མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རབ་ཀྱི་གསར་བརྗེ་མེ་སྟག་རྒྱ་ནག་ཏུ་མཆེད་པ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རབ་གླིང་གི་མི་དམངས་ཀྱིས་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ། དམངས་གཙོ་བཅོས་བསྒྱུར་དགོས་པའི་འབོད་སྒྲ་བསྒྲགས་པ་དེས།  དབུས་ཤར་ས་ཁུལ་ཁག་ཏུ་འཛམ་གླིང་ལོ་རྒྱུས་ཁྲོད་ཀྱི་དམངས་གཙོའི་རླབས་རྒྱུན་ཐེངས་བཞི་བ་དེ་འཕྱུར་ཡོད་ཅིང་། ལྷག་པར་དུ་ཉེ་བའི་ཟླ་འགའི་ནང་ཊའུ་ནེ་སི་ཡཱ་དང་ལྷོ་སུའུ་ཌན། ཨི་ཇིབ་བཅས་ཀྱི་མི་མང་ཚོས་འོས་ལངས་བྱས་ཏེ། རང་བཙན་ཐོབ་པ་དང་སྲིད་གཞུང་མགོ་རྟིང་སློག་པ་སོགས་རྒྱལ་ཁ་བླངས་ཡོད་སྟབས། ཉིན་འདི་གར་དམར་ཤོག་སྒེར་གཅོད་འོག་ཡོད་པའི་རྒྱ་ནག་ཏུའང་༼མེ་ཏོག་བ་སྤུའི་གསར་བརྗེ༽ཡི་རླབས་རྒྱུན་མཆེད་མགོ་བརྩམས་ཡོད་འདུག    

ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ པའི་སྟེང་རྒྱ་ནག་པེ་ཅིན་དང་ཧྲང་ཧེ། ཀུང་ཀྲུག སུའུ་ཀྲུག ཧྥུ་ཀྲིག ཧྲིན་ཁྲོན། ནན་ཅིན། ཁྲིན་ཏུའུ། ཧྭི་ཨར་པེན་སོགས་རྒྱ་ནག་གི་གྲོང་ཁྱེར་ ༡༣ ནང་གི་གནད་ཡོད་ཁྲོམ་ར་དང་ཐང་ཆེན་ཁག་ཏུ་མི་མང་པོ་འདུ་འཛོམས་གོམ་བགྲོད་བྱས་ཏེ་༼མེ་ཏོག་བ་སྤུའི་གསར་བརྗེ་༽ལས་འགུལ་སྤེལ་མགོ་ཚུགས་ཡོད་པ་དང་།  ཉིན་དེར་ཨ་རིའི་གནས་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ཀྱང་ནེའུ་ཡོག་གྲོང་ཁྱེར་གྱི་ཐང་ཆེན་དུ་འཛོམས་ཏེ། ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་པར་མ་ཟད། ཀོང་ཧོང་དང་ཐེ་ཝན་དུ་ཡང་ངོ་རྒོལ་འདུ་འཛོམས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། 

ཐེངས་འདིའི་གསར་བརྗེ་ལ་དབུ་འཁྲིད་མཁན་གཙོ་བོ་ནི་རྒྱ་ནག་གི་ས་ཁུལ་སོ་སོའི་དྲ་དམངས་ཡིན་ཞིང་། རྒྱ་ནག་དྲ་དམངས་ཀྱིས་རྒྱལ་སྤྱིའི་དྲ་ལམ་ཁག་ཏུ་“ང་ཚོར་ཟ་མ་དགོས། བྱ་བ་དགོས།  ཁང་ཁྱིམ་དགོས། དྲང་སྙོམས་དགོས” ཞེས་པའི་འབོད་ཚིག་བསྒྲགས་ཡོད་པར་མ་ཟད།  དམངས་ཀྱི་འཚོ་བ་ལེགས་བཅོས་དང་ཁྲིམས་སྲིད་རང་བཙན།  ཆབ་སྲིད་བཅོས་བསྒྱུར།  གསར་འགྱུར་རང་དབང་སོགས་དགོས་འདུན་བཏོན་ཡོད་པ་དང་།  དེ་མིན་ནམ་རྒྱུན་གྱི་གཟའ་ཉི་མའི་ཕྱི་དྲོའི་ཆུ་ཚོད་ ༢ པའི་ཐོག་རྒྱ་ནག་གི་དྲ་དམངས་རྣམས་རང་སྟེང་ནས་ཁྲོམ་ར་དང་སྲང་ལམ་ཁག་ཏུ་འདུ་འཛོམས་གོམ་བགྲོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་ཡང་བསྒྲགས་ཡོད་འདུག

དོན་རྐྱེན་འདི་བྱུང་རྗེས་རྒྱ་ནག་གི་གྲོང་ཁྱེར་ཁག་ནང་དམག་མི་ཕོན་ཆེན་པོ་འགྲེམས་འཇོགས་བྱས་ཏེ། མི་མང་འདུ་འཛོམས་ཆེ་བའི་ཁྲོམ་ར་དང་ཐང་ཆེན་ཁག་ཏུ་བཀག་སྡོམ་ནན་མོ་བྱས་ཡོད་པ་དང་།  དེ་བཞིན་གནས་འཕྲིན་དྲ་རྒྱ་དང་ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་སོགས་ལའང་བཀག་སྡོམ་བྱས་ཡོད་པར་མ་ཟད།  འདས་པའི་ཉིན་གཉིས་རིང་རྒྱ་ནག་ནང་ཡོད་པའི་དམངས་གཙོ་དོན་གཉེར་བ་ ༡༠༠  ལྷག་འཇུ་བཟུང་བཀག་ཉར་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག 

ཧུའུ་ཅིན་ཐོ་ཡིས་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་དབུས་དམར་ཤོག་སློབ་ཆེན་ནང་། ཞིང་ཆེན་རིམ་པའི་གནད་ཡོད་དཔོན་རིགས་ཁག་དང་།  རྒྱ་ནག་གི་དངུལ་རྩ་དང་གཞུང་གཉེར་བཟོ་ཚོང་ཁག་གི་དཔོན་རིགས་བཅས་བསྡུ་སྐོང་བྱས་ཏེ། སྤྱི་ཚོགས་དོ་དམ་སྐོར་གྱི་ཚོགས་འདུ་ཞིག་བསྐངས་ཡོད་པ་དང་། ཚོགས་ཐོག་ཏུ་ཧུའུ་ཅིན་ཐའོ་ཡིས་སྤྱི་ཚོགས་འཆམ་མཐུན་ལ་གནོད་པའི་ཤུགས་རྐྱེན་མཐའ་དག་མེད་པར་བཟོ་དགོས་པ་དང་། གནས་འཕྲིན་དྲ་རྒྱའི་དོ་དམ་ལ་ཤུགས་སྣོན་དགོས་པར་བརྗོད་ཡོད་པ་རེད།

རྒྱ་ནག་གི་གནད་དོན་དཔྱད་བརྗོད་པ་ཁྲིན་ཧྥུ་ལགས་ཀྱིས། ཧུའུ་ཅིན་ཐའོ་ཡིས་སྤྱི་ཚོགས་དོ་དམ་སྐོར་ནན་བཤད་བྱེད་དོན་ནི།  ཉེ་སྔོན་ཨ་རབ་གླིང་ནས་གསར་བརྗེ་ཡི་མེ་སྟག་མཆེད་པའི་༼ མེ་ཏོག་བ་སྤུའི་གསར་བརྗེ ༽ནི་ཐོག་མར་གདོང་དེབ་( facebook) དང་ཊི་ཝེ་ཊར་( twitter ) སོགས་གནས་འཕྲིན་དྲ་བ་བརྒྱུད་རྒྱལ་ཁབ་སོ་སོར་ཁྱབ་སྤེལ་བྱུང་བ་ཞིག་ཡིན་སྟབས། ད་ལྟ་རྒྱ་ནག་ནང་གནས་འཕྲིན་དྲ་བ་སྤྱོད་མཁན་ཤུགས་ཆེན་པོ་ཡོད་པ་དེ་ཉེན་ཁར་མཐོང་གི་ཡོད་པ་དང་།  མ་འོངས་པར་རྒྱ་ནག་ནང་གནས་འཕྲིན་དྲ་བར་སྔར་ལས་ལྷག་པའི་བཀག་སྡོམ་བྱ་རྒྱུ་ཡིན་པ་མངོན་གསལ་རེད། ཅེས་བརྗོད་འདུག

ཉེ་ལམ་རྒྱ་ནག་བཅིངས་འགྲོལ་དམག་གི་གསར་ཤོག་སྟེང་དུ། དམག་དཔུང་གིས་གནས་ཚུལ་གང་འདྲ་ཞིག་བྱུང་ཡང་མཐའ་གཅིག་ཏུ་དམར་ཤོག་ཚོགས་པའི་བཀའ་མངགས་དང་ལེན་བྱ་དགོས་པའི་གནས་ཚུལ་སྤེལ་ཡོད་པ་དང་། ཧོང་ཀོང་གི་གསར་ལམ་ཁག་ཅིག་ནང་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་དྲ་ཚིགས་ཁག་ཏུ་དམག་མི་ཞིག་གིས་ཉེན་བརྡ་བཏང་སྟེ། དེང་སྐབས་དམག་དཔུང་ཚང་མར་ཉིན་གུང་གི་ངལ་གསོ་ཡང་མེད་པར་ཧ་ལམ་དམག་འཐབ་ཀྱི་གྲ་སྒྲིག་ལྟ་བུའི་གནས་ཚད་འོག་བསྡད་ཡོད་ཚུལ་བརྗོད་འདུག དེ་བཞིན། རྒྱ་ནག་དབུས་དམག་དོན་ལྷན་ཁང་གིས་ཟླ་འདིའི་ཚེས་ ༨ ཉིན༼ཀྲུང་གོ་གུང་ཁྲན་ཏང་དམག་དཔུང་ལྷན་ཚོགས་ཀྱི་བྱ་བའི་ཁྲིམས་སྲོལ༽ཟེར་བར་འགྱུར་བཅོས་བཏང་སྟེ། ཕྱི་ལོ་ ༢༠༠༤ ལོར་གཏན་འབེབས་ལག་སྟར་བྱས་པའི་ཁྲིམས་སྲོལ་སྟེང་༼གཟབ་ནན་སྒོས་མཐའ་གཅིག་ཏུ་སྲིད་འཛིོན་ཧུའུ་ཅིན་ཐའོ་དུས་སྐབས་གསར་བའི་འོག་གི་རྒྱལ་སྲུང་དང་དམག་དཔུང་གསར་འཛུགས་ཀྱི་གལ་ཆེའི་རང་བཞན་རྒྱས་བཤད་བྱ་དགོས། ༽ཞེས་པ་གསར་དུ་བསྣན་ཡོད་འདུག 

གཞན་ཡང་།  རྒྱ་ནག་ནང་འབྱུང་བཞིན་པའི་མེ་ཏོག་བ་སྤུའི་གསར་བརྗེ་ལ། རྒྱ་ནག་གཞུང་འབྲེལ་དྲ་བ་ཁག་གིས་༼སྤྱི་ཚོགས་ཁྲོད་རྙོག་ཟིང་སློང་མཁན་གྱི་སྐོར་ཚོགས༽ ཞེས་པའི་ཉེས་ཅན་གྱི་མིང་འདོག་སྣ་ཚོགས་བྱས་ཏེ་ཁ་རྡུང་གཏོང་བཞིན་ཡོད་པ་དང་། ཐེངས་འདིར་རྒྱ་གཞུང་འབྲེལ་དྲ་བ་ཁག་གིས་དུས་ཐོག་ཏུ་རྒྱ་ནག་ནང་྄འབྱུང་བཞིན་པའི་གནས་ཚུལ་སྤེལ་བ་དེར། ནེའུ་ཡོག་ཉིན་རེའི་གསར་ཤོག་སོགས་རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་འདུག  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༠ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 9

  1. བཛྲ་སུ་མ་ཏི། says:
    ལོ་ 16 སྔོན།

    གོ་སྐབས་འདི་ང་ཚོས་ཀྱང་དམ་འཛིན་གྱི་བེད་སྤྱོད་གཏོང་ཤེས་ན་ཡག་པོ་ཡོང་ས་རེད།ང་ཚོས་ཀྱང་གོ་སྐབས་འདྲ་ཞིག་་་་ག་དུས་ཡིན་ཡང་མ་འོངས་པར་རྒྱ་ནག་ལ་འགྱུར་བ་བྱུང་ན་ཞེས་སྒྲོགས་བཞིན་པ་མ་ཡིན་ནམ

    Reply
  2. ཇ་མ་ says:
    ལོ་ 16 སྔོན།

    ཉེ་སྔོན་ཨ་རབ་གླིང་ནས་གསར་བརྗེ་ཡི་མེ་སྟག་མཆེད་པའི་མེ་ཏོག་བ་སྤུའི་གསར་བརྗེ་ལ་རྒྱ་ནག་མི་དམངས་ཀྱིས་སློབ་སྦྱོང་ནན་ཏན་བྱེད་དགོས།

    Reply
  3. མགར: ནེ་ཙོ། says:
    ལོ་ 16 སྔོན།

    རླབས་ཆེན་གྱི་ལས་འགུལ་འདི་ལ་དོན་འབྲས་གཡུར་དུ་ཟ་ཞིག་སྨིན་པར་སྨོན།

    Reply
  4. རྟ་བོར་བ། says:
    ལོ་ 16 སྔོན།

    རྒྱ་ནག་གི་དྲ་དམངས་ཀྱི་ ༼མེ་ཏོག་བ་སྤུའི་གསར་བརྗེ༽ལ་རྒྱལ་ཁ་ཐོར་པར་སྨོན།

    Reply
  5. ཤིང་ལོ། says:
    ལོ་ 16 སྔོན།

    དཀའ་ལས་རྒྱག་དགོས་པ་དང་། མང་གཙོ་ཚད་ལྡན་དང་རང་དབང་ཙད་ལྡན་གྱི་ཆེད་རང་སྲོག་ཀྱང་གཏོང་ལོས་དགོས། རྒྱ་ནག་པ་ཚོ་ལས་སླ་བོ་མེད་ལ། ད་ལྟའི་རྒྱ་ནག་འདི་དཔལ་འབྱོར་ཡར་རྒྱས་གཅིག་པུ་མིན་པར་ཆབ་སྲིད་ཀྱང་ཧ་ལས་པ་ཡར་རྒྱས་ལ་འགྲོ་བཞིན་ཡོད། དགའ་འོས་པ་ཞིག་རེད།

    Reply
  6. ཤག་སྒང་པ། says:
    ལོ་ 16 སྔོན།

    ཡོངས་གྲགས་དང་དགའ་མོ་ཆེ་བའི་ཨ་མདོ་མཚོ་སྔོན་དྲ་ལམ་ཡང་བཀག་ནས་མི་འདུག་པས། རྒྱུ་མཚན་འདི་རང་ལ་ཐུག་པ་ཞིག་ཡིན་ནམ། ཡང་ན་ང་ཚོས་སྤྱོད་སྒོ་མ་འགྲིགས་པས་ཡིན་ནམ། གང་ལྟར་ཡལ་ནས་མི་འདུག་ཟེར་གྱིན་འདུག་པས། ཕང་ང་ལ་ཨད་།

    Reply
  7. རྒྱ་སྟག་དཀར་པོ says:
    ལོ་ 16 སྔོན།

    དེ་ལྟར་ཡིན་ན་ཚེ་སྲོག་བསྡུ་ལ་ཉེ་བའི་གདོང་དེབ་དམ་facebookའདི་མུ་འཐུད་ནས་སྐུ་ཚེ་ཡིན་དུ་བརྟན་པར་ཤོག་ཤིག

    Reply
  8. སྨར་ཀླུང་དཔའ་ལ། says:
    ལོ་ 16 སྔོན།

    འདི་ནི་ངོ་མ་དྲང་བདེན་ཏེ་འགྲོ་བ་ཡོད་དོ་ཅོག་ལ་བདེ་བ་དགོས་ཀྱི་རང་དབང་དགོས་ཁྱད་པར་དུ་འགྲོ་བ་མི་ལ་སེམས་བདེ་དང་རང་དབང་མེད་ན་མི་དེ་ཉིད་ལ་ས་སྒང་ལ་སྡོད་པའི་དབང་ཆ་ཚད་ལྡན་མི་ཐོབ་པ་ཡིན་པས་ངེས་པར་དུ་རང་དབང་དང་ཐོབ་ཐང་ནི་མི་དེ་ཉིད་གསོན་པོར་གནས་པ་ལ་མེད་ན་རྩ་བ་ནས་མི་རུང་བ་དང་ངེས་པར་དུ་ཡོད་དགོས་པའི་རང་དབང་། རྒྱ་མི་རིགས་དམར་ཤོག་སྒེར་གཅོད་པ་དག་གི་བྱེད་བསྟང་འདི་ནི་བཙན་པོ་དབང་ཡོད་བརྡུང་རྡེག་མནར་གཅོད་བཙོན་འཇུག་ཁོ་ནས་མེ་མདའ་དང་ལག་པ་མི་བྲལ་བར། བདེན་དོན་ཐམས་ཅད་ཉེས་པ་ཁོ་ན་ལ་བསྒྱུར་ནས་འགེབ་པ་འདི་ལ་བློ་མནལ་དུ་ཕོབས་ནས་གཞིག་ན་(སྤྱི་ཚོགས་ཁྲོད་རྙོང་ཟིང་བསླང་མཁན་གྱི་སྐོར་ཚོགས་)འདི་ནི་མུ་མཐུད་ནས་རང་དང་མི་ཡི་ཡི་ཐོབ་ཐང་ལ་དགའ་བའི་རྒྱ་ནག་མི་རིགས་དག་གི་མཚམས་འཇོག་གཏན་ནས་མ་བྱེད་རོག ངེད་ཚོ་ལ་རང་དབང་དགོས། ངེད་ཚོ་ལ་དྲང་བདེན་དགོས། ངེད་ཚོ་ལ་འདྲ་མཉམ་དགོས། རྒྱ་བོད་གཉིས་ཆར་ལངས་ནས་དམར་པོ་མགོ་སྟིང་སློག་རན་འདུག། རྒྱ་ནག་མི་མངས་ཚོ་ཤུག་རྒྱོབ། མ་ཞུམས།

    Reply
  9. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    དོན་ཆེན་དེ་དབུ་བསླངས་པ་ཙམ་མ་ཡིན་པར། རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྨོན། རྒྱ་ནག་གི་དྲ་དམངས་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese