མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བསྟན་ཆ་ཚང་ཞིག་བོད་ཡིག་ནང་བསྒྱུར་རོགས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ནང་པའི་ཡུལ་གྲུ་ཁག་གི་རྒྱལ་བའི་གསུང་རབ་ཁག་ཅིག་བོད་ཡིག་ནང་ཡོད་མ་རེད། དེ་ཚོའི་གྲས་བོད་ཡིག་ནང་བསྒྱུར་ཐུབ་ན་བོད་ཀྱི་རྒྱལ་བསྟན་ལ་ཁ་སྐོང་ཆ་ཚང་ཞིག་བྱ་ཐུབ་སོང་བ་རེད། དེ་ནི་རླབས་ཆེན་གྱི་བྱ་བ་ཞིག་དང་གལ་ཆེན་ཞིག་ཀྱང་ཆགས་ཡོད། ཅེས་༧གོང་ས་མཆོག་གིས་གསུངས།

 

ཉིན་འདི་འགར་༧གོང་ས་མཆོག་གིས་གནས་མཆོག་ཝ་ར་ཎ་སིར་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་གི་ཡོ་པ་ལྟར། ཕྱི་ཚེས་ ༡༡ ཉིན་༧གོང་ས་མཆོག་གིས་ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བཀའ་བསྟན་དབྱིན་ཡིག་དང་ཧིན་དུ་སོགས་ཕྱི་སྐད་ཐོག་བསྒྱུར་ཡོད་པའི་དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་ཡོད་པ་དང་། ཕྱི་དྲོའི་ཆུ་ཚོད་ ༢ སྟེང་ཝ་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་དང་དགའ་ལྡན་ཁྲི་པ། ཤར་བྱང་ཆོས་རྗེ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ། བཀའ་བསྟན་བསྒྱུར་མཁན་ལོ་ཙཱ་བ། དེ་བཞིན་གདན་ས་ཁག་གི་བླ་སྤྲུལ་དང་ཕྱི་རྒྱལ་བ། རྒྱ་གར་གནད་ཡོད་མི་སྣ་དང་མང་ཚོགས་ ༧༠༠༠ ལྷག་འདུ་འཛོམས་ཐོག ༧གོང་ས་མཆོག་གིས་བཀའ་བསྟན་ཡིག་རིགས་གཞན་དུ་བསྒྱུར་རྒྱུའི་ལས་གཞིའི་ཐད་བཀའ་གནང་དོན། དེ་རིང་སྔ་དྲོ་བཀའ་བསྟན་བསྒྱུར་རྒྱུའི་ལས་གཞིའི་ཐོག་ངོས་ཀྱིས་མཁས་དབང་ཚོར་ཐུག་རྒྱུུའི་གོ་སྐབས་བྱུང་། ཁྱེད་ཚོས་བོད་སྐད་ནང་ཡོད་པའི་བཀའ་བསྟན་རྣམས་ཕར་བསྒྱུར་རྒྱུའི་འདུན་པ་བསྐྱེད་དེ་འབད་བརྩོན་གནང་བར་ཐུགས་རྗེ་ཆེ། འཛམ་གླིང་ནང་པའི་ཡུལ་གྲུ་ཁག་གི་རྒྱལ་བའི་གསུང་རབ་ཁག་ཅིག་བོད་ཡིག་ནང་ཡོད་པ་མ་རེད། དེ་ཚོའི་གྲས་བོད་ཡིག་ནང་ཚུར་བསྒྱུར་ཐུབ་ན་བོད་ཀྱི་རྒྱལ་བསྟན་ལ་ཁ་སྐོང་ཆ་ཚང་ཞིག་བྱ་ཐུབ་པ་བྱུང་བ་རེད་ལ། དེ་ནི་རླབས་ཆེན་གྱི་བྱ་བ་ཞིག་དང་གལ་ཆེན་ཞིག་ཀྱང་ཆོགས་ཡོདྲ། ཅེས་བཀའ་གནང་འདུག  

 

ཁོང་གིས་མུ་མཐུད་དུ་གསུངས་དོན། འདས་པའི་ལོ་བཅུ་ཕྲག་འགའི་རིང་ངོས་ཀྱིས་ནང་པའི་ཡུལ་གྲུ་ཁག་གི་དགེ་སློང་དང་མཁས་དབང་ཚོར་ཐུག་སྐབས། དཔལ་ན་ལཎྜའི་ཆོས་རྒྱུད་འཛིན་པའི་བོད་ཀྱི་ནང་ཆོས་དེ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་འདུག་ལ། བསྟན་འགྱུར་ནང་ཡོད་པའི་ཕྱོགས་གླང་དང་། ཆོས་གྲགས། མཁན་ཆེན་ཞི་བ་འཚོའི་ཚད་མའི་གཞུང་དང་། སློབ་དཔོན་ཀ་མ་ལ་ཤིའི་ཚད་མའི་འགྲེལ་བ་དེ་ཚོ་བོད་ཡིག་ནང་ཞིབ་ཚགས་པོ་ཞིག་ཡོད་པ་རེད། ཚད་མ་རྣམ་འགྲེལ་གྱི་གཞུང་དེའང་བོད་ཡིག་དུ་བསྒྱུར་ཡོད་པ་རེད། རྒྱ་སྐད་ནང་དེ་ཚོའི་གྲས་ཕལ་ཆེར་ཡོད་པ་མ་རེད། ངོས་ཀྱིས་རྒྱ་རིགས་ཆོས་གྲོགས་ཤིག་ལ་སྐད་ཆ་དྲིས་སྐབས། སློབ་དཔོན་ཕྱོགས་གླང་གི་རིགས་དགུ་རྒྱ་སྐད་ནང་བསྒྱུར་ཡོད་ཚུལ་བཤད་ཀྱི་འདུག་ཀྱང་། ཚད་མ་ཀུན་བཏུས་དང་ཆོས་གྲགས་ཀྱི་གཞུང་དེ་དག་ཡོད་ཚོད་མི་འདུག

ཉེ་ཆར་རྒྱ་ནག་ཆོས་གྲོགས་ཚོའི་ནང་ཚད་མར་དོ་སྣང་གསར་པ་ཞིག་ཡོང་གི་འདུག རྒྱ་ནག་རི་བོ་རྩེ་ལྔའི་དགོན་པ་ཞིག་གིས་བོད་ཀྱི་བླ་མ་ཁག་ཅིག་ལ་འབྲེལ་བ་བྱས་ཏེ། ཚད་མའི་གཞུང་བསླབ་རོགས་ཞེས་ཞུས་འདུག རྒྱ་རིགས་ཆོས་གྲོགས་ཚོས་གཞི་ནས་ཚད་མའི་གཞུང་ལ་དོ་སྣང་གསར་པ་ཞིག་ཡོང་བཞིན་འདུག 

 

བོད་ཀྱི་ཚད་མའི་གཞུང་རྣམས་པཱ་ལིིའི་ཆོས་རྒྱུད་འཛིན་མཁན་ཡུལ་གྲུ་དག་ལས་ཅུང་རྒྱ་ཆེ་བ་ཡོད། ལེགས་སྦྱར་གྱི་ཆོས་བརྒྱུད་གཅིག་པུ་དེ་རྒྱ་ནག་ཆགས་ཡོད་ཀྱང་ཚད་མའི་གཞུང་དེ་ཙམ་བསྒྱུར་ཐུབ་ཡོད་པ་མ་རེད། དེར་བརྟེན། ནང་པའི་ཡུལ་གྲུ་ཁག་ཏུ་སངས་རྒྱས་པའི་ཚད་མའི་གཞུང་འཕེལ་རྒྱས་གཏོང་རྒྱུར་བོད་པས་ཞབས་འདེགས་བསྒྲུབ་ཐུབ་ཀྱི་ཡོད། ས་པཎ་གྱིས་ཚད་མ་རིག་གཏེར་དེ་བོད་པ་རང་གིས་བརྩམས་པ་ཞིག་ཆགས་ཡོད་ལ། ཆ་པ་ཆོས་སེང་ཡབ་སྲས་ཀྱི་ཚད་མ་དང་རྟགས་གསལ་འགྲོ་ལུགས་ཀྱང་བོད་དུ་བྱུང་སྟེ་ཡར་རྒྱས་ཕྱིན་པ་ཞིག་རེད། བོད་པས་རྒྱ་གར་མཁས་པའི་ཚད་མའི་གཞུང་མང་པོ་བོད་བསྒྱུར་གནང་ཡོད་པར་མ་ཟད། བོད་པ་རང་གིས་ཀྱང་ཚད་མའི་བསྟན་བཅོས་དུ་མ་ཞིག་བརྩམས་ཡོད། ཐལ་དང་ཕྱིར་ཞེས་པ་དེ་དག་ཆ་པ་ཆོས་སེང་སྐབས་ཤུགས་ཆེན་དར་བ་ཞིག་རེད། བོད་པས་ཚད་མའི་རིགས་ལམ་འགྲོ་སྟངས་ཐོག་ཤུགས་ཆེན་པོ་དོ་སྣང་བྱས་འདུག དཔེར་ན། ཐལ་ཕྱིར་ཞེས་པ་དེ་དག་བོད་སྐད་ནང་ལོ་བརྒྱ་ཕྲག་གོང་གོམས་འདྲིས་སུ་སོང་ཡོད་ཀྱང་རྒྱ་སྐད་ནང་ད་ལྟའང་ཡོད་པ་མ་རེད་ལ་དབྱིན་སྐད་ནང་དུའང་མེད། བོད་སྐད་ནང་གོམས་ཡོད་པའི་རིགས་ལམ་གཏན་འབེབས་དང་བརྡར་ཤ་གཅོད་རྒྱུའི་རིགས་སློབ་ཚན་གཞན་དག་ལ་སྦྱོར་དགོས་ཀྱི་འདུག་ཅེས་ཤེས་རིག་ཚོགས་ཆེན་ཐོག་སྐད་ཆ་བྱུང་ཡོད། ང་ཚོས་དེ་ལག་ལེན་བསྟར་ཐུབ་པ་ཡིན་ན། འཛམ་གླིང་སྟེང་ཤེས་ཡོན་སློབ་སྦྱོང་བྱ་རྒྱུར་རིག་པས་བདར་ཤ་གཅོད་རྒྱུར་ཕན་ཐོགས་ཡོང་གི་རེད། ཅེས་བཀའ་གནང་ཡོད།

 

༧གོང་ས་མཆོག་གི་མཐོ་སློབ་དེའི་གནས་སྟངས་དང་འབྲེལ་ནས་གསུངས་དོན། སྔོན་ནས་བཀའ་མོལ་ཐེངས་མང་བྱུང་བ་ལྟར། སློབ་གཉེར་ཁང་འདི་ཕུགས་རེ་ཡོད་པ་ཞིག་ཡིན་དུས་ང་ཚོས་འབད་བརྩོན་བྱས་ན་མདུན་ལམ་ཆེན་པོ་ཡོད་པ་རེད། ད་བར་ལམ་ཁ་འདིའི་ཐོག་འགྲོ་ཐུབ་པ་ནི་སྤོབས་པ་སྐྱེ་འོས་པ་ཞིག་རེད། ད་ལྟ་ལས་ཀ་མང་པོ་མགོ་བཙུགས་ཏེ་བསམ་པ་བཞིན་ལག་ལེན་དུ་འཁྱོལ་ཐུབ་པ་ཞིག་དང་། ད་དུང་ཡང་དེ་ལས་མང་བའི་འབྲེལ་བ་ཆེ་རུ་འགྲོ་བ་རེད་ལ། ལས་འཆར་གསར་པ་དང་བསམ་བློ་གསར་པ་སོགས་ཀྱང་ཡོང་གི་རེད། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། ང་ཚོའི་བྱ་བ་འདི་དག་གཞན་ཕན་ཆགས་ཡོད་དུས་ཚང་མས་ལྷག་བསམ་དང་སེམས་ཤུགས་བསྐྱེད་དེ་དཀའ་ངལ་ལ་གདོང་ལེན་ཐུབ་དགོས་པ་རེད། འདི་ནི་བོད་ཀྱི་མིང་ཡོད་པའི་སློབ་གཉེར་ཁང་ཞིག་ཆགས་ཡོད་སྟབས། ང་ཚོས་བོད་ཡིག་དང་འབྲེལ་བའི་སློབ་སྦྱོང་སོགས་བྱེད་ཀྱི་ཡོད། མི་རིགས་ཤིག་གི་ངོས་ནས་བཤད་ནའང་དེང་ཕྱིན་ལོ་རྒྱུས་སྟེང་འགོད་རྒྱུུའི་སློབ་གཉེར་ཁང་ཞིག་ཆགས་ཀྱི་ཡོད། སྔར་ཆོས་རྒྱལ་ཚོའི་སྐབས་མཐུན་རྐྱེན་འཛོམས་པོ་མེད་ནའང་བྱ་བ་རླབས་ཆེན་ཞིག་བསྒྲུབས་ཐུབ་ཡོད། ད་ལྟ་ང་ཚོར་ཕྱིའི་མཐུན་རྐྱེན་བཟང་པོ་འཛོམས་ཡོད་སྟབས་འཛམ་གླིང་ཤར་ནུབ་གང་དུ་འགྲོ་དགོས་ཀྱང་ལས་སླ་པོ་ཆགས་ཡོད། དེ་ལྟ་བུའི་ཆ་རྐྱེན་ཞིག་ཡོད་སྐབས་སྔོན་དང་མི་འདྲ་བ་ཞིག་བྱ་དགོས་པ་རེད། ང་ཚོ་རླབས་ཆེན་གྱི་མེས་པོ་ཚོའི་རྗེས་ཟིན་ཐུབ་མཁན་ཞིག་མ་བྱུང་ན། མི་རིགས་ཀྱི་མཚན་ཤས་དང་ཞབས་འདྲེན་ཆགས་ཀྱི་རེད། དེའི་སྟབས་ཀྱིས་སློབ་ཕྲུག་ཚོས་གསར་གཏོད་དགོས་བསམ་པའི་ཀུན་སློང་ཐོག་སློབ་སྦྱོང་ལ་ཧུར་ཐག་དགོས་པར་མ་ཟད། དགེ་རྒན་ཚོས་ཀྱང་འཕྲལ་སེལ་གྱི་ཕོགས་རག་རྒྱུ་ཙམ་མིན་པར་འགན་འཁུར་དང་དུ་ལེན་དགོས། ཞེས་བཀའ་གནང་ཡོད།

 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 17

  1. རྒྱ་གྲོ་བ། says:
    ལོ་ 14 སྔོན།

    ཨ་རོགས་གྲོགས་དག་ཚོ། ལས་གཞི་ཡག་པོ་འདུག་མི་མང་པོར་ཕན་ཐོག་ཆེན་པོ་ཡོང་ངེས་པ་རེད། ནང་པའི་ཆོས་ཀྱི་དམིགས་འདུན་ཡང་གཞན་མཁེ་ཕན་དང་ཁ་ཡོད་ལག་ཡོད་ཞབས་འདེགས་ཞུ་རྒྱུ་དེ་རེད་དེ་འདྲ་སོང་ཙང་སྐད་རིག་གཞན་ཐོག་ཏུ་ནང་ཆོས་ཀྱི་དོན་དག་དེ་དག་ལེགས་པར་བསྒྱུར་ནས་ཕན་པ་རྒྱ་ཆེན་ཡོང་པར་དགའ་འོས་པ་མི་འདུག་སམ།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཨིན་སྐད་ནས། བོད་སྐད་ནང་ལ། བསྒྱུར་འོས་པའི་ནང་ཆོས་ཡོད་ན། བདག་གིས་བསྒྱུར་ཁོམ་པ་སྲིད་དོ། kardorime@gmail.com

    Reply
  3. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    གསར་འགོད་པ་དཔལ་ལྡན་ཟེར་བ་ཁྱོད་ཀྱི་གསར་འགྱུར་འདི་ལ་སྙིང་བོ་འདུག གོ་བརྡ་ཆེན་པོ་སྤྲད་འདུག འདི་དག་གསར་འགོད་པས་འཆོར་འཇུག་མི་ཉན།

    Reply
  4. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    མངའ་རིས་བུ་ལགས། ཐེ་བོ་ཤེས་རྒྱམ་ལ་ཁག་མི་འདུག ཁྱེད་རང་གི་ཀུན་སློང་ངན་པ་མིན་པ་ཡག་པོ་རེད། འོན་ཀྱང་ཁྱེད་རང་གིས་འདི་ཟླའི་ཚེས་༡༣་ཉིན་སྤེལ་བའི་མཆན་བུའི་ནང་བོད་གཞུང་གིས་༧གོང་ས་མཆོག་ལ་དངུལ་ཕུལ་གྱི་ཡོད་པའི་བཟོ་འདྲ་བྲིས་འདུག ལ་དོན་སྦྱོར་ཚུལ་ལ་ཐུགས་མཉམ་མ་བཞག་པའི་སྐྱོན་བྱུང་འདུག བར་མི་བྱས་པ་ཙམ་ལས་ཁྱེད་གཉིས་ཀ་ངས་ངོ་ཤེས་ཀྱི་མེད་པས་དགོངས་འགལ་མི་བཞེས་པ་ཞུ།།

    Reply
  5. མངའ་རིས་བུ། says:
    ལོ་ 14 སྔོན།

    ཐེ་བོ་ཤེས་རབ་རྒྱ་མཚོ་ཟེར་བར་མིག་ཟུང་གཉིས་ཏེ་ལྟག་རྒྱབ་ཏུ་ཡོད་ས་རེད།
    གོ་བ་ལོག་གྲུབ་བྱེད་ཀྱིན་འདུག
    ངས་བོད་གཞུང་གིས་༧གོང་ས༧་མཆོག་ལ་བསྔོ་རྟེན་ཕུལ་རེད་ཅེས་ཞུས་མེད།
    ༧གོང་ས་༧མཆོག་ལ་ཕུལ་བའི་བརྔོ་སྨོན་གྱི་སྐྱབས་རྟེན་དེ་དག་བོད་གཞུང་གིས་གཞན་གྱི་ཆོས་དེབ་བོད་ཀྱི་སྐད་དུ་བསྒྱུར་བའི་ཆེད་དུ་འགྲོ་སོང་གཏོང་ན་ལེགས་ཞེས་ཞུས་པ་ཡིན།
    ཕ་རོལ་འདོད་པ་ནམ་མ་ལངས་པར།
    དགག་པའི་ཉི་མ་ཅི་ལ་ཤར་ཅེས་པ་དེ་ཁྱོད་ལ་གདམས་སོ།
    ཐེ་བོ་གནམ་ལ་སྐེར་ནས་བསྡོད་མཁན་གྱི་སྤྲང་མཁན་ཁྱམས་པོ་ལས་ཀྱང་རྩོམས་ཀྱི་ནང་དོན་སྔ་ཕྱི་ལ་བལྟ་མི་ཤེས་མཁན་ཧཧཧཧཧ

    Reply
  6. ནོར་བཟང་ཚེ་་རིང་། says:
    ལོ་ 14 སྔོན།

    ཝར་ཎ་མཐོ་སློབ་ཏུ་སྔོན་དང་མ་འདྲ་བར་གསར་བུ་དོན་གཉེར་ཅན། རིག་པ་རབ་ཏུ་བཀྲ་བ་དང་། ཡོན་ཚད་ངེས་ཅན་ལྡན་པའི་སློབ་ཕྲུག་གང་མང་ཞིག་སླེབས་ཡོད་པ་རེད།
    ཡུན་རིང་མ་འགོར་དེ་ཚོས་མགོ་བོ་བཏེགས་ཏེ་ཡོང་ངེས་ཡིན།
    མིང་མ་བཏོན་ཀྱང་མཁྱེན་ལྡན་དག་གི་སེམས་ན་གསལ་བོར་ཡོད་ངེས།

    Reply
  7. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    མངའ་རིས་བུ། ཁྱོད་ཀྱི་དཔྲལ་བའི་འོག་ཏུ་དོན་དངོས་ལ་བལྟ་ཞིབ་བྱེད་པའི་མིག་ཟུང་ཡོད་དམ། ངས་བསམ་ན་ཁྱོད་མུན་ནག་ལོང་མཆོང་བྱེད་མཁན་གྱི་མྱི་ལྤགས་འཕྲོ་བརླག་གཏོང་མཁན་ཞིག་རེད། བཙན་བྱོལ་བོད་གཞུང་གིས་ྋགོང་ས་མཆོག་ལ་བསྔོ་རྟེན་དང་སྐྱབས་རྟེན་སྒོར་ཅི་ཙམ་ཕུལ་ཡོད་པ་རེད། ཁྱི་ཁ་ཚུམས། འུར་མ་རྒྱག ལོ་རེ་བཞིན་བཙན་བྱོལ་བོད་གཞུང་གིས་ྋགོང་ས་མཆོག་གི་ཕྱག་དངུལ་ས་ཡ་ས་ཡ་བྱས་ནས་ཟ་ཡི་ཡོད་པ་ཤེས་སོང་ངམ། ྋགོང་ས་མཆོག་གི་ཕྱག་དངུལ་ཡོང་ཁུངས་ཁོང་ཚང་གི་ཕྱག་དེབ་ཀྱི་རིན་འབབ་ཡིན་པ་ཤེས་སོང་ངམ། ཁྱི་སྐྱག ཧ་མ་གོ་གོང་ལ་ཧེབ་མ་ལངས། ྋསྐུ་སྒེར་ཡིག་ཚང་ནས་ལོ་རེ་བཞིན་རིགས་གཅིག་རྐང་འཛིན་པའམ་ཆེད་ལས་པ་ཚོའི་ཆེད་ཕྱག་དངུལ་ཅི་ཙམ་གནང་གི་ཡོད་པ་ཤེས་སོང་ངམ། མངའ་རིས་བུ། གཞུག་ཕྱོགས་བག་ཡོད་པར་བྱོས་ཤིག

    Reply
  8. མངའ་རིས་བུ། says:
    ལོ་ 14 སྔོན།

    སྔར་ནང་ཆོས་བོད་དུ་གདན་འདྲེན་དུས་བོད་ཀྱི་གསེར་དངུལ་རྫོགས་རྫོགས་ཀྱི་བར་དུ་ལཱོ་ཙཱ་བ་དེ་ཚོར་རྒྱ་གར་གྱི་སྙན་ངག་དང་གཏམ་རྒྱུད་ལས་སོགས་བོད་བསྒྱུར་གྱི་ཆེད་དུ་འགྲོ་གྲོན་བཏངས་ཡོད་པ་ནང་བཞིན།
    ད་ཕྱི་རྒྱལ་གྱི་ཆོས་དེབ་དེ་དག་བོད་བསྒྱུར་བྱེད་དེ་བཙན་བྱོལ་བོད་གཞུང་གིས་༧གོང་ས༧་མཆོག་ལ་ཕུལ་བའི་བསྔོ་རྟེན་སྐྱབས་རྟེན་གྱི་དངུལ་རྣམས་དེ་དག་གི་ཆེད་དུ་འགྲོ་གྲོན་བཏངས་ན་ཤིན་ཏུ་ལེགས།

    Reply
  9. མངའ་རིས་བུ། says:
    ལོ་ 14 སྔོན།

    བོད་ཀྱི་ནང་ཆོས་འདི་ཀུན་ཏུ་དར་ན་བོད་ལ་རང་དབང་ཡང་དེས་ཆོག
    དབུ་མའི་ལམ་ཡང་དེས་ཆོག
    རང་བཙན་ཀྱང་དེས་ཆོག
    རང་སྐྱོངས་ལྗོངས་ཀྱང་དེས་ཆོག

    ཙག་ཀྲ་ཞིག་བཟོ་མ་ཐུབ་ཀྱང་དེས་ཆོག
    ད་དབང་དང་ལུང་དང་གནས་མཇལ་རེ་བྱུང་ན་དེས་ཆོག་པ་འདུག

    བསྒྱུར་ཐུབ་ན་ཕྱི་ཡི་ཚན་རིག་གིས་རིགས་ལམ་དེ་དག་ནང་དུ་དྲངས་ནས་བོད་མིར་གཞན་དང་འདྲ་བ་ཞིག་ཚན་རིག་སྦྱོང་བདར་བྱས་ཏེ་རྒྱལ་སྤྱིའི་འགྲོས་དང་བསྟུན་ནས་མི་ཡི་བསམ་སྤྱོད་ཡར་རྒྱས་གཏོང་དགོས།
    མ་གཞི་ནས་འདི་དག་ཚང་མ་བོད་མི་ཐམས་ཅད་ནང་ཆོས་བྱེད་མཁན་ཞིག་ཏུ་བསམ་ནས་ཤོད་ཀྱིན་འདུག
    བསམ་བློ་གུ་ཡངས་ཙམ་བྱེད་དེ་ཆོས་བྱེད་དང་མི་བྱེད་ནང་ཆོས་བྱེད་དང་མི་བྱེད་ཐམས་ཅད་ལ་སྙོམས་པའི་ལས་ཀ་ཞིག་བྱེད་ན་ག་འདྲ་འདུག
    བོད་འདི་ནང་ཆོས་ཀྱིས་དབུལ་ནས་ཕྱིར་གྱར་དགོས་བྱུང་བ་མ་ཡིན།
    དེས་ན་ན་གཞོན་ཚོར་དགོས་པའི་ཕྱི་ཡི་ཚན་རིག་གི་དཔེ་དེབ་དེ་དག་བོད་བསྒྱུར་བྱེད་ན་ག་འདྲ་འདུག

    Reply
  10. འཇམ་དབྱངས། says:
    ལོ་ 14 སྔོན།

    སྐད་ཡིག་གཞན་དུ་ཡོད་པའི་སངས་རྒྱས་ཀྱི་གསུང་དང་གལ་ཆེ་གསུང་རབ་ལྟ་ཅི། ཐ་ན་ད་བར་གལ་ཆེའི་རང་བཞིན་ལྡན་པའི་ལོ་རྒྱུས་དང་ཚན་རིག་གི་དཔེ་དེབ་ཕན་ཐོགས་པ་གཅིག་ཀྱང་བསྒྱུར་ཐུབ་མེད་པ་ནི་ཕྱི་སྡོད་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བསུབ་ཏུ་མེད་པའི་སྐྱོན་ཆ་ཞིག་རེད། མ་ཟད་གནའ་ནས་ད་བར་༧གོང་ས་མཆོག་གིས་བྱེ་བྲག་བཤད་མཛོད་ཆེན་མོ་བོད་ཡིག་ཏུ་བསྒྱུར་དགོས་ཞེས་ཐེངས་བརྒྱ་ཕྲག་སྟོང་ཕྲག་གསུངས་ཀྱང་ད་དུང་བོད་གཞུང་ཤེས་རིག་ལས་ཁུངས་དང་ཆོས་དོན་ལས་ཁུངས་ཀྱི་རྐུབ་སྟེགས་སྲུང་མཁན་ཚོ་གཉིད་སད་ཡོད་པ་མ་རེད། ཅི་འདྲའི་ཕངས་པ་ཞིག་མ་རེད་དམ། ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་ཁག་གི་སློབ་དེབ་ཐེབས་ཆག་ཁ་ཤས་བཟོས་ཡོད་པ་ལས་གཞན་བོད་ཀྱི་ཤེས་རིག་ལ་ཕན་པའི་ལས་ཀ་ཅི་ཞིག་བྱས་ཡོད་དམ།

    Reply
  11. རིགས་བཟང་། says:
    ལོ་ 14 སྔོན།

    རང་ཉིད་ལ་མུ་ཏོའི་རྩམ་ཁུག་ལྟ་བུའི་བློ་མིག་ལས་མེད་པར། ད་དུང་༸གོང་ས་མཆོག་གིས་ཐུགས་རེ་གནང་ས་ནོར་ཡོད་མེད་དང་། མཁས་གྲགས་གཉིས་ལྡན་གྱི་བཀའ་ཁྲི་མཆོག་གི་གསུང་ལ་དགག་པ་རྒྱག་ཅི་ཐུབ་བྱེད་ཀྱིན་འདུག
    ཧ་ཧ་ཧ་ཡ་མ་ཟུང་གི་མི་བུ་འདི་དག་གིས་སོ་སོའི་ཡི་གེ་དག་ཆ་ཙམ་ཡང་བདག་པོ་རྒྱག་ཐུབ་ཀྱི་མེད་པར། གཞན་་་་་་་་་་་་་་་་་་་་་་་་་་་་་

    Reply
  12. ལྷུན་འགྲུབ། says:
    ལོ་ 14 སྔོན།

    དེང་སོང་བོད་ཀྱི་མཁས་པ་མང་ཆེ་ནི་ཆོས་ལུགས་མི་སྣ་ཡིན་པས། ཆོས་ལུགས་མི་སྣས་ཕྱི་མི་མགོ་སེར་དགའ་བའི་ཆེད་དང་དངུལ་རག་བའི་ཆེད་དུ་བོད་ཀྱི་ནང་ཆོས་ཕྱི་སྐད་ལ་སྒྱུར་གང་ཐུབ་རེད།།
    ཕྱི་ཡི་རིག་གཞུང་རང་སྐད་ནང་དུ་སྒྱུར་ཐུབ་མཁན་བོད་མིའི་མཁས་པ་མི་འདུག།།

    Reply
  13. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    དེང་སང་ནོར་བུ་ཕྱིར་བྲིན་ནང་དབུལ་གྱི་དུས་ཚོད་ཏག་ཏག་ལ་༧མགོན་པོ་གང་གིས་ནོར་བུ་ནང་འདྲེན་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་འདུག

    Reply
  14. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    ཨ་རོགས། ཇ་མ། ྋགོང་ས་མཆོག་གིས་ཐུགས་རེ་གནང་ས་ནོར་བ་ཁྱོད་ཀྱིས་ག་རེ་བྱས་ནས་ཤེས་སོང་ངམ། འདས་མ་ད་གསུམ་ཐད་ཁྱོད་ཀྱིས་རང་ཉིད་ྋགོང་ས་མཆོག་ལས་ཀྱང་མཁས་པར་ཁས་ཆེ་བ་ཨེ་ཡིན། ཝར་ཎ་མཐོ་སློབ་འདི་ཁྱོད་ཀྱིས་འདི་ལྟར་ལས་སླ་བོ་བྱས་ནས་མཐོང་ཆུང་བྱེད་ཐུབ་པ་ཞིག་མིན་ཡ། མཐོ་སློབ་རེ་རེ་ལ་ཁྱད་ཆོས་མ་འདྲ་བ་རེ་རེ་ཡོད་པ་རེད། བརྟག་དཔྱད་མི་བྱེད་པར་སྐད་ཆ་བཤད་རྒྱུ་འདི་ལུགས་མཐུན་ཞིག་མ་རེད།

    Reply
  15. ཇ་མ་ says:
    ལོ་ 14 སྔོན།

    ༧གོང་ས་མཆོག་གིས་ཐུགས་རེ་གནང་ས་ནོར་བ་རེད། ཝར་ཎ་ལས་ས་རར་ཐུགས་རེ་གནང་ན་ཡག་ཤོས་རེད།

    Reply
  16. གཟི་མིག་༣པ says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་དེ་སྔ་ནས་བཀའ་སློབ་མང་པོའི་ནང་ཤུགས་ལ་བསུང་ཟིན་ཡོད་ འོན་ཀྱང་དེང་དུས་ང་ཚོ་་བོད་རིགས་མཁས་དབང་མིང་འཛིན་པ་ཚོས་ཉི་མ་གང་འཁྱོལ་བྱས་པའི་ཉེར་ལེན་ལ་ ད་ཆ་དངོས་སུ་༸གོང་ས་མཆོག་གིས་གསུངས་སྐབས་ བོད་རིགས་མཁས་དབང་མིང་འཛིན་པ་རྣམ་པས་ཐུགས་བཞེས་ལེགས་པོ་གནང་དགོས་།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ནང་ཆོས་འདི་འཛམ་གླིང་ཐོག་ཏུ་གནས་ཐུབ་ན་བོད་མི་རིགས་དང་བོད་ཀྱི་སྐད་ཡིག་མ་གནས་ན་མ་གནས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese