མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཨོ་བྷ་མ་མཆོག་ལ།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱི་རང་བཞིན་གྱི་ཚོགས་སྡེ་ཁག་ ༩ ཡིས་ཨ་རིའི་སྲིད་འཛིན་ཨོ་བྷ་མར་ཞུ་ཡིག་ཅིག་ཕུལ་ཏེ། རྒྱ་ནག་གི་སྲིད་འཛིན་ཧུའུ་དང་ཐུག་འཕྲད་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ངེས་པར་དུ་གྲོས་མོལ་བྱ་དགོས་ཟེར།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་ཕྱི་འབྲེལ་སྲིད་ཇུས་ལམ་སྟོན་ཁང་། རང་དབང་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་རྩ་འཛིན་ཁང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ༢༠༤༩ ལས་གཞི་ཁང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས། ཨ་རིའི་ཡུ་གུར་མཐུན་ཚོགས་བཅས་མཐུན་མོང་གིས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་ཞུ་ཡིག་ཅིག་ཕུལ་ཏེ། ཉེ་ལམ་སྐུ་ཞབས་ལིག་ཞོ་པའོ་ལ་ནོ་བྷེལ་གཟེངས་རྟགས་འབུལ་བཞེས་སྐབས་ཀྱི་གཏམ་བཤད་ལ་བསྔགས་བརྗོད་དང་སྦྲགས། མི་འགྱངས་པར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཨ་རིར་རྒྱལ་དོན་གཟིགས་སྐོར་དུ་འབྱོར་སྐབས། བོད་དང་ཤིན་ཅིང་ཚུད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་དོན་ཕན་ལྡན་པའི་གྲོས་མོལ་བྱ་དགོས་པའི་རེ་འབོད་ཞུས་འདུག

ཞུ་ཡིག་དེར་དོན་ཚན་འགའ་བཀོད་ཡོད་པ་དག་ནི། དང་པོ། ཨ་རིའི་ཕོ་བྲང་དཀར་པོར་སྲིད་འཛིན་རྣམ་གཉིས་ལྷན་འཛོམས་མ་གནང་སྔོན་ལ། ཕྱི་ཕྱོགས་ཀྱི་རྒྱ་རིགས་དང་བོད་རིགས། ཡུ་གུར་བ་བཅས་ཀྱི་སྐུ་ཚབ་དང་ཐུག་འཕྲད་ཀྱིས་རྒྱ་ནག་གིས་རྡོག་རོལ་གཏོང་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་དགོས་པ། གཉིས་པ། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། ལྷག་པར་དུ་བོད་དང་ཤིན་ཅིང་གི་ཁོར་ཡུག་གི་ཉམས་རྒུད། དེ་བཞིན་རྒྱ་ནག་ནང་སྨྲ་བརྗོད་རང་དབང་ཐོག་དྲག་གནོན་བྱེད་ཀྱིན་པ། རྒྱ་གཞུང་དང་བསམ་ཚུལ་མི་མཐུན་པ་ཚོར་དྲག་ཤུགས་འོག་གར་སོང་ཆ་མེད་ཆགས་བཞིན་ཡོད་པ། རྒྱ་ནག་གི་ཁྲིམས་ལུགས་སྒྲོམ་གཞི་དེ་ཆབ་སྲིད་ཀྱི་ལག་ཆར་གྱུར་ཡོད་པ་དང་སྲོག་ཐོག་གི་ཉེས་ཁྲིམས་བཅས་ཀྱི་སྐོར་ལ་ཕྱི་གསལ་ནང་གསལ་ཐོག་གླེང་སློང་བྱ་དགོས་པ། གསུམ་པ། ཕྱི་སྡོད་རྒྱ་རིགས་གཙོས་པའི་ཕྱི་མི་ཚོས་རྒྱ་ནག་གཞུང་བརྒྱུད་མ་དགོས་པར་ཐད་ཀར་བརྡ་འཕྲིན་བརྒྱུད་རྒྱ་རིགས་མང་ཚོགས་ཚོར་གླེང་མོལ་དང་བསམ་ཚུལ་བརྗེ་ལེན་བྱ་ཆོག་རྒྱུ། བཞི་བ། ལིག་ཞོ་པའོ་གཙོས་ཞི་བའི་ཐོག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གྱི་ཆབ་སྲིད་བཙོན་པ་རྣམས་མགྱོགས་མྱུར་ཀློད་གྲོལ་གཏོང་དགོས་པ། ལྔ་བ། རྒྱ་ནག་ནང་ཕྱི་ཕྱོགས་ཀྱི་གསར་འགྱུར་ལམ་ཁག་མང་པོ་ཞིག་བཀག་སྡོམ་བྱས་ཡོད་པ་དེ་དག་རང་དབང་ཐོག་གཏོང་སྤེལ་བྱ་དགོས་པ་བཅས་ལ་སྲིད་འཛིན་ཨོ་བྷ་མས་ཧུའུ་ལ་ནན་བཤད་བྱ་དགོས། ཞེས་བཀོད་ཡོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤ་ཡ་ཚན་ཁག་གི་འགན་འཛིན་སྐུ་ཞབས་སོ་ཧྥེ་རེ་ཆར་ཌི་སན་ Sophie Richardson གྱིས། ལོ་སྔོན་མར་ཨོ་བྷ་མ་རྒྱ་ནག་ཏུ་ཕེབས་སྐབས་ནང་བཞིན་མ་ཡིན་པར། ཐེངས་འདིར་ཨོ་བྷ་མ་སྲིད་གཞུང་གིས་ཕྱི་གསལ་ནང་གསལ་ཐོག་གནད་དོན་འདི་དག་གི་ཐད་དངོས་ཐོག་བདེན་འཚོལ་གྱིས་གླེང་སློང་གྲོས་མགོ་འདོན་དགོས། གལ་སྲིད་སྲིད་འཛིན་མཆོག་གིས་དེ་ལྟར་བསྒྲུབ་མ་ཐུབ་ཚེ། རྒྱ་ནག་གི་ནག་ཉེས་འདག་ཐབས་ཀྱི་གོ་སྐབས་ཤིག་ཤོར་བཅུག་པ་དང་། ཨ་རི་རང་ཉིད་ཀྱིས་བརྗོད་བཞིན་པའི་ལངས་ཕྱོགས་ལ་སྣང་ཆུང་བྱེད་པ་ཞིག་ཀྱང་ཆགས་ཡོད། ཅེས་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠

མཆན། 8

  1. གཡག་རྒོད། says:
    ལོ་ 16 སྔོན།

    བོད་བོད་ཡུལ་ན་སྐྱིད།
    རྒྱ་རྒྱ་ཡུལ་ན་སྐྱིད།

    བོད་རེ་བས་ཕོངས།
    རྒྱ་དོགས་པས་ཕོངས།

    Reply
  2. བདེ་ལྡན། says:
    ལོ་ 16 སྔོན།

    ཨ་རིའི་སྲིད་འཛིན་ལ་རེ་བ་བཟུང་ན་ཕན་པ་གང་ཡང་མེད། རང་གི་དབུ་ཁྲིད་བཀའ་བློན་ཁྲི་བས་ཀྱང་ བོད་དོན་བསམ་མྱོང་མི་འདུག་སྟེ། མི་རིགས་གཞན་གྱི་དཔོན་རིགས་ཤིག་གིས་བོད་དོན་བཤད་དགོས་དོན་ཨེ་ཡོད་ལ།

    Reply
  3. རིགས་བཟང་། says:
    ལོ་ 16 སྔོན།

    བོད་པས་རེ་བ་རྒྱག་ས་ནོར་སོང་བ་རེད། རང་དོན་བཞག་ནས་གཞན་དོན་སྒྲུབ་མཁན་ཞིག་ཡོད་ན་དཔེ་འཇོག་ས་གཅིག་ལས་མེད། སུས་ཁེབ།

    Reply
  4. དྲང་སྲོང་། says:
    ལོ་ 16 སྔོན།

    བོད་དོན་འདི་བོད་རིགས་རང་གི་ཤུགས་རྒྱག་ཡུལ་ཞིག་རེད་མ་གཏོགས། ཨ་རིའི་སྲིད་འཛིན་སོགས་ཀྱིས་ཆེད་ལས་ཞིག་ག་ལ་ཡིན། བོད་པ་ཚང་གི་གཞན་ལ་ལེ་ལན་འདེད་རྒྱུ་བཞག་ནས་རང་གི་རང་རྒྱལ་ཁབ་རང་གིས་འཛུགས་སྐྲུན་བྱེད་དགོས། དེ་མིན་གཞན་ལ་ཡི་ཆད་ཁང་ར་བཤད་ནས་ཉི་མ་སྟོང་ཟད་བཏང་ན་དགོས་པ་ཅི་ཡོད། གཞན་སྐྱོན་མ་རེད་རང་སྐྱོན་རེད།

    Reply
  5. སྙིང་རྩ་སྤར་འཛིན། says:
    ལོ་ 16 སྔོན།

    ནག་རིལ་འདིས་བོད་ལ་ཅང་ཕན་གི་མ་རེད་ལ་ཕན་འདོག་དགོས་དོན་ཡང་མེད། ཨ་རྒྱ་གཉིས་ཀའི་ཚོང་འབྲེལ་ལ་འབད་པ་བྱས་ནས་རང་གི་དཔལ་འབྱོར་ལ་ཅུང་ཙམ་ཕན་ཐོག་བྱེད་ཐུབ་ན་ང་ཚོ་བོད་པ་ཚོས་རང་རང་ས་ནས་རྒྱུག་ཏེ་ཅིག་ནས་འགྲིག་འགྲོ་གི་རེད།

    Reply
  6. ཇ་མ་ says:
    ལོ་ 16 སྔོན།

    ད་རེའི་སྲིད་འཛིན་ཨོ་བྷ་མར་རེ་བ་འཛིན་རྒྱུ་མེད། ཨ་རྒྱ་གཉིས་ཀྱི་ཚོང་དོན་གལ་ཆེན་ཡིན། འགྲོ་མིའི་ཐོབ་ཐང་སོ་ལམ་མ་གནོར་་་་་་་་་་་་་་

    Reply
  7. གངས་སྨྱུག says:
    ལོ་ 16 སྔོན།

    རེ་བ་མེད་པའི་སྲིད་ཨོ་བྷ་མས། བོད་དོན་ལ་ཕན་ཐོག་ག་ཚོད་ཡོད་མིན་ཧ་ལམ་ཚང་མའི་མགོ་ཚོས་ས་ཡོད། གང་ཡིན་ཞེ་ན་ཁོང་སྔོན་མ་རྒྱ་ནག་བསྐྱོད་སྐབས་རྒྱ་ནག་གི་སྲིད་འཛིན་ཧུ་དང་མཇལ་འཕྲད་ཞོར་དུ་རྒྱ་ནག་ལ་ངོ་བསྟོད་དང་། བོད་ནི་རྒྱ་ནག་གི་ཆ་ཤས་རེད་ཅེས། གནའ་ནས་རང་བཙན་ཡོད་པའི་བོད་རྒྱལ་ཁབ་དེ་ཁོ་པས་སྒེར་གཅོད་ཀྱིས་གཏམ་བཤད་དེ་འཛམ་གླིང་ཀུན་ལ་ཁྱབ་ཡོད། དེ་ལྟ་བུའི་གནས་ཚུལ་ཐབས་སྡུག་གམ་ཇབ་ཆུང་དེ་ཨ་རིའི་སྲིད་འཛིན་ཁྲི་རབས་གང་གི་ནང་དུ་བྱུང་མྱོང་མེད།

    Reply
  8. གངས་སྨྱུག says:
    ལོ་ 16 སྔོན།

    རེ་བ་མེད་པའི་སྲིད་ཨོ་བྷ་མས། བོད་དོན་ལ་ཕན་ཐོག་ག་ཚོད་ཡོད་མིན་ཧ་ལམ་ཚང་མའི་མགོ་ཚོས་ས་ཡོད། གང་ཡིན་ཞེ་ན་ཁོང་སྔོན་མ་རྒྱ་ནག་བསྐྱོད་སྐབས་རྒྱ་ནག་གི་སྲིད་འཛིན་ཧུ་དང་མཇལ་འཕྲད་ཞོར་དུ་རྒྱ་ནག་ལ་ངོ་བསྟོད་དང་། བོད་ནི་རྒྱ་ནག་གི་ཆ་ཤས་རེད་ཅེས། གནའ་ནས་རང་བཙན་ཡོད་པའི་བོད་རྒྱལ་ཁབ་དེ་ཁོ་པས་སྒེར་གཅོད་ཀྱིས་གཏམ་བཤད་དེ་འཛམ་གླིང་ཀུན་ལ་ཁྱབ་ཡོད། དེ་ལྟ་བུའི་གནས་ཚུལ་ཐབས་སྡུག་གམ་ཇབ་ཆུང་དེ་ཨ་རིའི་སྲིད་འཛིན་ཁྲི་རབས་གང་གི་ནང་དུ་བྱུང་མྱོང་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese