངོན་གྱི་འདུག

    བསྟན་པ་ཕྱི་དར་གྱི་དུས་སུ་རང་ཅག་ཁ་བ་རི་བ་རྣམས་ལ་བཀྲིན་བླ་ལྷག་ཏུ་ཆེ་བའི་འཇམ་མགོན་ས་པཎ་ཆེན་པོའི་ཞལ་མངའ་ནས། ཧ་ཅང་གཡོ་སྒྱུ་མང་དྲགས་ན།། རེ་ཞིག་གྲུབ་ཀྱང་མཐའ་མར་བརླགས།། གཟིག་ལྤགས་བཀབ་པའི་བོང་བུ་ཡིས།། ལོ་ཏོག་བཟས་མཐར་གཞན་གྱིས་བསད།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ལྕམ་སྐུ་རྒྱ་རི་སྒྲོལ་མ་ལགས་སེམས་ཤུགས་ཆག་ཚར་སོང་། ད་སྲས་སྐུ་བཀྲ་ཤིས་དབང་འདུས་ལགས་ལ་བཀའ་ཁྲིར་འཁོད་པའི་སྨོན་འདུན་ཡོད།

    Reply
  3. གངས་ཆབ། says:
    ལོ་ 15 སྔོན།

    ངས་པོའི་ལྷ་སྲས་ལགས།
    ཁྱེད་རང་ལྐོག་གཡོ་ངན་ཇུས་ལྡན་པའི་ཆབ་སྲིད་བཙོན་པ་བརྫུན་མ་ཞིག་ཡིན་པ་ངས་ཧ་གོ་ནས་བརྗོད་ཀྱིན་ཡོད།ཁྱེད་རངབོད་ནང་ལ་ཡོད་དུས་ཆབ་སྲིད་ཀྱིས་ལས་དོན་སྣེ་གཅིག་བྱས་མྱོང་མེད་མཁན་ཞིག་རེད།ད་ལྟ་རྒྱ་གར་དུ་འབྱོར་ནས་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཞིག་དང་ཆབ་སྲིད་བཙོན་པ་གང་འདྲ་ཞིག་ཞེས་ནས་ཆགས་པ་རེད།དེ་ནི་ཁྱེད་རང་གིས་མི་བདེན་བརྫུན་སྒྲིགས་ཁོ་ན་ལ་བརྟེན་ནས་ཆགས་པ་ཞིག་རེད།བོད་སྤྱི་པའི་རྩ་དོན་ཐོག་བྱས་རྗེས་དང་།ལྷག་བསམ་རྣམ་དག་གི་སྒོ་ནས་ལས་དོན་བབསྒྱུབས་མཁན་དང་བྱེད་མཁན་རྣམས་ལ་ངན་སྨད་དང་མི་བདེན་བརྫུན་བཟོ་གང་ཐུབ་བྱེད་ཅང་དང་།སྐྱེ་བོ་གཞན་ལ་ཡང་སྐྱོན་བརྗོད་ཁོ་ན་ལས་མ་འདས།ད་དུང་ཁྱེད་རང་ནི་གཞུང་དངུལ་ལྐོག་ཟ་བྱས་མྱོང་མཁན་བཀྲས་མཐོང་ལྟ་བུར་རྒྱབ་སྐྱོར་བྱེད་ནས་སོ་སོ་རང་ཉིན་བརྫུན་མ་ཡིན་པའི་ཐོག་ད་དུང་ཡང་བརྫུན་མའི་བརྫུན་མ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད།དེ་འདྲ་སོང་ཙམ་ཁྱེད་རང་གིས་སེར་ར་ནས་གང་བྱས་དང་རྒུ་ཚ་ལ་གང་འདྲ་ཞིག་བྱས་ནས་སླེབས་ཡིན་མིན་ཐོག་བསམ་བློ་ཡག་པོ་ཞིག་གཏོང་ནས་དགེ་བའི་ལས་ཞིག་དང་དངོས་ཡོད་གནས་ཚུལ་ལ་གཞི་བཞག་ནས་བོད་མི་རིགས་དང་སྤྱི་པའི་རྩ་དོན་ཐོག་ལས་དོན་ཞིག་བསྒྱུབ་མ་ཐུབ་ཀྱང་བདེན་པའི་རྒྱབ་སྐྱོར་མི་དམན་པ་ཞིག་གནང་བ་ཡིན་ན་ལེགས་པ་སྙམ།ད་མང་པོ་ཞིག་བརྗོད་དགོས་པའི་རྒྱུ་མཚན་དུ་མ་མཐོང་བའི་དེ་དོན་དགོངས་འཇགས་འཚལ།

    Reply
  4. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་གཟིགས་དང་། གངས་ཆབ་ལགས་སོ་སོས་ག་རི་བཤད་མིན་སོ་སོས་ཧ་གོ་གི་མིན་འདུག་ངོ་མ་ཁྱེད་རྙིང་མ་རྗེ། ད་དུང་གཞན་ལ་མ་ཉེས་ཁ་གཡོག་བྱ་རྒྱུར་བརྩོན་པ་ནི་དགོད་བྲོ་བ་རང་རེད། སྤྱིར་མི་སྤྱོད་དང་བྲལ་ཞིང་མི་རིགས་ཀྱི་ལ་རྒྱ་མེད་པའི་ཅོལ་ཆུང་ལགས་འོག་གི་ཚིག་གྲུབ་དེའི་དོན་ད་བྱས་ན་ག་རི་རས།
    ༼བདེ་སྲུང་ལས་ཁུངས་སུ་བཀའ་འདྲི་ཞུ་དགོས་རེད་པས། རྐུ་མས་རྐུ་མ་ལ་རྒྱབ་སྐྱོར་བྱེད་དགོས་པ་ནི་ཚེ་སྔོན་ལས་ཀྱི་བཀོད་ཐང་ཡིན་ཀྱི་རེད།༽
    དངོས་ཡོད་གནས་ཚུལ་ཁས་ལེན་བྱེད་ཐུབ་པའི་བློ་སྤོབས་དང་རྣམ་དཔྱོད་མེད་པའི་གཡོ་ཅན་ལགས།
    ཕྲན་གྱིས་བློ་བཟང་སེང་གེ་ལགས་དང་བཀྲ་དབང་གི་སྐོར་ལོག་གཏམ་སྤེལ་མྱོང་མེད་ཝ་མོའི་ཨ་ཞང་ལགས།

    དེ་ཡང་མཁས་གྲུབ་ཐམས་ཅན་མཁྱེན་པས། ཤེས་པ་རང་དབང་དུ་མི་གནས་པ་ནི་སྨྱོན་པའོ།། སྨྱོན་པ་དང་ཁོ་བོས་སྐད་ཅིག་ཙམ་རྩོད་པར་མི་བྱའོ།། ཞེས་གསུངས་པ་ལྟར་རོ།

    Reply
  5. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོའི་གཟིགས་དང་།
    གངས་ཆབ་ལགས་ཀྱིས་གསུངས་པ་དངོས་བདེན་རང་རེད་། ཨ་མའི་བུ་དང་ངེས་པའི་ལྷ་སྲས་གཉིས་མི་གཅིག་ཡིན་མིན་ངས་བཤད་དཀའ་ན་ཡང་ཁོང་གཉིས་ཀྱིས་ད་ལྟར་་བར་དུ་བཀྲས་མཐོང་ཡག་རབ་དང་འཇོན་རབ་ལས་བཤད་མ་མྱོང་།བོད་མི་རིགས་ལ་ལྷག་བསམ་དང་ཤ་ཞེན་ཡོད་ན་མ་འོང་ང་ཚོའི་བཀའ་ཁྲི་འམ་མགོ་འཁྲིད་ནི་སྐོག་ཟ་རུལ་སུངས་དང་ཕྱོགས་ཞེན་ཆེ་བའི་མི་ངན་ཞིག་ནམ་ཡང་མི་དགོས་བསམ་།མ་ཚད་ཁྱེད་གཉིས་ཀྱིས་བཀྲས་བཐོང་སྒོར་འབུམ་མང་པོ་ཟས་པའི་ནག་ཉེས་སོགས་གང་ཡང་མ་བཤད་་པ་གང་ཡིན་ནམ་ཞེས་གུས་པས་ཀྱང་དྲིས་འདོད་བྱུང་།

    ལོ་ངོ་ཉི་ཤུ་ལྷག་རིང་ཕྱག་ལས་གནང་མྱོང་བའི་ལྷག་བསམ་དང་སྙིང་སྟོབས་དྲང་བདེན་གྱི་ཕྱོགས་སུ་སྐྱོད་པའི་བཀའ་དྲིན་ཅན་གྱི་བཀྲ་ཤིས་དབང་འདུལ་དང་ཤེས་འཇོན་གཉིས་ལྡན་གྱི་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་རྣམ་གཉིས་ལ་མ་ཉེས་སྐྱོན་འཛུག་སོགས་མང་དག་གནང་བ་ནི་།དགྲ་དགའ་གཉེན་སྡུག་ལས་གཞན་གང་ཡང་མ་མཐོང་ལགས་།
    གུས་མིང་པ་གངས་ཕྲུག་བསྟན་འཛིན་འཕགས་པ་ནས་ཟླ་ཚེས་བཟང་པོ་ལ།།

    Reply
  6. གངས་ཆབ། says:
    ལོ་ 15 སྔོན།

    དྲ་གྲོགས་ངས་པོའི་ལྷ་སྲས་ལགས།
    ཁྱེད་ཀྱི་བྱས་ཉེས་ཁྱེད་ཀྱིས་ཤེས་ངེས་རེད།
    དངོས་ཡོད་ལོ་རྒྱུས་བརྗོད་པ་ལས།
    མི་བདེན་བརྫུན་བཟོ་བྱེད་པས་དགོས་པར་མེད།
    ཁྱེད་ཀྱིས་བཤད་པ་བཞིན།བདེན་བདེན་པ་ནི་ནམ་ཡང་བདེན་པ་ཡིན་པས་བདེན་པའི་མཐའ་སེལ་རྒྱུ་ཞིག་ཡོད་པ་ནི་དངོས་ཡོད་ཡིན་པ་ནི་བརྗོད་མ་དགོས་པ་ཞིག་ཡིན་པར་སོང་ཙམ།དེ་སྔོན་ཁྱེད་ཀྱིས་སྐུ་ངོ་བཀྲིས་དབང་འདུས་དང་མཁས་དབང་བློ་བཟང་སེང་གེ་རྣམ་པ་གཉིས་ལ་ལོག་གཏམ་རིགས་དང་།མི་བདེན་བརྫུན་བཟོ།དེ་ག་ནང་བཞིན་ཆག་གཏམ་ལ་སོགས་པ་སྤེལ་བཞག་དེ་དག་ཁུངས་འཁྱོལ་རྒྱུ་ཕར་ཞོག་དེ་ལས་ལྡོག་ཏེ་རང་མགོ་ཆུ་འཁྲིད་དུ་གྱུར་ནས་ད་ལྟ་བཀྲས་མཐོང་གི་མགོ་ཐོག་ཏུ་ལྷུང་མ་སོང་ངམ།དེ་འདྲ་སོང་ཙམ་།ད་ང་ཚོས་བཀྲས་མཐོང་གི་བྱས་ཉེས་དང་ཉེས་སྐྱོན་གང་བྱས་མཐའ་དག་ཐོག་ལ་བསམ་ཚུལ་འགའ་ཤས་སྤེལ་བ་ཡིན་ན་གང་འདྲ་འདུག
    ཡིན་ནའང་།ཁྱེད་ཀྱིས་བཀྲས་མཐོང་ལ་བྱས་རྗེས་ཡོད་རབས་ལས་ཉེས་སྐྱོན་ཐོག་ལ་མཆན་ཞིག་གཏན་ནས་སྤེལ་མ་སོང་བའི་རྒྱུ་མཚན་གང་ཡིན་ནམ།
    ད་དུང་བརྗོད་འདོད་པ་ཞིག་ལ།ཁྱེད་ནི་དངོས་གནས་གཡོ་རྒྱུ་ཅན་གྱི་ཝ་མོ་ཞིག་རེད་འདུག་རྒྱུ་མཚན་ནི།ངས་བོད་གཞུང་བདེ་སྲུང་ལས་ཁུང་གི་ལས་བྱེད་རྣམས་རྐུ་མ་རེད་ཞེས་བརྗོད་རྒྱུ་མ་བྱུང་།ཁྱེད་རང་གིས་ཡང་ལོག་གཏམ་ཞིག་སྤེལ་ནས་ཁྱེད་རང་གི་བྱས་ཉེས་དེ་དག་བདེ་སྲུང་ལས་ཁུངས་གི་ལས་བྱེད་རྣམས་ཀྱི་མགོ་ཐོག་ཏུ་གཡོག་པ་དེ་ནི་ཅི་འདྲའི་གཡོ་རྒྱུ་ཆེ་བ་ལ་ཨང་།ཧ་གོ་དགོས་པ་ཞིག་ལ་བདེ་སྲུང་ལས་བྱེད་རྣམ་པའི་མགོ་ཐོག་ཏུ་ནམ་ཡང་ཁྱེད་ཀྱི་བསམ་ཚུལ་བཞིན་གཡོག་ཐུབ་ཀྱི་མ་རེད།དེ་ཧ་གོ་བར་གྱིས།ངས་བརྗོད་བཞིན་པ་དེ་ནི་བཀྲས་མཐོང་དང་ཁྱེད་རང་གཉིས་ཀྱི་དངོས་ཡོད་གནད་དོན་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་ལས།ཁྱེད་རང་དང་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་བར་གྱི་གནད་དོན་ཞིག་འགྲེལ་བརྗོད་བྱེད་ཀྱིན་མེད་པ་ནི་ཚང་མས་ཤེས་གསལ་རེད།དེ་དོན་དྲ་གྲོགས་སུ་གང་ཁྱེད་རང་གིས་གཡོ་འོག་ཏུ་ཚུད་སྲིད་ཀྱི་མ་རེད།ཤེས་སོང་ངམ།

    Reply
  7. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་བདག་ལགས་ཕྲན་གྱི་མཆན་སྟོན་རོགས་གནང་ཕྲན་གྱིས་མི་གཞན་ནག་པོ་བཟོ་ཐབས་དང་མ་ཉེས་ཁ་གཡོག་གང་མེད།

    དྲ་གྲོགས་ཚོར་གཟིགས་དང་དེང་སང་དྲ་ནང་དུ་སྐབས་འཚོལ་རིང་ལུགས་པ་འགས་སྤྱི་དོན་ཁ་ལ་འཁྱེར་ནས་སྒེར་ནད་ལྟ་བུ་གཞན་ནག་པོ་བཟོ་ཐབས་བྱེད་ཀྱིན་པ་ནི་དེ་འདྲ་ཡ་ང་བ་ཞིག་མ་རེད་ཨང་། རང་གཞུང་བདེ་སྲུང་གི་ལས་བྱེད་འགའ་ལ་ནོར་འཁྲུལ་ཡོད་སྲིད་ཀྱང་༼ བདེ་སྲུང་ལས་ཁུངས་སུ་བཀའ་འདྲི་ཞུ་དགོས་རེད་པས། རྐུ་མས་རྐུ་མ་ལ་རྒྱབ་སྐྱོར་བྱེད་དགོས་པ་ནི་ཚེ་སྔོན་ལས་ཀྱི་བཀོད་ཐང་ཡིན་ཀྱི་རེད།༽ཞེས་པའི་ཚིག་ཉོག་དེ་དག་དགྱ་གུང་ཁྲན་གྱིས་སྒོར་མོས་བསླུས་པའམ་ཡང་ན་ཤེས་པ་རང་དབང་དུ་མི་གནས་པའི་སྨྱོན་ཚིག་འབའ་ཞིག་རེད་སྙམ། ཚིག་ཉོག་དེ་དག་ནི་དགྱ་གུང་ཁྲན་ལ་མཁོ་བ་ཞིག་རེད། དེར་མ་ཟད་རང་གཞུང་དཔལ་ལྡན་བདེ་སྲུང་གི་ལས་བྱེད་རྐུ་མག་རེད་ཞེས་ཁྱེད་ཀྱིས་བརྗོད་པ་རེད་ད། མ་བརྗེད་པ་བྱེད་ཨ། མཆན་སྤེལ་དུས་བསམ་བློ་ཡག་པོ་མཐོངས་ལོ།

    དེ་སྔོན་དགྱ་མིས་༼ཕྱི་ལོ་ ༡༩༩༥ ལོར་སྤྱི་ཟླ་ ༣ པའི་ཚེས་ ༧ ཉིན་ བོད་ལྗོངས་ཉིན་རེའི་ཚགས་པར་ཞེས་པའི་ནང་འདོད་གཏམ་ངོ་ཁྲེལ་ཡོངས་བྲལ་རྫུན་ཚིག་གུང་བསྒྲིགས་གང་ངན་ཅི་རྡུགས་རྣ་བ་འགེབ་འོས་བཀོད་འདུག་པའི་དོན་གནད་ཅིག་ལ། ཡུལ་གྱར་སྲིད་གཞུང་གི་འགོ་གཙོ་གཙོ་བོ་ཚང་མ་ཏཱ་ལའི་བླ་མའི་གཉེན་ཚན་ཡིན་པ་དང། དེ་ཚོའི་ནང་ལ་རུལ་སུངས་ངན་འགྱུར་དང་། ལ་ལ་ལྐོག་ཟ་ཤུགས་ཆེ་བྱས་ཏེ་གཡོ་ཐབས་ཀྱི་བར་ཁེ་བཟས་སྟབས་མི་ལ་ཡིད་རངས་བྱུང་བར་ནང་ཁུལ་འགལ་བ་ཚབས་ཆེན་ཡོད་པ་རེད་སོགས་བཀོད་འདུག…..༽ ཁྱེད་ཀྱི་ཡང་བསྐྱར་ཚིག་ཉོག་དེ་ལྟ་བུ་ཞིག་སྤེལ་འཇུག་འདོད་ཡོད་པས།

    ལོག་གཏམ་༼གང་བྱས་དང་རྒྱ་ཚ་བཙོན་ཁང་དྲན་སོས་ཀྱིན་ཡོད་ཤག་རེད༽ ། ཞེས་པ་འདི་འདྲའི་ཞིག་ལོག་གཏམ་ཞིག་སྤེལ་འདུག། ལོག་གཏམ་ནི་ནམ་ཡང་ལོག་གཏམ་རང་རེད། ཧ་གོ་སོང་ངམ། ཕྲན་དང་ལོ་བཅུ་ཕྲག་ལྷག་མཉམ་དུ་གཤིབ་མྱོང་མཁན་དང་ངོ་ཤེས་མཁན་ད་ལྟ་རྡ་སར་མང་པོ་ཡོད་རེད། གྲོགས་པོ་མི་ཆུ་ལ་གཡུག་པ་ལ་རང་ཉིད་ཆུ་ཕྱེད་ཀ་ཙམ་རྒལ་དགོས་རེད་ཞེས་པའི་ལེགས་བཤད་སེམས་ལ་བཟུང་། བདེན་པ་ནི་ནམ་ཡང་བདེན་པ་ཡིན་པས་བདེན་པའི་མཐའ་སེལ་རྒྱུ་ཞིག་ཡོད། རྫུན་མ་ནི་ནམ་ཡང་རྫུན་མ་ཡིིན་པས་ཉིན་ཞིག་རྫུན་རྐུབ་བརྡོལ་རྒྱུ་ཡིིན་པ་དངོས་པོའི་ཆོས་ཉིད་དུ་གྲུབ།
    ཕྲན་ཨ་བུ་ཞེས་པ་མིན་དཀོན་མཆོག་ཚད་བཙུགས་ཁྱེད་ཀྱི་ད་དུང་ལྐུགས་ཨུ་ཚུགས་བྱས་ན་ཉིན་ཞིག་ལྐུགས་རྟགས་དེ་ར་སྤྲོད་བྱེད་དུས་ཕྱི་དྲགས་པ་རེད། ཕྲན་གྱིས་རེ་བ་ཨ་མའི་བུ་ཞེས་པ་སུ་ཡིན་མིན་བསལ་པོ་ཞིག་ཁ་གྲགས་རོགས་གནོངས། མི་ཉན་པ་ལ་ཁ་ཏ་བྱེད་པ་ནིི།། ཀོ་བ་སྐམ་པོ་ལག་པས་གཉེད་པ་འདྲ་ཞེས་པའི་ལེགས་བཤད་དེ་ཁྱེད་ལྟ་བུ་བཤད་པ་རེད་ད། ད་ཕྲན་གྱིས་ཁྱེད་གཡོ་ཅན་ཝ་མོ་ལྟ་བུ་དཀྲུགས་ཤིང་གཏེ་བོ་ཞིག་ཡིན་པ་ཧ་གོ་སོང་ལོ།

    དེ་ཡང་མཁས་གྲུབ་ཐམས་ཅན་མཁྱེན་པས། ཤེས་པ་རང་དབང་དུ་མི་གནས་པ་ནི་སྨྱོན་པའོ།། སྨྱོན་པ་དང་ཁོ་བོས་སྐད་ཅིག་ཙམ་རྩོད་པར་མི་བྱའོ།། ཞེས་པའི་གདམ་ངག་དེ་ཁྱེད་ལྟ་བུ་ལ་གསུངས་པ་གོར་མ་ཆགས།

    Reply
  8. གངས་ཆབ། says:
    ལོ་ 15 སྔོན།

    མང་གཙོའི་གཞུང་ལ་ཤ་ཞེན་ཡོད་པའི་བདེན་གཏམ།
    དྲ་གྲོགས་ངས་པའི་ལྷ་སྲས་ལགས།དེང་སང་ཁྱེད་ཀྱི་ཕྱག་ལས་ག་རེ་གནང་གིས་ཡོད།ངས་དྲ་ཐོག་ཏུ་མ་མཐོང་ནས་ཉིན་ཤས་འགྲོ་སོང་བའི་ཡང་ངས་ཞིབ་དཔྱད་ཞིག་གནང་བ་ཡིན་ན།ཁྱེད་རང་ཡང་བསྐྱར་མི་བདེན་བརྫུན་སྒྲིག་གིས་ཆབ་སྲིད་བཙོན་པའི་མིང་ཐོག་ནས་ཨོ་སི་ཀྲིལི་ཡ་ལ་འགྲོ་ཡ་གི་དུས་ལ་སླེབས་པ་ཡིན་དུས།ཁྱེད་རང་གི་ཡང་བསྐྱར་ངན་སེམས་ག་རེ་ཅང་གི་ཡོད་ན།ལན་ཞིག་གནང་དང་།

    Reply
  9. གངས་ཆབ། says:
    ལོ་ 15 སྔོན།

    བཀྲིས་དབང་འདུས་ཀྱིས་བརླག་ཐལ་ཞེས་པའི་ཟིན་བྲིས་ཀྱི་མགོ་བརྗོད་སྔོན་དུ་རྗོད་ནས།མང་གཙོའི་གཞུང་ལུགས་དང་ལྟ་གྲུབ་དང་མཐུན་པའི་ཐོག་ནས་རྗོད་འདོད་པ་ཞིག་ལ།མི་འཛིན་པ་ཨ་མའི་བུ་ཁྱེད་རང་ངས་པོའི་་ལྷ་སྲས་མིན་ཟེར་བའི་གཞི་འཛིན་ས་གང་ཞིག་ཡོད་དམ།༼་རྒྱུ་མཚན་ནི་མཆན་གཉིས་དུས་གཅིག་ཏུ་སྤེལ་བའི་ཕྱིར་ཞེས་ན་རྒྱུ་མཚན་ཡང་དག་ཏུ་མ་མཐོང་།མཆན་གཉིས་དུས་གཅིག་ཏུ་སྤེལ་ན་མི་གཅིག་ཡིན་པ་གྲུབ་ན། ༽ཟེར་བ་དེ་ནི་ཧམ་བཤད་ཁོ་ན་ལས་མ་མཐོང་།ཁྱེད་རང་ཅི་འདྲའི་གཡོ་རྒྱུ་ཆེ་བ་ལ་ཨང་།ཅིའི་ཕྱིར་ཞེས་ན།གོང་གི་ངས་པོའི་ལྷ་སྲས་ཀྱི་མཆན་དེར་གཟིགས་ཙམ་གནང་དང་།༼དྲ་གྲོགས་གངས་ཆབ་ལགས་བདེན་པ་ནི་ནམ་ཡང་བདེན་པ་ཡིན་པས་བདེན་པའི་མཐའ་སེལ་རྒྱུ་ཞིག་ཡོད། རྫུན་མ་ནི་ནམ་ཡང་རྫུན་མ་ཡིིན་པས་ཉིན་ཞིག་རྫུན་རྐུབ་བརྡོལ་རྒྱུ་ཡིིན་པ་དངོས་པོའི་
    ཆོས་ཉིད་དུ་གྲུབ། ཁྱེད་ཀྱི་སྡིག་པ་མིག་འཛུམ་གྱི་ཕྲན་ཨ་མའི་བུ་ཞེས་པའི་མིང་འོག་ནས་མཆན་སྤེལ་མཁན་རེད་ཟེར་གྱི་འདུག དེ་ང་མིན་དཀོན་མཆོག་ཚད་བཙུགས། ཕྲན་གྱི་རེ་བ་ཨ་བུ་ཞེས་པ་སུ་ཡིན་མིན་ཁ་ཞིག་གྲགས་རོགས་གནོངས།༽ཞེས་ཕྲན་གྱི་རེ་བར་ཨ་མའི་བུ་ཞེས་པ་སུ་ཡིན་མིན་ཁ་ཞིག་གྲགས་རོགས་གནོངས་ཞེས་བརྗོད་ཁུལ་དང་དུས་མཚུངས་ཆུ་ཚོད་སྐར་ཆ་ཁ་ཤས་ལས་མ་འགོལ་བ་མཆན་དེ་གཉིས་དུས་མཉམ་དུ་སྤེལ་བཞག་པ་དེ་ལས་ལྷག་པ་ཞིག་རྒྱུ་མཚན་ཅི་ཞིག་ཡོད།ལྷག་པར་དུ་
    དྲ་གྲོགས་ཚང་མ་ཁྱེད་རང་གི་གཡོ་འོག་ཏུ་ཚུད་འདོགས་ཁ་པོ་མ་རེད།དེར་བརྟེན་ངས་པོའི་ལྷ་སྲས་དང་ཨ་མའི་བུ་ཞེས་མིང་འཛིན་པ་ཁྱེད་ཀྱིས་འགྲེལ་བརྗོད་ཅི་ཞིག་བྱ་རྩིས་ཡོད་དམ།

    Reply
  10. ཨ་མའི་བུ། says:
    ལོ་ 15 སྔོན།

    དུས་བབ་ཚང་ལ་ཕྲན་གྱི་མཆན་འདི་ངེས་པར་དུ་འདོན་རོགས་གནང། གནས་ལུགས་དང་རྒྱུ་མཚན་གྱི་ཕུང་པའི་གངས་ཆབ་ལགས། ཁྱེད་ཀྱིས་མི་ཤེས་ཤེས་ཁུལ་གྱི་ང་ཨ་མའི་བུ་ངེས་པོའི་ལྷ་སྲས་རེད། རྒྱུ་མཚན་ནི་མཆན་གཉིས་དུས་གཅིག་ཏུ་སྤེལ་བའི་ཕྱིར་ཞེས་ན་རྒྱུ་མཚན་ཡང་དག་ཏུ་མ་མཐོང་། མཆན་གཉིས་དུས་གཅིག་ཏུ་སྤེལ་ན་མི་གཅིག་ཡིན་པ་གྲུབ་ན། ངས་པོའི་ལྷ་སྲས་དང་རྒྱུ་མཚན་དཔང་པོ་སྤུ་ཙམ་ཡང་སྟོན་རྒྱུ་མེད་པའི་གངས་ཆབ་ཁྱེད་གཉིས་མི་གཅིག་ཡིན་དགོས་ངེས་རེད། མཆན་གཉིས་དུས་གཅིག་ཏུ་སྤེལ་བའི་ཕྱིར་ཞེས་ན་ཁྱབ་པ་མ་གྲུབ། ཧ་ཙི་སྙིང་རྗེ། རྒྱུ་མཚན་གནས་ལུགས་གང་ཡང་མི་ཤེས་པའི་་ཁྱེད་ལ་ང་དང་ངས་པོའི་ལྷ་སྲས་མི་གཅིག་ཡིན་པའི་དཔང་པོ་ཡོད་ན་དྲ་གྲོགས་བློ་ལྡན་རྣམས་ཀྱི་མདུན་དུ་སྟོན་དང། ཁྱེད་ཀྱི་གང་ཡང་མགོ་མ་འཚོས་པར་ང་ཨ་མའི་བུ་ནག་པོ་མ་བཟོ་རོགས། ཁྱོད་ཀྱི་གཞི་མེད་དཀྲུགས་ཤིང་གི་ངའི་ལོ་རྒྱུས་ཡིན་ཁུལ་འབྲེལ་མེད་ཁག་གཅིག་སྟོན་པ་རྣམས་ངས་རྩ་བ་ནས་ཧ་གོ་ཡི་མི་འདུག རྒྱུ་མཚན་ང་དང་འབྲེལ་མེད་ཡིན་པར་སོང་།
    ནན་བཤད་ཁྱེད་ལ་དཔང་པོ་ཡོད་ན་སྟོན་ཤོག་དེ་མིན་ངས་ཁྱེད་ལ་ལན་འདེབས་ཀྱི་མཐའ་མ་ཡིན།
    མ་འོངས་པར་མཆན་གང་ཞིག་སྤེལ་རུང་མ་རུང་བའི་བསམ་པ་སྤང་ཏེ་ལེགས་པར་དཔྱད་ཞིག་ཁྱི་ཡི་བུ།
    ངས་པོའི་ལྷ་སྲས་ལགས་ཁྱེད་ཀྱི་ང་ཨ་མའི་བུ་དང་ཐ་དད་ཡིན་པའི་རྒྱུ་མཚན་མི་བརྗོད་པ་ཅི། གོང་དུ་གངས་ཆབ་ཀྱི་སྨྲས་པའི་གཞི་མེད་གཏམ་འཆལ་རྣམས་ཁྱེད་དང་འབྲེལ་བ་ཡོད་པའི་དབང་གི་ཡིན་ནམ། ཁྱེད་ཀྱི་གསལ་བཤད་ངེས་པར་དུ་བྱ་རོགས།་

    Reply
  11. གངས་ཆབ། says:
    ལོ་ 15 སྔོན།

    དུས་བབ་ཚང་གིས་ངས་གོང་གི་མཆན་དེར་ཐ་ཤ་ཆེ་དྲག་འདུག་དགོངས་པ་ཡིན་ན་ངས་འོག་ཏུ་བཟོ་བཅོས་ཏོགས་ཙམ་བྱས་ཡོད་པ་ལགས་ན།དེ་མུར་འགོད་གནང་ཡོང་བ་ཞུ།

    མང་གཙོའི་ལམ་ལུགས་ནང་སྐྱེ་བོ་སུང་རུང་ནས་སྨ་བརྗོང་རང་དབང་དང་ཐོབ་ཐང་གང་ཞིག་གི་ཐོག་བསམ་ཚུལ་དང་།འགྲེལ་བརྗོད་སྤེལ་བ་ཡིན་ན་དངོས་ཡོད་གནས་ཚུལ་དང་།ཁྲིམས་དང་ལམ་ལུགས་ཐོག་མཐུན་པའི་ཐོག་ནས་འགྲེལ་བརྗོད་བྱེད་དགོས་པ་ལས་སོ་སོའི་རང་སྣང་གང་དྲན་བྱེས་ནས་འགྲེལ་བརྗོད་དང་མི་བདེན་བརྫུན་སྒྲིག་རིགས་ཀྱི་གནད་དོན་ཞིག་འགོད་ཆོག་པ་ཞིག་དང་།བཤད་ཆོག་པ།དེ་ག་ནང་བཞིན་འབྲི་ཆོག་པ་ཞིག་གཏན་ནས་མ་ཡིན་པ་དེར་ཧ་གོ་དགོས་པ་དང་ཤེས་དགོས་པ་ཞིག་ངེས་པར་དུ་བྱ་དགོས་རེད།ཤེས་སོང་ངམ།ངས་པོའི་ལྷ་སྲས་འམ་ཨ་མའི་བུ་ལགས།ཧམ་པ་རི་ཙམ་མ་བཤད་ནས་གྲུབ་འབྲས་གང་ཡང་མི་ཡོང་བ་དེ་ནི་ཁྱེད་ཀྱི་ཤེས་གསལ་རེད།ད་དུང་ཞུ་རྒྱུ་ཞིག་ལ་དེ་སྔོན་ཁྱེད་རང་གིས་སེར་ར་དགོན་པ་ནས་གང་བྱས་དང་རྒྱ་ཚ་བཙོན་ཁང་དྲན་སོས་ཀྱིན་ཡོད་ཤག་རེད།དེ་ནས་ཁྱེད་ཆབ་སྲིད་དང་འབྲེལ་བ་ཡོད་མདོག་གིས་མི་བདེན་བརྫུན་སྒྲིག་གང་བྱས་ཡོད་མེད་བདེ་སྲུང་ལས་ཁུངས་སུ་བཀའ་འདྲི་ཞུ་དགོས་རེད་པས།རྐུ་མས་རྐུ་མ་ལ་རྒྱབ་སྐྱོར་བྱེད་དགོས་པ་ནི་ཚེ་སྔོན་ལས་ཀྱི་བཀོད་ཐང་ཡིན་ཀྱི་རེད།ཁྱེད་རང་ལ་ངོ་ཚ་མེད་ན་ང་རང་ཡང་ངོ་ཚ་ཡོད་མཁན་ཞིག་ཡིན་དེ་འདྲ་སོང་ཙམ་ཁྱེད་རང་ངོ་ཚོ་མེད་པས་མི་ཞིག་ཡིན་པ་ངས་ཧ་གོ་སོང་།བཙན་བྱོལ་དུ་འབྱོར་ཀྱང་ད་དུང་བཙན་བྱོལ་ལུང་པ་འདི་ཕུ་དཀྲུག་མདའ་དཀྲུག་ཞིག་བཟོ་དགོས་བསམ་གྱི་ཡོད་པ་འདྲ།ངས་བསམ་ན་ད་ཁྱེད་རང་གིས་རང་ཚོད་རང་གི་བཟུང་ནས་ལས་ངན་དེ་འདྲ་མ་བྱེད་ན་ཡག་གི་རེད།ཤེས་སོང་ངམ།

    Reply
  12. གངས་ཆབ། says:
    ལོ་ 15 སྔོན།

    ཨ་མའི་བུའམ་ངས་པོའི་ལྷ་སྲས་ལགས།ཁྱེད་རང་གཉིས་མི་གཅིག་ཡིན་པ་ངས་ཧ་གོ་ནས་བརྗོད་ཀྱིན་ཡོད་པ་ལས་དོན་མེད་བརྫུན་གཏམ་བཤད་དགོས་དོན་གང་ཡང་མ་མཐོང་།མ་ཟད་ངས་བརྫུན་གཏམ་བཤད་ཡིན་དང་ཁྱེད་རང་གི་རྫུན་གཏམ་དང་ཆག་གཏམ་སུས་སྤེལ་གྱིས་ཡོད་མེད་དྲ་གྲོགས་ཚང་མས་ཞིབ་དཔྱད་གནང་བ་ཡིན་ན་མཁྱེན་གསལ་རེད།དེ་ནི་ངས་བརྗོད་མ་དགོས་པ་ཞིག་ལ་ཧ་གོ་དོན་གསལ་རེད།རྒྱུ་མཚན་ནི་དེ་སྔོན་ཁྱེད་རང་གི་མི་བདེན་བརྫུན་སྒྱིག་གིས་བཀའ་ཁྲིའི་འོས་མི་བཀྲིས་དབང་འདུས་དང་བློ་སེང་གཉིས་ལ་ཆག་གཏམ་ཇི་ཙམ་སྤེལ་ཀྱང་ཁྱེད་རང་ལ་དྲ་གྲོགས་རྣམས་པའི་རྒྱབ་སྐྱོར་དང་ཡིད་ཆེས་གནང་མཁན་གཏན་ནས་འབྱུང་མི་སྲིད།རྒྱུ་མཚན་ནི་ཁྱེད་རང་གིས་ག་དུས་ཡིན་ནའང་དཀྲོག་གཏམ་དང་ཆག་གཏམ་སྤེལ་གྱིས་ཡོད་པ་ཚང་མས་ཤེས་གསལ་རེད།ད་དུང་ངས་པོའི་ལྷ་སྲས་དང་ཨ་མའི་བུ་གཉིས་མི་གཅིག་མིན་ན་གོང་གི་མཆན་དེ་གཉིས་དུས་མཉམ་དུ་སླེབས་མི་སྲིད་པ་ཞིག་རེད།ཡིན་ནའང་ངས་གོང་གི་མིང་གཉིས་པོ་དེ་མི་གཅིག་ཡིན་པ་ཧ་གོ་གིས་ཡོད།ཤེས་སོང་ངམ་སློབ་ཕྲུག་ཉི་ཤུའི་དགེ་རྒན་ལགས།

    Reply
  13. ཨ་མའི་བུ། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབ་ཚང་ལ་ངའི་མཆན་འདི་མ་སྟོན་པའི་རྒྱུ་མཚན་ཅི་ཡིན། ངའི་མཆན་འདི་སྟོན་རོགས་གནང།

    Reply
  14. ཨ་མའི་བུ། says:
    ལོ་ 15 སྔོན།

    ཨ་རོ་ངོ་མ་རྙིང་རྗེ། གངས་ཆབ་ཁྱོད་ཀྱི་མི་བདེན་རྫུན་གཏམ་དང།མ་དཔྱད་ལོག་གཏམ་གྱི་ང་ཨ་མའི་བུ་ངས་པོའི་ལྷ་སྲས་རེད་ཞེས་བརྗོད་ཚིག་ལ་བལྟས་ན་ཁྱོད་ནི་སྤྱི་ཚོགས་དཀྲུགས་ཤིང་རྒྱག་མཁན་གྱི་གངས་ཆབ་གཅིག་ཡིན་པ་ལས།དྲ་ཐོག་གི་བསམ་ཚུལ་བཤད་མཁན་གྱི་དྲ་གྲོགས་རྩ་བ་ནས་རེད་མི་འདུག་ངས་ད་ལྟ་བར་དུ་བཀའ་ཁྲི་གསུམ་གྱི་གཏམ་གླེང་ལ་ཞིབ་ཏུ་དཔྱད་དེ་བསམ་ཚུལ་སྨྲས་པ་དེ་ལ་ཁྱོད་མ་འདོད་ན་ཁའི་སྐྱག་པ་བཅུག་ཏེ་བསྡོད།ཁྱོད་ཀྱི་བཀའ་ཁྲིའི་ཐོག་ལ་བསམ་ཚུལ་བཤད་ཆོག་པ་དང་།ང་བཤད་མི་ཆོག་པ་ཅི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  15. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་གངས་ཆབ་ལགས་བདེན་པ་ནི་ནམ་ཡང་བདེན་པ་ཡིན་པས་བདེན་པའི་མཐའ་སེལ་རྒྱུ་ཞིག་ཡོད། རྫུན་མ་ནི་ནམ་ཡང་རྫུན་མ་ཡིིན་པས་ཉིན་ཞིག་རྫུན་རྐུབ་བརྡོལ་རྒྱུ་ཡིིན་པ་དངོས་པོའི་
    ཆོས་ཉིད་དུ་གྲུབ། ཁྱེད་ཀྱི་སྡིག་པ་མིག་འཛུམ་གྱི་ཕྲན་ཨ་མའི་བུ་ཞེས་པའི་མིང་འོག་ནས་མཆན་སྤེལ་མཁན་རེད་ཟེར་གྱི་འདུག དེ་ང་མིན་དཀོན་མཆོག་ཚད་བཙུགས། ཕྲན་གྱི་རེ་བ་ཨ་བུ་ཞེས་པ་སུ་ཡིན་མིན་ཁ་ཞིག་གྲགས་རོགས་གནོངས།
    སྤྱི་བཏང་མང་གཙོ་ལུང་པར་ག་རི་བཤད་མི་བཤད་སོ་སོའི་རང་དབང་རེད། འོན་ཏང་ཕྲན་གྱིས་མི་སྤེལ་བ་ཞིག་ཕྲན་གྱིས་སྤེལ་བ་རེད་ཞེས་སྐྱོན་འཛུག་བྱས་ན་ཡག་པོ་མི་འདུག

    ཕྲན་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ངོ་ཐུག་ནས་སྐད་ཤོད་རྒྱུ་མི་བྱུང་བ་མ་ཟད་ཁ་པར་བརྒྱུད་ནས་སྐད་ཆ་ཚིགས་གཅིག་ཀྱང་ཤོད་མྱོང་མེད་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཚད་དུ་བཙུགས། ཕྲན་གྱིས་ཨ་སྒོར་ཟ་ཡི་ཡོད་རེད་ཅེས་དྲ་ལམ་ནང་དུ་དཀུགས་ཤིང་བརྒྱབ་ན་ཡག་པོ་མི་འདུག

    ཕྲན་ཆབ་སྲིད་དང་འབྲེལ་བ་ཡོད་མེད་ཁྱེད་རང་། རང་གཞུང་བདེ་སྲུང་ལྷན་ཁང་དུ་སྐད་ཆ་དྲི་བར་སོང་ན་ཆོག་ཁོང་ཚོ་ཆུ་ཚོད་དགུ་པ་ནས་ལྔ་པ་བར་རེ་གཟའ་ཉི་མ་ཕུད་པའི་ཉིན་ལྟར་སྒོ་ཕྱེ་ཕྱེ་རེད། ཕྲན་གྱིས་ག་དུས་ཆབ་སྲིད་བཙོན་པ་ཡིིན་ཞེས་བརྗོད་བྱུང་ཁྱེད་ལ་ཕྲན་གྱི་སྐོར་ལ་ཤོད་མཁན་མི་དེས་ཕྲན་གྱི་སྐོར་ལ་དངོས་གནས་ཡག་པོ་ཤེས་ཀྱི་ཡོ་མ་རེད། ཕྲན་ཆབ་སྲིད་དང་འབྲེལ་བ་ཡོད་པ་རྫུན་མ་རེད་ཅེས་མངོན་སུམ་ལ་སྨྱོ་ལབ་བརྒྱབ་ན་
    ཡག་པོ་མི་འདུག
    ངེད་གཉིས་བར་ལ་བོད་པའི་རྩ་དོན་གྱི་ཐོག་ལ་ལངས་ཕྱོགས་མི་མཐུན་པ་བྱུང་པའི་རྒྱུ་
    མཚན་གྱིས་གཅིག་ཤོས་དེ་ལ་སྨད་ར་དང་མི་བདེན་རྫུན་སྒྲིག་བྱས་ན་ཡག་པོ་ཨ་ཡོད་སྙམ།
    གངས་ཆབ་ལགས་ཁྱེད་ཀྱིས་མཆན་སྤེལ་དུས་བློ་རྣལ་དུ་ཕབ་ནས་སྤེལ་རོགས་ཞུ།

    Reply
  16. གངས་ཆབ། says:
    ལོ་ 15 སྔོན།

    ངས་པོའི་ལྷ་སྲས་འམ་ཨ་མའི་བུ་ལགས།ངས་དངོས་ཡོད་གནས་ཚུལ་ལ་རྒྱུས་མངའ་དང་མིག་མཐོང་ལག་ཟིན་ཐོག་ནས་མཆན་སྤེལ་གྱིས་ཡོད་པ་ལས་ངས་མི་དཀར་པོ་ལ་ཞྭ་མོ་ནག་པོ་ཞིག་གཡོག་དགོས་པས་རྒྱུ་མཚན་གང་ཡང་མེད་དེ།ཁྱེད་ཀྱིས་སྐུ་ངོ་བཀྲིས་དབང་འདུས་ལགས་དང་བློ་སེང་གཉིས་ལ་ཆག་གཏམ་དང་མི་བདེན་བརྫུན་སྒྲིག་ཐོག་མཆན་མང་དག་ཞིག་སྤེལ་ཡོད་པ་དེ་དང་ད་དུང་སྐུ་ངོ་བཀྲིས་དབང་འདུས་ཁོང་ལ་ཀུན་གླིང་ཐོག་ཁྱེད་རང་ཁམས་པ་བརྫུན་མ་ཞིག་ཞེས་ནས་ཁམས་སྐད་དག་མ་དག་ཞིག་བརྒྱབ་ནས་དོན་ཡོང་ནས་་དྲི་བ་བཀོད་བཏང་དེ་ཚོ་མཐོང་ཡོང་དུས་ཁྱེད་ཀྱི་གདོང་རིས་ངོ་མ་དེ་གསལ་ལྷང་ལྷང་མཐོང་ཡོང་གི་འདུག་པ་མ་ཚད་ལེན་པོ་ཞིག་གཏན་ནས་མི་འདུག་དེ་འདྲ་སོང་ཙམ་ངས་ཁྱེད་རང་ལམ་ནོར་ཟློག་ཤེས་ཡོང་བའི་ཁྱེད་དུ་དངོས་ཡོད་གནས་ཚུལ་ལ་གཞིག་ནས་བརྗོད་ཀྱིན་ཡོད།དེ་འདྲ་སོང་ཙམ་རྗེས་སུ་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་མཆན་འདྲ་སྤེལ་གནང་བ་ཡིན་ན་དགའ་བསུ་ཞུ་རྒྱུ་ལས་མ་འདས།

    Reply
  17. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་གང་ཆབ་ལགས་མི་དཀར་བོ་ཞ་ནག་གཡོག་མི་ཉན་ངས་མཆན་འདི་སྤེལ་ནས་མཚམས་བཞགས་པ་ཡིན་་དྲ་གྲོགས་ད་ང་ཚོས་ཨ་རིའི་སུ་ཌན་ཕོ་ཌི་གཙུག་ལག་སློབ་གྲྭ་ཆེ་མོའི་བོད་ཀྱི་རྒྱལ་རབས་དང་ཆབ་སྲིད་སློབ་དཔོན་ཆེ་མོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ཧར་ལྦར་ཌ གཙུག་ལག་སློབ་གྲྭ་ཆེ་མོའི་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་རྣམ་གཉིས་ཀྱི་དགེ་མཚན་ནམ་བྱས་རྗེས་འགའ་སྤེལ་ན་དགེ་ཆེ་བར་མངོན་གྱི་འདུག
    དེ་མིན་ང་རང་ཚོ་བོད་པས་བོད་པའི་མ་འོངས་པའི་བཀའ་ཁྲི་ཞིག་ནག་པོ་བཟོས་ཐབས་ཁོ་ན་བྱས་ན་དེ་ནི་དགྱ་གུང་ཁྲན་ལ་མཁོ་བའི་གཏམ་ཞིག་མ་རེད་དམ། རྗེས་སུ་གུང་ཁྲན་ཏང་གིས་ལག་ཆ་དེ་འཁྱེར་ནས་ང་ཚོར་ཚུར་རྒོལ་བྱེད་ངེས་རེད་སྙམ།
    དེར་བརྟེན་དྲ་གྲོགས་ཚོས་མ་འོངས་པར་་་་་་་་་་་་་་་་་་་་་་་་་་་་་་་་་་།

    ་ང་ཆབ་སྲིད་དང་འབྲེལ་མེད་ཡིན་པའི་དཔང་རྟགས་ཡོད་སྟོན་ན་ཆོག་
    ཨ་མའི་བུ་ཞེས་པ་དེ་ང་ཡིན་ན་དཔང་རྟགས་སྟོན་ན་ཆོག་དཀོན་མཆོག་་དཔང་དུ་བཙུགས་ནས་ལས་བྱས་ན་བཟང།
    མི་དཀར་བོ་ཞ་ནག་པོ་མི་གཡོག་རོགས་གནང།

    Reply
  18. རྩོམ་སྒྲིག་པ། says:
    ལོ་ 15 སྔོན།

    དྲ་གྲོགས་འདྲེ་མེ་འབུད་ལགས། གོང་གི་རྩོམ་ཡིག་དེའི་ཁ་བྱང་མདུན་ངོས་སུ་འཆར་ཡོད་པ་དེ་ནི་འདི་གའི་རྩོམ་སྒྲིག་པས་གསར་དུ་བཏགས་པ་ཡིན་ཞིང་། རྩོམ་པ་པོའི་ཁ་བྱང་དངོས་ནི། ༼ བཟང་སླ་ང་གང་བོ། ངན་སྐྱོགས་གང་གིས་བརླག་སོང་། ༽ ཞེས་པ་འདི་རེད།
    གོ་སྐབས་འདི་དང་བསྟུན་ཏེ། གསལ་བཤད་ཞུ་རྒྱུ་ཞིག་ལ། འདི་གར་རྩོམ་ཡིག་འབྱོར་སྐབས། ཁ་བྱང་རིང་པོ་ཡིན་ཚེ་དུས་བབ་དྲ་བའི་མདུན་ངོས་སུ་འཆར་སྟངས་དང་བསྟུན་ཏེ། རྩོམ་སྒྲིག་པའི་ངོས་ནས་ཁ་བྱང་གསར་དུ་འདོག་པ་དང་། ཡང་ན་ཐུང་དུ་གཏོང་གི་ཡོད་ལ། རྩོམ་པ་པོ་སྒེར་གྱི་ཁ་བྱང་ནང་ཆེས་འདོར་དུ་མི་རུང་བའི་གནད་དོན་ཆེན་པོ་ཡོད་ན། དྲ་བའི་མདུན་ངོས་སུ་འཆར་བའི་ཁ་བྱང་དེ་རྩོམ་སྒྲིག་པས་གཏན་འབེབས་བྱས་ཏེ། རྩོམ་པ་པོའི་ཁ་བྱང་དངོས་དེ་དྲ་བའི་ནང་ལོགས་ཀྱི་རྩོམ་ཡིག་གི་གོང་ལ་ཉིས་ལྡབ་ཀྱི་ཚུལ་དུ་འཇོག་གི་ཡོད།

    Reply
  19. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    སྙིང་ནས་བརྩེ་བའི་དྲ་གྲོགས་རྣམ་པ།
    རང་གཞན་ཚང་མའི་རིག་པ་དྭངས་གསལ་གྱིས་རང་རིགས་ཀྱི་ད་ལྟའི་གནས་བབ་དང་བསྟན་དགྲ་རྒྱ་དམར་ཀྱི་རེ་ངན་དང་སྲིད་ཇུས། རང་ཅག་རྣམས་ཀྱི་ཁོག་པའི་སྙིང་དང་སྤྲལ་བའི་མིག ༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གྲངས་ཀྱི་བབ་དང་ཕྱོགས་གང་ལ་བལྟས་ཀྱང་། སྐབས་གསུམ་པའི་བཀའ་བློན་ཁྲི་པ་དེ་སྐབས་དང་པོ་དང་གཉིས་པ་ལས་ཀྱང་གལ་གནད་ཤིན་ཏུ་ཆེ་བས། རང་རིགས་ལ་སེམས་པ་དཀར་ཞིང་ཕྱོགས་ཞེན་གྱི་དྲི་མས་མ་སླད་པའི་སྒོ་ནས་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་རང་རེའི་གཞུང་གི་ཆེས་མཐོའི་དབུ་ཁྲིད་དེ་འདེམས་ནོར་མ་ཤོར་བ་ཞིག་བྱེད་རྒྱུ་ནི་གཞིས་བྱེས་གཉིས་ལས་བྱེས་སྡོད་བོད་མི་ཁོ་ནར་ཡོད་པའི་
    ལས་འགན་དང་ཐོབ་ཐང་དེ་ཡིན།
    ༡༽ ང་ཚོ་བྱེས་སྡོད་བོད་མི་འོས་འཕེན་པ་འབུམ་གཅིག་ཡོད་པར་ཆ་གཞག་ན་མི་རེའི་ངེས་པར་དུ་མི་ལྔ་བཅུ་ཡི་འགན་ཁུར་ལེན་པའི་ཐོག་རང་ཉིད་མི་གཅིག་ཡིན་པར་མི་སེམས་པར་བོད་མི་ལྔ་བཅུ་ཡི་འོས་འཕེན་བྱེད་ཀྱི་ཡོད་པའི་ཚོར་སྣང་ཡོད་དགོས། རྒྱུ་མཚན་ནི་བཀའ་བློན་ཁྲི་པ་དེ་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་ནུས་པའི་དབུ་ཁྲིད་གཅིག་ལས་བྱེས་སྡོད་བོད་མི་གཅིག་པུའི་དབུ་ཁྲིད་ཞིག་མིན་པས་སོ།
    ༢༽ འདས་ཟིན་པའི་ལོ་རྒྱུས་ལས་ཆོལ་ཁ་ཆོས་ལུགས་ཆོས་རྒྱུད་
    དང་བཅས་པ་ཕྱོགས་ཞེན་དང་མཐན་འཁྱེར་དེའི་འཇུག་འབྲས་སུ་ད་ལྟའི་གནས་བབ་འདི་འདྲ་ཞིག་གི་ཚད་ལ་ལྷུང་ཡོད་པ་མཁྱེན་པའི་ཐོག་ནས་ལོ་རྒྱུས་ལ་སྒྱུར་བཅོས་བྱེད་ཐབ་མེད་ཀྱང་མ་འོངས་པའི་ཁ་ཕྱོགས་མ་ནོར་བའི་ཐོགས་ནས་ལོ་རྒྱུས་ཀྱི་དེབ་ཐེར་གསར་པ་ཞིག་སྐྲུན་དགོས།
    ༣༽ འོས་འཕེན་ཀྱི་དུས་སྐབས་ནི་འཛམ་གླིང་ཐོག་མི་གསོད་ཀྱི་དོན་རྐྱེན་འབྱུང་ཉན་ཆེ་ཤོས་སུ་བརྩི་བའི་དུས་སྐབས་ཞིག་ཡིན་ན་ཡང་རང་རེ་ལ་མཚོན་ན་མི་གསོད་ཀྱི་གནས་ཚུལ་འབྱུང་དོག་མེད་ཀྱང་རྒྱ་དམར་ཀྱི་བཀོད་འདོམ་འོག་ཡོད་པའི་སྐབས་འཚོལ་བ་དག་ལ་མཚོན་ན་དུས་སྐབས་ཡག་ཤོས་ཅིག་ཡིན་པ་ངེས་པས་རིག་པ་དྭངས་གསལ་གྱིས་ཡིག་ཐོག་དང་ངག་ཐོག་སོགས་ལ་རང་རིགས་ལ་དུང་སེམས་ཆེ་མདོག་གི་ཆོལ་ཁ་དང་ཆོས་རྒྱུད་བྱེ་བྲག་པ་ཞིག་ལ་ཚད་ལས་རྒལ་བའི་སྐྱོན་བརྗོད་དང་ཡང་ན་དེ་ལས་ལྡོག་པའི་སྟོད་སྔགས་བྱས་ནས་ཞོལ་དུ་རྩ་དོན་གླེང་ཁུལ་བྱེད་མཁན་དག་ལ་ཞུ་དག་དང་རྟགས་དཔྱད་ངེས་པར་དུ་བྱེད་དགོས་ལ་མ་ཚད་འོས་མི་བྱེ་བྲག་པ་སུ་ལ་ཡང་ཁུང་ལུང་མེད་པའི་སྐྱོན་བརྗོད་བྱེད་མཁན་དེ་དག་ལ་རྒྱུ་མཚན་དང་དཔང་རྟགས་དགོས་པའི་གནས་ལུགས་བཤད་དགོས།
    ༤༽འོས་མི་སུ་འདེམས་ན་ཡང་ལྟ་བ་དང་ལང་ཕྱོགས་རང་དང་མཐུན་མིན་གཙོ་བོ་མི་ལྟ་བ་འོས་མི་དེས་བོད་སྤྱི་པའི་འགན་འཁུར་ནུས་པའི་སྤོབ་པ་དང་ཆོད་སེམས། མ་ཚད་མ་འོངས་ཕུགས་རྒྱང་རིང་པོར་བསམ་བློ་གཏང་ནས་ལས་འཆར་དང་གསར་བཏོད་གང་དང་གང་བྱེད་ཐུབ་མིན་ལ་ལྟ་དགོས་ལ་གང་ཟག་དེ་ལ་རང་ཚུགས་ཐུབ་པའི་མི་གཞི་ཞིག་ཀྱང་ངེས་པ་དུ་ཚང་དགོས།
    ༥༽འོས་འདེམས་པ་རང་ཉིད་ལ་མཚོན་ན་ཡང་རང་ཚུགས་དང་འགན་ཁུར་ཡོད་དགོས་པ་མ་ཟད་དེ་དག་མངོན་འགྱུར་བྱེད་པའི་ཆོད་སེམས་ཀྱང་དེ་བས་ཚང་དགོས་ངེས་རེད།
    དོ་སྣང་དགོས་པ་ཞིག་ལ།
    དུས་སྐབས་འདི་ནི་སེམས་ཤུག་དང་ཤེས་ཡོན་ཕྱི་ལ་མངོན་པའི་དུས་ཞིག་རེད་ལ་ཕྱོགས་ཞེན་དང་དཀྲུག་ཤིང་གཡོ་རྫུན་ཡང་ཕྱི་ལ་དོན་པའི་དུས་ཞིག་རེད།
    མདོར་ན་སྨན་པ་ཞིག་ཡིན་ན་ནད་པའི་ན་ཚ་ངོས་ཟིན་སླ་བའི་དུས་ནི་ནད་རྟགས་ཕྱི་ལ་མངོན་པའི་དུས་དེ་ཡིན་པ་བཞིན་དུ། མི་རབ་གོང་མའི་ན་ཚ་དང་མི་རབ་གཞོན་པའི་ན་ཚ་ཡང་དུས་འདིར་ངོས་ཟིན་ཤིན་ཏུ་བདེ་ལ། རྒྱུག་ཁྱི་རྣམས་ཀྱི་ཁྱི་སྐད་ཀྱང་འདི་ནས་ཐོས་པ་ལས་སླ་བ་སེམས། དེས་ན་འཁྲུག་ཆ་དོད་པའི་དུས་སྐབས་འདི་བོད་མི་རྣམས་ཀྱིས་རང་ངོ་རང་གི་ཟིན་པ་བྱེད་གལ་ཆེའོ།

    Reply
  20. གངས་ཆབ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས་པ་ལྷན་རྒྱས་ཀྱིས་དཔྱད་ཞིབ་ཡག་པོ་དང་ཡང་དག་ཐོག་ནས་ཅིག་གཟིགས་དང་།སྐུ་ངོ་བཀྲིས་དབང་འདུས་ལགས་ནི།་བོད་སྤྱི་པའི་རྩ་དོན་ཐོག་ལྷག་བསམ་རྣམ་དག་ཐོག་ཕྱག་ལས་གནང་མཁན་ཞིག་དང་བྱས་རྗེས་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་མི་སྣ་ཞིག་ཡིན་པ་ལས་ཕྱོགས་ཞེན་དང་།ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཡོད་མཁན་ཞིག་གཏན་ནས་མ་ཡིན།དེ་འདྲ་སོང་ཙམ་ང་ཚོས་གུས་བཀུར་དང་བརྩི་འཇོག་བྱེད་འོས་པ་ཞིག་རེད།དེ་ལས་ཟློག་ཏེ་ཨ་མའི་བུ་ཞེས་པ་དེའི་ག་དུས་ཡིན་ནའང་སྐུ་ངོ་བཀྲིས་དབང་འདུས་དང་བློ་སེང་གཉིས་ལ་བསྐྱོན་བརྗོད་དང་མི་བདེན་བརྫུན་སྒྲིག་ཁོ་ན་དང་།སྐུ་འདེབས་དང་ཆག་གཏམ་ལ་སོགས་པ་རྒྱུན་འཐུད་ནས་སྤེལ་དགོས་དོན་ཅི་ཤིག་ཡིན་ནམ།མ་ཚད་མདང་དགོང་ཀུན་གླེང་ཐོག་ལ་སྐུ་ངོ་བཀྲིས་དབང་འདུས་མཆོག་ལ་ཆག་གཏམ་དང་དཀྲོག་གཏམ་གྱི་དྲི་བ་ཞིག་བཏང་སོང་བ་ནི་དེ་སྔོན་སྐུ་ངོ་ལྡི་ལི་ཡོད་སྐབས་རྒྱལ་གར་གཞུང་ནས་ཧིན་སྒོར་འབུམ་བདུན་གཡར་བ་དེ་རྗེས་སུ་ཕྱི་སློག་གནང་ཡོད་མ་རེད་ཞེས་ཁམས་པ་བརྫུན་མ་ཞིག་དོན་ནས་ཁམས་སྐད་དག་མ་དག་ཙམ་གྱིས་དྲི་བ་བཏང་སོང་།དེ་སྔོན་དྲ་རྒྱ་ཐོག་ལ་ངས་པོའི་ལྷ་སྲས་ཞེས་པ་དེ་དང་།ད་ལྟ་ཨ་མའི་བུ་ཞེས་པ་དེ་གཉིས་ནི་དོན་དངོས་ཐོག་ནས་བཤད་ན་མི་གཅིག་ཡིན་པ་ལས་མི་གཉིས་གཏན་ནས་མ་ཡིན།ཁོ་བོ་ནི་ངས་རྒྱུས་མངའ་ཡག་པོ་ཡོད་མཁན་ཞིག་ཡིན།ཁོ་བོ་ནི་ཆབ་སྲིད་བཙོན་པ་བརྫུན་མ་ཞིག་དང་ཕྱོགས་ཞེན་དང་ལྐོག་ཟ་རུལ་སུངས་གྱི་གནད་དོན་ཡོད་མཁན་གྱིས་བཀའ་ཁྲི་འོས་མི་བཀྲས་མཐོང་ལྟ་བུ་ལ་རྒྱབ་སྐྱོར་བྱ་མཁན་ཞིག་རེད།དེ་འདྲ་སོང་ཙམ་བརྫུན་མས་བརྫུན་མ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད།དེའི་རྒྱུ་རྐྱེན་གཙོ་བོར་ནི།བཀྲས་མཐོང་ལགས་ཀྱི་ཨ་སྒོར་དེར་རིན་ཐང་ཡག་པོ་ཡོད་ཙམ་རེད།དེ་འདྲ་སོང་ཙམ་མི་དེའི་རིགས་ཀྱིས་ཆག་གཏམ་དང་མི་བདེན་བརྫུན་སྒྲིག་རིག་ལ་དྲ་གྲོགས་ཚང་མས་ཡིད་གཟབ་གནང་དགོས་པ་ནི་གལ་གནད་ཤིན་ཏུ་ནས་ཆེ།
    ཡ་ཡ་ད་དེ་ཙམ་ཡིན།ང་དབང་རྒྱལ་མཚན་ལགས།རྗེས་ཕྱོགས་ལམ་ནོར་ཟློག་ཤེས་གནང་གལ་ཆེ།

    Reply
  21. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    དྲ་གྲོགས་ལགས། བདག་གིས་རྩོམ་ཡིག་གི་ཁ་བྱང་མ་གཏོགས་བཀླགས་པའི་གོ་སྐབས་མ་བྱུང་བས། ཁ་བྱང་གཅིག་པུར་ལན་ཞིག་འདེབས་འདོད་བྱུང་། ཁྱོད་ཀྱིས་དངོས་གནས་བཀྲ་ཤིས་དབང་འདུས་ཀྱིས་བརླགས་སོང་སྙམ་པའི་ཚོར་བ་ཞིག་སླེབས་ཡོད་ན། དེ་ནི་བདག་གིས་ཁས་ལེན་བྱེད་དཀའ་བའི་གནད་དོན་ཞིག་སྟེ། ཆབ་སྲིད་པའི་འཕྲུལ་འཁོར་ནི་ལྐོག་གྱུར་གྱི་བྱེད་ཐབས་ཤིག་ཡིན་པས། མངོན་སུམ་གྱི་མཐོང་སྣང་གི་གནས་བབ་ཀྱིས་ཐག་གཅོད་དང་ཞིབ་འགྲེལ་བྱེད་དཀའ་བ་ཞིག་ཏུ་ངེས་པ་ཁྱོད་ཀྱིས་ཤེས་ངེས། བདག་གིས་བསམ་ཚོད་དུ་བཀྲ་ཤིས་དབང་འདུས་ཀྱི་དམིགས་ཡུལ་ནི་བློ་བཟང་སེང་གེའི་གསང་བའི་སློབ་དཔོན་ཞིག་སྡོད་འདོད་ཡོད་པར་སྙམ་སྟེ། གསལ་བོར་བརྗོད་ན་ཁོ་རང་མ་འོངས་པར་བཀའ་ཁྲིའི་བློ་འདྲི་བྱེད་སའི་བཀའ་བློན་བྱེད་འདོད་ཀྱི་ཁོག་རྩིས་ཤིག་བརྒྱབ་སྟེ། ཁོ་དང་འདྲ་མཉམ་གྱི་བཀྲས་མཐོང་གི་ཁ་གཏད་ཀྱི་རྣམ་པར་ལངས་ནས་བློ་སེང་ལ་རྒྱབ་སྐྱོར་བྱེད་བཞིན་པ་འདི་ཡང་ཆབ་སྲིད་པའི་དགོས་མཁོ་ཞིག་ཏུ་བརྩིས་ཆོག བློ་བཟང་སེང་གེ་ཡང་ཁོ་ལྟ་བུའི་ཀུན་ཀྱིས་ཐུན་མོང་དུ་ཁས་ལེན་པའི་མི་སྣ་རྒན་པ་བློ་གཏད་ཆོག་ལ་བློ་འདྲི་ཡང་ཆོག་པའི་རྒྱབ་རྟེན་ཞིག་དགོས་ཀྱི་ཡོད་པ་ཡང་དངོས་ཡོད་གནས་ཚུལ་ཞིག་ཡིན་ཡང་། དེ་རིང་སྤྱི་ཚོགས་སུ་ཆབ་སྲིད་པ་རྒན་པའི་ནོར་འཁྲུལ་བཟོས་ཚུལ་གྱི་གཏམ་ཡན་འདི་ཁྱབ་པ་རེད་སྙམ། དོན་དངོས་སུ་ཆབ་སྲིད་པ་རྒན་པའི་ཀླད་པ་རྦད་དེ་སྐྱོན་ཞུགས་པ་ཞིག་མ་ཡིན་པར། ཆབ་སྲིད་པའི་རྒན་པས་ཀྱང་རང་ཉིད་ཀྱི་མཐའ་མའི་གོ་སྐབས་ཤིག་ལ་ཡང་བསྐྱར་རྔམ་སྟངས་ཤིག་ཏུ་འདོད་ནས་དཔྱད་ན་ལེགས་པར་སྙམ།

    Reply
  22. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རྟ་བཤད་རྒྱག་ཤེས་ཀྱང་་་རྟ་རྒྱུག་བྱེད་ཐུབ་པའི་ངེས་པ་རྩ་བ་ནས་མེད

    བློ་སེང་ཡང་དེ་བཞིན་རེད

    སྔ་ལོ་རྟ་རྒྱུག་བྱས་པའི་མི་དང་ད་ལོའི་གསར་བུ་བ་གཉིས་རྟ་ཐོག་ནས་མ་ལྷུང་བ་ཙམ་འདྲ་ཡང་་་་མི་འདྲ་ས་མང་ཡ་་་་ཨ་རོགས་ཚོ།

    Reply
  23. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབ་བསམ་ཚུལ་ནང་་བཀའ་བློན་ཁྲི་པ་ནམ་ཕེབས་རེད་ཟེར་བའི་རྨོ་རི་བསྟན་པས་རྩོམ་ཡིག་འོག་ལ་གཟིགས་དང་་།

    ཨ་མའི་བུ་སྨྱོ་འདུག་་་ཨ་མའི་བུ་སྨྱོ་འདུག་ཧཧཧ་ཐུགས་རྗེ་གཟིགས་སྐྱབས་རོགས་གནང་།
    ཨ་མའི་བུས་༢༠༡༡། ཟླ་༡། ཚེས་༤། ཉིན་བྲིས་པའི་སྨྱོ་གཏམ་ལ་གཟིགས་དང་།སྐུ་ངོ་བཀྲས་དབང་མཆོག་གི་གདོང་རིས་གཞི་ནས་གསལ་སོང་།ང་ལྟ་བུ་མཚོན་ན་བཀྲས་དབང་མཆོག་ལ་དེ་ཙམ་གྱི་རྒྱུས་མངའ་མེད་ཀྱང་ད་ཐེངས་ཁོང་གིས་ཡ་མ་གཟུགས་ཀྱིས་གནང་སྟངས་དེ་རང་ནས་ཁོང་གི་འདས་མ་འོངས་ད་ལྟའི་གནས་བབ་ཡོངས་སུ་རྟོགས་སོང་།ད་རྒྱུག་ཁྱི་ཁྱེད་ཚར་སོང་།མཇུག་མ་གཡུགས་ཀྱང་སྟོང་པ་རེད་བཅས་མ་ཉེས་སྐྱོན་འཛུག་མང་དག་བྱེད་འདུག་།

    ཨ་མའི་བུས་༢༠༡༡། ཟླ ༡་། ཚེས་༤ །ཉིན་
    བཀྲ་ཤིས་དབང་འདུས་ལགས་བཀའ་ཁྲིརཐོབ་པའི་སྨོན་འདུན་དང་།མ་མཐའ་ཡང་བཀའ་བློན་གྱི་གོ་གནས་ཞིག་ཐོབ་པའི་སྨོན་འདུན་ཞུ་།ལས་བྱེད་རྙིང་པ་ཞིག་ཡིན་པས་སོ་ཞེས་་་ཉིན་གཅིག་ལ་སྨྱོ་གཏམ་འདི་འདྲ་ཞིག་བྲིས་པ་ལྟས་ན་སྤུན་ཟླ་སེར་སྐྱ་རྒན་གཞོན་ཚང་མས་ཁོང་ལ་ཡིད་གཟབ་གནང་གལ་ཆེ་བ་མཐོང་།

    གྲོགས་པོ་སེམས་པ་གནན་ནས་ཡག་པོ་བྲིས་
    མ་ཤེས་ན་ཨུ་ཚུག་རྒྱབ་དགོས་ག་ལ་ཡོད་།ཧཧཧ་ཁྱེད་ལ་སུས་ངེས་པ་བཏང་སོང་། ཤ་ཚར་་་་སྙིང་རྗེ་་་ད་ཡག་པོ་སྡོད་རོགས་ལོ་།

    Reply
  24. ཚོགས་བདག says:
    ལོ་ 15 སྔོན།

    དབྱངས་ཅན་སྒྲོལ་དཀར།

    ངས་སྔོན་འགྲོའི་འོས་ཤོག་བློ་བཟང་སེང་གེ་ལགས་ལ་ཕུལ་པ་ཡིན། རྒྱུ་མཚན་དང་ཐོག་ཁོང་ལ་རྒྱུས་མངའ་དེ་ཙམ་མེད་པ་དང་། ཁོང་གི་ལྟ་བ་ལངས་ཕྱོགས་དང་སྐད་ཆ་བཤད་པ་ཁག་ལ་ཉམས་ཞིབ་དོ་ནན་བྱེད་རྒྱུ་མ་བྱུང་པས་ལན་པ་རེད། འོན་ཀྱང་དངོས་གཞིའི་སྐབས་ངའི་འོས་ཤོག་གཅིག་པོ་ཁོང་ལ་ཕུལ་ཐུབ་ས་མ་རེད། མི་ཐུབ་◌པའི་རྒྱུ་མཚན་གཤམ་གསལ་ཁག་ཡིན།

    དང་པོ། ཁོང་གི་སྔ་ཕྱིའི་སྐད་ཆ་ལ་ནང་འགལ་མང་པོ་འདུག ཁོང་གིས་ཁོར་ཡུག་མི་འདྲ་བ་རེ་ནས་སྐད་ཆ་མི་འདྲ་བ་རེ་ཤོད་ཀྱི་འདུག གདོང་པ་མ་འདྲ་བ་རེ་ལ་ལྟས་ནས་སྐད་ཆ་མ་འདྲ་བ་རེ་ཤོད་ཀྱི་འདུག དེ་ནི་ཁོང་གི་ཐུགས་གཤིས་བརྟན་པོ་མེད་པ་དང་། ཁོང་གི་གཤིས་ཀ་འགྱུར་ཆོག་ཆོག་ཡོད་པའི་མཚོན་རྟགས་དངོས་གནས་པ་དེ་རེད། སོང་ཙང་སྐབས་འཚོལ་བ་ཞིག་བཀའ་ཁྲི་ལ་བསྐོས་པ་ཡིན་ན་མང་ཚོགས་ལ་རྡབ་སིག་ཕོག་རྒྱུ་དང་། སྤྱི་དོན་འཐུས་ཤོར་འགྲོ་རྒྱུ་ལས་མ་འདས།
    ཁོང་གི་སྐད་ཆ་མང་བོ་ཞིག་གནས་སྐབས་ཤེས་ཡོན་མེད་མཁན་དང་། ཉམས་མྱོང་མེད་མཁན་གཞོན་སྐྱེས་ཚོ་འགུག་ཐབས་ཀྱི་སྐད་ཆ་རྫིག་པོ་ཙམ་མ་གཏོགས་ལག་ལེན་ལ་བསྟར་ཀྱི་མེད་པའི་སྐད་ཆ་སྟོང་པ་མང་ཤོས་རེད། ཁོང་སྤོབས་པ་མཐོ་དྲག་ནས་མི་མང་དཀྱུས་མའི་བསམ་ཚུལ་ལ་ཉན་འཇོག་བྱེད་ཐུབ་ཀྱི་མི་འདུག མི་གཞན་གྱི་བསམ་ཚུལ་དང་སྐད་ཆ་ལ་བརྩི་འཇོག་རྩ་ནས་གནང་ཐུབ་ཀྱི་མི་འདུག དེ་ནི་མི་མང་གི་བདེ་སྡུག་ལ་ལྟ་མཁན་བཀའ་ཁྲི་ཞིག་ལ་མ་ཚང་པའི་སྐྱོ་གནས་ཆེ་ཤོས་ཞིག་རེད་དྲན།

    གཉིས་པ། ཁོང་ནས་ཕྱི་རྒྱལ་པ་ཚོ་ལ་བོད་ཀྱི་གནས་སྟངས་ཤོད་དུས་དགོན་པ་དང་གྲྭ་བཙུན་ཚོ་ལ་སྨད་ར་མང་པོ་གཏོང་གི་འདུག ཁོང་ཚོས་ལོ་རྒྱུས་ཐོག་བོད་ལ་གནོད་བསྐྱལ་པ་དང་། ད་ལྟ་མང་གཙོའི་ལམ་དུ་འགྲོ་རྒྱུ་ལ་གནོད་སྐྱེལ་ཀྱི་ཡོད་སྐོར་མང་པོ་ཤོད་ཀྱི་འདུག ཡང་གྲྭ་ཚང་དང་དགེ་འདུན་པ་ཚོ་དང་ཐུག་དུས་སྐད་ཆ་མ་འདྲ་བ་ཤོད་ཀྱི་འདུག ཁ་གཅིག་གི་ནང་ལ་ལྕེ་གཉིས་ཡོད་པ་ནི་དུག་སྤྲུལ་གྱི་ལས་ཀ་རང་རེད།

    གསུམ་པ། སྦོ་སི་ཌོན་ནང་ལ་སྡོད་མཁན་བོད་པ་ཚང་མ་ཁོང་ལ་འདོད་མོས་མི་འདུག གང་ལགས་ཤེ་ན། ཁོང་ནམ་རྒྱུན་ས་གནས་བོད་མིའི་བོད་དོན་ལས་འགུལ་ཁག་ནང་མཉམ་ཞུགས་གནང་གི་མེད་པ་དང་། ཁོང་ལོ་མང་རིང་བོད་མི་ལ་དགྲ་ནང་བཞིན་ལྟ་མཁན་རྒྱ་མོ་ཞིག་དང་མཉམ་སྡོད་བྱས་པའི་རྐྱེན་པས། ས་གནས་བོད་མི་རྣམས་ཁོང་ལ་ཡིད་ཐང་ཆད་ནས་འདུག ཁོང་ལ་རྒྱུས་མངའ་ཡོད་མཁན་ཚང་མ་ཁོང་ལ་ཞེ་མེར་ལངས་ཀྱི་ཡོད། ཁོང་གི་མགོ་བདེ་དང་ཁྲམ་རྟགས་མང་པོ་གནས་སྐབས་རེ་རེ་བཞིན་བགྲང་མ་དགོས་བྱེད།

    བཞི་པ། ཕྱི་ལོ་༢༠༠༧ ལོར་བོད་གཞུང་བཀའ་ཤག་ནས་བཀོད་སྒྲིག་འོག་ལྡི་ལི་མགྲོན་ཁང་སྐད་གྲགས་ཆེ་བ་ཞིག་ཏུ་འཚེ་མེད་ཞི་བའི་ཟབ་སྦྱོང་གནང་སྐབས། ཁོང་ནས་དཔྲ་ཕྲུག་ངག་དབང་གི་བུ་མོ་མགྲོན་ཁང་དུ་ཁྲིད་ཡོང་ནས་སྐུ་ངོ་བཀའ་བློན་བློ་བཟང་སྙན་གྲགས་དང་ཁོང་ཚོ་མི་མང་མདུན་དམར་ཧྲེང་ངང་ཁྲུས་རྫིང་ནང་ཆགས་རྩེད་ཐལ་ཆ་ཅན་བྱས་པས། བོད་གཞུང་གི་གནད་ཡོད་མི་སྣ་ཚོ་ཁོང་གི་བྱ་སྤྱོད་ལ་ཞེ་མེར་ལངས་ཞིང་། དེ་ནས་མགྲོན་ཁང་ནང་ཆགས་སྤྱོད་གནང་། ཁོང་གིས་ཆགས་སྤྱོད་གནང་ནས་སྐུ་ངོ་བཀའ་བློན་བློ་བཟང་སྙན་གྲགས་ལགས་ལ་ངོ་སྤྲོད་གནང་བའི་རྐྱེན་བྱས་ནས། བློ་སྙན་ལགས་ཀྱི་མཚན་མཐོང་ཉམས། བཀའ་བློན་ཤོར། བློ་སྙན་མི་ཚེ་འཕྲོ་རླག་འགྲོ་བ་བློ་བཟང་སེང་གེ་ལགས་ཀྱི་གནང་བབ་དང་འབྲེལ་བ་ཆགས། གནས་ཚུལ་འདི་བདེན་པ་ཡིན་མིན་སྐབས་དེའི་ཟབ་སྦྱོང་ལ་ཞུགས་མཁན་ཚང་མས་ཤེས་ཀྱི་ཡོད་པས་ཡིད་མ་ཆེས་པ་ཚོས་ཉམས་ཞིབ་གནང་རོགས།
    བློ་སེང་ལགས་ནས་ནམ་རྒྱུན་རང་གི་བཟའ་ཚང་ཕྲུ་གུ་ལ་མགོ་སྐོར་བཏང་ནས་སྐྱེ་དམན་གང་བྱུང་དང་ཆགས་སྤྱོད་གནང་གི་ཡོད་བརྟེན་ཁོང་བཀའ་ཁྲི་ལ་བསྐོས་པ་ཡིན་ན། གཤམ་འོག་ལས་བྱེད་བུད་མེད་ཚོ་ལ་དཀའ་ངལ་འཕྲད་རྒྱུ་ཤོད་མ་དགོས་པ་ཞིག་དང་། བཀའ་ཤག་ལས་ཁང་ཆགས་སྤྱོད་གནང་ས་ཞིག་ཏུ་འགྱུར་མི་སྲིད་པ་མ་རེད། ཀུན་སྤྱོད་དེ་འདྲ་ཁྱེར་མཁན་བཀའ་ཁྲི་ལ་ལན་པོ་མ◌ེད་པ་མཐོང་བྱུང་།

    ལྔ་པ། བློ་སེང་ལགས་ཀྱིས་ད་ལྟའི་བར་ལས་ཀ་འདི་བྱས་བཞག་ཟེར་པ་ཞིག་མེད། ཕྱི་ལོ་༢༠༠༤ ལོར་ལྡི་ལི་ཆུ་སྒང་བྱེད་གཏེ་ཚོས་ཐའི་ཝན་བོད་སོག་ལས་ལས་ཁུངས་མཉམ◌་ཆིངས་ཡིག་བཞག་སྐབས། བློ་སེང་སོགས་མི་ཁ་ཤས་ཤིག་ནས་ལི་ཐང་ཨ་ཐར་ཅན་ལ་མ◌ི་འདོད་པའི་རྣམ་འགྱུར་སྟན་པའི་སྐད་ཆ་ཞིག་ཡོད་རེད། དེའི་གཟིགས་གསོལ་ལ་ཁོང་ཨ་རིར་སློང་སྦྱ◌ོང་འགྲོ་བའི་གོ་སྐབས་རག་པ་རེད། ཡིན་ནའི་ཁོང་ནས་བོད་གཞུང་ཤེས་རིག་ལས་ཁུང་མཉམ་གན་རྒྱ་བཞག་པ་བརྩིས་མེད་ཀྱིས་ཨ་རི་ནས་ཕྱིར་ལོག་བྱས་མེད། ཨ་རི་ནང་ལོ་གཉིས་ཀྱི་སློབ་སྦྱོང་ལ་ཕེབས་ནས་ལོ་བཅུ་རིང་བོད་གཞུང་དང་འབྲེལ་བ་རྩ་ནས་གནང་མེད། ཕྱི་ལོ་༢༠༠༤ ལོར་གཞི་ནས་བོད་གཞུང་དང་མཉམ་དུ་དེའི་སྐོར་སྐད་ཆ་ཞིག་བྱུང་པ་སྐོར་གོ་རྒྱུ་ཡོད། དེ་ནི་ཁོང་གི་དམིགས་ཡུལ་ལྡན་པའི་འཆར་གཞི་ཞིག་ལས་བོད་གཞུང་ལ་བརྩི་བཀུར་ཞུས་པ་མཚོན་ཐུབ་ཀྱི་མེད།

    དྲུག་པ། སྔོན་ཆད་ཝ་ཤིན་ཀྲོན་ཌི་སི་ནས་བློ་སེང་ལགས་ཀྱིས་ཁོང་རྒྱ་མིའི་ཨོ་བྷ་མ་བྱེད་ཀྱི་ཡིན་གསུངས། རང་བཙན་འཐབ་རྩོད་པ་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་བློ་སེང་གི་བསམ་ཚུལ་དང་བཀའ་མོལ་དེ་ལ་སྐྱོན་བརྗོད་རྩོམ་ཡིག་སྤེལ། བློ་སེང་དེ་ལ་མ་དགའ་པར་འཇམ་དབྱངས་ནོར་བུ་ལགས་སུ་ཁ་པར་ཕུལ་ཏེ་ཁོང་གཉིས་ཀྱིས་རྒྱུན་རིང་ཁ་པར་ནང་རྩོད་པ་བརྒྱབ་ཀྱང་བསམ་ཚུལ་གཅིག་མཐུན་མ་བྱུང་སྐོར་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཡང་བསྐྱར་རྩོམ་ཡིག་སྤེལ་གནང་ཡོད། རྒྱ་མིའི་ཨོ་བྷ་མ་གནང་འདོད་ཡོད་མཁན་ཞིག་བོད་ཀྱི་བཀའ་ཁྲི་ལ་ཕེབས་པ་ཡིན་ན་ཁྱད་མཚར་མ་རེད་དམ། གོང་ཞུས་རྒྱུ་མཚན་དེ་འདྲའི་རྐྱེན་པས་ངའི་བསམ་བློ་ལ་འགྱུར་བ་ཕྱིན་སོང་། སོང་ཙང་དངོས་གཞིའི་སྐབས་ངས་ཁོང་ལ་འ◌ོས་ཤོག་ཕུལ་ཐུབ་ཀྱི་མི་འདུག

    Reply
  25. ཨ་མའི་བུ། says:
    ལོ་ 15 སྔོན།

    “ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིིན”

    Reply
  26. johnmicher says:
    ལོ་ 15 སྔོན།

    མི་སུ་ཞིག་གིས་བཀའ་ཁྲིའི་སྐོར་གླེང་བ་ཡིན་ནའང་ཚུལ་མིན་གྱི་ཕྱོགས་ཞེན་མ་བྱེད་རོགས

    Reply
  27. johnmicher says:
    ལོ་ 15 སྔོན།

    ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་འདིར་མཚོན་ན་མི་སུ་ཞིག་གིས་བཀའ་ཁྲིའི་སྐོར་གླེང་བ་ཡིན་ནའང་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་ནི་ཚུལ་མིན་གྱི་ཕྱོགས་ཞེན་མི་བྱེད་པ་དེ་རེད་འདུག

    Reply
  28. ཨ་མའི་བུ། says:
    ལོ་ 15 སྔོན།

    ཁོ་རས་བསྟན་བཤིག་ཕག་པར་ཁྱེད་ཀྱི་བཀའ་ཁྲི་འཁྲམ་པ་དེའི་གཏམ་བཤད་ལ་ཉོན་དང། ༢༠༠༦ བློ་སེང་བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་མིར་ཐོན་ཀྱང་ཁོ་བས་དགོངས་པ་བཞུས་ཡོད། རྒྱུ་མཚན་ནི་ཁོ་བ་བོད་མང་གི་སྤྱི་འཐུས་བྱས་ན་ཁོ་བའི་ལས་ཤོར་གྱི་ཡོད་པས་སྤྱི་འཐུས་ཀྱི་འོས་ནས་ཕྱིར་འཐེན་བྱས་ཡོད། བོད་པའི་ཁ་དཔེར་ཆོས་བཤད་འཁྲམ་པའི་ཁ་ལ་ཡོད་ཟེར་བ་ལྟར་ཁོ་བས་༼ང་རང་་མ་་ཤི་་ བར་བོད་སྤྱི་པའི་རྩ་དོན་ཆེད་དུ་ལས་ཀ་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་༽ཅེས་ མི་མང་མགོ་སྐོར་གཏོང་གི་ཡོད།

    རྣམ་རྒྱལ་ལགས་ཀྱི་དྲི་བ་ཁྱེད་ཀྱི་སྤྱི་ལོ་༢༠༠༨ལོར་ལི་ཐང་བརྟན་བཞུགས་སྐབས་ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིན་ཞེས་བརྗོད་རྒྱུ་མཚན་གང་ཡིན་ཞེས་དྲི་དུས་ཁོ་བས་ཕ་ལགས་བཤགས་སོང་ཞེས་ཚིག་ཉུག་ལུང་བ་གང་ཤོད་པ་ལས་ཁོང་གི་དྲི་བར་ལན་འདེབས་ཐུབ་ཀྱི་མི་འདུག་དེ་ནི་འདྲེ་ཤར་སྒོར་བཞག་ཏེ་གླུད་ནུབ་སྒོར་བཏང་ཞེས་པའི་དཔེ་ལྟར་སོང་འདུག ཁོ་བས་ཏན་ཏན་བོད་པའི་སྐད་ཡིག་གི་ཐོག་ལ་ཀླད་སྟོང་བ་རང་རེད་འདུག

    ཨ་རོགས་ཚོ་བསམ་བློ་གཏོང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བོད་གཞུང་གི་ཁ་གཏད་ རེད་དམ་ཡང་རྒྱ་དམར་གཞུང་གི་ཁ་གཏད་རེད། བློ་སེང་གིས་གཞོན་ནུ་ལྷན་ཚོགས་འདི་བོད་གཞུང་གི་ཁ་གཏད་རེད་ལབ་སོང་། རང་ཅག་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་གཞོན་ནུ་ལྷན་ཚོགས་འདི་ལ་ན་ནིང་རྒྱ་གཞུང་གི་འཇིག་སྐུལ་བ་རེད་ཞེས་དམོད་ཚིག་སྒྲོགས་པ་དང་། ཡང་ད་ལོ་རང་གི་རིག་གཞུང་ལ་ཀླད་སྟོང་བ་བློ་སེང་གིས་གཞོན་ལྷན་འདི་བོད་གཞུང་གི་ཁ་གཏད་རེད་ལྷན་ཚོགས་འདི་ནག་པོ་བཟོ་ཐབས་བྱེད་ཀྱི་འདུག རྒྱུ་མཚན་གང་ཡིན་ནམ།

    ༸གོང་ས་མཆོག་གི་རྒྱ་མི་དང་མཐུན་འབྲེལ་བྱེད་དགོས་ཞེས་ ༢༠༠༨ ལོར་བོད་ནང་གི་གཟིངས་འཁྲུགས་ཆེན་པོ་ལངས་པའི་རྗེས་སུ་གསུངས་པ་ཞིག་ལས་ ༢༠༠༥ ནང་ལ་རྩ་བ་ནས་མེད་སྐུ་མཁྱེན་རྫུན་མི་ཤོད་རོགས།

    ཁོ་བར་དྲི་བ་ཞིག་འདུག་རྒྱུ་མཚན་གང་གི་ཕྱིར་འཕྲོད་བསྟེན་ཡིན་ན་འཕྲོད་བསྟེན་གྱི་ཐོག་ཉམ་མྱོངས་བསགས་མྱོང་པའི་མི་སྣ་འདེམས་པའི་དགོས་པའི་རྒྱུ་མཚན་གང།
    ལེགས་བཤད་ལས། གོམས་ན་དཀའ་བར་མི་འགྱུར་ཏེ་ཞེས་གསུངས་པ་ལྟར་བློ་སེང་རྫུན་དང་རྒྱབ་འགལ་ཤོད་རྒྱུར་གོམས་པས་སོ།

    Reply
  29. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ཧཧཧ་ད་ཡིན་ན་འདུག་།
    ཐུགས་རྗེ་གཟིགས་ལོ་མང་ཕྱག་ལས་གནང་བའི་བཀའ་དྲན་ཅན་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀླད་སྟོང་སྐུ་དྲག་དང་འབྱོར་ལྡན་ཕྱོགས་རིས་ཅན་ཚོའི་མ་ཉེས་སྐྱོན་འཛུག་སོགས་མ་གནང་རོགས་ཞུ་།

    མ་འོང་བཀའ་ཁྲི་གསར་པ་ཇི་ལྟར་དགོས་མིན་།
    གུས་པས་ལྟས་ན་ཉམས་མྱོང་དང་ལྷག་བསམ་ངེས་པར་དུ་དགོས་ན་ལྷད་མེད་ཀྱི་སྐུ་ངོ་བཀྲ་ཤིས་དབང་འདུས་ལས་ལྷག་མི་འདུག་།
    དེང་དུས་དང་གནའ་རབས་ཀྱི་ཤེས་ཡོན་འཇོན་ཐང་སོགས་དགོས་ན་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་ལས་ལྷག་མི་འདུག་།
    སྐོག་ཟ་རུས་སུངས་དང་ཕྱོགས་རིས་འཐེན་འཁྱེར་སོགས་དགོས་ན་དབུས་པ་ཀྱི་སྡུག་ཚོགས་པས་གྲོས་ཆོད་དབུས་གཙང་ཆོལ་ཁ་ལ་ཞེས་ཁོག་དང་ཤ་ཚར་དགོས་ཟེར་བ་ཟ་བཏགས་རྒྱབ་མཁན་གྱི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ངེས་པར་དུ་དགོས་གལ་ཆེ་།

    ༡མངའ་རི་སྐོར་གསུམ་དྲང་བདེན་ལྷག་བསམ་ཆེ་།།
    ༢དབུས་པ་མགོ་ལེབ་ཁ་བདེ་ཕྱོགས་རིས་ཅན་།།
    ༣མཁམས་པའི་ཕོ་རྒོད་དཔའ་རྟགས་གྲི་རྩེ་ངམ་།།
    ༤ཨ་མདོའི་མཁས་པས་སྙུག་གུས་ཆོལ་གསུམ་དཀྲུག་།།

    Reply
  30. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཀྲ་ཤིས་དབང་འདུས་ལགས་ལ་བཀའ་ཁྲིར་ཐོབ་པའི་སྨོན་འདུན་དང་། མ་མཐའ་ཡང་བཀའ་བློན་གྱི་གོ་གནས་ཞིག་ཐོབ་པའི་སྨོན་འདུན་ཞུ། ལས་བྱེད་རྙིང་པ་ཞིག་ཡིན་པས་སོ། །

    Reply
  31. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    སྐུ་ངོ་བཀྲས་དབང་མཆོག་གི་གདོང་རིས་གཞི་ནས་གསལ་སོང་། ང་ལྟ་བུར་མཚོན་ན་བཀྲས་དབང་མཆོག་ལ་དེ་ཙམ་གྱི་རྒྱུས་མངའ་མེད་ཀྱང་ད་ཐེངས་ཁོང་གིས་ཡ་མ་གཟུགས་ཀྱིས་གནང་སྟངས་དེ་རང་ནས་ཁོང་གི་འདས། མ་འོངས། ད་ལྟའི་གནས་བབ་ཡོངས་སུ་རྟོགས་སོང་། ད་རྒྱུག་ཁྱི་ཁྱོད་ཚར་སོང་། མཇུག་མ་གཡུགས་ཀྱང་སྟོང་པ་རེད། 

    Reply
  32. བཙན་པོའི་བུ། says:
    ལོ་ 15 སྔོན།

    ངས་མང་པོ་ཞིག་བཤད་མི་ཤེས་ཀི། ཡིན་ན་ར། མཁས་དབང་བློ་བཟང་སེངྒེ་མཆོག་མ་འོངས་པའི་བཀའ་བློན་ཁྲི་པར་ཕེབས་ཐུབ་པ་ཡིན་ན། དེ་ནི་༸གོང་ས་མཆོག་གི་དགོངས་གཞི་ཡིན་པ་གང་ཞིག་ལ། ང་ཚོ་ལ་ཡང་རེ་བ་གསར་བ་ཞིག་ཡོད་མདོག་ཁ་བོ་རེད། དེ་མིན། བཀྲིས་དབང་འདུས་དང་བཀྲས་མཐོང་སོགས་ང་ཚོ་ཚང་མས་ཤེས་གསལ་རེད། མ་བཤད་ན་ཡང་བཤམས་ནས་ཡོད་ཀི། ཁོང་ཚོས་ཁ་སྙན་མོ་རྐྱང་རྐྱང་བཤད་ནས། རང་ཉིད་ཀྱི་ཁེ་ཕན་ཞིག་སྒྲུབ་ཀྱིན་པ་དེ་རེད། ད་དུང་བློ་བཟང་སེངྒེ་ཕུད་གཞན་དག་ལ་བཀྲུས་ན་མི་དག་པའི་སྐྱོན་ཞིག་ཡོད་པ་ནི། ཆོལ་ཁའི་འཐེན་འཁྱེར་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་དེ་རེད། ང་ལ་མཚོན་ན་ནི། མུ་མཐུད་ནས། བློ་བཟང་སེངྒེར་རེ་བ་རྒྱག་གི་ཡིན།

    Reply
  33. ཨ་མའི་བུ། says:
    ལོ་ 15 སྔོན།

    དྲང་བདེན་གྱི་སློང་བ་ཟེར་བའི་མིའི་ཤེས་པ་གདོན་གྱིས་བསླུས་ཡོད་ས་རེད་ཡང་མིན་ན་ཆེད་མངག་རྙོག་དྲ་ཤོད་མཁན་ཞིག་རེད་འདུག བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། དབུས་གཙང་ཆོལ་ཁའི་ཚོགས་པ་གསུ་མགས་བཀྲ་ཤིས་དབང་འདུད་ལ་བཀའ་ཁྲིའི་འོས་གཞིའི་ནང་མི་མང་གིས་རེ་འདུན་བྱེད་ཁྱེད་བཀའ་ཁྲིའི་འོས་མིར་ལངས་རོགས་ཞེས་བཞུས་དུས། ཁོ་བས་ངས་ལོ་ངོ་མང་པོ་གཞུང་གི་ཞབས་ཕྱི་བཞུས་པ་ཡིན་ད་ཆ་ལོའི་བབས་དང་ལུས་ལ་ན་ཚ་ཆེ་དྲགས་པས་ལངས་ཐུབ་ས་མ་རེད་ཞེས་འཕྲིན་ཡིག་བཏང་ཡོད།

    ད་ལོ་བཀའ་ཁྲིའི་འོས་མི་མང་ཤོས་སུ་བཏོན་མཁན་མདོ་སྟོད་ཆོལ་ཁའི་གྲལ་རེད། དེ་ཚོའི་ནང་བློ་བཟང་སེང་གེ་ཆོལ་ཁ་ནས་འོས་མིར་སྟོན་མེད་པ་རེད་། ཅེས་མངོན་སུམ་ལ་སྨྱོན་གྱི་འདུག མི་མང་བོས་དྲ་རྒྱ་ལ་བལྟ་གི་ཡོད་རེད་ཁྱེད་སྨྱོན་སྐད་མི་བརྒྱབ་ལོ།
    ལེགས་བཤད་ལས། ཤེས་པ་རང་དབང་་དུ་མི་གནས་པ་ནི་སྨྱོན་པའོ།

    Reply
  34. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 15 སྔོན།

    བློ་གྲོས་རབ་བརྟན་ལགས། ཐེངས་རྗེས་མིའི་བཀའ་ཁྲི་འོས་མི་གསུམ་པོ་སུ་ཐོབ་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་གནོད་ཤུགས་འོག་སོང་བ་འདྲ་པོ་ཆགས་ན་མ་འགྲིག་པ་རེད་། འདི་ལོ་བཀའ་ཁྲི་འོས་མི་ཁྱབ་བསྒྲགས་བྱེད་པའི་ནང་སྐུ་ངོ་བཀྲས་མཐོང་ལགས་དབུས་གཙང་ཆོལ་ཁས་སྟོན་པ་ལས་བཀའ་ཟུར་བཀྲ་ཤིས་དབང་འདུས་དང་མཁས་དབང་བློ་བཟང་སེང་གེ་གཉིས་རང་རང་ཆོལ་ཁ་ནས་འོས་མིར་སྟོན་མེད་པ་རེད་། འདི་ཁོང་གཉིས་ཀྱི་གནས་བབ་དང་ཆེད་ཆོས་ཡོངས་སུ་མཚོན་ཐུབ་མིན་ཇི་ལྟར་ཡང་ངས་འདི་ལ་དམིགས་བསལ་ལོ་རྒྱུས་རེ་ཡོད་པ་སྒོམ་ནས་ནམ་ཡང་བསླད་མེད་དངས་གཙང་གི་སྤྱི་མི་གཅིག་ལ་ངོས་འཛིན་བྱེད་གྱི་ཡོད་། ཁྱེད་རང་གི་བཀུལ་འོས་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཉེས་མེད་སྐྱོན་འཛུག་བྱེད་པ་འདི་མཐའ་ན་ལས་འབྲས་ལ་མི་འགྲོ་བའི་བོད་མི་ཅིག་གི་གཏམ་བཤད་གཅིག་རེད་།

    Reply
  35. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ཁང་གསར་དང་བློ་རབ་སོགས་སེམས་ཁྲལ་ཞེ་དྲག་གནང་དགོས་དོན་མི་འདུག མ་གཞི་བསམ་ཚུལ་སྤེལ་བ་ལེགས་པོ་རེད། བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་བཀྲ་ཤིས་དབང་འདུས་ལ་ཞེ་སྡང་ཞེ་དྲག་ལང་གི་ཡོད་ཚོད་རེད། འོན་ཀྱང་དེས་ཅི་བྱ། ད་ང་ཚོས་འགག་རྩའི་བསམ་བློ་ནི་ཁོ་ཚོ་གསུམ་ནང་གི་སུ་ཞིག་བཀའ་ཁྲིར་སླེབས་ཀྱང་མི་མང་གིས་བསམ་ཤེས་གུ་ཡངས་ཀྱིས་སྤྱི་པའི་ལས་དོན་ཐད། རྒྱབ་སྐྱོར་དང་ཡིད་ཆེས་བྱེད་དགོས་པ་རེད། གལ་སྲིད་ནོར་འཁྲུལ་གྱི་ལས་ཀ་བྱེད་གྲབས་འདུག་ན། དེ་དུས་མི་མང་གིས་སྐྱོན་བརྗོད་བྱེད་ཆོག་གི་རེད། མ་གཏོགས་དང་པོ་ནས་ཁོས་དེ་སྔོན་སྐད་ཆ་འདི་འདྲ་ཞིག་བཤད་འདུག་ཅེས། སྐད་ཆ་དེ་ཁྱེར་ནས་མ་འོངས་པ་དང་སྦྱར་ནས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བྱེད་བསྡད་ན་ཕན་ཐོགས་གང་ཡང་ཡོད་མ་རེད།

    Reply
  36. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    ཧ་ཧ་རེད་ཡ། མི་མང་པོ་ཞིག་གི་སེམས་ལ་དག་ཐབས་མེད་པའི་རྨ་སྦྱིན་མཁན་ནི་བཀྲིས་
    དབང་འདུས་ལགས་ཡིན་པ་ངོས་འཛིན་དང་།ཁོང་གི་ཐག་གཅོད་རང་
    རབ་ལ་ཡང་སུན་འབྱིན་དང་དོན་མེད་ཁང་ར་བྱེད་བཞིན་པ་དེ་རེད། དེ་ནི་མི་ཕྱོགས་ལྷུང་ཅན་མང་པོ་ཞིག་ལ་ཁོང་གིས་དྲང་བདེན་གྱི་ཐག་གཅོད་
    དང་དམངས་གཙོ་རང་དབང་གི་ཐག་གཅོད་བྱས་པ་དེ་ལ་བློ་འདོད་མ་ཁེངས་ནས་སེམས་སྡུག་འཕར་མ་ཞིག་བྱུང་བ་དེ་རེད།
    རྒྱུ་མཚན་ནི་ཁོང་གིས་ཐག་གཅོད་གི་ནུགས་ཤུགས་ལ་བརྟེན་ནས་དབུས་གཙང་ཆོལ་ཁའི་མིང་ཁུར་མཁན་མི་སྣ་རེ་ཟུང་གིས་ཕྱོགས་ལྷུང་གི་དམིགས་ཡུལ་དང་ཆགས་སྡང་གིས་ཐག་གཅོད།ཐོག་མར་བཀྲས་མཐོང་གཅིག་བུ་འོས་མི་གསལ་བསྒྲགས་བྱས་པའི་འཁྲབ་སྟོན་གྱི་ལེའུ་དེ་གཏོར་བཤིག་དང་བཀྲས་མཐོང་ཕམ་གཉེན་ཡོད་པ་མཐོང་བ་དེ་རེད༎
    སྤྱི་བཏང་བཀྲས་མཐོང་ལ་མ་འོང་པར་རྒྱལ་ཁ་ཐོབ་རྒྱུ།རེ་བ་ཡོད་ཁུལ་
    བྱས་ཀྱང་ཆོག་མོད། བཀྲས་མཐོང་ནི་བཀའ་བློན་ཁྲི་པའི་བགྲོ་གླེང་ཡོད་ཚད་ལ་ཕྱིན་ནས་གཏམ་
    བཤད་དང་དྲི་ལན་མང་པོ་བྱས་ཡོད། ཡིན་ན་ཡང་བཀྲས་མཐོང་གི་གཏམ་བཤད་དང་དྲི་ལན་དེ་དག་གིས་མི་དམངས་ཀྱིས་འདོད་བློ་མ་ཁེངས་པ་ནི་གསལ་པོ་རེད། དེར་བརྟེན་མ་འོང་པར་གཞིས་ཆགས་ཁག་ལ་འགྲོ་བསྐྱོད་དང་བགྲོ་གླེང་ལ་
    ཞུགས་ཀྱང་རྒྱལ་ཁ་འཐོབ་རྒྱུ་ནི་ཧ་ཅང་ཁག་པོ་་རེད༎་བདེན་པ་ཡིན།

    Reply
  37. ནད་པ says:
    ལོ་ 15 སྔོན།

    བཀའ་ཁྲིའི་འོས་གཞིའི་ཐད་ལ་བསམ་གཞིགས་གཅིག་བྱས་ན་ནི། ཐེངས་དང་པོར་ངའི་བཀའ་ཁྲིའི་འོས་གཞིར་ཆེས་འོས་པ་ནི་གཅིག་རང་དེ་བཀའ་ཟུར་བཀྲིས་དབང་འདུས་ལགས་ཁོ་ན་ཡིན།

    འོན་བཏང་ཁོང་གིས་བཀའ་ཤག་ནང་ལོ་ངོ་ ༡༧ ཙམ་ལས་ཀ་བྱས་མྱོང་བ། མི་ཚེ་གང་ཙམ་གཞུང་ཞབས་བྱས་པ། ད་ཆ་ལོ་ན་མཐོ་པོ་ཡིན་པ། གཟུགས་པོ་བདེ་ཐང་མིན་པ་བཅས་ཀྱིས་བཀའ་ཁྲི་གནང་འདོད་མེད་པ་མ་ཟད་བཀའ་ཁྲིའི་དྲྭ་བ་ནས་ཀྱང་ཕྱིར་འཐེན་གནང་བ་བཅས་ཀྱིས་རྐྱེན་ལས་ངས་ཀྱང་ཐ་མ་དེ་བློ་ཐག་བཅད་དེ་བཀའ་ཁྲའི་འོས་གཞི་གཞན་ཞིག་བདམས་པ་ཡིན།

    གང་ཡིན་ཟེར་ན་ཁང་གསར་གྱིས་གསུངས་པ་ལྟར་ང་ཡང་ཁོང་གི་གནང་སྟངས་ཡ་མཚན་དང་དོགས་པ་སྐྱེ་གཞི་ཡོད་པའི་གནས་ལུགས་དེར་བརྟེན་ད་ཆ་ཐ་གཅིག་ཏུ་དེར་དགག་བྱ་བྱེད་མཁན་ཞིག་ཏུ་གྱུར་པ་དེ་རེད།

    ངའི་རེ་བར་བཀྲས་མཐོང་དང་བློ་སེང་གང་རུང་གགཅིག་རྣམ་པར་རྒྱལ་རྒྱུའི་སྨོན་འདུན་ཞུ་བཞིན་ཡོད། གང་ཡིན་ཟེར་ན་རྒྱ་གུང་ཁྲན་གྱི་ཆབ་སྲིད་དང་། བོད་རྙིང་པའི་སྡེ་པ་གཞུང་གི་ཆབ་སྲིད་འཁྲབ་སྟངས་དེ་ཚོར་དགའ་པོ་ཁྱོན་ནས་མེད། ད་ཆ་དུས་རབས་ ༢༡ པའི་དམངས་གཙོའི་ལམ་ལུགས་ཡང་དག་པའི་ཐོག་ཆབ་སྲིད་སོགས་ཕྱོགས་གང་སར་ཕྱི་གསལ་ནང་གསལ་བྱེད་དགོས་པ་དེ་ལག་ཆེ་དོན་ཆེན་ཡིན།

    Reply
  38. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    བཀའ་ཁྲི་ལས་ཀྱང་བཀའ་བློན་ཕྱག་རོགས་གལ་ཆེ། བཀའ་བློན་ཕྱག་རོགས་ལས་ཀྱང་སྤྱི་འཐུས་གལ་ཆེ། སྤྱི་འཐུས་ལས་ཀྱང་རང་ཉིད་གལ་ཆེ།
    མདོར་ན། ཡོད་ཚད་རང་ཉིད་ཁོ་ནར་ཐུག་འདུག

    Reply
  39. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    བཀུར་འོས་བཀའ་ཟུར་བཀྲིས་དབང་འདུས་མཆོག་གིས་བཀའ་ཟུར་བཀྲས་མཐོང་གི་འོས་ཤོག་ཁ་ཐོར་བཏང་སོང་།
    བཀྲས་དབང་ཁོང་ལ་འོས་འཐོབ་རྒྱུ་མིན་པ་ནི་གཏན་འཁེལ་རེད

    འོན་ཀྱང་ཁོ་བོས་བཀའ་ཟུར་བཀྲས་མཐོང་མཆོག་ལ་དངོས་གཞིའི་འོས་འཐོབ་རྒྱུར་ཡིད་ཆེས་གཏན་པོ་ཡོད
    བཀྲས་མཐོང་རྒྱལ་གྱུར་ཅིག།།

    Reply
  40. ཨ་མའི་བུ། says:
    ལོ་ 15 སྔོན།

    བཀྲ་ཤིས་རབ་བརྟན་ལགས་ཁ་བྲོ
    ཁྱེད་ཀྱི་ད་ལྟའི་བོད་ཀྱི་ལས་དབང་སྐྱུར་མོ་འདི་ལ་ཐུགས་བསམ་བཞེད་ནས་དཔྱད་རྩོམ་ལེགས་པོ་ཞིག་སྤེལ་བཀའ་དྲིན་ཆེ།
    ཟླ་ཤས་ཀྱི་གོང་ལ་ཁང་གསར་ལགས་ཀྱིས་དཔྱད་རྩོམ་འདི་སྤེལ་སོང།
    བཀའ་ཁྲིའི་འོས་གཞིའི་ནང་ནས་ནོར་འཁྲུལ་ཆེ་ཤོས་བྱེད་མཁན་ནི། ཤེས་ཡོན་དང་ཉམས་མྱོང་གིས་ཕྱུག་པའི་བཀའ་ཟུར་བཀྲ་ཤིས་དབང་འདུད་ལགས་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁའི་ཚོགས་པ་གཉིས་ཀས་བཀྲ་ཤིས་དབང་འདུད་ལ་བཀའ་ཁྲིའི་འོས་གཞིར་ལངས་རོགས་ཞུ་དུས། ཁོང་གིས་ཁས་ལེན་གནང་མེད། འོན་ཀྱང་འོས་ཤོག་དངོས་སུ་བསྡུ་ཁའི་ཉིན་ཤས་ཀྱི་སྔོན་དུ་ཁོང་གིས་བསམ་བཏང་དྲན་སྐྱེད་ལྟ་བུས་འོས་གཞིར་ལངས་པ་རེད། དེས་དེ་སྔོན་ཁོང་ལ་བློ་གཅིག་སེམས་གཅིག་གིས་རྒྱབ་སྐྱོར་བྱེད་མཁན་མི་མང་པོར་ཁོང་ཁྲོ་བསླངས་ཤིང་མཇུག་འབྲས་ནི་ད་ལྟ་ཀུན་གྱིས་མཐོང་ཐུབ་པ་དེ་རེད། གལ་སྲིད་ཁོང་གིས་ཐོག་མ་ནས་འོས་གཞིར་ལངས་ཡོད་ཚེ། འོས་གྲངས་མཐོ་ཤོས་ཀྱི་གྲས་སུ་སླེབས་རྒྱུར་ཐེ་ཚོམ་མེད། ད་ཆ་ཁོང་གི་མདུན་དུ་ཐོབ་རེ་མེད་པའི་བཀའ་ཁྲིའི་གོ་གནས་དེའི་ཆེད་དུ་སྐུ་ཚབ་དོན་གཅོད་ཀྱི་ཞབས་སྟེགས་དེ་འཇོག་དགོས་མིན་གྱི་དྲི་བ་སླེབས་ཡོད། ལན་ནི་ཧ་ཅང་གསལ་པོ་རེད། དོན་གཅོད་ཀྱི་ཞབས་སྟེགས་དེ་འཇོག་གི་མ་རེད། བཞག་ན་དངོས་གནས། གཞོན་པའི་ཤེད་ལས་རྒད་པོའི་ཇུས་ཆ་བཟང་།། ཞེས་པའི་ལེགས་བཤད་དེར་སྒྱུར་བཅོས་བྱེད་དགོས།

    Reply
  41. བསེ་རུ། says:
    ལོ་ 15 སྔོན།

    བཀའ་ཁྲི་ལས་ཀྱང་བཀའ་བློན་ཕྱག་རོགས་གལ་ཆེ། བཀའ་བློན་ཕྱག་རོགས་ལས་ཀྱང་སྤྱི་འཐུས་གལ་ཆེ། སྤྱི་འཐུས་ལས་ཀྱང་རང་ཉིད་གལ་ཆེ།
    མདོར་ན། ཡོད་ཚད་རང་ཉིད་ཁོ་ནར་ཐུག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese