སྐབས་གཉིས་རིང་བཀའ་བློན་ཁྲི་པའི་སྲིད་སྟེགས་བཞུགས་པའི་བཀའ་བློན་ཁྲི་པ་མཆོག་གིས། ཁོང་གིས་ད་བར་ཐེག་པ་ཆེན་པོའི་གཞུང་ལུགས་ཀྱི་བླ་མ་བསྟེན་ཚུལ་ལྟར་བླ་མའི་བཀའ་བཞིན་བསྒྲུབས་པ་ལས། བོད་རྒྱལ་ཁབ་དང་མི་རིགས། ཆབ་སྲིད་བཅས་ལ་བསམ་བློ་བཏང་མྱོང་མེད་ཟེར།
ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱ་གར་རྒྱལ་ཡོངས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་བའི་མཛད་སྒོ་ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་ལ། མཛད་སྒོའི་སྟེང་བྱེས་བཞུགས་བོད་རིགས་མཐོ་རིམ་སློབ་མ་ཐུན་མོང་གིས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ལ་༼ བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས༽ ཤིག་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་བཀྲ་ཤིས་རབ་བརྟན་ནམ་ཐེའུ་རང་ལགས་སུ་༼ དཔའ་བོའི་སྙིང་སྟོབས་ཀྱི་རྟགས་མ།༽ ཞེས་པ་གཉིས་ཕུལ་ཏེ། བཀའ་བློན་ཁྲི་པ་མཆོག་གིས་ད་བར་བོད་ཀྱི་སྲིད་འབྱོར་རིག་གསུམ་ཐད་རླབས་ཆེའི་ཕྱག་ལས་མང་བོ་བསྐྱངས་དང་སྐྱོང་བཞིན་པར་རྗེས་དྲན་དང་། ཐེའུ་རང་ལགས་ཀྱིས་རྒྱ་ནག་གི་གནོད་ཤུགས་ལ་མགོ་བོ་མ་བསྒུར་བར་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་དང་ད་ལྟའི་བོད་ནང་གི་དཀའ་སྡུག་མཚོན་པའི་རྩོམ་ཡིག་སྤེལ་བར་བསྟོད་བསྔགས་གནང་ཡོད།
ཡིན་ནའང་། ཉིན་དེར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཁྱེད་ཚོས་ང་ལ་བསྔགས་བརྗོད་དང་གཟེངས་རྟགས་གནང་བ་དེ་ངས་བོད་མི་རིགས་དང་རྒྱལ་ཁབ། བོད་ཀྱི་སྤྱི་ཚོགས་བཅས་ཀྱི་དོན་དུ་ལས་ཀ་ཞེ་དྲག་བྱས་པ་རེད། དེ་ཡག་པོ་བྱུང་བ་རེད་ཅེས་གསུང་གི་ཡོད་ནའང་། ང་རང་ཉིད་ཀྱི་ངོས་ནས་ངས་མི་རིགས་ལ་ཤ་ཞེན་དང་སྤྱི་ཚོགས་ལ་ཤ་ཞེན་བྱེད་དགོས་བསམ་པའི་འདུན་པ་མེད་ལ། ངས་དེ་ལྟ་བུ་ཞིག་བྱེད་ཀྱིན་ཡོད་པའི་ཚོར་སྣང་ཡང་ཁྱོན་ནས་མེད།
ང་ཆུང་དུས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཤཱཀྱའི་དགེ་སྦྱོང་ཐེབས་ཆག་ཅིག་ཡིན་སྟབས། སོ་སོའི་ལུས་ངག་ཡིད་གསུམ་གྱི་ནུས་པ་གང་ཡོད་པ་དེ་ཁྱེད་ཉིད་དགྱེས་ཕྱིར་བདག་བྲན་འབུལ་ལགས་ན། །ནམ་མཁའ་ཇི་སྲིད་འབངས་སུ་བཟུང་དུ་གསོལ། ཞེས་གསུངས་པ་བཞིན་བླ་མའི་དྲིན་ལ་ཐུག་ཡོད།
དེར་བརྟེན་ངའི་རྩ་བའི་བླ་མ་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཁྱེད་ཀྱི་མི་ཚེ་འདིར་༧གོང་ས་མཆོག་གི་ཞབས་འདེགས་ཞུ་རྒྱུར་ཆ་ཚང་གཏོང་དགོས་པ་རེད་ཅེས་བཀའ་གནང་སྟབས། ང་ཚོའི་ཐེག་པ་ཆེན་པོའི་གཞུང་ལུགས་ཀྱི་ནང་དུ་བླ་མ་བསྟེན་ཚུལ་གྱི་ཐབས་ལམ་མམ་བསམ་བློ་འཁྱེར་སྟངས་ལྟ་བུར་སྣ་ཁ་དགུ་གསུངས་ཡོད། བུ་མཛངས་རྡོ་རྗེ་ས་གཞི་བྲན་ཕྱག་དར།། ཐེག་པ་ཁྱི་གུ་གྲུ་ལྟར་སེམས་ཀྱིས་བསྟེན་ཞེས་བཤེས་གཉེན་བསྟེན་ཚུལ་གྱི་བསམ་བློ་འཁྱེར་སྟངས་དགུ་ཡོད། དེ་དག་དགུ་ལས་དང་པོ་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་བསྟེན་ཚུལ་ཞེས་པ་དེ་རེད།
བླ་མའི་ཞབས་འདེགས་སྒྲུབ་སྐབས་བྱ་བ་དེ་སོ་སོས་ངས་འདི་ལྟ་བུ་ཞིག་བྱ་རྒྱུ་ཡིན། ངས་འདི་དང་གན་འཇོན་གྱི་འདུག་ཅེས་གདམ་ཀ་རྒྱག་རྒྱུ་མེད་པར། བླ་མའི་དགོངས་པར་གང་ཡོད་པ་དང་བླ་མས་གང་དུ་མངགས་པ། བླ་མས་བྱ་བ་གང་བསྒྲུབ་ཏུ་བཅུག་ནའང་དེ་ག་རང་བྱ་རྒྱུ་དེ་རེད། གལ་སྲིད་བྱ་བ་དེ་བསྒྲུབས་ཏེ་འཇོན་གྱི་མི་འདུག་ན། མི་ནུས་དེ་ལ་ཚིག་གིས་སྦྱང་ཞེས་པ་ལྟར་ད་ངས་འཇོན་མ་སོང་ཞེས་ཞུ་རྒྱུ་མ་གཏོགས། འཇོན་གྱི་ཡོད་མེད་ལ་མ་བལྟས་གོང་ནས་ངས་འཇོན་ས་མ་རེད་ཞུ་རྒྱུ་དེ་ཐེག་པ་ཆེན་པོའི་བླ་མ་བསྟེན་སྟངས་མ་རེད། བླ་མས་འཇོན་ཐང་ཡོད་པར་གཟིགས་ཏེ་འདི་དང་གན་བྱོས་གསུངས་ཡོད་པ་ཞིག་ལ་ཆ་འཇོག་དགོས་ཀྱི་ཡོད།
དེར་བརྟེན། ངའི་མི་ཚེའི་ནང་དུ་གང་བྱས་པ་དེ་བླ་མས་བཀའ་བསྒྲུབ་རྒྱུ་དང་། བླ་མའི་ཞབས་འདེགས་བསྒྲུབ་རྒྱུའི་བསམ་བློ་ཁོ་ན་མ་གཏོགས། ངས་མི་རིགས་ཀྱི་བསམ་བློ་གཏོང་གི་མེད་ལ་རྒྱལ་ཁབ་ལའང་བསམ་བློ་གཏོང་གི་མེད། ཆབ་སྲིད་ལའང་བསམ་བློ་གཏོང་གི་མེད་པས། ཁྱེད་ཚོར་དེ་ལྟ་བུའི་གཟིགས་ཚུལ་ཞིག་བྱུང་སྟེ་གཟེངས་རྟགས་གནང་གིན་ཡོད་ཚེ། གཅིག་བྱས་ན་གཟེངས་རྟགས་གནང་ཡུལ་ནོར་ཡོད་པ་རེད་བསམ་གྱི་འདུག་མོད། གནང་མཁན་གྱིས་གནང་གྲུབ་པ་དང་ཞུ་མཁན་གྱིས་ཞུས་ཚར་སྟབས། དེ་རང་འཇགས་འཇོག་རྒྱུ་ལས་དེ་ལ་བགྲོ་གླེང་བྱ་རྒྱུ་ལྷག་མེད་ཅེས་གསུངས་ཡོད།
ཐེངས་འདིར་བྱེས་བཞུགས་བོད་རིགས་མཐོ་རིམ་སློབ་མ་ཐུན་མོང་གིས་བཀའ་བློན་ཁྲི་པར་ཕུལ་བའི་གཟེངས་རྟགས་སྟེང་དུ། དཔལ་ལྡན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་བོད་མི་རིགས་ཀྱི་བསྟན་སྲིད་གཉན་འཕྲང་ཅན་དུ་གྱུར་པའི་གནས་སྐབས་འདིར། ༧གོང་ས་མཆོག་གི་དགོངས་དོན་ལྷུར་བླངས་ཏེ། ལྷག་བསམ་ཟོལ་མེད་ཀྱིས་བོད་ཀྱི་སྲིད་འབྱོར་རིག་གསུམ་གོང་འཕེལ་བཏང་བ་དང་། ཁྱད་པར་དུ་བདེན་དོན་དང་། ཞི་བདེ་གཙིགས་སུ་བཟུང་ནས། བོད་མི་མང་གི་སླད་དུ་བླ་ན་མ་མཆིས་པའི་སྲི་ཞུ་བསྒྲུབས་པའི་བཀའ་དྲིན་རྗེས་དྲན་མངོན་པར་མཚོན་བྱེད་དུ། བྱེས་བཞུགས་བོད་རིགས་སྤུན་ཟླ་མཐོ་རིམ་སློབ་གཉེར་བ་ཐུན་མོང་ནས་གུས་པ་ཆེན་པོས་གཟེངས་བསྟོད་ཀྱི་རྟགས་མ་འདི་ཕུལ་བ་ཡིན། ཞེས་བཀོད་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།
དྲ་གྲོགས་རྣམ་པས་བཀའ་ཁྲིའི་གསུང་བཤད་ལས་འཕྲོས་ཏེ། དགོངས་འཆར་ཅི་རིགས་འདོན་བཞིན་འདུག་པར་བལྟས་ན། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཀྱིན་པའི་བཟོ་འདྲ་འདུག འོན་ཀྱང་། མཁྱེན་དགོས་པ་ཞིག་ལ་མི་ཞིག་གི་མི་ཚེའི་བྱས་རྗེས་ལ་སྡོམ་ཚིག་རྒྱག་སྐབས། ཟུར་གཅིག་ནས་དཔྱད་དེ་ལེགས་ཉེས་ཀྱི་ཤན་འབྱེད་མི་ཐུབ་པ་བཞིན། བཀའ་བློན་ཁྲི་པའི་བོད་གཞུང་མང་ལ་སྲི་ཞུ་བསྒྲུབས་པའི་ཕྱག་རྗེས་ཧྲིལ་པོར་མ་གཟིགས་པར། ཁོང་གི་གསུང་བཤད་བྱེད་སྟངས་ཙམ་ལ་ཁ་གཡར་ཏེ་མ་དགོས་པའི་ཚིག་རྣམས་བྱུང་རྒྱལ་དུ་བེད་སྤྱོད་གཏང་ན་དགེ་སྐྱོན་ཡོད་མེད་ལ་དགོངས་པ་བཞེས་དགོས་པ་ནི་གཟུར་གནས་བློ་ལྡན་ཤེས་ཡོན་པའི་འགན་འཁྲི་ཡིན་པར་སེམས་དགོས་སོ།
བཀའ་ཁྲི་འདི་ཡིས་རང་གི་ལག་གིས་བྱས་པའི་རི་མོ་རྣམས་རང་གི་རྐང་པས་བསུབ་སོང།་་དེ་ནི་མི་ལོ་བཅོ་ལྔའི་རིང་རང་གི་ལག་གིས་བོད་དོན་གྱི་ཆེད་དུ་བྲིས་པའི་རི་མོ་རྣམས་དུས་གཅིག་ཏུ་རང་གི་རྐང་པས་བསུབས་སོང་བ་དང་འདྲ།
དེ་ནི་བོད་ཀྱི་གཏམ་དཔེར།
ནམ་ལངས་ཁར་ཉལ་གཅིན་ཤོར།
ཅེས་པ་དང་མཚུངས་སོང།
དེང་སང་བོད་པ་ལ་མགོ་ཡོད་ཀྱང་ལུས་མི་འདུག་སྐྱོ་བ་ལ་དངོས་གནས་སྐྱོ་བ་ལ་གང་ཡིན་ཟེར་ན་རང་སྐྱོན་བལྟ་བའི་མེ་ལོང་མེད་པ་་མ་ཟད་གཞན་སྐྱོན་འཚོར་བའི་སྨྲ་ལྕེ་བདེ་་་་་་་་་་
གོང་གི་སྐད་ཆ་དེ་དག་ཟམ་གདོང་བླ་མའི་སྐད་ཆ་ཁོ་ན་ཙམ་ཡིན་ན་གཅིག་བྱས་ན་འགྲིག་ཡོད་ཤོས་ཆེ། ཡིན་ན་ཡང་སེམས་ངོར་འཆར་དཀའ་བ་ཞིག་ནི་བཀའ་བློན་ཁྲི་བའི་གསུངས་བཤད་རེད། མི་རིགས་ལ་བསམ་བློ་བཏང་མེད་ན། རྒྱལ་ཁབ་ལ་བསམ་བློ་བཏང་མེད་ན་ལོ་ངོ་ཉི་ཤུ་ལྷག་གི་རིང་ཆབ་སྲིད་ཀྱི་ལས་ཀ་ཇི་ལྟར་བསྒྲུབས་པ་ཡིན། མདོར་ན་རྩ་བའི་བླ་མའི་བཀའ་བཞིན་དོལ་དགོན་ཞིག་བསྐྲུན་པ་ལས་བོད་དོན་ཐད་ཟམ་གདོང་རང་ངོས་ནས་ལས་དོན་ཞིག་བསྒྲུབས་མེད་པ་ཁོང་རང་གི་གསུས་སྟངས་ལས་ཤེས་ཐུབ། བོད་མི་དམངས་མགོ་སྐོར་ཐེབས་ཡོད་ལ་༧གོང་ས་མཆོག་འང་མགོ་སྐོར་བཏང་འདུག
ཞིབ་ཀློག་བྱས་ནས་གཟབ་ནན་གྱི་ཟིན་བྲིས་འདེབས་པ་ལས་སྐབས་འཚོལ་བ་དག་གིས་རྗེས་ལ་གཡམ་རྒྱུགས་བྱེད་རྒྱུ་མེད་དོ་སྙམ་མོ།།
དེ་ན་ད། བཀའ་ཁྲི་སྐབས་གཉིས་རིང་གི་ལྐུབ་ལྟེག་སྲུང་ཐུབ་པ་ནི་ངོ་མ་ཡག་པོ་རེད་ཟེར་དགོས་པ་མ་ཡིན་ནམ། ཧ་ཧ་ཧ་ཧ་ཧ་ ཧ།
ཨ་ཙི་ཙི། སྤྱིར་ཕྱི་གསལ་ནང་གསལ་གལ་ཆེ་ཡིན་ཡང༌། སྐབས་འདིར་གསར་འགྱུར་འདིས་ཕན་ཡོན་ལས་གནོད་མང་བ་སྐྱེལ་བ་ཞིག་ཏུ་མཐོང༌། ཀློག་པ་པོ་རྣམས་ཟམ་གདོང་རིན་པ་ཆེས་སྐབས་འདིར་གང་གསུངས་པར་ལྟ་རྒྱུ་ལས་ཆེས་གལ་ཆེ་བ་ནི་ཁོང་གིས་བཀའ་ཁྲི་གནང་སྐབས་ད་བར་བསྒྲུབས་མ་ཐུབ་པའི་མཛད་པ་གང་དང་གང་བསྒྲུབས་ཡོད་པར་གཟིགས་དགོས། དཔེ་མཚོན་ཆུང་ཚགས་ཤིག་ཞུས་ན། ལོ་ངོ་ 20 ལྷག་ཆད་པའི་བོད་རྒྱའི་འབྲེལ་ལམ་བསྐྱར་གསོ་ཐུབ་ཡོད། བཙན་བྱོལ་གཞུང་གི་སྒྲིག་འཛུགས་ནང་དུ་ཡར་རྒྱས་ཀྱི་འགྱུར་བ་ཡང་ཕོན་ཆེ་བཏང་ཡོད། འབྱུར་འགྱུར་ལོ་ 50 ནང་དུ་ཁོང་ལྟ་བུའི་བཀའ་ཁྲི་ཞིག་ང་ཚོར་ཐོབ་ཐབས་ནམ་ཡང་མེད་པས་སེམས་ཧ་ཅང་སྐྱོ་བ་ལགས།
བླ་རྒན་གྱི་སྐད་ཆ་འདི་འདྲ་བཤད་ན། བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་སེམས་ཤུགས་ཆག་ངེས་རེད། བཀའ་བློན་ཁྲི་པ་ཞིག་གིས་ཁ་ནས་འདི་ལྟར་ཆོས་མིན་སྲིད་མིན་གྱི་སྐད་ཆ་ཡ་མ་ཟུང་འདི་འདྲ་བཤད་ན་ཡག་པོ་མ་རེད།
འོ་ད་ཡིན་ན་མི་འགའ་ཞིག་ལ་གོ་སྐབས་རག་འདུག་བཀའ་དྲིན་ལ་བསམ་ཤེས་མེད་པ་དྲིན་ལན་ལ་ལོག་མཇལ་བྱེད་ཀྱི་འདུག་ངོ་མ་བློ་ཕམ་རེད་ཡ་དོན་ངོ་མ་ལ་བསམ་བློ་ཞིག་ན་དེ་སྔོན་བྱུང་མ་བསྙོན་པ་དང་ཕྱིན་ཆད་ཡང་བྱུང་མི་སྲེད་པའི་བཀའ་ཁྲི་ཁོངས་གིསགསུངས་དུམ་བུ་ཞིག་ལ་གཟིགས་ནས་འདྲན་ཟླ་བྲལ་བའི་བཀའ་ཁྲི་ཁོངས་ལ་སྒྲོ་སྐུར་མང་པོ་བྱེད་པ་དེ་ངོ་ཐབས་སྡུག་རེད་།
hello Dawai Shonu, M sorry. I cant type in Tibetan this time, I just copied a line from your comment. “ཟམ་གདོང་མཆོག་གིས་ལོ་བཅུ་རིང་དབང་ཆ་ལོངས་སུ་སྤྱོད་ནས་རང་སྣང་གང་ཤར་གྱི་སྲིད་འཇུས་མང་པོ་བཟོས་ཡོད། ཤེས་ཡོན་སྲིད་འཇུས་ནི་གཅིག་རེད། སྲིད་འཇུས་དེས་བཙན་འབྱོལ་བོད་མི་མང་ཆེ་བར་དཀའ་ངལ་ཆེན་པོ་སྤྲད་དང་སྤྲོད་བཞིནཔ་རེད།”
I wonder if you explain us how the Education System hinders our community. Will you pls tell us some of its Achilles Heel? Thanks/
ཚང་མས་བསམ་བློ་ཐོངས། སེམས་ནང་དྲན་ཚད་བཤད་ན་ཡག་པོ་མ་རེད། ཁ་ཤས་ཀྱིས་འཐེན་འཁྱེར་བྱེད་ཀྱི་ཡོད་པའི་བཟོ་འདུག ནང་བཀྲ་མ་ཤིས་ན། ཕྱི་དོན་མི་འགྲུབ་པའི་དཔེ་ལྟར་ནང་ཁུལ་མཐུན་པོ་བྱ་དགོས་གལ་ཆེ། ཕྲན་བཟའ་མ་བེུད་ཅིག་གིས་བཤད་པར་ཉན་རྒྱུ་ཁག་པོ་རེད་མོད། ཇོ་ལགས་ཚོས་བསམ་བློ་གཏང་ན་ཡག་པོ་རེད། ང་ཚོ་བུ་མོ་ཚོ་ཡང་བོད་པ་ཡིན་པས་བོད་པའི་ཇོ་ལགས་ཚོར་སོ་སོའི་བསམ་ཚུལ་ཤོད་འདོད་བྱུང་། ཐུགས་རྗེ་ཆེ།
This is ma first time to share ma views via net with Tibetan brothers. It took hours to type in Tibetan with correct spelling & grammar, but I like to do this. I hope I will do more next. See you guys/
བོད་མི་ཚོ། ད་གཞི་ནས་ཧ་གོ་སོང་ངམ། ཁྱེད་ཚོ་བླ་རྒན་རིགས་ལ་དགའ་དྲགས་ནས་བླ་རྒན་ཞིག་བཀའ་ཁྲིར་བསྐོས་པ་རེད། རིག་པ་དང་རྒྱུ་མཚན་ལ་བསམ་བློ་ཅི་ཡང་མི་བཏང་བར་རྨོང་དད་ཁོ་ནའི་ངང་བོད་ཀྱི་སྲིད་སྐྱོང་སྟངས་འདིས་བོད་ཀྱི་གནས་སྟངས་འདི་འདྲ་ཞིག་ལ་གྱུར་ཡོད། ཟམ་གདོང་མཆོག་གིས་ལོ་བཅུ་རིང་དབང་ཆ་ལོངས་སུ་སྤྱོད་ནས་རང་སྣང་གང་ཤར་གྱི་སྲིད་འཇུས་མང་པོ་བཟོས་ཡོད། ཤེས་ཡོན་སྲིད་འཇུས་ནི་གཅིག་རེད། སྲིད་འཇུས་དེས་བཙན་འབྱོལ་བོད་མི་མང་ཆེ་བར་དཀའ་ངལ་ཆེན་པོ་སྤྲད་དང་སྤྲོད་བཞིནཔ་རེད། དྲ་གྲོགས་འཇམ་དབྱངས་ལྟ་བུ་ཝ་ར་ཎ་སིའི་སློབ་མ་ཚོས་ཁོང་ལ་རྒྱབ་སྐྱོར་གྱིས་ཁོང་གི་ནོར་འཕྲུལ་འགེབ་ཐབས་ཧ་ཅང་བྱེད། འོན་ཀྱང་སྒེར་གྱི་ཞེན་ཁོག་འདོར་ནས་རྒྱ་ཆེ་ས་མི་རིགས་སྟེང་ནས་བསམ་བློ་གཏོང་དགོས་ཝར་ཎ་ཚོ།
བླ་རྒན་གྱི་སྐད་ཆ་འདི་འདྲ་བཤད་ན། བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་སེམས་ཤུགས་ཆག་ངེས་རེད། བཀའ་བློན་ཁྲི་པ་ཞིག་གིས་ཁ་ནས་འདི་ལྟར་ཆོས་མིན་སྲིད་མིན་གྱི་སྐད་ཆ་ཡ་མ་ཟུང་འདི་འདྲ་བཤད་ན་ཡག་པོ་མ་རེད་་།
བོད་པའི་རུས་སུ་ཆད་ནས་བོད་དོན་དང་རྒྱལ་ཁབ་ལ་ཤ་ཞེན་མེད་ཟེར་པ་དེ་བཀའ་བློན་ཁྲི་པ་ཞིག་གིས་ཤོད་རྒྱུ་ཨེ་ཡིན་ནམ།
སྲིད་དོན་དགེ་སློང་ཟམ་གདོང་ལ་ཕུལ་བའི་བསྡོམས་ཚིག་གསེར་གྱི་སྙེ་མ་ཞེས་བྱ་བ་བཞུགས་སོ།
བོད་རྒྱ་ཁོངས་ལ་བསྐྱལ།
ཆོས་ཕྱི་ཁོངས་སུ་བསྐྱལ།
རང་དོལ་ཁུངས་སུ་བསྐྱལ།
རྗེ་ཟམ་གདོང་འདི་རྨད།
ནང་བའི་དགེ་སློང་ཞིག་དང་ལྷག་པར་ཐེག་ཆེན་གྱི་ཆོས་ཉམས་ལེན་བྱེད་མཁན་ཞིག་གི་ངོས་ནས་བླ་སློབ་བར་གྱི་དམ་ཚིག་སྲུང་རྒྱུ་གལ་ཆེན་ཡིན་སྲིད་ཀྱང་། དེ་ནི་མི་སྒེར་བར་གྱི་དོན་དག་ཅིག་རེད། བཀའ་བློན་ཁྲི་བའི་ལས་དོན་ནི་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་རྩོད་རྒྱུའི་ཆབ་སྲིད་ཀྱི་ལས་དོན་ཞིག་རེད། མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་ཞིག་རང་དོན་སྒྲུབ་བྱེད་དུ་ཁྱེར་ན་དངོས་གནས་མི་རུང་བ་ཞིག་རེད།
(ཁྱེད་ཚོར་དེ་ལྟ་བུའི་གཟིགས་ཚུལ་ཞིག་བྱུང་སྟེ་གཟེངས་རྟགས་གནང་གིན་ཡོད་ཚེ། གཅིག་བྱས་ན་གཟེངས་རྟགས་གནང་ཡུལ་ནོར་ཡོད་པ་རེད་བསམ་གྱི་འདུག་མོད། གནང་མཁན་གྱིས་གནང་གྲུབ་པ་དང་ཞུ་མཁན་གྱིས་ཞུས་ཚར་སྟབས། དེ་རང་འཇགས་འཇོག་རྒྱུ་ལས་དེ་ལ་བགྲོ་གླེང་བྱ་རྒྱུ་ལྷག་མེད་།)
སྐད་ཆ་འདིར་ཐེག་པ་ཆེན་པོར་སློབ་མཁན་ཞིག་དང་དགེ་སློང་ཞིག་གི་སྐད་ཆའི་བཟོ་ལྟ་མེད་པ་རེད། ཅ་དངོས་རྩ་ཆེན་གང་ཞིག་ལག་ཏུ་ཤོར་ཚར་ན་སླར་མི་སློག་མཁན་གྱི་མངོན་འཕྲོག་མཁན་ཞིག་གི་བྱེད་སྟངས་རེད། དངོས་གནས་རིན་པོ་ཆེར་དགོངས་པ་དེ་འདྲ་ཞིག་ལས་མེད་ན་དེ་ལ་བགྲོ་གླེང་དང་རྩོད་གླེང་བྱས་ཏེ་གཟེངས་རྟགས་དེ་ཕྱིར་སློག་བྱེད་དུ་འཇུག་དགོས་ཀྱི་རེད།
(ང་རང་ཉིད་ཀྱི་ངོས་ནས་ངས་མི་རིགས་ལ་ཤ་ཞེན་དང་སྤྱི་ཚོགས་ལ་ཤ་ཞེན་བྱེད་དགོས་བསམ་པའི་འདུན་པ་མེད་ལ། ངས་དེ་ལྟ་བུ་ཞིག་བྱེད་ཀྱིན་ཡོད་པའི་ཚོར་སྣང་ཡང་ཁྱོན་ནས་མེད། )
(ངས་མི་རིགས་ཀྱི་བསམ་བློ་གཏོང་གི་མེད་ལ་རྒྱལ་ཁབ་ལའང་བསམ་བློ་གཏོང་གི་མེད། ཆབ་སྲིད་ལའང་བསམ་བློ་གཏོང་གི་མེད་)
བོད་མི་མང་གིས་ཉོན་དང་། ད་ནི་འུ་ཅག་གི་བཀའ་བློན་ཁྲི་བ་སྨྱོས་འདུག བསམ་བློ་དེ་འདྲ་ཞིག་ལས་མེད་ན་དང་པོ་ནས་མི་ལབ་དོན་གང་ཡིན་ནམ། ལོ་ལྔ་ཡིས་མ་ཚད་བཅུ་ལ་ཡང་བསམ་བློ་དེ་འདྲ་ཁྱེར་ནས་ལམ་ཁ་བཀག་དོན་གང་ཡིན་ནམ། རང་བླ་སློབ་བར་གྱི་དོན་དག་ནི་མི་གཉིས་བར་གྱི་དོན་དག་ཅིག་རེད། དེའི་ཆེད་དུ་བོད་མི་མང་གི་ལས་དོན་ཆུད་ཟོས་སུ་གཏོང་དོན་གང་ཡིན་ནམ། བོད་མི་མང་གི་རེ་བ་ཆུ་ལ་བསྐུར་དོན་གང་ཡིན་ནམ།
(བླ་མའི་དགོངས་པར་གང་ཡོད་པ་དང་བླ་མས་གང་དུ་མངགས་པ། བླ་མས་བྱ་བ་གང་བསྒྲུབ་ཏུ་བཅུག་ནའང་དེ་ག་རང་བྱ་རྒྱུ་དེ་རེད། གལ་སྲིད་བྱ་བ་དེ་བསྒྲུབས་ཏེ་འཇོན་གྱི་མི་འདུག་ན། མི་ནུས་དེ་ལ་ཚིག་གིས་སྦྱང་ཞེས་པ་ལྟར་ད་ངས་འཇོན་མ་སོང་ཞེས་ཞུ་རྒྱུ་མ་གཏོགས། འཇོན་གྱི་ཡོད་མེད་ལ་མ་བལྟས་གོང་ནས་ངས་འཇོན་ས་མ་རེད་ཞུ་རྒྱུ་དེ་ཐེག་པ་ཆེན་པོའི་བླ་མ་བསྟེན་སྟངས་མ་རེད། བླ་མས་འཇོན་ཐང་ཡོད་པར་གཟིགས་ཏེ་འདི་དང་གན་བྱོས་གསུངས་ཡོད་པ་ཞིག་ལ་ཆ་འཇོག་དགོས་ཀྱི་ཡོད། )
སྐད་ཆ་དུམ་བུ་འདིར་ནང་འགལ་གྱི་རང་བཞིན་འདུག ཡང་ན། མི་ནུས་དེ་ལ་ཚིག་གིས་སྦྱང་ཞེས་སོགས་ལ་གོ་བ་མ་ལོན་པའི་སྐྱོན་ཞིག་འདུག ལར་ཁོང་རིན་པོ་ཆེ་མི་མཁྱེན་ས་ཞིག་ལ་ཡང་ཨུ་ཚུགས་ཀྱིས་མཁྱེན་མདོག་སྟོན་གནང་མཁན་ཞིག་ཡིན་པ་བདག་ལ་གསལ་ཆ་ཡོད།
རྣམ་ཀུན་ང་ཚོ་ཁ་ལ་བྱང་བྱང་ཡོད་པ་ནི། ཚིག་ལ་མ་བལྟ་དོན་ལ་ལྟོས་ཞེས་པ་དེ་རེད། བཀའ་ཁྲི་མཆོག་གིས་ལོ་ངོ་བཅུ་ཡི་རིང་གི་མཛད་རྗེས་ལ་ཕྱིར་མིག་ཅིག་སློག་དང་། རྒྱལ་བའི་གསུང་ལ་ཡང་ཚིག་ལ་བལྟ་རྒྱུ་མེད་ན། གཞན་དག་བལྟ་་རྒྱུ་གང་ནས་ཡོད། མི་ལྷག་བསམ་མེད་ཟེར་མཁན་དེ་ལྷག་བསམ་ཆེ་གི་རེད ཡོད་ཟེར་མཁན་དེ་ཚོ་ཀུན་སློང་ལ་བརྟག་དགོས་པ་རེད།།
རེད་ཡ་མཚར་་་་ དགེ་སློང་ཞིག་ཡིན་པས་ཆ་ནས་སློབ་དཔོན་བརྟེན་ཚུལ་ལྟར་༧གོང་ས་མཆོག་གི་བཀའ་གསུང་ཏང་དུ་བླངས་ནས་བཀའ་བློན་ཁྲི་པར་བསྡད་པ་དེ་བཟང་མོད། བོད་པའི་རུས་སུ་ཆད་ནས་བོད་དོན་དང་རྒྱལ་ཁབ་ལ་ཤ་ཞེན་མེད་ཟེར་པ་དེ་བཀའ་བློན་ཁྲི་པ་ཞིག་གིས་ཤོད་རྒྱུ་ཨེ་ཡིན་ནམ། མ་ཟད་བོད་མི་མང་ལ་བློ་ཕམ་སྐྱེ་པའི་རྒྱུ་ཞིག་ལས་གཟེངས་རྟགས་འབུལ་ཞེས་པ་དེ་གཟེངས་རྟགས་དེས་དམིགས་བྱ་དང་ཡང་འགལ་མི་འདུག་གམ།
སྤྱིར་ཆབ་སྲིད་དབུ་ཁྲིད་ཞིག་གི་རྐུབ་སྟེགས་ན་ཡོད་དུས་བླ་མ་དང་གྲ་བ་གང་ཡིན་ཡང་དེ་དུས་ཁྱོད་རྒྱལ་ཁབ་དེའི་དབུ་ཁྲིད་དང་ཆབ་སྲིད་པ་ཞིག་ཆགས་ཚར་པས་སྐད་ཆ་ཤོད་སྟངས་ལ་ཧ་ཅང་གཟབ་དགོས་པ་ལས་ཚིག་རྐང་གཅིག་གི་ནོར་འཕྲུལ་ཤོར་ན་དོན་དག་དང་ཆག་སྒོ་ཆེན་པོ་སློངས་སྲིད་པ་དེ་རེད་བསམ་གྱིན་འདུག
པ་ཚེ་རིངགི་བཞད་གཏམ་དང་ཟམ་གདོང་བླ་མའི་བཀའ་སློབ་ལ་ཐེངས་དང་པོ་ཉན་དུས་ཧང་སང་དགོས་པ་རེ་ཡིན། ཐེངས་ཁ་ཤས་ཉན་ན་ཉན་རྒྱུ་མེད།
དྲ་གྲོགས་རེ་ཟུང་་་་་་་གཞན་ལ་ལྟ་བའི་མིག་ཡོད་ཀྱང་རང་ལ་ལྟ་སའི་མེ་ལོང་མེད་ཐག་ཆོད་རེད། བཀའ་ཁྲི་ཟམ་གདོང་ལས་བཙན་བྱོལ་ནང་ཤེས་ཡོན་གཉིས་ལྡན་གྱི་མི་སྣ་རྒན་པ་སུ་ཞིག་ཡོད། དྲ་གྲོགས་ཁ་ཤས་ཀྱི་དགོངས་ཚུལ་ལྟར་ན་་་་་ཡང་་་ཅོར་ཆུང་ཨ་མདོ་ཀླུ་མཁར་བྱམས་ལྟ་བུ་བཅས་ལ་དཀྲུག་ཤིང་གི་གོ་སྐབས་གནང་བརྩིས་ཡིན་ས་རེད། ད་ཡིན་ན་ཐང་ཆད་ཀི
དྲ་བདག་ལགས། མཆན་ལ་ཞིབ་བཤེར་བྱས་རྗེས་བརྗོད་གཞི་དང་འཚམ་པའི་རིགས་དྲ་ངོས་ལ་འདོན་འཇུག་རྒྱུ་ཡིན། ཞེས་གསུངས་སོང་ལ། གསུངས་ལྟར་ཞིབ་བཤེར་དང་དྲང་པོ་ཡོད་པའི་རེ་བ་དང་། ཡིད་ཆེས་བྱས་ཏེ་ད་བར་བསྡད་པ་ཡིན།
༼ད་ཡིན་ན་དངོས་གནས་སྐུ་ངོ་ཟ་འདྲེ་གདོང་བ་ཅན་ལ་ཁོ་ཐག་གཏིང་ནས་ཆད་སོང་།༽འདི་གནམ་ལྕགས་ཀྱིས་བྲིས་པའི་མཆན་རེད། ༼ཀླུ་མཁར་བྱམས་ད་ཡིན་ན་ཀི་ཞིག་བཏབ་ནས་གླུ་ཞིག་ལོངས་དང་ཁྱེད་ཀྱིས་བཤད་པ་རྣམས་དོན་ཐོག་ཏུ་འགྲོ་ཀིན་འདུག ༽འདི་ཨུ་ཚུགས་ཅན་གྱི་མཆན་རེད། ད་དུང་འདུག ༼བདེ་ཁང་བ་ཟེར་མཁན་ལགས་དེ་ལྟར་མ་གསུངས་རོགས། ཨ་མདོ་ཀླུ་མཁར་བྱམས་ཀྱིས་ཟམ་གདོང་བཀའ་ཤག་ལ་སྐྱོན་བརྗོད་བྱས་ནས་མཐའ་སྐྱེལ་བ་རེད། ད་དེ་བདེན་པ་ཆགས་པ་རེད། ཨ་མདོ་ཚང་གི་རྒྱན་རེད། བོད་པ་ཚོས་ལྟ་ས་ཆགས་པ་རེད།༽
ཨ་མདོ་ཚང་རྒྱན་རེད། ཟེར་ན་ག་རེ་ཟེར་གྱི་ཡོད་རེད།
ལྟོས་དང་།
ངའི་མཆན་འདི་དྲ་བདག་གིས་མཐོང་གི་རེད་དེ་མདུན་ངོས་འཇོག་གི་མ་རེད། དེའི་རྒྱུ་མཚན་གསལ་པོ་རེད་ལ། དེ་རིང་བཀོད་པའི་མཆན་གྱི་ངོ་གདོང་ལྟས་ཀྱིན་ཕྱིར་བཤེགས་མི་བྱེད་མཐུ་མེད་རེད།
ད་དུང་ཟམ་གདོང་བླ་མས་བོད་རྒྱལ་ཁབ་རིག་གཞུང་ཕྱིར་འདྲེན་བྱ་བརྩི་ཡོད་པར་འདྲ། བསྟན་འགྱུར་དབྱིན་ཡིག་དང་རྒྱ་ཡིག་ནང་དུ་སྒྱུར་རྒྱུའི་འཚོགས་འདུས་ཤིག་ཝ་ར་ན་སི་མཐོ་སློབ་ནང་དུ་འཚོགས་བཞིན་འདུག
ཟམ་གདོང་གིས་བཀའ་ཁྲིའི་ལས་ཡུན་ཚར་དུས་རིག་གཞུང་ཕྱིར་ཚོང་བྱེད་ཀྱི་འགོ་འཛུགས་བརྩི་ཡིན་ས་རེད་དོ།
དེ་རིང་དུས་བབ་ཚང་གིས་བཀའ་ཁྲིའི་བཀའ་སློབ་ཆ་ཚང་འདིར་འགོད་པར་ཐུགས་རྗེ་ཆེ། གཞན་སྐབས་འཚོལ་རིང་ལུགས་པ་འགའ་ཤས་ཀྱིས་བཀའ་སློབ་འདིའི་ནང་ཚིག་འགའ་ཤས་ཟུར་འདོན་བྱས་ཏེ་བཀའ་སློབ་འདི་གནང་ཉིན་ནས་བཟུང་ལྡོག་ཕྱོགས་ཀྱི་དྲིལ་བསྒྲགས་མང་ཙམ་བྱེད་འགོ་བརྩམས་ཤིང།་དེ་ལྟར་བྱེད་དགོས་པའི་དངོས་ཤུགས་བརྒྱུད་གསུམ་ནས་བརྒྱུད་སྐུལ་དང་ལས་འགུལ་སྤེལ་མཁན་ཡང་བྱུང་སོང་བས། སྤྱིར་བཟང་སྤྱོད་དང་འགལ་ཞིང་མི་རིགས་ཀྱི་ལ་རྒྱ་མེད་པའི་ཅོལ་ཆུང་དེ་ཚོ་གྲས་མི་སྒེར་གྱི་སྐྱོན་ཆ་མ་གཏོགས་བཟང་ཆ་རྩ་བ་ནས་ཁས་ལེན་མི་བྱེད་མཁན་དང། ལྷག་པར་རྒྱ་ནག་གུང་ཁྲན་རིང་ལུགས་ཀྱི་དྲིལ་བསྒྲགས་ཀྱི་ལྟ་བ་ཡོད་མཁན་དངོས་ཡོད་གནས་ཚུལ་ཁས་ལེན་བྱེད་ཐུབ་པའི་བློ་སྤོབས་དང་རྣམ་དཔྱོད་མེད་དུས། དེའི་རིགས་ལ་གསལ་བཤད་ཇི་ཙམ་བྱས་ན་ཕན་ཐོགས་མེད་པ་སྔོན་ནས་ཤེས་ཀྱི་ཡོད། བཙན་བྱོལ་སྤྱི་ཚོགས་ནང་ཆེད་དུ་འདི་དྲའི་དཀྲོག་གཏམ་བཟོ་མཁན་སྒྲིག་འཛུགས་ཤིག་ཡོད་པ་ཡང་ཤེས་ཀྱི་ཡོད། གནས་ཚུལ་འདི་རིགས་མཐོང་དུས་མཚམས་རེ་ང་རང་ཡིད་ཐང་ཆད་ཡོང་གི་འདུག གང་ཡིན་ཟེར་ན་ང་ཚོ་བོད་པ་ཟེར་བའི་མི་རིགས་འདི་ཡ་རབ་སྤྱོད་བཟང་དང་ལས་རྒྱུ་འབྲས་ལ་ཡིད་ཆེས། ནང་པའི་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ལྟ་བ་རྟེན་འབྱུང་དང་སྤྱོད་པ་ཡིན་ཆད་ནི་འཚེ་བ་མེད་པ་ཡིན་ཟེར་གྱི་ཡོད་རེད། དོན་དངོས་ཐོགས་དེ་ལྟ་བུ་ལྟ་ཞོག་དངོས་ཡོད་གནས་ཚུལ་ཡང་ཁས་ལེན་མ་བྱེད་མཁན་མི་སྣ་ཆེས་མང།
རྒྱ་བཤད་སྟོང་བཤད་ག་རི་བྱས་ཀྱང། ཁོང་ནི་ས་སྟེང་འདི་ན་འགྲན་ཟླ་བྲལ་བའི་ངེས་དོན་གྱི་མཁས་པ་ཆེན་པོ་ཞིག་དང། ཁྱེད་ལྟ་བུ་ཞིག་གངས་ཅན་ལྗོངས་སུ་སྐུ་འཁྲུངས་པ་དེ་ང་ཚོའི་བོད་མི་རིགས་ཀྱི་གཟི་བརྗིད་དང་བསོད་ནམས་ཀྱི་གོ་སྐལ་ཞིག་ལོས་ཡིན། ངས་དུས་ནམ་ཡང་ཁྱེད་ལ་གུས་བཀུར་དང་ཡི་རང་ཞུའོ།
ཟམ་གདོང་གིས་སྐད་ཆ་ཆེན་པོ་བཤད་པ་དེ་གཅིག་ནས་རང་ཉིད་ཧ་ཅང་མཁས་མདོག་དང་གཉིས་ནས་བོད་མི་དམངས་ལ་མཐོང་ཆུང་ཚད་མེད་བྱས་ཡོད། སྐད་ཆ་འདིའི་རིགས་སེར་མོ་བའི་སྤྱི་ཚོགས་ནས་བཤད་ན་རིན་ཐང་ཅུང་ཙམ་ཡོད་ནའང་མི་སྐྱའི་སྤྱི་ཚོགས་ལ་འགྲོ་ས་ཡོད་བ་མ་རེད། བླ་རྒན་འདི་ཕྱོགས་གང་ལ་བསྐོར་ཡང་རིགས་འདྲ་མཚུངས་འདྲ་མང་བོ་བཤད་རྒྱུ་ཡོད་བ་མ་ཟད་གོ་རིམ་ཅན་ཞིག་བཤད་ཤེས་བ་བདེན་པ་རེད། མི་འགའ་རེས་བླ་རྒན་འདི་མེད་ཚེ་བོད་མི་དམངས་ཚར་སོང་བའི་སྐད་ཆའང་བཤད་མྱོང་བ་དེས་བླ་རྒན་གྱིས་རང་ཚོད་མ་ཟིན་པར་ཁོས་ཅི་བཤད་བཤད་རེད་འདོད་པ་རེད། མི་ལ་རང་རྐྱ་ཐུབ་པའི་ཤེས་ཡོན་མེད་ན་དབུགས་རྒྱག་རྐྱང་ག་ལ་ཡིན། འདིའང་དེའི་དཔེ་མཚོན་ཙམ་རེད།
ཀླུ་མཁར་བྱམས་ད་ཡིན་ན་ཀི་ཞིག་བཏབ་ནས་གླུ་ཞིག་ལོངས་དང་ཁྱེད་ཀྱིས་བཤད་པ་རྣམས་དོན་ཐོག་ཏུ་འགྲོ་ཀིན་འདུག
སྙིང་རྗེ། བདེ་ཁང་བ་ཞུ་བ་ཡང་ཟམ་གདོང་བའི་གཟན་ཤམ་འོག་ན་གྲོད་ཁོག་རྒྱག་ཡོད་པ་ཞིག་ལོས་ཡིན་འདོད། དེ་མིན་ན་ན་ནིང་གི་བློ་གསལ་གླིང་འདུ་ཁང་གི་དབུ་འབྱེད་མཛད་སྒོའི་སྐབས་སུ་”སྐྱེ་བ་གཅིག་ལ་འཆི་བ་གཅིག”ཅེས་པའི་གཏམ་བཤད་རྫིག་པོ་ཞིག་གནང་སྐབས། རྩ་བའི་བླ་མ་མ་དྲན་པ་རེད་དམ། ཡང་ན་གཟས་ནས་ཅག་ཅག་བྱས་པ་རེད། དེ་རིང་ཡང་རྩ་བའི་བླ་མའི་བཀའ་ཟེར་ནས་ཞེ་བོ་བརྩི་གི་ཡོད་མདོག་མདོག་བྱེད་ཀྱིན་པ་འདི་ལ་གསལ་བཤད་གཞན་ཇི་ལྟར་འཚོལ།
འདི་འདྲའི་རང་ཚུགས་མེད་པའི་མི་ཞིག་ལ་ད་དུང་དད་པ་བྱེད་རིན་འདུག་གམ་དཔྱོད།
འཇམ་དབྱངས་ལགས་ནས་གསུང་བ་བདེན་པ་རེད། གནས་ཚང་པཱ་ལེ་བཙོང་མཁན་ཞིག་རེད། ཁྱོད་ཚོ་ནང་བཞིན་གྱི་སློབ་སྦྱོང་མེད། ཡིན་ནའི། དྲི་བ་འདོན་ཆོག་གི་རེད། དོགས་པ་ཡོད་ཆོག་གི་རེད།
བདེ་ཁང་བ་ཟེར་མཁན་ལགས་དེ་ལྟར་མ་གསུངས་རོགས། ཨ་མདོ་ཀླུ་མཁར་བྱམས་ཀྱིས་ཟམ་གདོང་བཀའ་ཤག་ལ་སྐྱོན་བརྗོད་བྱས་ནས་མཐའ་སྐྱེལ་བ་རེད། ད་དེ་བདེན་པ་ཆགས་པ་རེད། ཨ་མདོ་ཚང་གི་རྒྱན་རེད། བོད་པ་ཚོས་ལྟ་ས་ཆགས་པ་རེད།
དྲ་གྲོགས་ཚོ། ངེད་ཚོ་ཟམ་གདོང་རིན་པོ་ཆེའི་གསུང་ཚིག་འགའ་བསྒྲུགས་ཏེ་རིན་པོ་ཆེ་ལ་ཚིག་ངན་དེ་ལྟར་སྒྲོག་མི་རིགས་སྙམ། ངེད་ཚོས་རིན་པོ་ཆེས་ལོ་ངོ་བཅུའི་ནང་ལ་བཙན་བྱོལ་ཚགས་་ཚུད་དང་། ཡབ་མེས་ཀྱི་རིག་གཞུང་ཐད་ལ་ཀུན་གྱི་བསྔགས་བརྗོད་བྱེད་སའི་དཔེ་སྟོན་སློབ་གྲྭ་ཁོང་གིས་དཀའ་ཚེགས་དུ་མ་དཔྱད་དེ་བཙུགས་པ་ཞིག་རེད། དེ་ཚོ་ཡང་ང་ཚོ་མཐོང་དགོས་ཀྱི་རེད། རང་སྐྱོན་ཁོག་མ་གང་དེ་མར་སྦས། གཞན་སྐྱོན་ཟ་རུ་གང་དེ་ཡར་འཕྱར་ན་སྙིང་པོ་ཞིག་ཨ་ཡོད་ན།
མའོ་ཡིས་རང་གི་ཕ་མེས་ཀྱི་རིག་གཞུང་རྩ་གཏོར་དང་། སྤུན་ཟླ་ཁྲི་མཚོ་མང་པོ་དམར་གསོད་བཏང་ཡང་། དེའི་སྐབས་སུ་ཏིང་གིས་མའོ་གྲོངས་ཟིན་ནའང་མའོ་ཡི་མི་ཚེ་ཧྲིལ་པོར་བསྡོམས་ཚིག་གཅིག་བརྒྱབ་ཏེ་འདི་ལྟར་བཤད་ཡོད་པ་སྟེ།
བློ་མཐུན་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེའི་སྐབས་སུ་ནོར་འཁྲུལ་ཚབས་ཆེ་ཤོར་ནའང་ཁོང་གིས་སྐུ་ཚེ་ཧྲིལ་པོར་བལྟས་ན་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་ལ་ལེགས་སྐྱེས་ཕུལ་བ་གཉིས་བསྡུར་ན་བློ་མཐུན་མའོ་ཙེ་ཏུང་གི་བྱས་རྗེས་ནི་ཨང་དང་པོ་ཡིན་ལ་ཁོང་གི་ནོར་འཁྲུལ་ནི་ཨང་གཉིས་པ་ཡིན་ཞེས་མཇུག་བསྡོམས་གཅིག་བརྒྱབ་ཡོད།
བཀའ་སློབ་ཆ་ཚང་བ་ཞིག་ཉན་མེད་ན་སྐད་ཆ་དུམ་བུ་ཞིག་གིས་ནང་དོན་རྟོགས་ཐུབ་ཐབས་མེད། དྲང་དོན་དང་ངེས་དོན་མ་ཤེས་རུང་། མ་མཐར་ཡང་བསྐྱར་དུ་བཀའ་ཁྲིའི་བཀའ་སློབ་ལ་ཉན་ཞིབ་དང་སློབ་སྦྱོང་རེ་བྱ་ན་བཟང། ལར་ནས་བཀའ་ཁྲིས་བོད་མི་རིགས་ཀྱི་ལས་དོན་ལ་སྨན་པའི་བྱ་བ་ཅང་བསྒྲུབས་མེད་ན་ལོ་ངོ་ཧྲིལ་པོ་བཅུའི་རིང་ཁྱེད་ཚོ་ཁུ་སིམ་མིར་སྡོད་དགོས་དོན་གང་ཡིན། ཐེ་ཚོམ་ཡོད་པ་དང་། འུ་ཐུག་གི་གནས་བབ་ལ་སླེབས་སོང་ན་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་སར་མ་བཅར་བ་གང་ཡིན། མང་གཙོའི་འགྲོ་སྟངས་མ་ཤེས་པ་ཨེ་རེད།
མི་མང་གིས་འོས་འདེམས་བྱས་པའི་བཀའ་ཁྲིར་མི་མང་གིས་བརྩི་འཇོག་བྱེད་དགོས། གནས་ལུགས་རྒྱུ་མཚན་ཞིག་འདུག་ན་དེར་ཡང་ཁ་གསལ་བཟོ་སའི་ལམ་ཞིག་ཡོད། “མང་གཙོ་རེད། སྨྲ་བརྗོད་རང་དབང་དགོས”ཟེར་བ་དེ་འདི་འདྲ་ཞིག་ལ་གོ་དགོས་སམ། སྙིང་རྗེ་་་་་་་དོན་མེད་སྐད་ཅོར་རྒྱག་ན་གྲེ་བ་ཚ་བ་ལས་ཅི་ཕན།
ཁྲི་བྱང་གི་བཀའ་ལ་བརྩི་གི་ཡོད་ན། ན་ནིང་གི་བློ་གསལ་གླིང་འདུ་ཁང་དབུ་འབྱེད་སྐབས་ཀྱི་གཏམ་བཤད་རྫིག་པོ་དེ་ཕྱིར་འཐེན་བྱེད་རོགས།
མགོ་གཅིག་ལ་ལྕེ་གཉིས་ཅན་གྱི་དགེ་སློང་འདི་སངས་རྒྱས་བསྟན་པའི་ཞབས་འདྲེན་མ་རེད་དམ།
སྐད་ཆ་འདི་ནི་ཤིན་ཏུ་རྫབ་ཆེན་རེད། བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་སེམས་ཤུགས་ཆག་གཞིར་འགྱུར་ངེས། འདི་ལྟར་ཆོས་མིན་སྲིད་མིན་གྱི་སྐད་ཆ་ཡ་མ་ཟུང་འདི་འདྲ་བཤད་ན། གཞི་ནས་མི་མང་གི་གཉའ་ཆག་འགྲོ་གི་རེད།
འདིས་ནི་ཤིན་ཏུ་བློ་ཕམ་བྱུང་སོང་། ད་དུང་མཁས་པའི་གཏམ་ཞིག་ཡིན་མདོག་སྟོན་གྱི་ཡོད་པ་འདྲ། མི་རིགས་དང་རྒྱལ་ཁབ་མི་བསམ་པའི་དབུ་ཁྲིད་ཅིག་ང་ཚོར་སླེབས་རྒྱུ་ལ།
ད་ཡིན་ན་དངོས་གནས་སྐུ་ངོ་ཟ་འདྲེ་གདོང་བ་ཅན་ལ་ཁོ་ཐག་གཏིང་ནས་ཆད་སོང་།
གསར་འགོད་པ་ལགས། བདུན་ཕྲག་གཅིག་གི་སྔོན་ལ་༼ མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༥ ས་རཱར་ཚོགས་པ ༽ ཞེས་པའི་གསར་གྱུར་སྤེལ་གཏོང་སྐབས། དོན་ཆེན་གཡུགས་ཏེ་དོན་ཆུང་རིང་ཐག་ཆོད་ཅིག་བཏང་འདུག དེ་ག་རེ་ཡིན་ན། ད་དེའི་སྐོར་ལ་བགྲོ་གླེང་བྱས་ཚར་རྒྱབ་ཅིག་ལ་ཧང་འདྲ་ཞིག་སངས་ཏེ་བཏང་འདུག་་་་་་་་
སྤོབས་པ་མཐའ་ཡས་དེ་སྤོབས་པ་མཐའ་མེད་པ་ཆགས་ནས་ཟམ་གདོང་བླ་མ་དོལ་རྒྱལ་ཚོགས་པ་དང་འབྲེལ་བ་ཡོད་སྐོར་བྲིས་འདུག་མོད། དཔལ་ལྡན་འབྲས་སྤུངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་འདུ་ཁང་གསར་པའི་སྒོ་འབྱེད་སྐབས་ཟམ་གདོང་བླ་མའི་དོལ་རྒྱལ་ཚོགས་པར་ཅི་འདྲའི་གནད་དུ་འཁེལ་བ་དང་ཅི་འདྲའི་དཔའ་ངར་ལྡན་པའི་རྒོལ་ཚིག་བསྒྲགས་པ་དེ་ཐོས་མེད་ཚོད་འདུག གང་ལྟར་ཁྱེད་ཀྱི་བཤད་སྟངས་དེ་ཧ་ཅང་ཐལ་དྲགས་གཤིས། སྔ་ཕྱིའི་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་གལ་ཆེ།
དྲང་མོར་བཤད་ན་གནས་ཚང་གིས་དོན་ཚན་བཞི་ཅན་ཞིག་འབྲི་ཁུལ་བྱས་འདུག་པ་དེས་ཟམ་གདོང་གི་བཀའ་སློབ་ལ་ཧང་སངས་ཡོད་པའི་རྣམ་འགྱུར་མི་མཐོང་བར་ཁོ་རང་གི་ཤེས་ཚད་ཅི་འདྲ་ཡིན་མིན་ཕྱིར་སྟོན་ཐུབ་ཙམ་བྱུང་འདུག
སྤྱིར་ཟམ་གདོང་རིན་པོ་ཆེའི་བཀའ་མོལ་གནང་སྟངས་དེ་གཞན་དང་ཅུང་མི་འདྲ་བས། ད་རེས་ཀྱི་བཀའ་མོལ་དེར་དེ་ཙམ་གྱིས་དྭོགས་འདྲོགས་བྱེད་དོན་ཅི། བོད་སྐྱབས་བཅོལ་ལ་གྱར་ནས་ད་བར་བླ་མའི་བཀའ་བཞིན་༧གོང་ས་མཆོག་གི་ཞབས་སུ་སྒྲུབ་པའི་སྐྱེས་བུ་ཉུང་དྲགས་རྐྱེན་ད་མུས་བཞིན་ལྷག་པ་རེད། གལ་སྲིད་ཟམ་གདོང་ལྟར་གྱི་རླབས་ཆེན་གྱི་མི་སྣ་མང་ཙམ་ཡོད་དབང་དུ་བཏང་ན་ “རྒན་ཡོལ་ཞུ་རྒྱུའི་དགོངས་པ་མ་བཞེས་རོགས་” ཞེས་ད་དུང་དགུང་ལོ་བརྒྱད་ཅུ་ཟིན་ལ་ཉེ་བའི་༧གོང་ས་མཆོག་ལ་སྐུ་ངལ་གསོ་རྒྱུའི་གོ་སྐབས་ཕུལ་མི་ཐུབ་པ་འདི་བོད་མི་རིགས་ཀྱི་ཞབས་འདྲེན་རེད། ཟམ་གདོང་བླ་མ་སྤྱི་འཐུས་སུ་ཕེབས་པ་ནས་བཀའ་བློན་ཁྲི་བ་གནང་སྐབས་བོད་གཞུང་ཅི་འདྲའི་སྲ་བརྟན་དུ་བཏང་ཡོད་པ་འདི་ཡང་ཤེས་དགོས་པ་རེད་སྙམ།
མི་འདི་དང་པོ་ཡར་བཀའ་ཁྲི་ལ་འདེམས་སྐབས་དེ་འདྲ་རྩ་བ་ནས་བཤད་མེད་པ་རེད། ཁོས་མི་མང་གི་མངོན་འདོད་ལ་བརྩི་བསྲུངས་བྱས་པ་ཡིན་ཚུལ་བསྒྲགས་ནས་བཀའ་ཁྲིའི་འོས་གཞིར་ཞུགས་པ་རེད། ངས་སྔོན་མ་ནས་ད་ཟམ་གདོང་གིས་འདི་འདྲ་ཞིག་ཟེར་རན་བསྡད་ཡོད་པ་ཤེས་ཚར་ཡོད། ད་ཁོས་ད་དུང་འདི་ལས་ལྷག་པ་ཡང་ཟེར་གྱི་རེད། གང་ཡིན་ཟེར་ན་ཁོ་རང་འགྲོ་རན་ཡོད་སྟབས་སྐྲག་མི་དགོས་སྟབས་རེད། མ་འོངས་པའི་འགྲོ་ལམ་བཟོ་གི་ཡོད་པ་རེད། ངའི་རྩ་བའིོ་བླ་མ་ཁྲི་བྱང་རིན་པོ་ཆེ་ཟེར་ནས་རྩལ་དུ་བཏོན་ནས་གསུང་དགོས་པའི་རྒྱུ་མཚན་ཡང་དེ་རེད། ཟམ་གདོང་གི་བྱས་རྗེས་ངོ་མ་གཅིག་དེ་ལྷོ་ཕྱོགས་སུ་དོལ་དགོན་བརྒྱབ་པ་དེ་རེད། དོལ་ཚོགས་བརྒྱུད་ན་རྒྱ་ནག་ལ་ཡང་འགྲོ་ཐུབ་གི་ཡོད་པ་རེད། ད་ང་ཚོ་སྙིང་རེ་རྗེ།
ཐེ་ཚོམ་ནི་དོགས་སེལ་གྱི་རྒྱལ་པོ་ཡིན། རྒྱལ་པོ་མེད་ན་བདེན་པ་མེད། ཨུའུ་ཙམ་འདུག
བླ་རྒན་གྱི་སྐད་ཆ་འདིས་ད་ལོ་ངོ་བཅུའི་ལས་ཀའི་གྲུབ་འབྲས་ལ་སྡོམ་ཚིག་བརྒྱབ་པ་རེད། ལོ་ངོ་བཅུའི་གསང་བའི་གདོང་རིས་དེ་ད་གཞི་ནས་ཕྱི་ལ་མངོན་པ་རེད།
བོད་མི་རིགས་ལ་འདི་ལྟ་བུའི་དབུ་ཁྲིད་བྱུང་བས་དེ་རིང་གི་གནས་སྟངས་འདི་ལ་ལྷུང་བ་རེད། སྐད་ཆ་འདི་ལྟ་བུ་ཞིག་རྒྱལ་ཁབ་སྲིད་བློན་གྱི་ཁ་ནས་ཐོན་པ་ནི་འཛམ་གླིང་གི་ཆེས་སྐྱུགས་བྲོ་བའི་ལོ་རྒྱུས་ཆགས་པ་རེད།
དྲ་གྲོགས་རྣམས་ཀྱིས་བློ་གཟུ་བོར་གནས་ཏེ་གསུང་དང་། འདི་ལྟ་བུའི་སྲིད་བློན་ཞིག་གིས་ང་ཚོར་འཆི་སའི་ཉལ་ས་དྲོན་མོ་ཞིག་གནང་ཐུབ་བམ། རྦད་དེ་བློ་ཕམ་བྱུང་སོང་།
གནས་ཚང་གིས་བཤད་པ་ལ་རྒྱུ་མཚན་འདུག
མཐོ་རིམ་སློབ་མ་ཚོས་གཟེངས་རྟགས་སྤྲད་ཚར་རྗེས་གཟེངས་རྟགས་ཀྱི་དམིགས་ཡུལ་དང་ཟམ་གདོང་གི་གཏམ་བཤད་གཉིས་དབར་གོ་བསྡུར་བྱུང་ཡོད་མེད་དང་། ཟམ་གདོང་གིས་འདི་འདྲ་བཤད་དུས་བོད་རྒྱ་ཆེའི་མང་ཚོགས་གོ་མེད་ཚོར་མེད་ལྟ་བུ་བསྡད་འདུག་པས་རྒྱུ་མཚན་ཅི་ཡིན།
ན་ནིང་ད་ཚོད་༼བཀའ་ཤག་གིས་སྤྱི་འཐུས་ལ་བསྟན་པའི་ཡིག་ཆ་༽ཟེར་བའི་འགོ་བརྗོད་འོག་འུར་ཟིང་ག་ཚོད་ལང་བཅུག་སོང་། https://tibettimes.net/wordpress/news.php?id=2227
དངོས་གནས་དུས་བབ་ཚང་གིས་འགོ་བརྗོད་ལ་༼བོད་རྒྱལ་ཁབ་དང་མི་རིགས། ཆབ་སྲིད་བཅས་ལ་བསམ་བློ་མི་གཏོང་མཁན་གྱི་བཀའ་ཁྲི་༽ ཞེས་བྲིས་ན་ལན་པར་མཐོང་།
༼གནས་ཚང་༽གི་བརྗོད་དོན་དོན་ཚན་༢་་ལྟར་ཡིན་མིན་ཐེ་ཚོམ་སྐྱེ་གཞི་ཆགས་སོང་ངོ།
འོ་ད་དཔེ་བསགས་སོང།
ད་ཡིན་ན་རྩོད་པ་སླེབས་སོང་། ཡག་པོ་ཞེ་དྲག་རེད།
༡ ཁྲི་བྱང་རྡོ་རྗེ་འཆང་ཡོངས་འཛིན་ཡིན་ན། གོང་ས་དང་ཟམ་གདོང་དགེ་སྤུན་ཡིན་པ།
༢ བླ་མའི་བཀའ་དེ་གལ་ཆེན་ཡིན་ན། ཤུགས་ལྡན་རྩོད་རྙོག་དང་ཟམ་གདོང་གི་འབྲེལ་བ་ཅི་ཡིན་མིན།
༣ དགེ་སློང་ཡང་དག་ཅིག་ཡིན་ན། སྲིད་ཀྱི་ཐུགས་འགན་བཞེས་པའི་ཁར། བདེ་སྲུང་བཀའ་བློན་ཡུན་རིང་གནང་བ་ལས་རྫུན་དང་གཡོ་སོགས་འཁྲབ་ཡོད་པས། ད་ལྟ་སྡོམ་བསྐྱར་དུ་ལེན་དགོས་མིན།
༤ བཙན་བྱོལ་བོད་མིས་བཀའ་ཁྲིར་འདེམས་པ་དེ་ནོར་འཁྲུལ་ཞིག་ཡིན་མིན།
ད་དུང་མང་པོ་མང་པོ་འདུག