མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་འབྲེལ་མོལ་ངོ་སྤྲོད།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་གཞུང་བཀའ་ཤག་གི་ཚོགས་ཁང་དུ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས། ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་གསུམ་ལ། ཕྱི་ལོ་ ༡༩༧༩ ལོ་ནས་བོད་རྒྱའི་འབྲེལ་མོལ་གྱི་སྤྱིའི་གནས་བབ་དང་། རྒྱ་ནག་གི་སྲིད་འཛིན་ཏིན་ཞོ་ཕིན་གྱིས་བོད་རང་བཙན་ལས་གཞན་པའི་གནས་ཚུལ་ཚང་མ་གྲོས་མོལ་གྱི་ལམ་ནས་ཞི་འགྲིག་ཐུབ་པའི་གྲོས་མགོ་བཏོན་པ་ནས་ད་ལྟའི་བར་གྱི་འབྲེལ་མོལ་གྱི་བརྒྱུད་རིམ་ངོ་སྤྲོད་གནང་ཡོད་འདུག

འདིའི་ཐད་དེ་རིང་འདི་གའི་གསར་འགོད་པས་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་སུ་ཞིབ་ཕྲའི་གནས་ཚུལ་བཅར་འདྲི་ཞུས་པར། ཁོང་གིས། ཁ་སང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་སྐབས་གསུམ་པའི་བཀའ་ཁྲིའི་འོས་མི་གསུམ་ལ་བོད་རྒྱ་ཞི་མོལ་གྱི་གནས་བབ་འགྲེལ་བཤད་གནང་བ་རེད། དེ་ཡང་གཙོ་བོ་ ༡༩༧༩ ལོར་རྒྱ་ནག་གི་སྲིད་འཛིན་ཏིན་ཞོ་ཕིན་གྱིས་སྐུའི་གཅེན་པོ་རྒྱ་ལོ་དོན་འགྲུབ་མཆོག་དང་འབྲེལ་བ་གནང་སྟེ། བོད་རང་བཙན་མ་ཡིན་པའི་གནད་དོན་གཞན་ཚང་མ་འབྲེལ་མོལ་གྱི་ལམ་ནས་སེལ་ཆོག་པའི་བཀའ་གནང་བ་ནས་ ༢༠༡༠ ལོའི་ཕྱི་ཟླ་ ༡ པོའི་བར་སྐུ་ཚབ་ཐེངས་དགུ་ཕེབས་པའི་གནས་ཚུལ་གྱི་བྱུང་རིམ་དང་། བོད་རྒྱ་འབྲེལ་མོལ་སྐབས་ཚུར་ཕྱོགས་ལ་གནང་བའི་ཤོག་ངོས་ ༦༢༣ ཅན་གྱི་བཀའ་མོལ་སྐོར་དང་། རྒྱ་མིར་ཕར་སྤྲད་པའི་ཤོག་ངོས་ ༢༠༠ ཅན་གྱི་ནང་དོན་སོགས་ངོ་སྤྲོད་གནང་བ་རེད།

ཅེས་དང་།  ཡང་ཁོང་གིས། ལས་རིམ་འདིའི་དམིགས་ཡུལ་གཙོ་བོ། ད་ལྟའི་ཆར་འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་གང་ཡིན་ཡང་སྲིད་འཛིན་དང་སྲིད་བློན་གྱི་འོས་མི་རྣམས་ལ་ཡར་སྔོན་ནས་རྒྱལ་ཁབ་རང་གི་ཆབ་སྲིད་ཀྱི་འགྲོ་སྟངས་དང་ལངས་ཕྱོགས་སོགས་འགྲེལ་བཤད་བྱ་རྒྱུ་དེ་འགྲོ་སྟངས་ཤིག་ཆགས་ཡོད་པ་ལྟར། བོད་གཞུང་གི་ངོས་ནས་ཀྱང་མ་འོངས་པའི་བཀའ་ཁྲིའི་འོས་མི་དག་ལ་ད་ལྟའི་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་སྲིད་བྱུས་དང་རྒྱབ་ལྗོངས་ཀྱི་གནས་ཚུལ། བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་དང་ད་ལྟའི་གནས་བབ་དང་མ་འོངས་ལས་དོན་བྱེད་ཕྱོགས་སོགས་ལ་དམིགས་ཏེ། ཐེངས་འདིར་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་གཙོས། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལས་བྱེད་འཇིགས་མེད་པ་སངས་ལགས་དང་སྐལ་བཟང་ཚུལ་ཁྲིམས་ལགས་བཅས་རྣམ་པ་གསུམ་གྱིས་ཆུ་ཚོད་ ༣ གྱི་རིང་བཀའ་ཁྲིའི་འོས་མི་གསུམ་ལ་འགྲེལ་བཤད་གནང་བ་རེད་ལ། ལས་རིམ་འདི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་བཀའ་ཁྲི་མཆོག་ལ་གོ་བསྡུར་དང་༧གོང་ས་མཆོག་ལ་སྙན་སེང་དང་བཀའ་འཁྲོལ་གནང་སྟེ་གོ་སྒྲིག་གནང་བ་ཞིག་ཆགས་ཡོད་པ་རེད། ཅེས་གསུངས་བྱུང་།

གསར་འགོད། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༤ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༩ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 5

  1. གངས་རྒོད says:
    ལོ་ 15 སྔོན།

    ཡང་བསྐྱར་གསལ་བཤད་བྱ་དགོས་པ་ཞིག་ལ་་་་་ཁྱེད་ནས་གསལ་འགོད་གསལ་བསྒྲགས་གནང་སྐབས་རྣ་བ་གསལ་པོ་ཉན་ཡོད་བཟོ་མིན་འདུག་་་་་་་་དཔེར་ན་ཁྱེད་ནས་བྲིས་པའི་གསར་འགྱུར་ནང་་་་(((((བོད་རྒྱ་འབྲེལ་མོལ་སྐབས་ཚུར་ཕྱོགས་ལ་གནང་བའི་ཤོག་ངོས་ ༦༢༣ ཅན་གྱི་བཀའ་མོལ་སྐོར་དང་། རྒྱ་མིར་ཕར་སྤྲད་པའི་ཤོག་ངོས་ ༢༠༠ ཅན་གྱི་ནང་དོན་སོགས་ངོ་སྤྲོད་གནང་བ་རེད།)))))་ཅེས་འཁོད་འདུག་་་་་་དེ་འདྲ་རྩ་བ་ནས་མ་རེད་་་་་བོད་རྒྱ་ཞི་མོལ་ཐེངས་དགུ་ཙམ་བྱས་ཏེ་ཕན་ཚུན་གོ་བསྡུར་བྱས་པའི་ཚིག་ཐོ་ཤོག་གྲངས་་༦༢༣་བཤད་པ་མ་གཏོགས་་་་་ཕར་ཕྱོགས་དང་ཚུར་ཕྱོགས་ཀྱི་སྐད་ཆ་གང་ཡང་མེད་་་་་་
    མ་གཞི་ངས་འདིའི་སྐོར་ལ་བདུན་ཕྲག་སྔོན་མ་རྒྱས་བཤད་བྱས་ཡོད་ཀྱང་མཆན་ལ་ཞིབ་བཤེར་བྱས་རྗེས་བརྗོད་གཞི་དང་མཐུན་མེད་པ་འདྲ་་་་་་་་་་??????རྒྱས་གཟིགས་གནང་ཚེ་བོད་གཞུང་དྲ་གྱའི་ཐོག་ཕེབས་་་་་་www. Tibet.net

    Reply
  2. གངས་རྒོད says:
    ལོ་ 15 སྔོན།

    གུས་བཀུར་འོས་པའི་དུས་འབབ་ཀྱི་གསར་འགོད་པ་དོན་དོ་ལགས།།།།།།།།།་་གསར་འགྱུར་བྲིས་སྐབས་ཚོགས་རྭ་གཅིག་གི་ནང་དུ་ལྷན་འཛོམས་བྱུང་བའི་གསར་འགོད་པ་སོ་སོའི་ཡི་གེའི་བྲི་རྩལ་དབང་གིས་གསར་འགྱུར་རྒྱས་འབྲིང་མཐའ་གསུམ་བྱུང་སྲིད་ཀྱང་་་་་་་གང་ཟག་གཅིག་གི་བཏགས་མིང་ལ་རྒྱས་འབྲིང་མཐའ་གསུམ་བྱུང་ཨེ་སྲིད་་་་་་དཔེར་ན་་་་་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ལས་བྱེད་པ་་་་་སྐལ་བཟང་ཚེ་རིང་ལགས་སུ་་་་་་ཁྱེད་ནས་སྐལ་བཟང་ཚུལ་ཁྲིམས་་་་་་བྲིས་ན་ཨེ་འགྲིགས་་་་་་་་་་་་གསར་འགྱུར་འཚོལ་ཞིབ་བྱེད་སྐབས་སྔོན་ལ་ཤེས་དགོས་པ་ནི་ས་གནས་དང་་་་གྲོས་གཞི་་་་་་གང་ཟག་སུ་ཡིན་མིན་བཅས་ནི་གསར་འགྱུར་ནང་མེད་དུ་མི་རུང་བའི་ཆ་ཤས་ཤིག་མིན་ནམ་སྙམ་་་་་

    Reply
  3. ནད་པ says:
    ལོ་ 15 སྔོན།

    བོད་རྒྱ་འའབྲེལ་མོལ་ལམ་གྲོས་མོལ་ཟེར་བ་དེ་སྔ་ས་ནས་ཐ་ན་ཉམས་ཆུང་མི་དམངས་ཤེས་དམན་ཚོས་ཀྱང་ངོ་འཕྲོད་གསལ་པོ་བྱུང་ཡོད་ཚོད་ཡིན།

    ཁོང་ཚོར་ངོ་སྤྲོད་བྱེད་དགོས་པ་དེ་རྒྱལ་པོ་སྲོང་བཙན་སྒམ་པོའི་རྩ་ཆེའི་ཆབ་སྲིད་ཀྱི་རང་བཞིན་དང་། ཐབས་ཇུས་ཀྱི་རང་བཞིན། མི་རིགས་ཀྱི་ལ་རྒྱ། མི་འབོར་གྱི་མང་ཉུང་། མི་དམངས་ཀྱི་འཚོ་བ། མི་དམངས་ཀྱི་གོ་རྟོགས། དམག་དོན་གྱི་སྟོབས་ཤུགས། དཔལ་འབྱོར་གྱི་གནས་སྟངས། རིག་གཞུང་ནང་འདྲེན། དགྲ་འདུལ་གཉེན་སྐྱོང་། གཅིག་གྱུར་ཁྲིམས་སྲོལ། དཔའ་མཛངས་རྟུལ་ཕོད། སྙིང་སྟོབས་དར་སྤེལ་སོགས་ཀྱི་ཆེས་གལ་གནད་ཆེ་བའི་གནད་དོན་འདི་དག་ངོ་སྤྲོད་ཡག་པོ་གཅིག་བྱེད་དགོས།

    གང་ཡིན་ཟེར་ན་ཁོང་ཚོ་གསུམ་གྱིས་ད་ཆ་དམག་ཁས་ལེན་བྱས་ཏེ་མདུང་སྐེད་པར་གཟེར་གྱི་ཡིན་ཞེས་བོད་རྒྱ་ཆེའི་མི་དམངས་ཀྱི་མདུན་སར་ཁས་ལེན་བྱེད་ཀྱིན་ཡོད་སྟབས། ཁོང་ཚོས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ལས་དབང་ཁ་ལོར་བསྒྱུར་བསམས་ན་གོང་བཤད་གནད་དོན་འདི་ཚོར་བསམ་བློ་མ་གཏོང་ཀ་མེད་ཡིན།

    གནད་དོན་འདི་དག་ལ་དབྱེ་ཞིབ་ཡང་དག་གཅིག་བྱས་ཏེ་ལག་བསྟར་དོན་འཁྱོལ་རྒྱུན་འཁྱོངས་ཡག་པོ་གཅིག་བྱེད་མ་བྱུང་ཚེ་ད་གཟོད་དགའ་ལྡན་ཕོ་བྲང་གི་སྲིད་སྟེགས་སུ་མགོན་པོ་ཕྱག་དྲུག་ཡིན་ཟེར་མཁན་སུ་ཞིག་སླེབས་ཀྱང་དོན་དངོས་ཐོག་མཚན་མོ་མལ་གྱི་རྨི་ལམ་ཙམ་ལས་གྲུབ་འབྲས་གཞན་ཅི་ཡང་སྨིན་མི་སྲིད།

    དེས་ལས་ཐབས་སྡུག་ས་ནས་བཤད་ན་ཐ་མ་དེར་རང་སྲིད་དགྲ་ལ་ལོག་པར་འགྲོ་བའི་ཉེན་ཁ་ཡང་མེད་པ་མིན།

    Reply
  4. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ངོ་སྤྲོད་བྱས་ཏེ་སྲིད་བྱུས་བརྒྱུད་སྤྲོད་བྱེད་པའི་དམངས་གཙོའི་ལམ་སྲོལ་དག་ལ་ཁ་མིག་ཡར་ལྟ་བྱེད་བཞིན་པ་དེ་ནི་ཡག་པོ་རེད། དེར་མ་གཏོགས་བོད་རྒྱ་ཞི་མོལ་མ་གཞི་ཀླད་གོར་ཅིག་རེད། དམིགས་བསལ་གྱི་དགེ་བ་ཆེན་པོ་ཞིག་ཡོད་མི་སྲིད། ཏིན་ཞོ་ཕེན་ཤི་ནས་ལོ་མང་འདས་ཟིན་པ་རེད། སྐད་ཆ་དེའི་རིན་ཐང་ཡང་ཏིན་གྱི་རུས་ཐལ་དང་ལྷན་དུ་རླུང་དང་ཆུས་ཁུར་ཚར་བ་རེད། གུང་བྲན་ཏང་ནི་སྐད་ཆ་ཚིག་འགའ་དང་ཡི་གེ་ཤོག་ལྷེ་འགའ་རྩིས་མེད་དུ་གཏོང་རྒྱུར་ངོ་གནོངས་མཁན་ཞིག་རྩ་བ་ཉིད་ནས་མ་རེད། མའོ་ཙེ་ཏུང་ཤི་རྗེས་ཁོའི་གཏམ་བཏུས་དཔེ་དེབ་ཆ་ཚང་ལ་བསྒྱུར་བཅོས་བཏང་བ་རེད། ཀྲུའུ་ཝེ་ཆོན་གྱིས་ཏིན་ཞོ་ཕེན་གྱི་སྐད་དེ་སྔར་ནས་རྩིས་མེད་བཟོས་སོང་ང་། ད་ཡང་བསྐྱར་ཤི་ཟིན་པའི་སྐད་ཆ་ཞིག་བསྐྱར་དུ་གླེང་ནས་ཧ་ལམ་ཅང་ཡོང་རྒྱུ་ཡོད་ནི་མ་རེད། གུང་བྲན་ཏང་རྩད་རྫོགས་མ་བྱས་བར་དུ་དུས་ནམ་ཡང་གུང་བྲན་ཏང་ཡིན་ནི་རེད། དེ་རིང་བཤད་པ་སང་ཉིན་འགྱུར་གི་རེད། སྔོན་མ་གུང་བྲན་ཏང་ཐོག་མར་རྒྱ་ནག་འདྲེ་ལངས་རྒྱག་སྐབས་རྒྱལ་ཕྲན་མཉམ་འབྲེལ་འཛུགས་རྒྱུ་ཡིན་ཅེས་ཀྱང་བརྗོད་མྱོང་ཡོད་པ་རེད་དཱ།

    Reply
  5. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    བོད་རྒྱ་གཉིས་ནི་ཞི་གྲོས་ཀྱིས་སྒོ་ནས་ཕན་ཚུན་དཀའ་རྙོགས་སེལ་ཐབས་བྱེད་པ་ནི་བོད་རྒྱ་ཡོངས་ཀྱི་ཐད་ནས་བྱེད་འོས་པ་ཞིག་དང། ངེས་པར་དུ་བྱེད་དགོས་པ་ཞིག་ཡིན་ཀྱང་། འཀའ་རྙོགས་འདི་སེལ་བར་བྱེད་པ་ལ་བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་བ་ཡིད་བཞིན་ནོར་བུ་ཞལ་བཞུགས་པའི་སྐབས་འདིར་ཕན་ཚུན་འཆམས་མཐུན་གྱི་སྣེ་ཁྲིད་འོག ཕན་ཚུན་གཉིས་ཐད་ནས་སྣང་བ་དགྲར་མི་སྡང་བར་བློ་གཟུ་བོར་གནས་པའི་ངང་ནས་གཞིས་བྱེས་མཉམ་འཛོམས་ཀྱི་གོ་སྐབས་དེ་སྤྲོད་དང་མི་སྤྲོད་རྒྱ་ནག་གི་ལག་པ་ཉག་གཅིག་ལས་གཞན་དུ་མང་མང་བཤད་བཤད་གང་བྱས་ཀྱང་དོན་གྱི་གྲུབ་འབྲས་ཞིག་ཡོང་ཁག་པས་རྒྱ་ནག་གི་ངོས་ནས་བསམ་བློ་ཞིབ་མོ་ཞིག་བཏང་རྒྱུ་མེད་པ་གང་ཡིན་ནམ། ད་ལྟ་ཁོ་ཚོས་མེས་རྒྱལ་ཞེས་བསྟོད་བསྔགས་ཞིབ་པོ་ཞིག་བཏང་བ་དེ་དོན་ལ་རྩ་བ་ནས་གནས་མེད་༸གོང་ས་མཆོག་གཙོས་པའི་གངས་ཅན་བོད་ཀྱི་རྒྱལ་ཁབ་ཆེན་པོའི་འཛམ་གླིང་ན་སྙན་གྲགས་ཅན་གྱི་སྐྱེས་ཅན་དམ་པ་རྣམས་དང་ཤེས་ཡོན་ཅན་གྱི་གསར་སྐྱེས་ཀྱི་བོད་རིགས་ཡོད་དོ་ཅོག་ཀུན་རང་ཡུལ་དུ་ལོགས་པའི་ཉིན་མོ་དེ་ནས་བཟུང་རྒྱ་ནག་འདི་འཛམ་བུའི་གླིང་གི་སྒང་ལ་མེས་རྒྱལ་ངོ་མ་ཞིག་ཆགས་ཡོད་པ་རྒྱ་ནག་གི་མི་ཤེས་པ་གང་ཡིན། འདི་ལྟ་བུའི་གཉིས་ཕན་གྱི་དབུ་མ་ཆེན་པོ་འདི་ལ་མོས་མཐུན་ཙམ་མ་བྱས་པར་ཇི་མི་སྙོམས་པར་གང་དང་གང་བཤད་པ་ལོགས་པ་ཁོ་ནར་ལྟག་སྤྲོད་བྱེད་ནས་མི་དམངས་ལ་ཁྱབས་སྤེལ་ཀྱང་ཅིག་བྱས་པ་གང་ཡིན་ནམ། གཉིས་མཐུན་ནི་གཉིས་ཀ་ལ་དགོས་ཀྱི་མེ་མདའ་ཁོ་ནས་དྲག་པོའི་རྩུབ་སྤྱོད་ཀྱིས་མི་བུ་རྣམས་སྐྲག་སྣང་དང་འཇིགས་སྣང་ཅན་གྱི་རྟག་པར་བཀབ་སྡོད་ན་རྒྱལ་ཁབས་ལ་བདེ་ཐབས་ཞིག་དུས་ག་དུས་ན་ཡོངས་སྲིད་དམ། བཙན་བྱོལ་བའི་གྲོས་གཞི་གང་དང་གང་འདོན་ན་གཏིང་ནས་ཡིད་ཆེས་མེད་པར་ངན་བྱུས་ཤ་སྟག་ཏུ་བསྒྱུར་བ་མ་ཚད་དོན་རྐྱེན་ཡོད་ཚད་སྐུ་མདུན་ཁོ་ནའི་བྱས་ལས་སུ་བསྒྲང་སྟེ་(ཏ་ལའི་རུ་ཚོགས)་ཞེས་ཇག་ཚོ་ལྟ་བུའི་སྡང་གཟུགས་སྟོན་ཅིང་གཞི་མེད་བསྙོན་འཛུག་ཁོ་ནས་བོད་མི་རིགས་ཀྱི་ལ་ཞེན་ཡོད་ཚད་འཛིན་བཟུང་བཙོན་འཇུག་འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེར་བརྟེན་གྲོས་མོལ་ནི་ད་དུང་ཡང་བསྐྱར་མུ་མཐུད་བྱེད་དགོས་པ་དེ་གནད་འགག་ཆེན་པོ་ག་ཚོད་ཙམ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese