མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཀྱི་མཛེས་བ་ངོ་མ་ཡ་རབས་སེམས་བཟང་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁྱེད་ཅག་བུད་མེད་ཀྱི་སློབ་གྲྭ་ཞིག་ཡིན་སྟབས། ང་ལ་དམིགས་བསལ་གྱི་སྐད་ཆ་ཞིག་ཤོད་རྒྱུ་ཡོད་པ་ནི། བུད་མེད་ཚོས་ཕྱིའི་མཛེས་སྡུག་གཅིག་པུར་དོ་སྣང་སྤྲོད་རྒྱུ་ཙམ་མིན་པར། ནང་གི་མཛེས་སྡུག་ལའང་བསམ་བློ་བཏང་སྟེ་སེམས་བཟང་པོ་དང་ཡ་རབས་ལྡན་པ་ཞིག་བྱུང་ན་དོན་དམ་གྱི་མཛེས་སྡུག་དེ་ཡོད་པ་རེད། ཅེས་༧གོང་ས་མཆོག་གིས་གསུངས།

༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དང་དགའ་ལྡན་བཅས་ཀྱི་བཀའ་ཆོས་གྲུབ་རྗེས་རཱ་ཇི་སི་ཐན་དུ་མཛད་འཕྲིན་སྐྱོང་བཞིན་པ་དང་། ཕྱི་ཚེས་ ༨ ཉིན་ཁུལ་དེའི་རྒྱལ་པོའི་སྐུ་འཁོར་དང་ཇོ་ཌ་པུར་གྲོང་ཁྱེར་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་ས་གནས་བོད་རིགས་སུད་འཚོང་བའི་སྐུ་ཚབ་རྣམས་ཀྱི་ཕེབས་བསུའི་འོག ཇོ་ཌ་པུར་རྒྱལ་པོའི་གཟིམ་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། ཕྱི་ཚེས་ ༩ ཉིན་ཇོ་ཌ་པུར་ཨ་ར་ཝ་ལི་སློབ་ཁང་དུ་རྒྱལ་པོའི་སྐུ་འཁོར་དང་ཨ་ར་ཝ་ལི་སློབ་ཕྲུག་སོགས་མི་ ༤༠༠ ཙམ་ལ་ནང་སེམས་སུ་བདེ་སྐྱིད་བསྐྲུན་ཐབས་སྐོར་ལ་བཀའ་གནང་དོན།  རྒྱ་གར་དུ་སྲོལ་རྒྱུན་ནས་དར་བའི་ཆོས་ལུགས་མཐུན་སྒྲིལ་དང་། འཚེ་བ་མེད་པའི་ལྟ་གྲུབ་དེ་ད་ཆར་འཛམ་གླིང་སྟེང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཡོད། རྒྱ་གར་དང་བོད་ཀྱི་འབྲེལ་བ་ནི་དགེ་རྒན་དགེ་ཕྲུག་གི་འབྲེལ་བ་ཡིན་ལ། ང་ཚོ་རྒྱ་གར་གྱིས་བློས་འགལ་ཆོག་པའི་དགེ་ཕྲུག་ཡིན། གང་ཡིན་ཟེར་ན། རྒྱ་གར་དུ་སངས་རྒྱས་བསྟན་པར་འཕེལ་འགྲིབ་སྣ་ཚོགས་བྱུང་ཡོད་ཀྱང་། བོད་པ་ཚོས་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་ནས་དར་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་ཡོད། ཅེས་དང་།

ཡང་ཁོང་གིས་སློབ་ཕྲུག་ཚོར་བཀའ་གནང་དོན། ཁྱེད་ཚོ་དུས་རབས ༢༡ པའི་མི་རབས་ཆགས་ཡོད་སྟབས། དུས་རབས་ཉེར་གཅིག་པ་འདི་གྲོས་མོལ་གྱི་དུས་རབས་ཤིག་བཟོ་དགོས། དཀའ་ངལ་ནི་མིའི་རིགས་ནམ་གནས་བར་ལྷག་རྒྱུ་ཡིན་སྟབས། དཀའ་ངལ་དེ་གྲོས་མོལ་དང་བསམ་ཤེས་ཀྱི་ཐོག་སེལ་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། ཅེས་དང་།  ང་ཚོར་འཛམ་གླིང་འདི་གཅིག་པུ་ལས་ཡོད་པ་མ་རེད། ཟླ་བའི་ཁང་བཟང་ཞེས་སྙན་ངག་འབྲི་དུས་མཛེས་པའི་དཔེ་མཚོན་ཙམ་དུ་འགོད་རྒྱུ་ཡོད་ཀྱང་། ཟླ་བའི་སྟེང་གསོན་པོར་འཚོ་རྒྱུའི་གཞི་རྟེན་ཡོད་པ་མ་རེད། ད་ལྟ་ང་ཚོ་དང་ཁོང་ཚོ་ཞེས་རང་རྒྱལ་གཞན་ཕམ་གྱི་བསམ་བློ་གཏོང་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད། དེ་ལས་ལྡོག་སྟེ། འཛམ་གླིང་ཧྲིལ་པོར་སྡོད་མཁན་འགྲོ་བ་མིའི་རིགས་ཚང་མས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་དུས་ལ་བབས་ཡོད། ཅེས་གསུངས་འདུག

ཕྱི་ཚེས་ ༩ ཉིན་༧གོང་ས་མཆོག་རྒྱལ་པོ་ག་ཇ་སིངྒ་གི་མཧཱ་ལཀ་ཤི་མིན་བུད་མེད་སློབ་གྲྭར་ཕེབས་ཏེ་བཀའ་གནང་དོན། བུད་མེད་སློབ་གྲྭ་འདི་ལྟ་བུ་ཞིག་བཙུགས་པ་དེས་བུད་མེད་ནུས་ཤུགས་གོང་མཐོར་གཏོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱམས་བརྩེ་དགོས་རྒྱུ་ཧ་ཅང་གལ་ཆེན་རེད། ཁྱེད་ཅག་བུད་མེད་སློབ་གྲྭ་ཞིག་ཆགས་ཡོད་སྟབས། ང་ལ་དམིགས་བསལ་སྐད་ཆ་ཞིག་ཤོད་རྒྱུ་ཡོད་པ་ནི། བུད་མེད་ཚོས་ཕྱིའི་མཛེས་སྡུག་གཅིག་པུར་དོ་སྣང་སྤྲོད་རྒྱུ་ཙམ་མིན་པར། ནང་གི་མཛེས་སྡུག་ལའང་བསམ་བློ་བཏང་སྟེ་སེམས་བཟང་པོ་དང་ཡ་རབས་ལྡན་པ་ཞིག་བྱུང་ན་དོན་དམ་གྱི་མཛེས་སྡུག་དེ་ཡོད་པ་རེད། ཚན་རིག་པ་མང་པོ་ཞིག་གིས་རིག་པས་བརྟག་དཔྱད་བྱས་ཏེ་ཅི་ཙམ་གྱི་བསམ་བློ་བག་ཕེབས་ཡོད་པ་དེ་ཙམ་གྱིས་མིའི་ལུས་པོ་བདེ་ཐང་ཡིན་པར་མ་ཟད། ལུས་ཀྱི་ཟུངས་བཅུད་ཀྱང་ཡག་པོ་ཡོད་པ་ར་འཕྲོད་བྱུང་ཡོད། ཕ་མ་གཉིས་ལས་གཞན་གྱི་སྡུག་བསྔལ་ལ་ཚོར་ཤུགས་སུ་ཆེ་མིན་གཤིབ་བསྡུར་བྱས་ན། ཕ་ལས་མ་རྦད་དེ་ཚོར་བ་ཤུགས་ཆེ་བ་ཡོད་ལ། དེ་ནི་ལྷན་སྐྱེས་ཤིག་ཀྱང་རེད། ཅེས་གསུངས་འདུག

ར་ཇི་སི་ཐན་བོད་མི་སུད་འཚོང་བ་དང་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག ཕྱི་ཚེས་ ༡༠ ཉིན་༧གོང་ས་མཆོག་གིས་ཁུལ་དེའི་ཧ་རི་ཏཱ་ཇི་མགྲོན་ཁང་དུ། ཇོ་ཌ་པུར་རྒྱལ་པོའི་འཁོར་དང་། རྒྱ་གར་གྲོས་ཚོགས་འཐུས་མི། ཇོ་ཌ་པུར་གྲོང་ཁྱེར་སྤྱི་ཁྱབ། བོད་མི་སུད་ཚོང་བ་བཅས་མི་གྲངས་ ༤༠༠ ལྷག་ལ་བཀའ་སློབ་གནང་ཡོད་འདུག་ལ། སྐབས་དེར། གྲོང་ཁྱེར་སྤྱི་ཁྱབ་པས་༧གོང་ས་མཆོག་གི་མཛད་འཕྲིན་ལ་བསྟོད་བསྔགས་བྱས་དོན། ༧ཏཱ་ལའི་བླ་མ་མཆོག་ཇོ་ཌ་པུར་ས་གནས་སུ་ཆིབས་སྒྱུར་བསྐྱངས་པ་དེ་ནི་ས་གནས་མང་ཚོགས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ཡིན་ལ། སྐུ་ཉིད་ནི་འཛམ་གླིང་སྟེང་སྙན་གྲགས་ཅན་ཞིག་ཡིན་པ་མ་ཟད། སྐུ་ཉིད་ཀྱི་མཛད་འཕྲིན་ལ་འཛམ་གླིང་མི་མང་ཚོས་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། ལྷག་པར་དུ། སྐུ་ཉིད་ཀྱི་བླ་ན་མེད་པའི་མཛད་རྗེས་ལ་བལྟས་ན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཆུང་ཆུང་ཞིག་ཆགས་ཡོད། རྒྱ་གཞུང་གིས་བོད་དབང་བསྒྱུར་བྱས་ཡོད་ཀྱང་༧སྐྱེས་ཆེན་དམ་པ་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་རིང་བོད་མི་ཚོར་རང་དབང་འཐོབ་རྒྱུ་ཡིན་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། ཅེས་བརྗོད་འདུག  

མཇུག་ཏུ་༧གོང་ས་མཆོག་གིས་ས་གནས་བོད་རིགས་སུད་འཚོང་བར་བཀའ་གནང་དོན། ང་ཚོ་བོད་པ་བཙན་བྱོལ་བ་ཆགས་ཏེ་མི་ལོ་ ༥༢ ཙམ་འགྲོ་བཞིན་ཡོད། ང་ཚོ་བཙན་བྱོལ་བ་ཆགས་དགོས་དོན་སོ་སོའི་ལུང་པའི་ནང་ཁྲིམས་འགལ་གྱི་ལས་ཀ་བྱས་པ་དང་རང་བྱུང་གོད་ཆག་བྱུང་བ་གང་ཡང་མ་རེད། བཙན་བྱོལ་བ་ཆགས་དོན་ནི། བོད་ནང་དཔོན་པོ་གསར་པ་ཞིག་བསླེབས་ཏེ་ང་ཚོར་བཀའ་བཏང་སྟབས། ང་ཚོ་འུ་ཐུག་སྟེ་ ༡༩༥༩ ལོར་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད། འདས་པའི་ལོ་དེ་དག་གི་རིང་གཞིས་ལུས་རྒྱ་ཆེའི་མི་མང་སེམས་ཤུགས་མ་ཆག་པར་གནས་ཡོད་ལ། ༢༠༠༨ ལོར་བོད་ས་ཡོངས་སུ་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད། ང་ཚོས་རང་དབང་ལུང་པར་གཞིས་ལུས་རྒྱ་ཆེའི་མི་མང་གི་ཚབ་བྱས་ཏེ་འབད་བརྩོན་བྱེད་བཞིན་ཡོད་པ་རེད། ཅེས་དང་། ཡང་༧གོང་ས་མཆོག་གིས་མུ་མཐུད་དོན། བཙན་བྱོལ་བོད་མིའི་འཚོ་རྟེན་གཙོ་བོ་ཞིང་ལས་ཆགས་ཡོད་ཀྱང་དེས་འདང་གི་མེད་པར་བརྟེན། སུད་ཚོང་རྒྱག་དགོས་པའི་གནས་སྟངས་བྱུང་ཡོད། རྒྱ་གར་ས་གནས་འབྲེལ་ཡོད་ཚོས་བོད་པ་ཚོར་མཐུན་འགྱུར་གནང་རྒྱུའི་ཁས་ལེན་གནང་ཡོད་སྟབས། གོ་སྐབས་འདི་བཟུང་སྟེ་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། བོད་མི་གཞོན་སྐྱེས་ཚོས་སྤྱིར་སློབ་སྦྱོང་དང་ཡང་སྒོས་ནང་ཆོས་ལ་འབད་བརྩོན་སློབ་གཉེར་བྱ་དགོས་ཀྱི་འདུག བོད་རང་བཙན་ཤོར་པའི་རྒྱུ་རྐྱེན་གཙོ་བོ་གཅིག་དེང་གི་ཤེས་ཡོན་གྱིོས་མ་འདང་བ་ཡིན་སྟབས། ཤེས་ཡོན་སྦྱོང་རྒྱུར་འཐུས་ཤོར་ནམ་ཡང་གཏོང་མི་རུང་། ཕ་མ་ཚོས་གང་ཐུབ་ཀྱིས་ཕྲུ་གུ་ཚོར་ཤེས་ཡོན་སྤྲོད་དགོས་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༧ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. ཚེ་རིང། says:
    ལོ་ 15 སྔོན།

    ཕྱི་མཛེས་དང་ནང་མཛེས་གཉིས་ཀ་དགོས་པ་དེ་གལ་ཆེ་བརྕིས་ཏེ་་་་་གོང་ས་མཆོག་གིས་
    བཀའ་སློབ་ཕེབས་ཡོད་པར་རེད། དེ་འདྲ་སོང་ཙང་བུད་མེད་ཁྱོད་རང་ཚོས་སེམས་ལ་ཉར་ཏེ་དོ་སྣང་དགོས་པ་རེད་ལ་འབད་བརྩོན་ཡང་དགོས་པ་རེད། གཞན་གྱི་ཟེར་རྗེས་ལ་མ་འབྲངས་པ་དང་དམའ་འབེབས་ལ་སེམས་ཤུགས་མ་ཆགས་པར་་་་་གོང་ས་མཆོག་གི་བཀའ་ལ་བརྩི་མཐོང་བྱེད་པ་གལ་ཆེའོ།

    Reply
  2. འཁེར་སྐྱ། says:
    ལོ་ 15 སྔོན།

    མཛེས་མ་དང་མཛངས་མ་གཉིས་ཀ་མཛོམས་ན་ཤིན་ཏུ་བཟང་་་་

    Reply
  3. སྐྱ་རིད། says:
    ལོ་ 15 སྔོན།

    ལྟས་ངན་ཤེལ་དཀར་བློ་བཟང་ཁྱོད་ཁྲོན་པའི་སྦལ་བ་རང་རེད། དེང་སང་ང་ཚོའི་བོད་པའི་སྤྱི་ཚོགས་ནང་མཛེས་མ་དང་མཛངས་མ། རྒྱལ་བཅེས་ལྷག་བསམ་ཅན་ཚེ་རིང་སྐྱིད་ལ་སོགས་པ་གང་མང་ཡོད་པ་འདི་ལྟས་ངན་ཁྱོད་ཀྱིས་མ་མཐོང་ངམ།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དེང་སང་མཛེས་མ་དང་མཛངས་མའི་གཞི་མཐུན་མི་འདུག་ལ་ཕྱི་མཛེས་ནང་མཛེས་གཉིས་ཀྱང་འགལ་བ་ཤ་སྟག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese