མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རུ་ན་ཅལ་དུ་ཕྱོགས་སྐྱོད།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་གཞུང་དྲ་རྒྱས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་སྟེ་ཚེས་ ༡༣ ཉིན་ནས་ ༢༤ བར་ཉིན་ ༡༢ རིང་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་གཞུང་འབྲེལ་ཐོག་རྒྱ་གར་ཤར་ཕྱོགས་ཏི་ཛུ་དར་རྒྱས་གླིང་དང་། ཨ་རུ་ན་ཅལ་མངའ་སྡེ་བཅས་ཀྱི་དཔོན་རིགས་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་གནང་བར་ཕེབས་ཡོད་འདུག

 

དེ་རིང་སྔ་དྲོར་འདི་གའི་གསར་འགོད་པས་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ད་ལྟ་གཞིས་ཆགས་ཁག་ལས་ཨ་རུ་ན་ཅལ་ས་ཁུལ་གྱི་གཞིས་ཆགས་ཁག་ཅུང་ཙམ་དཀའ་ངལ་ཆེ་བའི་གཞིས་ཆགས་སུ་བརྩི་བཞིན་ཡོད་པ་དང་། སྤྱིར་ས་གནས་རང་དུ་ས་གནས་མགོ་འཛིན་སོགས་ཡོད་ནའང་། བོད་གཞུང་ནང་སྲིད་ལས་ཁུངས་ཀྱིས་སྐབས་དང་དུས་ལ་བསྟུན་ཏེ་ས་གནས་མི་མང་གི་བདེ་སྡུག་ལ་ལྟ་རྟོག་ཆེད་གཟིགས་སྐོར་གནང་གི་ཡོད་པ་ལྟར། ཐེངས་འདིར་དྲུང་ཆེ་མཆོག་གཞུང་འབྲེལ་ཐོག་གཟིགས་སྐོར་དུ་ཕེབས་དོན། ཨ་རུ་ན་ཅལ་ས་ཁུལ་གྱི་གཞིས་ཆགས་ཁག་ཏུ་ཟ་འབྲུའི་ལག་དེབ་བཟོ་ཐུབ་མིན་གྱི་དཀའ་ངལ་ཞིག་དེ་སྔོན་ནས་ཡོད་ཐོག ཐེངས་འདིར་ཟ་འབྲུ་ཉོ་བའི་བཀའ་འཁྲོལ་ཞིག་ཐོབ་ཡོད་སྟབས། དྲུང་ཆེ་མཆོག་ཕར་ཕེབས་ཏེ་སྔོན་མ་ཟ་འབྲུའི་ལག་དེབ་ཡོད་མཁན་ལ་བསྐྱར་བཟོ་བྱ་ཐུབ་མིན་དང་། མེད་མཁན་ལ་གསར་དུ་བཟོ་ཐུབ་མིན། དེ་ལྟ་བུའི་དཀའ་ངལ་རིགས་སེལ་བར་བྱེད་ཐབས་གང་དང་གང་ཡོད་མེད་བཅས་ལ་རྟོག་ཞིབ་གནང་དུ་ཕེབས་པ་རེད་ཅེས་གསུངས།

 

ཡང་ཁོང་ལ་ཐེངས་འདིར་ནང་སྲུང་དྲུང་ཆེ་མཆོག་ཨ་རི་ན་ཅལ་ཕྱོགས་སུ་ཕེབས་སྐབས། ཉེ་ཆར་ཁེ་ན་ཌར་བོད་མི་ཆིག་སྟོང་ལེན་འཆར་ཡོད་པའི་སྐོར་ལ་བཀའ་མོལ་གནང་རྒྱུ་དང་དེའི་སྐོར་ལ་ལས་འཆར་འདྲ་ཡོད་མེད་དྲིས་པར། ཁོང་གིས་གསུངས་དོན། གནད་དོན་དེའི་ཐད་ད་ལྟའི་ཆར་གཞུང་འབྲེལ་ཐོག་གཏན་ཁེལ་གང་ཡང་བྱུང་མེད་སྟབས། དེའི་སྐོར་ནས་བཀའ་མོལ་གང་ཡང་ཡོང་གི་མ་རེད། དེ་མིན་གྱི་གནས་ཚུལ་གཞན། དཔེར་ན། ས་གནས་མི་མང་གིས་བདེ་སྡུག་དང་དཀའ་ངལ་རིགས་སྙན་གསན་ཞུས་ཚེ་ཕྱིར་འཁོར་མཚམས་ངེས་པར་དུ་གནང་དགོས་རིགས་ལ་ཞོར་དུ་གཟིགས་རྟོག་གནང་གི་རེད། ཅེས་གསུངས།

 

གང་ལྟར། ཐེངས་འདིར་ནང་སྲིད་དྲུང་ཆེ་མཆོག་གིས་ཨ་རུ་ན་ཅལ་ཕྱོགས་ཀྱི་ས་གནས་མི་མང་གི་བདེ་སྡུག་ལ་རྟོག་ཞིབ་གནང་རྒྱུ་ཙམ་མ་ཟད། ཏི་ཛུ་དར་རྒྱས་གླིང་དང་ཨ་རུ་ན་ཅལ་མངའ་སྡེ་བཅས་ཀྱི་དཔོན་རིགས་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་གནང་རྒྱུ་ཡིན་འདུག

 

གསར་འགོད་པ། ཨ་རིག་འགྱུར་མེད།  

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 2

  1. བདེན་ཚིག་སྨྲ་བ། says:
    ལོ་ 15 སྔོན།

    ནང་སྲིད་དྲུང་ཆེ་ཨ་རུ་ན་ཅལ་བོད་མིའི་གཞིས་ཆགས་དང་འབྲེལ་རྒྱ་གར་དཔོན་རིགས་མཇལ་ཕྲད་ཀྱི་གཞུང་འབྲེལ་ཕེབས་ཐོན་འདུག་པ་ཧ་ཅང་དགའ་བོ་བྱུང་།
    འོན་ཀྱང་།
    ་་་་་་་ཟམ་གདོང་བླ་མས་འགོ་ཁྲིད་པའི་བཀའ་ཤག་སྐབས་གཉིས་(མི་ལོ་༡༠)ཛོགས་རན་ཡང་ནང་སྲིད་བཀའ་བློན་བཀའ་ཁྲི་བླ་རྒན་ཨ་རུ་ན་ཅལ་གཞིས་ཆགས་་་་ཏི་ཇུ་་་་མེ་ཨོ་་་དང་བུམ་དེ་ལ་་་༣་ལ་འགྲོ་ཐུབ་མེད་།
    རྒྱ་མཚན་གཤམ་འོག་ལ་བྲིས་པའི་དོན་ཚན་འགའ་ཤས་མིན་པ་ཐེ་ཚོམ་མེད།
    ་་་་་༡་་་་ཨ་རུ་ན་ཅལ་དེ་བཞིན་ལུང་ཁུག་དང་མཐའ་མཚམས།
    ་་་་་༢་་་་་གནམ་ཐོག་འགྲོ་ས་མེད་པ།
    ་་་་་༣་་་་་དགེ་ལུགས་ཆོས་གྲ་ཉུང་ཤས་ལས་མེད་པ་དང་བླ་མ་(ཁྲི་བྱང་)གྱི་བཀའ་དགོངས་སྒྲུབ་རྒྱུའི་གནས་ཡུལ་མིན་པ།
    ་་་་་༤་་་་་་སོགས།།

    Reply
  2. གཞིས་ཆགས་བུ། says:
    ལོ་ 16 སྔོན།

    སྐོར་བསྐྱོད་དུ་ཕེབས་པར་ཐུགས་རྗེ་ཆེ། ཡིན་ནའང་དེའི་ཁུལ་དུ་ཆགས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་འཚོ་བའི་དཀའ་ངལ་དང་དེ་བཞིན་གསར་སྐྱེས་བུ་ཕྲུག་རྣམས་ཀྱི་ཤེས་ཡོན་གྱི་ཐོག་ལ་དམིགས་བསལ་གྱི་དོ་སྣང་དང་ཡིད་གཟབ་བྱེད་དགོས་པ་ཡིན།

    དྷ་ས་ནས་ཆེས་རྒྱང་རིང་དུ་ཡོད་པའི་བོད་པའི་གཞིས་ཆགས་ཁག་ཏུ་དམིགས་བསལ་གྱི་དོ་སྣང་བྱེད་དགོས་པ་ལས། དེ་མིན་དེའི་ཁུལ་གྱི་གཞིས་ཆགས་ཁག་ཏུ་བསྐྱོད་སྐབས་མི་ཆེ་ཆེ་མདོག་དང། མ་འཇོན་འཇོན་མདོག་གི་གཏམ་བཤད་བྱེད་པ་སོགས་མི་བྱེད་པར། ངོ་མ་སྐོར་བསྐྱོད་རྣམས་དོན་ཐོག་ཏུ་དགོས་པ་ཤིན་ཏུ་གལ་ཆེ།

    བཙན་བྱོལ་བའི་བོད་མིའི་འཚོ་བ་དང་ཤེས་ཡོན་གྱི་ཐཽག་ལ་འཐུས་ཤོར་འགྲོ་གྱིན་ཡོད་པ་དེ་ཚོ་ནི། གཙོ་བོ་བོད་རིགས་གནས་སྡོད་གཞིས་ཆགས་ཁག་གི་ནང་དུ་མཐུན་རྐྱེན་བསྐྲུན་ཐུབ་ཀྱི་མེད་པ་རྣམས་རེད། ལྷག་པར་ཤེས་ཡོན་གྱི་ཐོག་ལ་ཧ་ལས་པའི་མཐུན་རྐྱེན་སྐྱོ་བོ་ཞེ་དྲགས་རེད། དེ་ཚོར་དོ་སྣང་བྱེད་པ་ཡིན་ན། དོན་དངོས་ཐོག་འཛིན་སྐྱོང་གི་ནང་དུ་བཞུགས་ནས་གོ་གནས་འཛིན་པ་རྣམས་འགྲིག་པ་ཡིན། དེ་མིན་མ་འཇོན་འཇོན་མདོག་དང། མི་ཤེས་ཤེས་མདོག མ་ཐུབ་ཐུབ་མདོག་བྱེད་པས་མི་ཕན།་

    གོང་དུ་བཤད་པ་རྣམས་བོད་རིགས་གནས་སྡོད་གཞིས་ཆགས་གཅིག་ཏུ་སྐྱེས་ནས་ཚར་ལོངས་བྱུང་བའི་བུ་ཕྲུག་ཞིག་ཡིན་པ་ལས། གོ་བ་དང་ཐོས་པ་སོགས་ཀྱིས་བྲིས་པ་ཞིག་རྩ་བ་ནས་མིན།

    རང་ལ་གཞན་གྱིས་བཀུར་འདོད་ན།།
    གཞན་གྱི་ཆེད་དུ་རང་བློས་དགོས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese