མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀརྨ་བླ་བྲང་གི་དོན་རྐྱེན་སྐོར་ལ་སྤྱི་འཐུས་ཀྱི་གསལ་བཤད།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱལ་པ་ཀརྨ་པའི་བླ་བྲང་དང་འབྲེལ་ཏེ་དངུལ་གྱི་གནད་དོན་ཞིག་བྱུང་བ་ནི། ལས་བྱེད་པ་དག་གིས་ཡུལ་ཁྲིམས་མ་ཤེས་པས་ལན་པ་ཞིག་ལས་ཁོང་སྐུ་སྒེར་ལ་ཉེས་པ་གང་ཡང་མེད་པའི་ཡིད་ཆེས་གཙང་མ་ཡོད། ཅེས་བོད་མི་མང་སྤྱི་འཐུས་ཚོགས་གཙོས་གསུངས་ཡོད།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ སྟེང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། བོད་ཀྱི་གསར་འགོད་པ་རྣམས་ལ་ཐེངས་འདིའི་དཔལ་རྒྱལ་པ་ཀརྨ་པའི་བླ་བྲང་དུ་བྱུང་བའི་གནད་དོན་སྐོར་ནས་གསལ་བཤད་ཅིག་གནང་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། ད་ལྟ་རྒྱལ་པ་ཀརྨ་པའི་བླ་བྲང་དང་འབྲེལ་ཏེ་དངུལ་གྱི་གནས་ཚུལ་ཞིག་བྱུང་བའི་སྐོར་ལ་བོད་མིའི་སྤྱི་ཚོགས་ནང་དུ་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་ཡོང་གི་འདུག་ལ། ལྷག་པར་དུ་བོད་ནང་དུ་ད་ལྟའི་ཆར་གནས་ཚུལ་གང་འདྲ་ཞིག་ཁྱབ་ཀྱིན་ཡོད་མེད་ཤེས་ཀྱི་མེད་སྟབས། བོད་ནང་དུ་གནས་ཚུལ་གསལ་བོ་ཞིག་འཁྱོལ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་དང་། ཁ་སང་ཚེས་ ༢༨ ཉིན་སྤྱི་འཐུས་རྒྱུན་ལས་འཛོམས་ཏེ་གནས་ཚུལ་འདིའི་ཐད་གྲོས་བསྡུར་བྱས་པ་དང་། ཕྱི་དྲོའི་ཆུ་ཚོད་ ༣ དང་ཕྱེད་ཀའི་སྟེང་ཚོགས་གཙོས་སྣེ་ཁྲིད་པའི་རྒྱུན་ལས་ཁག་ཅིག་མར་བཅར་བ་ཡིན། ང་ཚོ་རིན་པོ་ཆེར་མཇལ་སྐབས་རིན་པོ་ཆེ་ཐུགས་ལྷོད་ལྷོད་ངང་བཞུགས་འདུག་ལ། ཁོང་གིས་ཐུགས་འཚབ་ཆེན་པོ་དེ་ཙམ་གནང་གི་མི་འདུག དེའི་སྟེང་ནས་ང་ཚོས་གསལ་བོ་ཞིག་ཤེས་ཐུབ་པ་ནི་རྒྱལ་པ་ཀརྨ་པ་ཁོང་རང་ལ་ཐེངས་འདིའི་གནད་དོན་ཐད། ཉེས་པ་གང་ཡང་མེད་པ་གསལ་བོ་ཆགས་ཡོད། གཞན་ང་ཚོ་མར་བཅར་སྐབས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་སེམས་འཚབ་ཡོད་པ་དང་། ཐེངས་འདིའི་གནད་དོན་དང་འབྲེལ་ཏེ་ཁོང་སྐུ་སྒེར་ལ་མཚན་སྨོད་མི་ཡོང་བའི་ཆེད་དུ་མཐུན་འགྱུར་ག་རེ་ཞུ་དགོས་ཀྱི་ཡོད་ཀྱང་ཞུ་རྒྱུ་དང་། གཙོ་བོ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུའི་ཆེད་དུ་བཅར་བ་ཡིན་ཞེས་ཞུས་ཡོད། ཅེས་དང་།  

སྐབས་དེར་༧རྒྱལ་པ་ཀརྨ་པ་མཆོག་གིས་གནས་ཚུལ་འདིའི་རིགས་ངས་ནམ་རྒྱུན་དེ་ཙམ་ཤེས་ཀྱི་མེད་ལ། དུས་རྒྱུན་ཐེ་ཇུས་ཀྱང་བྱེད་ཀྱི་མེད་ཅེས་བཀའ་གནང་གི་འདུག་སྟབས། ང་ཚོས་ཡིད་ཆེས་བྱས་པ་ལྟར་༧རྒྱལ་པ་ཀརྨ་པ་སྐུ་སྒེར་གྱི་ངོས་ནས་གནས་ཚུལ་འདི་དང་ཐད་ཀར་འབྲེལ་བ་མེད་པ་གསལ་བོ་ཆགས་ཡོད་ཟེར།

ཚོགས་གཙོ་མཆོག་གིས་མུ་མཐུད་དུ་གསུངས་དོན། ཐེངས་འདིའི་དངུལ་དེ་དག་གི་ཡོང་ཁུངས་ནི་ང་ཚོས་ཚིག་ཐག་བཅད་དེ། བླ་མར་སྐྱབས་རྟེན་དང་བསྔོ་རྟེན། འབུལ་བ་ཕུལ་བ་བཅས་ཀྱི་སྟེང་ནས་ཡོང་བ་ཞིག་ཏུ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་མོད། ད་ལྟའི་ཆར་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནང་༧རྒྱལ་པ་ཀརྨ་པ་ཁོང་རྒྱ་ནག་གི་སོ་པ་རེད་ཟེར་བ་དང་། དངུལ་དེ་དག་ནག་ཚོང་ངམ་ཁྲིམས་འགལ་གྱི་ཚོང་བརྒྱབ་སྟེ་རག་པ་རེད་ཟེར་བ་ལྟ་བུ་ཡོང་གི་འདུག་པས། དེའི་རིགས་བདེན་པ་མིན་པ་ང་ཚོས་གསལ་བོ་བྱས་ཏེ་བཤད་ཐུབ་ཀྱི་ཡོད་ལ། གནད་དོན་དེ་གཞིས་བྱེས་བོད་མི་ཡོངས་ཀྱིས་གསལ་བོར་མཁྱེན་དགོས། ༧རྒྱལ་པ་ཀརྨ་པ་ཁོང་སྒེར་ལ་མཚོན་ན་དགུང་ལོ་ཆུང་ཆུང་སྐབས་ནས་ཁོང་གི་སྐུ་སྲོག་འབེན་དུ་བཙུགས་ཏེ་ཚུར་སྐྱབས་བཅོལ་དུ་ཕེབས་པ་དང་། ད་ལྟ་རྒྱ་གར་ནང་དུ་བཞུགས་རིང་རྒྱུད་སྟོད་དགོན་པ་རང་དུ་རྒྱ་གར་སྐོར་སྲུང་བ་སོགས་ཀྱི་སྟངས་འཛིན་འོག་བཞུགས་ཡོད་པ་ལས། ཁོང་གི་ཐུགས་འདོད་གཞིར་བཟུང་གིས་ག་ས་གང་དུ་ཕེབས་རྒྱུའི་རང་དབང་མེད་པ་ང་ཚོས་ཤེས་གསལ་ལྟར་ཡིན་ལ། ཁོང་གི་མཛད་འཆར་གང་ཞིག་ཡིན་རུང་། རྒྱ་གར་གཞུང་གིས་སྟངས་འཛིན་གྱི་འོག་ནས་འགྲོ་བཞིན་ཡོད། དེ་དག་ཐམས་ཅད་རྒྱ་གར་སྐོར་སྲུང་བས་མཁྱེན་བསྡད་པའི་གནས་ཚུལ་ཞིག་ལས་མ་མཁྱེན་པ་གང་ཡང་མེད།

སྤྱིར་བཏང་༧རྒྱལ་པ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྗེས་ལ་བརྟེན་ནས་འཛམ་གླིང་གི་ཕྱོགས་གང་སར་དད་ལྡན་གྱི་སྐྱེས་བུ་དང་། རྗེས་མཇུག་མང་བོ་ཡོད་སྟབས་སེང་གྷ་པོར་དང་ཐེ་ལན་ཌི། ནུབ་ཕྱོགས་རྒྱལ་ཁབ་ཁག བོད་ནང་སོགས་དེ་དག་ཡོངས་ཀྱིས་དད་པ་བྱེད་ཡུལ་དང་ང་ཚོའི་སྤྱི་ཚོགས་ནང་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཞིག་དང་། མི་མང་གིས་དད་གུས་དང་ཡིད་ཆེས་བྱེད་ས་ཞིག་རེད། ཁོང་སྐུ་སྒེར་ལ་མཚོན་ནའང་ད་ལྟའི་ཆར་བསླབ་པ་སློབ་གཉེར་གནང་རྒྱུ་དང་ནང་ཆོས་དར་སྤེལ་གཏོང་རྒྱུ། འཛམ་གླིང་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་དུ་ཕྱག་ལས་མང་བོ་གནང་སྟེ་བོད་བསྟན་པ་ཆབ་སྲིད་ཀྱི་ཐོག་ཏུ་ཞབས་འདེགས་གནང་མཁན་ཞིག་ལས། དོགས་གཞི་བྱེད་ས་ཞིག་ཆགས་ཀྱི་མེད་ལ། དེ་འདྲ་བྱེད་དགོས་པའི་གཞི་རྩ་གང་ཡང་མེད། ཅེས་གསུངས་སོང་།

མཇུག་མཐར་ཁོང་གིས་ཐེངས་འདིའི་དངུལ་གྱི་གནད་དོན་དང་འབྲེལ་ཏེ་གསལ་འགྲེལ་གནང་དོན། དཔལ་འབྱོར་ཉར་ཚགས་བྱེད་སྟངས་ཐད། མང་ཚོགས་ཚོས་འབུལ་བ་ཕུལ་བའི་དངུལ་དངོས་ཐོག་ཀརྨ་པ་མཆོག་གིས་ནམ་རྒྱུན་གཟིགས་ཞིབ་གནང་གི་མེད་ལ། ཁ་སང་ཁོང་གིས་དེ་ཚོའི་ཐོག་ཏུ་ཐེ་ཇུས་གནང་གི་མེད་ཅེས་བཀའ་གནང་བ་ལྟར། དཔལ་འབྱོར་གྱི་གནས་སྟངས་ག་རེ་ཡིན་ནའང་གཤམ་འོག་གི་ལས་བྱེད་དག་གིས་བྱེད་ཀྱི་ཡོད། འོན་ཀྱང་ལས་བྱེད་པ་དག་གིས་ཡུལ་མིའི་ཁྲིམས་ཀྱི་འགྲོ་སྟངས་མ་ཤེས་པའི་དབང་གིས་ཐེངས་འདིར་དཔལ་འབྱོར་ཉར་ཚགས་བྱེད་སྟངས་ཐད་འཐུས་ཤོར་དུ་ཕྱིན་ཡོད་ལ། དེ་ནི་ཡུལ་ཁྲིམས་དང་མ་མཐུན་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོད། དེའི་ཐད་དུ་རྒྱ་གར་གཞུང་གིས་ཁྲིམས་ཐོག་ནས་ཞིབ་འཇུག་གནང་སྟེ་དེ་ལ་གྲུབ་འབྲས་གང་འདྲ་ཞིག་བྱུང་ཡང་། དེ་ང་ཚོས་བརྩི་སྲུང་བྱེད་དགོས། ཡིན་ནའང་། དེ་དང་འབྲེལ་ཏེ་ཁོང་ལ་མཚན་སྨོད་མང་བོ་ཞུ་བཞིན་པ་ནི་གཏན་ནས་གཞི་རྩ་མེད་པ་ཞིག་ཆགས་ཡོད། ཅེས་གསུངས།

ཡང་ཁོང་གིས་ད་ལྟའི་ཆར་བཙན་བྱོལ་བོད་གཞུང་འཛིན་སྐྱོང་བཀའ་ཤག་གིས་ག་རེ་གནང་དགོས་ཀྱི་ཡོད་མེད་ཐད་གསུངས་དོན། ད་ལྟ་གནང་བཞིན་པ་རེད་ལ། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གནས་ཚུལ་འདི་གསལ་བོ་མ་ཆགས་བར་དུ་དྲང་པོ་དང་བདེན་པ་གང་ཡིན་པ་དེར་རྒྱབ་སྐྱོར་ཞུ་རྒྱུ་དང་། གནས་ཚུལ་གསལ་བོ་མ་ཆགས་བར་ག་རེ་གནང་དགོས་ཀྱི་ཡོད་ནའང་དེ་བཞིན་ཞུ་རྩིས་ཡོད་ཟེར།

ཐེངས་འདིའི་གསར་འགོད་གསལ་བསྒྲགས་སྐབས་ད་དུང་སྤྱི་ཚོགས་ནང་༧རྒྱལ་པ་ཀརྨ་པ་ཁོང་འཛིན་བཟུང་བྱས་པ་རེད་ཟེར་བ་དང་ཁོང་གི་སྤུན་མཆེད་འཛིན་བཟུང་བྱས་པ་རེད་ཟེར་བ་ལྟ་བུའི་གནས་ཚུལ་འདྲ་མིན་ཡོང་གི་འདུག་མོད། དེ་དག་གཅིག་ཀྱང་བདེན་པ་མིན་པར་ཁོང་རྒྱུད་སྟོད་གྲྭ་ཚང་དུ་ཐུགས་ལྷོད་ལྷོད་བྱས་ཏེ་བཞུགས་ཡོད། ཡིན་ནའང་། ཁོང་གི་དངུལ་གཉེར་དང་རྒྱ་གར་ཡུལ་མི་གཉིས་འཇུ་བཟུང་བྱས་པ་དངོས་ཡོད་གནས་ཚུལ་རེད་ཟེར།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 21

  1. chukzi says:
    ལོ་ 14 སྔོན།

    ཀརྨ་པ་ལ་གཞི་མེད་ཀྱི་ཉེས་འཙུག་ལ་བློ་ཕམ་བྱུང་།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    གོང་གསལ་དྲྭ་གྲོགས་ཁག་གཅིག་གི་དགོངས་ཚུལ་ལ། རྒྱལ་བ་ཀརྨ་པའི་བླ་བྲང་ནས་དངུལ་ཕོན་ཆེ་འཐོན་པར། གྱ་ཚོམས་ངང་བླ་བྲང་དེ་ཉིད་ལ་སྐྱོན་འཛུགས་རིགས་གནང་འདུག་པ་དེའི་སྐོར་ལན་ཅུང་ཟད་ཞིག་འབྲི་བར་སེམས། རྒྱལ་བ་ཀརྨ་པའི་བླ་བྲང་ལ་འདས་གསོན་གཉིས་ཀྱི་སྐྱབས་ཞུའི་ཆེད་ཕུལ་བའི་དངུལ་རྣམས་བསག་སྟེ་ཆོས་རྩར་གཏོང་བའི་བྱེད་སྒོ་ཁག་སྤེལ་བཞིན་པ་ཁྱེད་ཅག་གི་མ་མཁྱེན་པ་ཡིན་ནམ། དཔེར་ན་ལོ་ལྟར་བཀའ་བརྒྱུད་སྨོན་ཆེན་མོ་འཚུགས་ཏེ་འདས་གསོན་དེ་དག་ཆེད་ཕུལ་བའི་དཀོར་རྣམས་མགོན་པོ་མི་འཁྲུགས་པའི་ཆོ་གའི་སྒོ་ནས་གནས་འདྲེན་གནང་བ་དང་། དེ་བཞིན་སྤྱི་ཚོགས་དང་། ཆོས་སྡེ་ཁག སློབ་གྲྭ་ཆེ་ཆུང་རིགས་ལ་གནང་བ་ལས་རང་ཉིད་སྐུ་སྒེར་གྱི་ངོས་ནས་འགྲོ་གྲོན་གནང་བ་ཕལ་ཆེར་ཉུང་ཉུང་ཡིན་པ་འདྲ། ང་རང་ད་ལོ་བཀའ་བརྒྱུད་སྨོན་ལམ་ལ་བཅར་བ་ཡིན་པས་དེ་སྐབས་རང་ཉིད་ཀྱི་མཐོང་ཆོས་སུ་གྱུར་པ་ཞིག་ལས་མིའི་ལབ་གླིང་གིས་རྗེས་སུ་གཡམ་རྒྱུགས་བྱས་པ་ཞིག་གཏན་ནས་མིན། དེ་དོན་ཚང་མའི་ཐུགས་ལ་དེ་ལྟར་བཞག་རོགས་གནང་།

    Reply
  3. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ད་བློ་བཟང་སེང་གེ་ལགས་ཕེབས་ནས་རྒྱ་གར་གཞུང་དང་ཁྲིམས་གཏུགས་བྱེད་དགོས་རེད། ཧ་ཝར་ཏེ་ཁྲིམས་རྕོད་པ་བློ་སེང་ལ་འཇོན་ཐང་ཡོད་ན་དེ་ཐེངས་དོན་རྐྱེན་འདི་ལ་དཀའ་ངལ་གང་ཡང་མ་རེད། ད་ཕེབས་ཤོག་

    Reply
  4. ཟླ་རྒྱལ། says:
    ལོ་ 14 སྔོན།

    ད་རིང་རྒྱལ་བ་༧ཀརྨ་པའི་བླ་བྲང་དང་འབྲེལ་བའི་ཕྱི་རྒྱལ་དངུལ་གྱི་དོན་རྐྱེནའདི་ང་ཚཽ་བཙན་བྱོལ་ནང་ཡོད་པའི་དགོན་པ་དང་བླ་བྲང་ཕལ་ཆེ་ལ་ཡོང་ཉེན་ཡོད་པས་རྒྱུ་མཚན་ནི་ཕྱི་རྒྱལ་དངུལ་དང་འབྲེལ་བའི་རྩིས་ཁྲ་དང་ཁྲིམས་མ་རྟོགས་པའམ་བརྩིས་སྲུང་ཞུ་རྒྱུའི་གོམས་གཤིས་དང་སློབ་སྟོན་མི་ཞུ་བར་ད་དུང་།་ད་ལྟ་བར་དུ་སྒྲིག་སོང་ད་མ་སྒྲིག་པ་གང་ཡོད་ཅེས་པའི་རྙིང་ཞན་གྱི་བསམ་བློ་དེས་སྐྱེལ་ཡོད།་་ད་དུང་ངོ་ཚོས་དེ་ནས་བསླབ་བྱ་མ་ལེན་པར་དཔལ་འབྱོར་སྟོབས་འབྱོར་གྱི་དགོན་པ་མང་པ་མི་རིང་བར་རྒྱ་གར་འབྲེལ་ཡོད་ལས་ཁུངས་ནས་འདྲི་རྩད་དང་ཞིབ་འཇུག་ཕེབས་སྲིད་པ་ཡིན་པས།་་་་དེ་སྲིད་ད་ལྟ་ནས་རྒྱ་གར་རྩིས་ཁྱད་ལས་པར་ལམ་སྟོན་ཞུ་རྒྱུ་དང་།་་་དངུལ་དངོས་རིགས་བདག་གཉེར་གནང་མཁན་བོད་རིགས་དེང་དུས་ཀྱི་རྩིས་པ་སློབ་སྦྱོང་ཐོན་པ་མང་པོ་ཡོད་པས་ཆེད་གཡར་ཞུས་ན་རྐྱེན་མ་ཡོང་གོང་ན་ལྡོག་པ་གནང་ཐུབ་ངེས།་་མ་ཟད་བོད་གཞུང་གྱི་ལས་ཁུངས་མ་ལག་དང་ཆེ་ཁག་གི་རྩིས་པ་དག་དང་རྩིས་ཞིབ་ལས་ཁུངས་ཀྱི་རྩིས་ཞིབ་པ་ཁག་ནས་ལམ་སྟོན་ཞུ་རྒྱུ་ཡོད།་་་་ད་དུང་ཤེས་ཀྱི་མེད་རྡོག་རྡོག་གམ་ཁྲིམས་འཁུར་གྱི་མེད་བསམ་པའི་བློ་ནོར་དེ་འཁྱེར་བཞུགས་ན་ལྐུག་པ་ཡིན།

    Reply
  5. དར་ལྕེ་ཟད་པོ།། says:
    ལོ་ 14 སྔོན།

    ཕྱི་དགྲ་མ་ཐུལ་མ་ལ་དབྱུག་པ་འཕྱར་ཟེར་བའི་དཔེ་ལྟར། ཁྱོད་ཚོས་སྤྱི་འཐུས་ཚོ་ལ་མ་འདོད་རྣམ་འགྱུར་བསྟན་པས་ཅི་ཞིག་ཕན། རྒྱལ་བ་ཀརྨ་པ་དངུལ་ཡོད་མདོག་བསྟན་པས་དེ་བས་ཅི་ཞིག་ཕན། དངུལ་དེ་དག་ཡོང་ཁུངས་ནི་ཀརྨ་པས་ང་སངས་རྒྱས་ཀྱི་ཞིང་དུ་འཁྲིད་ཀྱི་རེད་ཟེར་མཁན་དེ་ཚོ་རེད། ཤ་ཚ་དེ་ཚོས་ཤ་ཁྲག་གིས་བསགས་པའི་དངུལ་འབོར་ཆེན་དེ་དག་ལས་འབྲས་ཁས་རྩ་བ་ནས་ཁས་མི་ལེན་པའི་མི་ལག་ཏུ་མ་འཁྱུགས་པའི་ཐབས་ཤེས་བྱེད་ན་ཡག་ཤོས་རེད།། བྱབ་ཆུབ་སྐད་ཆ་མ་ཤོད་རོགས།།

    Reply
  6. lhaksam says:
    ལོ་ 14 སྔོན།

    ཀརྨ་པའི་དངུལ་བདག་ཉར་བྱེད་མཁན་ཚོ་སོ་སོའི་ཟླ་རེའི་གླ་ཕོག་ཁོ་ན་མ་གཏོགས་གཞན་གང་བསམ་གྱི་མེད་པ་འདྲ་། བདག་ཉར་བྱེད་མཁན་དོན་དང་ལྡན་པ་ཞིག་ཡིན་ན་དེ་འདྲ་གནས་ཚུལ་རིགས་ཕལ་ཆེར་ཡོང་མ་སྲིད་པ་ཞིག་རེད།

    Reply
  7. གངས says:
    ལོ་ 14 སྔོན།

    ་སྤྱི་འཐུས་ནས་༸རྒྱལ་བ་ཀརྨ་པ་ཐད་ཀར་འབྲེལ་བ་མེད་ཟེར་བ་དང་ང་ཚོ་གདོང་སེམས་མཉམ་དུ་བསྐྱེད་སོང་བ་ཡིན་ཟེར་སོགས་སྐད་ཆ་བདེ་བོ་འདྲ་མི་འདུག
    གང་ལྟར་ཁོངས་མེད་ཀྱི་སྐད་ཆ་དེ་དག་གསལ་ཁ་བཟོ་རྒྱུ་གལ་ཆེན་པོ་རེད།

    Reply
  8. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    སྒོར་འབུམ་བརྒྱ་ཕྲག་ཁ་ཤས་ཤོར་ནས་ཀརྨ་པ་མཆོག་ལ་དཀའ་ངལ་ཡོང་མི་སྲིད་ཀྱང་།
    ད་ལྟའི་གནས་ཚུལ་འདིས་རྒྱ་གར་གཞུང་ནས་ཀརྨ་པ་ལ་བཟུང་བའི་ལྟ་སྟངས་ལ་དོ་ཕོག་གཏོང་ན་། ཀརྨ་པ་ལ་དཀའ་ངལ་ཞིག་ཡོང་བའི་ཉེན་ཁ་འདུག།།

    Reply
  9. དུག་མདའ། says:
    ལོ་ 14 སྔོན།

    ཨ་ཕའི་རོ། ཁྱོད་ཚོ་རྒྱལ་དབང་ཀརྨ་པ་རྐུན་མ་ཡིན་མིན་བརྟག་ཏུ་སོང་བ་ཡིན་ནམ། ང་ཚོ་ལ་དགོས་པ་ནི་རྒྱལ་སྤྱི་ལ་ཁྲིམས་གཏུགས་བྱས་པའི་མཇུག་འབྲས་ཡིན་མ་གཏོགས་ཁོང་དག་མ་དག་གི་སྐད་ཆ་ནམ་ཡང་འདྲི་གི་མེད་ལ་དེ་འདྲའི་སྐད་ཆ་ཡང་བོད་མི་དམངས་ལ་གཏན་དུ་མ་བཤད་རོགས།

    Reply
  10. ལས་འབྲས says:
    ལོ་ 14 སྔོན།

    བོད་པ་ཚོ་ཀླད་པ་བད་སྤྱོད་བྱེད་རོགས་རྒྱ་གར་ནག་གཉིས་ཀྱིས་བྱེད་སྟང་ལ་སྟོས་དང་་་་་

    Reply
  11. ཁྲ་གླག་སྤྱང་གསུམ། says:
    ལོ་ 14 སྔོན།

    སྤྱི་འཐུས་རྒྱུན་ལས་ཀྱི་གསལ་བསྒྲགས་དེ་དེ་ཙམ་རྣ་བར་འགྲོ་པོ་ཞིག་མ་བྱུང༌། ཀརྨ་པ་ལ་གདུང་སེམས་མཉམ་སྐྱེད་ཞུ་ཆེད་བཅར་བ་ཡིན་ཟེར། ཀརྨ་པ་ཐུགས་སེམས་སྐྱོ་ནས་གཤུམས་སྡོད་ཀྱི་ཡོད་པའི་བཟོ་འདྲ་པོ། ཡང་ན་ཁོང་གི་ཡབ་ཡུམ་འདྲ་པོ་གྲོངས་ཡོད་ན་གདུང་སེམས་མཉམ་སྐྱེད་ཡོད་ཟེར་ན་འདྲ་པོ་རེད། དེ་མིན་གདུང་སེམས་མཉམ་སྐྱེད་ཟེར་ན་ག་རེ་ཟེར་བ་རེད། སྒོར་འབུམ་བརྒྱ་ཉིས་བརྒྱས་ཀརྨ་པའི་བླ་བྲང་གི་བ་སྤུ་རྐང་གཅིག་གཡོ་ཐུབ་ཀྱི་མ་རེད། དེ་ལས་ལྡོག་སྟེ་ཁོང་ལ་སྦྱིན་བདག་ཚོས་དངུལ་དེ་ལས་མང་བ་ཕུལ་ཡོང་གི་རེད།

    མ་བྱུང་བ་དེ་ཕྱག་མཛོད་དེ་ཚོས་མ་བྱུང་བ་རེད། དངུལ་རྒྱ་གར་ལ་ག་རེ་བྱས་ནས་ཁུར་བཅུག་པ་རེད། ཁོང་ཚོས་ཕྱི་ནང་ཁ་མཐུན་བྱས་པ་གསལ་པོ་རེད། བོད་པའི་བླ་བྲང་དང་དགོན་པ་ཚོས་དྷི་ལི་ནས་དངུལ་འབུམ་ལྔ་བརྒྱ་དྲུག་བརྒྱ་སྒྱེ་མོ་ནང་བླུགས་ཏེ། རི་ལི་ཅག་ལོག་ནང་དགོན་པའི་བར་ཁུར་འགྲོ་བ་མང་པོ་མཐོང་མྱོང་ཡོད། བོད་པ་ཞིག་ལ་ཁུར་བཅུག་ཡོད་ན་རྙོག་དྲ་དེ་བྱུང་ཡོད་མ་རེད།

    དངུལ་དམར་ཉར་བ་དེ་ཁྲིམས་འགལ་རེད་ཟེར། དངུལ་ཕུལ་བ་དང་དངུལ་ཁང་ནང་འཇོག་པ་དུས་མཉམ་ག་འདྲ་ཡོང་གི་རེད། མི་ཞིག་གིས་དངུལ་དམར་འབུམ་བརྒྱ་ཕུལ་བྱུང་ན། དང་པོ་རྩིས་ལེན། དེ་རྗེས་གཞི་ནས་དངུལ་ཁང་ནང་བཅོལ་བར་འགྲོ་དགོས་པ་མ་རེད་དམ། དངུལ་ཁང་དུ་འགྲོ་བའི་ལམ་བར་ནས་དངུལ་དམར་ཁུར་འདུག་ཅེས་བཅོམ་ན་ཁྲིམས་དང་མཐུན་གྱི་ཨི་ཡོད།

    འོན་ཀྱང་དེ་ཚོ་གནས་ཚུལ་ཆུང་ཆུང་རེད། དོན་ངོ་མ་དེ་རྒྱ་གར་ཉེན་རྟོག་པ་དེ་ཚོ་དང༌། གསར་འགོད་པ་དེ་ཚོ་ཁྲིམས་ལ་སྦྱར་དགོས་པ་རེད། ད་རེས་ཏག་ཏག་ཅིག་བཟོ་མ་ཐུབ་ན། སྒོ་ང་རྐུ་དུས་ཏག་ཏག་མ་བཟོས་ན། །སྒོ་ང་བརྐུས་པའི་རྗེས་ལ་བྱ་མོ་བརྐུ། །ཞེས་ཁ་ཆེ་ཕ་ལུས་བསླབ་བྱ་བརྒྱབ་ཡོད་རེད། རྒྱ་གར་བ་ཚོས་དེ་འདྲ་རྟག་པར་བྱས་བསྡད་པ་ཡིན་ན། མཐར་བོད་པ་རྣམས་རྒྱ་གར་ནང་སྡོད་འདོད་ཀྱི་བསམ་བློ་ལ་སྐྱོན་ཆེན་པོ་བརྒྱབ་ཀྱི་རེད། བོད་པ་ཚོ་རྒྱ་གར་ནང་སེམས་མ་ཆགས་ན་ལས་དོན་ཚང་མ་འཐུས་ཤོར་འགྲོ་གི་རེད། དེ་ནི་བོད་ཀྱི་རྩ་དོན་ལ་དུག་དང་མཚུངས་པའི་གནོད་སྐྱོན་ཆེ་ཤོས་དེ་རེད། རྒྱ་ནག་གཞུང་གིས་ཀྱང་དེ་རྩིས་བརྒྱབ་ཡོད་ཤེས་ཆེ།

    Reply
  12. འཁྱམས་པོ། says:
    ལོ་ 14 སྔོན།

    དེ་ནི་དེ་འདྲའི་དོགས་པ་དང་གླེང་སློངས་དེ་འདྲ་བྱེད་དགོས་ས་ཞིག་མ་རེད། སྤྱིར་རྒྱ་གར་པ་དེ་ཚོ་ད་སྐབས་བོད་པའི་སྒོར་མོ་སྟེ་བོད་པ་ཚོར་ཕྱི་རོལ་ནས་ཞལ་འདེབས་འགའ་རེ་རེག་པ་དེར་མིག་ཞེ་དྲག་ཚ་གི་ཡོད་པ་དེ་རེད། རྐརྨ་པས་ས་གནས་གཉེན་རྟོགས་པར་པྰག་ཤེའུ་མ་སྤྲད་པས་ཡིན་རྒྱུ་རེད།
    ཕྱོཊ་གཞན་ཞིག་ནས་བཤད་ན་རྒྱ་གར་ནི་ང་ཚོ་བོད་ལ་ཆེས་བཀའ་དྲིན་ཆེན་པོ་རེད་དེ་ནི་ནམ་ཡང་བརྗེད་མི་སྲིད་པ་ཞིག་རེད། ཡིན་ནའང་རྒྱ་གར་པ་འགའ་རེ་བོད་པའི་སྟེང་ལ་མིག་ཧ་ཅང་ཚ་གི་ཡོད་པ་རེད། ཡང་གཅིག་བཤད་དེ་ཁོང་ཚོས་ཆབ་སྲིད་ལའང་བེད་བྱེད་མི་སྲིད་པའང་མིན།

    Reply
  13. རྩེ། ཆུ་མིག says:
    ལོ་ 14 སྔོན།

    འདིའི་ཐད་ཁོང་གིས་རོགས་སྐྱོར་གནང་བཞིན་པའི་སློབ་གྲྭ་ཁག་གིས་ད་དུང་འདི་ལ་རྒྱབ་སྐྱོར་ཆེ་ཙམ་བྱེད་ཐུབ་པར་སེམས།

    Reply
  14. རིན་ཆེན་རིལ་བུ། says:
    ལོ་ 14 སྔོན།

    དཔལ་རྒྱལ་བ་ཀརྨ་བ་མཆོག་ལ་བརྩི་བཀུར་དང་བཅས་
    ཞུ་བྱ། སྤྱིར་རིང་ནས་བསོད་ནམས་ཀྱི་ཚོགས་ཆེན་
    བསགས་པའི་འབྲས་བུ་དུས་སུ་སྨིན་པ་ལ་རྩོལ་མེད་
    ཤུགས་འབྱུང་ཡིན་པ་བསྙོན་དུ་མེད་ན་ཡང་།བོད་ཀྱི་བླ་ཆེན་ཚོའི་ཆོས་ཚོགས་ཚོགས་ཐེངས་རེ་ལའང་དེ་ལྟ་བའི་
    དངུལ་འབོར་ཆེན་པོ་ཡོང་བཞིན་ཡོད་པ་རེད།དེ་བོད་
    མི་ཡུལ་གྱར་བ་གཉོམ་ཆུང་། སྐྱོ་བོ།ནད་པ།སློབ་མ།རྒན་
    གོག་སོགས་ལ་བརྩེ་བ་དང་སྙིང་རྗེའི་ངང་།རོགས་སྐྱོར་དང་སྦྱིན་པ་བྱས་ནའང་ཆོས་དོན་དག་ཆེན་པོ་
    བྱུང་དུས་བོད་མི་ཚོའི་གདུང་སེམས་མཉམ་བསྐྱེད་བྱེད་
    དགོས་མོད།བོད་ཀྱི་བླ་ཆེན་ཚོས་ཀྱང་མི་མང་གི་དཀའ་ངལ་ལའང་སྤྱན་ཟུར་རེ་གཟིགས་ལོབ་བྱས་ན་ཡག་པ་
    འདྲ །

    Reply
  15. ལྷ་ཐོག་ཁྲོ་ཆུ། says:
    ལོ་ 14 སྔོན།

    ༧དཔལ་རྒྱལདབང་ཀརྨ་པ་ལ་མངོན་སུམ་འཛེམ་མེད་དུ་སྐྱོན་འཛུག་འདི་འདྲ་བྱས་པར་དག་སེལ་བྱེད་དགོས་ལ་བློ་གཟུ་བོར་གནས་པ་རྣམས་ཀྱིས་མཛད་པའི་ཡིད་ཆེས་ཀྱང་ཡོད་།འོན་ཀྱང་ཁེང་དྲིག་ཅན་གྱི་ཕྱག་མཛོད་བླུན་པོ་དེ་དག་གིས་རང་གི་བྱས་ཉེས་ཐམས་ཅད་ཀྱི་ལག་རྒྱབ་༧རྒྱལདབང་མཆོག་ལ་ཕྱི་སྲིད་པས་།ཅི་འདྲའི་སྐྱོ་ཨང་།དུས་འདིར་འཇུ་མི་ཕམ་པས་བཀའ་བརྒྱུད་པའི་བསྟན་པ་དེ་རྨོངས་པས་འཇིག་པར་གསུངས་དེ་ཐོལ་གྱིས་དྲན་ཡོང་ངོ་།།

    Reply
  16. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    རིན་པོ་ཆེ་མཆོག་གི་ད་རེས་ཀྱི་དོན་རྐྱེན་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་གདུང་སེམས་མཉམ་བསྐྱེད་གནང་འོས་གནང་བར་ཡིད་རངས་ཞུ་རྒྱུ་མ་ཟད་དེ་ཙམ་གྱིས་མི་ཆོག་པར་རྒྱ་གར་གྱི་གསར་ལམ་ཁང་གཉིས་པོ་དེ་དུས་ཐོག་ཁྲིམས་སར་སྐྱེལ་ཐབས་བྱོས་དེ་མིན་གནས་ཚུལ་དེ་རིགས་རྒྱན་ཆད་མེད་པར་ཡོང་ངེས་རེད་ལ། ངེད་བོད་མིར་དོན་མེད་ཀྱི་མིང་ཆད་མང་པོ་རག་ངེས་རེད། གསར་ལམ་མི་འདྲ་བ་གཉིས་པོ་དེས་དོན་དུ་བོད་པ་ཚོར་བརྙས་བཅོས་དང་ཐུབ་ཚོད་བྱས་པ་ཞིག་ཡིན་གསལ་གསལ་ཐིང་ཐིང་རེད། དེའི་ཕྱིར་ངེས་པར་དུ་བརྡ་ལན་ཞིག་མ་བྱས་ན་སྤྱི་འཐུས་ཀྱི་གདུང་སེམས་མཉམ་བསྐྱེད་དེ་ཡང་ཁ་སྟོང་པའི་ལྕེ་ལེ་གཡུག་ཙམ་རེད། མ་རེད་པས། བསམ་ཚུལ་ཡིན།

    Reply
  17. རྒྱ་སྟག་དཀར་པོ says:
    ལོ་ 14 སྔོན།

    ཐེངས་འདིའི་འབྱུང་རྐྱེན་ངན་པ་འདི་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་དབང་ཀརྨ་པ་ཉིད་དག་གསལ་དཀར་འདོན་བྱེད་པའི་ཐབས་ཤེས་ཡང་ཡང་མཛད་པའི་ཐད་ལ་ཡི་རངས་དང་བསྔགས་བརྗོད་ཡོད། རྗེས་སོར་གྱི་དུས་ཚོད་ནང་བྱ་བ་གང་ཞིག་བྱས་ཀྱང་བྱ་ལས་དེ་དག་གི་བསྐོར་ལ་འུ་ཅག་ཚང་མས་དོག་ཟོན་དང་ལྷོད་གཡེང་མི་བྱེད་པའི་རེ་བ་དང་རྨོང་ཞེན་ཁོ་ནས་མཐའ་བསྐྱལ་ནས་མི་ཚེ་མི་རྫོགས་པའི་འབོད་བསྐུལ་ཡང་ཞུ།།

    Reply
  18. གཟི་མིག་༣པ says:
    ལོ་ 14 སྔོན།

    བོད་མི་དམངས་སྤྱི་འཐུས་ངོས་ནས་དྲང་བདེན་ལ་བདེན་དཔངས་དང་ཉམས་ཐག་ལ་་རྒྱབ་བསྐྱོར་གྱི་བསལ་བསྒྲགས་གནང་བར་བོད་མི་དམངས་དེ་ཡི་བརྒྱབ་ཏུ་ཡོད་པ་མཚོན་་འོན་ཀྱང་བསལ་བསྒྲགས་བྱས་པ་ཙམ་གྱི་མི་བསྒྲིགས་་་་རྒྱ་གར་གསར་འགོད་པས་དཔལ་ཀརྨ་པ་ལ་གནས་ཚུལ་ཞིབ་བསལ་ཧ་མི་གོ་བར་གང་བྱུང་བསལ་བཤད་བྱེད་བཞིན་པ་དང་བྱས་པ་ལ་བརྡ་ཞིག་གནང་ན་ལེགས་པ་ཡོང་ས་རེད་་་Z NEWS ,AJETAK,STAR NEWS

    Reply
  19. གངས་རྒོད says:
    ལོ་ 14 སྔོན།

    བོད་མི་མང་སྤྱི་འཐས་ལྷན་ཚོགས་ནས་དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེར་གདུང་སེམས་མཉམ་སྐྱེ་གནང་བར་འཚམས་དྲུ་ཞུ་བ་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་ནས་གསར་འགོད་གསལ་བསྒྲགས་བསྐྱངས་སྐབས་རྒྱ་གར་གྱི་གསར་འགོད་པ་སྐད་མ་བཏང་བ་གང་ཡིན་ནམ་་་་་སྦྲུལ་གྱི་དཀྲི་འཁོར་སྦྲུལ་ཁོ་རང་གཤིགས་སུ་འཇུག་དགོས་་་་་་གནོད་ས་ལྷོ་གླུང་བྱང་བའི་དཔེ་ལྟར་རེད།།་་་་བོད་པའི་གསར་འགོད་པ་ཚོས་གནས་ཚུལ་ཚང་མ་ཤེས་ཀྱི་རེད་ལ་་་་་གང་ཡོང་གང་གཟབ་བྱས་ཏེ་བྲིས་ཀྱི་རེད་་་་་ཡིན་ནའང་ཁོ་ཚོས་བྲིས་པའི་གསར་འགྱུར་གྱི་ཁྱབ་ཚད་དངྲ་རྒྱ་གར་གསར་ཤོག་ནང་འདོན་པའི་གསར་འགྱུར་གཅིག་མཚུངས་ཡིནའང་ཁྱབ་ཚད་མི་འདྲ་་་་་གང་ལྟར་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་སྐུ་སྒེར་ལ་ཐུགས་བསུན་མེད་པའི་རྒྱབ་སྐྱིར་གནང་རྒྱུ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ལས་འགན་རེད་།།།།།།།ཕྱག་མཛོད་ཚོ་གང་འདྲ་་་་་་་་དངོས་གནས་བྱས་ན་ཀརྨ་པས་ཐད་ཀར་ལོ་རེ་ལོ་རེ་ཕྱག་མཛོད་བརྗེ་ལེན་བྱས་པ་ཡག་པོ་ཡོང་ས་རེད་་་ཁོང་ཚོ་བླ་མ་ལས་ཀྱང་སྤོབ་སེམས་ཆེ་བ་འདུག་་་་་་་་་

    Reply
  20. རྡོ་རྗེ། says:
    ལོ་ 14 སྔོན།

    གནས་ཚུལ་མཛའ་དྲག་པོ་འདི་འདྲ་ལ་ཐུག་དུས་ཚང་མས་རོག་སྐྱོར་གནང་བར་ཐུགས་རྗེ་ཆེ། གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་བ་ནི་བདེན་དོན་ཞིག་རྩ་བ་ནས་མིན། ཁོང་ཚོས་རྒྱུན་དུ་ཚོང་གི་ཆེད་དུ་འུར་རྒྱབ་གང་ཐུབ་བྱེད་པ་ནི་རྒྱན་ལྡན་ཞིག་རེད། ངས་པར་དུ་ཁ་གསལ་བཟོ་རྒྱུར་འབད་བྱེད་དགོས།

    Reply
  21. སྤགས་ཤར། says:
    ལོ་ 14 སྔོན།

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རོགས་མགོན་གནང་བ་རྗེས་ས་ཡིདརང་ཡོད།་དཔལ་སྐར་མ་རིན་པོ་ཆེ་ཁྲིམས་འགལ་བྱ་མཁན་ཞིག་ག་ལ་ཡིན།་ ཁོང་ནི་རྒྱ་གར་གྱི་ཆོས་པ་ཚད་དང་མ་ལྡན་པ་དེ་ཚོ་དང་བསྡུར་ནས་སྐད་ཆ་གང་བྱུང་བཤད་པ་ནི་བཤད་མཁན་རང་ཉིད་ཁྲིམས་འགལ་ཡིན། Z news དེ་གཟིགས་དང་དགོས་པའི་བོད་དོན་ཆེད་དུ་ལས་འགུལ་སྤེལ་བ་དེ་ཚོ་སྐར་ཆ་ཁ་ཤས་ཤིག་ཡང་མ་བསྟན་པར་མི་དགོས་དཔལ་རྒྱལ་བ་སྐར་མ་རིན་པོ་ཆེ་དང་བོད་མིའི་ཚོགས་སྡེ་མང་པོ་ཞིག་ནག་བཟོ་རྩིས་ཀྱི་གཞི་མེད་གཏམ་འཆལ་དེ་ཚོ་ལ་བལྟས་ན་རྒྱ་མིའི་ཉུལ་མ་ནི་ཁོ་རང་ཚོ་ལས་མ་འདས་སོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese