མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་སྲིད་གཞུང་མཇུག་བསྒྲིལ་ཉིན། གསར་བརྗེ་ལས་འགུལ་མཇུག་བསྒྲིལ་ངེས།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp




རྒྱ་ནག་ནང་ཐེངས་གཉིས་པའི་མེ་ཏོག་བ་སྤུའི་གསར་བརྗེ་ལས་འགུལ་དེ་སིང་ཉིན་ཕྱི་ཚེས་ ༢༧ རྒྱ་ནག་གི་གྲོང་ཁྱེར་ ༢༣ ནང་སྤེལ་རྒྱུ་ཡིན་འདུག་ལ།  ཐེངས་སྔོན་མ་དང་བསྡུར་ན་ས་གནས་གྲོང་ཁྱེར་ ༡༠ འཕར་སྣོན་བྱས་ཡོད་པར་མ་ཟད།  ཞིན་ཅིང་ཝུའུ་རོ་མའོ་ཆི་ཡང་ཚུད་ཡོད་འདུག  

ཉེ་ཆར་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ སྟེང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་འགའི་ནང་། མི་མང་འདུ་འཛོམས་ཀྱིས་ཞི་བའི་གོམ་བགྲོད་ཅིག་བྱས་ཏེ༼ མེ་ཏོག་བ་སྤུའི་གསར་བརྗེ ༽ཟེར་བ་ཞིག་གི་མགོ་བསླངས་ཡོད་པ་ལྟར། ཕྱི་ཚེས་ ༢༣ ཉིན་པའོ་ཞོན་དྲ་བའི་སྟེང་༼ མེ་ཏོག་བ་སྤུའི་གསར་བརྗེ ༽ལས་འགུལ་བ་དག་གིས་གསལ་བསྒྲགས་སྤེལ་ཏེ།  རེས་གཟའ་ཉི་མ་སྟེ་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ པའི་ཐོག ཐེངས་གཉིས་པའི་མེ་ཏོག་བ་སྤུའི་གསར་བརྗེ་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་།  ལས་འགུལ་ནང་ཞུགས་མཁན་མང་ཚོགས་རྣམས་པེ་ཅིན་དང་། ཧྲང་ཧེ། ཐེན་ཅིན། ཀུང་ཀྲིག ནན་ཅིན་བཅས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ ༢༣ ཙམ་གྱི་ཁྲོམ་གཞུང་ཆེ་ས་དང་མི་མང་སྤྱི་གླིང་ཁག་ཏུ་དུས་བཅད་ལྟར་འདུ་འཛོམས་གོམ་བགྲོད་བྱེད་བཞིན་ཕན་ཚུན་ལ་དམངས་ཀྱི་འཚོ་བ་དང་དངོས་པོའི་རིན་གོང་། ཁང་ཁྱིམ་གྱི་དཀའ་ངལ་སོགས་ལ་ལབ་གླེང་བྱས་ཏེ། ཧ་ཅང་ཞི་འཇམ་བག་ཕེབས་ཀྱིས་མི་དམངས་ལ་རྟོགས་སད་བསླང་རྒྱུ་མ་ཟད། ཕན་ཚུན་ལ་ཧ་ཅང་གུས་བརྩི་ལྡན་པའི་ཐོག་ནས་ཉེན་རྟོག་པ་དང་དམག་མིར་འཕྲད་ཚེ་འཛུམ་མདངས་དང་བཅས་མགོ་ལྕོག་ལྡེམ་སྟེ། ཁོ་ཚོའི་དྲག་གནོད་ཀྱི་སྟོབས་ཤུགས་མཐའ་དག་འཛུམ་དམངས་ཀྱིས་ཞི་འཇགས་སུ་གཏོང་ཐབས་བྱ་དགོས། གོམ་བགྲོད་དང་འཛུམ་མདངས་ཀྱི་སྟོབས་ཤུགས་ནི་ནམ་ཡང་སྐད་འབོད་དང་ངོ་རྒོལ་ལས་ཚད་མཐོ་བས་གོམ་བགྲོད་དང་འཛུམས་དམངས་ལ་བརྟེན་ནས་གཞི་རྒྱ་ཆེ་བའི་མི་མང་འདུ་འཛོམས་ཀྱི་གོ་སྐབས་འོས་འཚམས་ཤིག་ལ་ངང་སྒུག་བྱ་དགོས། ཞེས་བཀོད་ཡོད་པ་རེད། 

གཞན་ཡང་། མེ་ཏོག་བ་སྤུའི་གསར་བརྗེ་ལས་འགུལ་བ་དག་གིས་དྲ་ཚིགས་ཁག་ཏུ་གནས་ཚུལ་བཀོད་པའི་ནང་། ཐེངས་འདིའི་ལས་འགུལ་ནི་༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས༽དོན་ཚན་ ༣༥ པའི་གཏན་འབེབས་དང་མཐུན་པ་ཞིག་ཡིན་ལ།  ལས་འགུལ་སྤེལ་མཁན་གྱི་ངོས་ནས་ལི་བྷེ་ཡ་ལྟར་ཁྲག་དྲི་བྲོ་བའི་འཐབ་འཛིང་གི་གསར་བརྗེ་ཞིག་ཏུ་མི་འགྱུར་བའི་རེ་བ་བཅངས་ཡོད། ཡིན་ནའང་། དུས་ནམ་ཡང་ཕྱིར་བཤོལ་བྱ་མི་སྲིད། དམར་ཤོག་གཅིག་སྡུད་སྲིད་དབང་མཇུག་བསྒྲིལ་བའི་ཉིན་མོ་དེར་ད་གཟོད་མེ་ཏོག་བ་སྤུའི་གསར་བརྗེ་ལས་འགུལ་ཡང་མཇུག་བསྒྲིལ་པ་ཡིན། ཞེས་བསྒྲགས་གཏམ་སྤེལ་ཡོད་པ་རེད།

 རྒྱ་ནག་གི་སྲིད་འཛིན་ཟུར་བ་ཀྲའོ་ཙི་ཡང་གི་དྲུང་ཡིག་པོ་ཏན་གྱིས་བརྗོད་དོན།  ཕྱི་ལོ་ ༡༩༤༥ ལོར་མའོ་ཙེ་ཏུང་རང་ཉིད་ཀྱིས་ཀྱང་ཕྱི་རྒྱལ་གྱི་རོའུ་ཌིར་གསར་ཁང་ལ། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་བཟུང་བའི་རྗེས་ཀྱི་རྒྱ་ནག་ནི། ངེས་པར་དུ་ལའོ་སི་ཧྥུའུ་ཡི་རང་དབང་ཆེན་པོ་བཞི་དང་ལྡན་པའི་རྒྱ་ནག་ཞིག་དང་།  ཨ་རིའི་སྲིད་འཛིན་ལིན་ཁེན་མཆོག་གིས་གསུངས་པའི་༼དམངས་ལ་དབང་བ།  དམངས་ཀྱིས་ཁ་ལོ་སྒྱུར་བ།  དམངས་ཀྱིས་ལོངས་སུ་སྤྱོད་པ༽བཅས་ཀྱི་རྒྱ་ནག་ཅིག་འཛུགས་རྒྱུ་ཡིན་ཅེས་འཛམ་གླིང་ལ་ཁྱབ་བསྒྲགས་དང་རྒྱ་ནག་མི་དམངས་ལ་ཁས་ལེན་བྱས་ཡོད་པ་རེད།  འོན་ཀྱང་འདས་པའི་ ༦༦ རིང་ཁ་དན་ལག་ལེན་བྱས་མེད་པར་བརྟེན། དམངས་གཙོའི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱ་རྒྱུ་ནི་མ་འོངས་པར་རྒྱ་ནག་དེ་འཆམ་མཐུན་སྤྱི་ཚོགས་ཤིག་ཏུ་འགྱུར་བའི་གཞི་རྩའི་ཆ་རྐྱེན་རེད། མ་གཞི་དམངས་གཙོའི་ལམ་ལུགས་ནི་ཉིན་གཅིག་ལ་ལེགས་འགྲུབ་ཡོང་ཐུབ་པ་ཞིག་མ་རེད།  དམངས་གཙོ་ནི་སློབ་སྦྱོང་གི་གོ་རིམ་ཞིག་རེད། གོ་རིམ་དེའི་ཁྲོད་དམངས་ཀྱིས་ཇི་ལྟར་རང་ཉིད་ལ་སྲུང་སྐྱོབ་བྱ་དགོས་མིན་སློབ་སྦྱོང་དང་།  སྲིད་འཛིན་དཔོན་རིགས་ཚོས་ཀྱང་ཇི་ལྟར་དམངས་ཀྱི་བསམ་འདུན་དང་ལེན་བྱ་དགོས་མིན་གྱི་ངེས་ཤེས་འཚོལ་དགོས་པ་དེ་རེད། ཅེས་བརྗོད་ཡོད། 
 

པའོ་ཞོན་གསར་འགོད་པ་ཝང་ལེན་ཧྭ་ཡིས་པེ་ཅིན་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན།  པེ་ཅིན་མཐོ་རིམ་དཔོན་རིགས་ཚོས་ལས་འགུལ་འདིར་དོ་སྣང་དང་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པར་མ་ཟད།  མེ་ཏོག་བ་སྤུའི་གསར་བརྗེ་དེ་མ་འོངས་པར་རྒྱ་ནག་ནང་རྒྱུན་མཐུད་རང་བཞིན་དང་། ཚབ་མཚོན་རང་བཞིན་གྱི་ལས་འགུལ་ཞིག་ཏུ་མི་འགྱུར་བར་ནན་སྐུལ་བྱས་ཡོད་འདུག ཉེ་ལམ་རྒྱ་ནག་མཐོ་རིམ་འབྲེལ་ཡོད་སྡེ་ཁག་གིས་གསང་བའི་ཐོག་ནས་ཚོགས་འདུ་ཞིག་བསྐངས་ཏེ།  ཐེངས་འདིའི་མེ་ཏོག་བ་སྤུའི་གསར་བརྗེའི་ཐད་ཐག་གཅོད་གསུམ་བྱུང་ཡོད་འདུག དང་པོ། ལས་འགུལ་གྱི་མགོ་ཁུངས་རྩད་གཅོད་བྱ་རྒྱུ་དང་། གལ་སྲིད་མགོ་ཁུངས་མ་བརྙེད་ཚེ་ཁ་གཡོར་སའི་ནག་ཉེས་ཤིག་བཙུགས་ཏེ་ཁྲིམས་ཐག་གཅོད་རྒྱུ། གཉིས་པ། རྒྱ་ནག་ནང་ཁུལ་དུ་གནས་ཚུལ་དེ་རིག་བདེན་པ་མིན་པ་དང་། དཀྲོགས་གཏམ་དང་འུད་སྒྲོག་ཡིན་ཚུལ་ཤུགས་ཆེན་པོས་དྲིལ་བསྒྲགས་བྱ་རྒྱུ། གསུམ་པ། མེ་ཏོག་བ་སྤུའི་གསར་བརྗེ་ཟེར་བ་ནི་ཨ་རིས་ལྐོག་ཇུས་བཤམ་པར་ཁག་དཀྲི་བྱ་རྒྱུ་བཅས་ཡིན་འདུག 

ཉེ་སྔོན་རྒྱ་ནག་ཏུ་མེ་ཏོག་བ་སྤུའི་གསར་བརྗེ་ལས་འགུལ་གྱི་དབུ་ཚུགས་པ་ནས་བཟུང་། སྤྱི་ཚོགས་དཔྱད་བརྗོད་པ་དག་གི་གླེང་གཞི་གཙོ་བོ་ཞིག་ནི་རྒྱ་ནག་ནང་བསྐྱར་དུ་དྲུག་བཞིའི་དམར་གསོད་ཆེན་མོ་ལྟ་བུ་ཞིག་འབྱུང་སྲིད་མིན་དེ་རེད།  ལོ་རབས་བརྒྱད་བཅུའི་ནང་པེ་ཅིན་གྱི་ཆེས་ཐོག་མའི་དམངས་གཉེར་མཐོ་རིམ་ཚན་རྩལ་བཟོ་གྲྭའི་སྤྱི་ཁྱབ་དབུ་འཛིན་གནང་མྱོང་མཁན་ཝན་རོན་ནན་ལགས་ནི།  དེ་སྔོན་རྒྱ་ནག་ཆིན་ཧྭ་སློབ་ཆེན་འགྲིམས་སྐབས་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་དང་འབྲེལ་འདྲིས་ཡོད་པ་ཞིག་ཡིན་ཞིང་། ཁོང་གིས་བརྗོད་ན། ད་ལྟ་རྒྱ་ནག་ལ་ཏིན་ཞོ་ཕེན་ལྟ་བུའི་མི་དམངས་མེ་མདས་གཙང་བཤེར་བྱེད་པར་བཙན་བཀའ་གཏོང་ཕོད་མཁན་སུ་ཡང་ཡོད་པ་མ་རེད།  དེ་བཞིན་ ༨༩  ལོར་པེ་ཅིན་མཁར་དུ་འཛུལ་བའི་དམག་མི་ཁྲི་ ༢༠ དེ་དག་ཀྱང་ད་ལྟ་སྔར་བཞིན་གཞི་གཅིག་ཏུ་ཡོད་མི་སྲིད་ལ།  དེ་སྔོན་དྲུག་བཞིའི་ཡར་ལངས་སྐབས་སུའང་དམག་འཛིན་ ༧ གྱིས་དམག་དཔུང་གིས་མི་དམངས་ལ་མེ་མདའ་གཏོད་རྒྱུར་ངོ་རྒོལ་བྱས་མྱོང་ཡོད་པ་རེད།  སྐབས་དེར་ཏིན་ཞོ་ཕིན་གྱིས་སྒེར་དབང་བཙན་སྤྱོད་ཀྱིས་དམག་མིར་བཀའ་མངགས་བཏང་བ་རེད།  གལ་སྲིད་རྒྱ་ནག་དུ་ད་ལྟ་ཡང་བསྐྱར་དྲུག་བཞིའི་ཡར་ལངས་ལྟ་བུའི་ཞིག་བྱུང་བ་ཡིན་ན།  ཧུའུ་ཅིན་ཐོ་ལ་དམག་དཔུང་ལ་བཙན་སྐུལ་གྱིས་མི་དམངས་ཁྲོད་མེ་མདའ་རྒྱག་འཇུག་པའི་ནུས་པ་དང་དབང་ཚད་ཡོད་པ་མ་རེད། ཅེས་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།




འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 10

  1. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    འདི་ཐབས་བྱུས་གཞི་ཆེན་ཞིག་ཏུ་ཡིན་པར་སེམས། དཔེར་ན་མི་ཞིག་ལ་མཚོན་ན།
    ཁྲག་གྲིབ་གི་ན་ཚ་ཞིག་ཕོག་པའི་སྐབས་སུ་ཧབ་ཏེ་ཁ་ལ་ཉན་ཆེན་པོ་དང་དྲན་པ་འཐོར་བ་ཞིག་འབྱུང་ཀྱང་།
    སྨན་དང་ལྷ་རྗེ་སོགས་ཐབས་གང་དྲག་བསྟན་ནས་སེང་གྲག་ཐུབ་སྲིད།
    འཇམ་ནད་དང་སྐྲན་ནད་ལྟ་བུ་ཞིག་ཡིན་ན་ཧབ་ཏེ་ཁ་ལ་ཉན་དེ་ཙམ་མེད་ཆེ་ན་ཡང་མཐར་ཞུགས་ནད་དེ་གི་མི་དེ་བདག་པོ་བརྒྱབ་པ་བཞིན།
    ད་ལྟའི་རྒྱ་ནག་ནང་མེ་ཏོག་བ་སྤུའི་གསར་བརྗེ་ཞེས་པའི་བརྗོད་གཞི་ལང་ཕྱོགས་འདི་རྒྱུད་ནས།
    ཞི་བའི་ངོ་བོ་ལ་དོན་རང་དབང་གི་ལས་འགུལ་ཆེས་རྒྱ་ཆེ་བ་ཞིག་ཚུག་ཐུབ་འདུག་པ་ལ་ཡི་རང་ཡོད། ཐབས་བྱུས་འདི་བོད་དང་ཡུ་གུར་སོག་པོ་བཅས་ཀྱིས་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས།
    ད་ལྟའི་གྱེན་ལང་འདི་གཙོ་བོ་དྲྭ་བའི་བསྐོལ་སྤྱོད་ཀྱི་སྟེང་ནས་འཐབ་རྩོད་ཆེ་ཤོས་ཞིག་ཡིན་པར་བརྟེན།
    འདི་ཚོའི་ཚོགས་མི་གང་རུང་གི་དྲྭ་བྱང་དང་།
    དམིགས་ཡུལ་འཆར་གཞི་བརྗོད་བྱ་ལང་ཕྱོགས་སོགས་ཁ་གསལ་པོའི་སྒོ་ནས།
    གསལ་འགྱུར་རྒྱུད་བསྒྲགས་རྣམས་གང་མང་མང་ངེས་པར་དུ་བྱེད་དགོས།
    དེ་དང་མཉམ་དུ་བོད་ས་ཡོངས་རྫོགས་ནས་(རང་དབང་རང་སྐྱོང་དང་གཞིས་བྱས་མཉམ་འཛོམ་གྱི་སྐལ་བཟང་མ་ཤར་གྱི་བར་དུ་ཞི་བའི་གྱེན་ལངས་ཀྱི་ལམ་སྣེ་བཏང་གི་མིན)། ཞེས་སྦྱར་ཡིག་དང་དྲྭ་ཡིག་ནས་སྤེལ་མགོ་རྩོམ་དགོས།
    མི་མང་ནང་ཤེས་ཡོན་ཅན་རྣམས་ཀྱི་ཞི་བའི་ཐོག་ནས་འཆར་གཞི་འཇོག་པ་ལས་དྲག་པོའི་རྣམ་པ་གཏན་ནས་བྱེད་མི་རུང་། རྒྱུ་མཚན་ནི།
    ངེད་ཚོ་ལ་དཔའ་དང་བློ་ཁོག་ཆེ་དྲག་ནས་ལངས་པ་མིན་ལ།
    མ་ལང་ཀ་མེ་དང་འུ་ཐུག་ཐབས་ཟད་པས་ལང་པ་རེད།
    ངེད་ཚོ་ལ་བདེན་པ་ཡོད་པ་ཡིན་ཀྱི་མི་གསོད་མཚོན་ཆ་འཇིགས་རུང་གང་ཡང་མེདམེད།
    ངེད་ཚོ་ལ་ཤོད་རྒྱུ་རབ་དང་རིམ་པ་ཡོད་ལ་འཛམ་གླིང་མི་མང་བདེན་དཔང་ཡང་ཡོད།
    ངེད་ཚོས་སྤྱི་ཚོགས་ཀྱི་བདེ་འཇག་ལ་གཏོར་གཤིགས་མིན་ལ།
    ངེད་ཚོའི་རང་ས་དང་རང་མི་ལ་རང་དབང་དགོས་པའི་ཕྱིར་དུ་ཡིན།
    བཙན་པོ་དབང་བེད་ཀྱིས་ནམ་ཡང་མེ་མདའ་དང་སྡིག་མོ་ཁོ་ནའི་འོག་ཏུ་སྡོད་ཐབས་བྲལ་ལ།
    གཞིས་བྱས་ཁ་བྲལ་ནས་རང་ས་ལ་མིག་ཆུ་བཏང་དབང་དང་ཆིག་ལབ་ཀྱང་བྱེད་དབང་མེད།
    ༸་གོངས་ཡིད་བཞིན་ནོར་བུའི་སྐུ་པར་ལ་ཡང་གསོལ་སྨོན་ཙམ་ཡང་མི་ཆོག་པ་མ་ཚད།
    བོད་ས་ཡོངས་རྫོགས་ནས་གཏེར་ཁ་སྔོགས་བཤེར་བྱས་ཤིང་།
    རིན་ཆེན་གཏེར་མཛོད་ཐམས་ཅད་བཙན་གྱིས་འཕྲོག
    བདུད་རྩིའི་ཆུ་མིག་ཐམས་ཅད་ཆུ་མཛོད་བསྐྱིལ་ནས།
    ས་ཞིང་མི་ནོར་ཡོད་ཚད་ཉན་ཁ་ཆེ་ལ་འཇིགས་སྐྲག་གི་ཁེང་པ་བཟོས།
    རྒྱ་རྫོང་ནགས་ཚལ་ཐམས་ཅད་རྐང་པ་བཅད་ནས།
    ས་མཐོའི་ཉམས་འགྱུར་ཡོད་ཚད་ལྕོང་རོང་དུ་བསྒྱུར།
    མཐའ་ན་གླུ་དང་གཞས་དང་སྙན་རྩོམ་བཏང་བ་ཡན་ཆད་ཆབ་སྲིད་དུ་བསྒྱུར་ནས།
    ཁུང་མེད་བདེན་མེད་ཀྱིས་གཞོན་སྐྱེས་རྣམས་འཚར་ལོངས་ཀྱི་ལམ་ཁ་བཙན་གྱིས་བཀག་པ་སོགས། འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་རྩིས་མེད་རྡོག་རོལ་དུ་བཏང་བ་ལ་རྒྱ་དམར་པོ་འདི་ཐབས་སྡུག་ཤོས་ཞིག་ཡིན་པས།
    ད་རེས་དངོས་སུ་རྒྱུ་འབྲས་ཞིག་འཁོར་ནས་དུས་ལ་བབ་འདུག་པས།
    ངེད་ཚོས་མ་ཉེས་ཁ་གཡོག་ཐམས་ཅད་ཁེར་མ་ཐུབ་ནས་གྱེན་ལང་བྱེད་པ་ཞིག་ལས་ཁུང་མེད་ལུང་མེད།
    རི་བོང་ཅལ་འགྲོག་གཏན་ནས་མིན་པས།
    འདི་དག་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་པ་ཡིན་ལ་འགྲོ་བ་མི་ལ་མེད་དུ་མི་རུང་བ་ཤ་སྟག་ཡིན་པས་ད་རེས་ཀྱི་དུས་སྐབས་འདི་ལ་གཞིས་བྱས་གཉིས་ཀྱི་ཐད་ནས་ཤོད་རྒྱུ་ཡོད་ཚད་ཤོད་དགོས་པའི་དུས་ཚིག་ཐུན་མིན་ཞིག་ངེས་པར་དུ་ཡིན་པར་སེམས།

    Reply
  2. ཐུབ་བསྟན says:
    ལོ་ 15 སྔོན།

    ཐེངས་འདིའི་རྒྱ་ནག་མི་དམངས་ཀྱི་དཔའ་ངར་ལྡན་པའི་སྙང་སྟོབས་དེ་ནི་སྔོན་ཐོན་ལ་ཁ་ཕྱོགས་པའི་བསམ་བློ་རྣལ་མ་ཞིག་ཡིན་པར་སྙམ།

    Reply
  3. གླིང་ཚང་བྱ་གླག says:
    ལོ་ 15 སྔོན།

    ད་ལྟའི་གནས་སྐབས་ནི་ང་ཚོ་བོད་པ་ཚང་གི་བལྟས་ནས་བསྡད་ན་འགྲིག་གི་ཨེ་ཡོད།
    ང་རང་གི་བསལ་ཚུལ་ལྟར་ན། རྒྱ་ནག་མི་དམངས་མེ་ཏོག་བ་སྤུའི་གསར་བརྗེ་ལས་འགུལ་བ་དང་། དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་རྒྱ་ནག་གི་བཙོན་དུ་བཅུག་བཞིན་པ་བཅུག་ཟིན་པ་བཅས་ལ་རྒྱབ་སྐྱོར་མཚོན་བྱེད། ང་ཚོས་མར་མེའི་ཁྲོམ་སྐོར་ཞིག་བྱས་ན་ཡག་པོ་མེད་འགྲོ་སྙམ། ཡང་གཅིག་བྱས་ན་ང་ཚོ་ཡང་བསྐྱར་གཉིད་ལས་སད་དགོས་པའི་དུས་ཞིག་ཤར་བ་མིན་འགྲོ་སྙམ།

    Reply
  4. མུན་པེ says:
    ལོ་ 15 སྔོན།

    ཏག་ཏག་སང་ཉིན་གཟའ་ཉི་མ་རེད རེ་སྒུག་བྱས་པའི་ཕྱོགས་འགལ་གཉིས་གདོང་ཐུག་བྱས་པའི་འཇུག་འབྲས་ལྟ་་མི་བཟོད་པ་ཞིག་ཡོང་རྒྱུ་ཡིན་པ་གཏན་ཁེལ་འདུག རྒྱ་ནག་གིས་གྲ་སྒྲིག་བྱེད་སྟངས་ལྟོས་དང་ །

    Reply
  5. ལུང་རྟོགས། says:
    ལོ་ 15 སྔོན།

    ཞི་བའི་སྟོབས་ཤུགས་ནི་དྲག་པོའི་སྟོབས་ཤུགས་ལས་ནམ་ཡང་རྒྱལ་ངེས་། མེ་ཏོག་བ་སྤུའི་གསར་རྗེ་རྒྱལ་གྱུར་གཅིག རྒྱ་ནག་མི་མང་རྒྱལ་གྱུར་གཅིག དམང་གཙོའི་ལས་འགུལ་རྒྱལ་གྱུར་གཅིག

    Reply
  6. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ཀློག་མཁན་རྣམ་པ་ཕྱི་ཚེས་ ༢༧ ནི་རྒྱུན་ལྡན་གྱི་དུས་ཤིག་ལས་རྒྱ་ནག་གི་ལོ་རྒྱུས་ནང་འཁོད་རུང་བའི་དུས་ཚིགས་ཤིག་ཡིན་མི་སྲིད། རྒྱུ་མཚན་ནི་ཁོ་ཚོ་སྒོར་མོ་ཁོ་ནས་ཆེད་དུ་འཚོ་མཁན་ཞིག་ཡིན། འདི་ནི་ང་ལ་ཡིད་ཆེས་ཡོད་པས་དབང་རྟགས་སུ་ཡང་བྲིས་པའང་ཡིན་ནོ།

    Reply
  7. རིགས་བཟང་། says:
    ལོ་ 15 སྔོན།

    སྐབས་འདིར་བོད་པ་ཚང་གིས་ཅི་ཞིག་བྱེད་དགོས་རྒྱུ་འདུག་གམ།
    ང་ཚོ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོན་གཞི་ནང་འདུག་རྒྱུ་ཡིན་ཟེར་བའི་ཚིག་ཤོར་ཚར་བས།
    ཁ་བཤད་དོན་ལ་གནས་པའི་མི་རིགས་ཤིག་ཡིན་ནམ།
    ཡིན་ན་ད་མགོ་རྩོམ།

    Reply
  8. གངས་རིའི་ཟེགས་མ says:
    ལོ་ 15 སྔོན།

    མང་ཤོག་མགོ་རྟིང་ཀློག་རྒྱུ་ནི་རྒྱ་ནག་མང་གཙོ་དོན་གཉེར་བ་གཅིག་པུའི་བསམ་ཚོད་ཞིག་ག་ལ་ཡིན། དེ་ལས་ཀྱང་དམར་ཤོག་བརྒྱབ་འགལ་གྱིས་ཤོག་ཁག་ཞེ་བཅུ་ཞེ་གྲངས་ནང་མི་མང་དུང་ཕྱུར་གསུམ་ཙམ་ཚང་མ་ལོངས་ཤོག ང་ཚོའི་རྒྱལ་ཁ་རེད།
    བོད་མི་རྣམས་ལྟད་མོ་བལྟས་ནས་མ་སྡོད།་ལོངས་ཤོག ལོངས་ཤོག ང་ཚོད་

    Reply
  9. གངས་རིའི་ཟེགས་མ says:
    ལོ་ 15 སྔོན།

    ཤིན་དུ་ལེགས་ད་རེས་གོ་སྐབས་འདི་དང་སྟུན་ནས་སོག་པོ་དང་ཡུལ་གུར།  བོད་པ་སོགས་ཚང་མས་ལྕགས་ཚ་ཐོག་ལ་བརྡུང་དགོས་པར་སྙམ་མོ་

    Reply
  10. བཛྲ་སུ་མ་ཏི། says:
    ལོ་ 15 སྔོན།

    རྒྱ་ནག་མི་དམངས་ཀྱི་སྙིང་སྟོབས་དང་སྦོབས་པ་ལ་ཡི་རངས་བྱུང་།བོད་མི་དམངས་ཀྱི་བློ་སྟོབས་ནི་ལོ་ངོ་ལྔ་བཅུ་ལྷག་ཉམས་མ་མྱོང་ལ་མ་འོངས་བར་བོད་ལ་རང་དབང་མ་བྱུང་གི་བར་དུ་ཉམས་མི་སྲིད།དེང་གི་རྒྱ་ནག་གི་སྲིད་དབང་འདི་མགོ་གཏིང་མ་ལོག་བར་དུ་བོད་ལ་རང་དབང་ཡོང་མི་སྲིད་ལ་རྒྱ་ནག་མི་དམངས་ལའང་གཅིག་གྱུར་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese