མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་ཏོག་བ་སྤྲུའི་གསར་བརྗེ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་དྲ་དམངས་ཚོས་རེས་གཟའ་ཉི་མ་ནམ་ཡིན་གྱི་ཉིན་གུང་ཆུ་ཚོད་ ༢ པའི་ཐོག་༼ མེ་ཏོག་བ་སྤྲུའི་གསར་བརྗེ ༽ (Jasmine Revolution ) ལས་འགུལ་སྤེལ་རྒྱུའི་བསྒྲགས་གཏམ་སྤེལ་ཡོད་པ་ལྟར། དེ་རིང་ཉིན་གུང་རྒྱ་ནག་པེ་ཅིན་དང་ཧྲང་ཧེ་སོགས་གྲོང་ཁྱེར་ཆེ་ཁག་འགའི་ནང་ཟང་ཆ་མི་ཆུང་བ་ཞིག་བྱུང་ཡོད་འདུག་ཅིང་། དེ་ནི་མང་ཚོགས་ཀྱིས་ཟང་ཆ་བཟོས་པ་ཞིག་མིན་པར་མི་མང་འདུ་འཛོམས་བྱེད་ཡུལ་ཁག་ཏུ་ཉེན་རྟོག་པ་ཚོས་གང་བྱུང་དུ་མི་མང་འཛིན་བཟུང་བྱེད་པ་དང་། ལག་ཏུ་ཁ་པར་དང་དཔར་ཆས་ཐོགས་མཁན་རིགས་ལ་འདྲི་རྩད་དང་ཉེས་རྡུང་བཏང་བ་སོགས་བྱས་ཡོད་འདུག དེ་བཞིན། གྲོང་ཁྱེར་ཆེ་ཁག་གི་མི་མང་འདུ་འཛོམ་བྱེད་ཡུལ་ཁག་ཏུ་ཉེན་རྟོག་པ་ཧ་ཅང་མང་པོ་འགྲེམས་འཇོག་བྱས་ཏེ་མི་མང་གི་འགྲོ་འདུག་ལ་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག

ཉེ་ལམ་བྱང་ཨ་ཧྥི་རི་ཀ་གླིང་གི་ཊོའུ་ནེ་ཤི་ཡ་དང་། དཀྱིལ་ཤར་ཡུལ་གྲུའི་ཨི་ཇིབ་སོགས་ཀྱི་མི་མང་ཚོས་མེ་ཏོག་བ་སྤྲུའི་གསར་བརྗེ་བྱས་ཏེ། སྲིད་དབང་སྒེར་གཅོད་སྲིད་གཞུང་མགོ་རྟིང་བསླགས་ཡོད་སྟབས། ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གི་དྲ་དམངས་ཚོས་ཀྱང་རེས་གཟའ་ཉི་མ་ནམ་ཡིན་གྱི་ཉིན་གུང་ཆུ་ཚོད་ ༢ སྟེང་གྲོང་ཁྱེར་ཆེ་ཁག་ནང་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་སྤེལ་རྒྱུའི་བསྒྲགས་གཏམ་སྤེལ་ཏེ། ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ ༡༣ ནང་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་དང་པོ་སྤེལ་རྒྱུ་དང་། དེ་རིང་ཕྱི་ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་དང་ཡུ་གུར་གྱི་རྒྱལ་ས་ཝོ་རོ་མུའུ་ཆི་གཙོས་པའི་གྲོང་ཁྱེར་ཆེ་ཁག་ ༢༣ ནང་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་གཉིས་པ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་ཡོད།

 

རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་སྤེལ།

 

རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་སྤེལ།

 

རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་སྤེལ།


 

རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་སྤེལ།

 

རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་སྤེལ།

 

རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་མེ་ཏོག་བ་སྤྲུའི་གསར་བརྗེ་ལས་འགུལ་སྤེལ།

 

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡
Mobile App

དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།     

༢༠༢༦/༠༥/༡༡
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨

མཆན། 8

  1. གླིང་ཚང་བྱ་གླག says:
    ལོ་ 15 སྔོན།

    ངས་བསམ་ཚུལ་ལྟར་བྱས་ན། བོད་རིགས་ཡོད་སའི་ས་ཁུལ་ཁག་གི་ནང་ནས་ངེས་པ་ཅན་དུ། མེ་ཏོག་དཀར་པོའི་འདྲ་པར་ལག་ཏུ་བཟུང་པ་དང་། ཁ་ནས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་བཅས་བརྗོད་བཞིན་ཐོག འདུ་མཛོམས་ཞིག་བྱས་ན་ངོ་མ་དོན་སྙིང་ལྡན་པ་ཞིག་རེད་ལ། ང་ཚོའི་ཡུན་རིང་རེ་སྒུག་བྱས་པའི་འབྲས་བུ་ཡང་འབྱུང་ལ་ཉེ་བའི་རྟགས་མཚན་ཀྱང་ཡིན་སྲིད།
    མ་ཚད་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་འགུལ་དེ་ངེས་པ་ཅན་དུ་སྤེལ་དགོས་པ་རེད་སྙམ། རྒྱ་ནག་མི་དམངས་མེ་ཏོག་བ་སྤུའི་གསར་བརྗེ་ལས་འགུལ་བ་དག་ལ་རྒྱབ་སྐྱོར་མཚོན་བྱེད་དང་། ང་ཚོའི་ཡང་བསྐྱར་རྒྱ་ནག་ལ་གོ་བརྡ་ཞིག་སྤྲད་པ་དང་དུས་མཚུངས། ལས་འགུལ་ཞིག་སྤེལ་བའི་དུས་ཚོད་མ་རེད་དམ།

    Reply
  2. མངའ་རིས་བུ། says:
    ལོ་ 15 སྔོན།

    མེ་ཏོག་འདི་ཡི་མིང་ལ་བོད་སྐད་དུ་མཚན་མོའི་རྒྱལ་མོ་ཟེར།
    རྒྱ་གར་བས་རཌ་ཀ་རཌ་ཎི་ཞེས་ཟེར།
    ཟླ་བ་ཤར་བའི་ཚེ་ཤིན་ཏུ་དྲི་མ་ཞིམ་པོ་བྲོ་བ་ཞིག་ཡོད།
    འདི་ནི་རྒྱ་གྱི་ས་ཆ་ག་ས་ག་ལ་སྐྱེས་སྲོལ་ཡོད་འདུག

    Reply
  3. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ངོས་ཀྱི་བསམ་ཚུལ་ལ་དྲག་པོའི་རྣམ་པ་མེད་ཅིང་ནམ་རྒྱུན་གྱི་སྤྱོད་ལམ་བཞིན་བོད་རིགས་ཐམས་ཅད་འདུ་ས་གཅིག་ན་མེ་ཏོག་དཀར་པོའི་པར་རིས་ལག་ཏུ་ཐོག་ནས་ལྷ་སར་གཙོས་པའི་ས་མདོ་རྣམས་སུ་དུས་གཅིག་ཏུ་འཛོམ་ན་དེས་འགྲིག་གི་འདུག་བསམ
    ཉན་རྟོག་པ་རྣམས་ཀྱི་སྐད་ཆར་མི་ཉན་ནས་སྐད་འབོད་རིགས་གང་བྱུང་ཞིག་སྒྲོག་མི་དགོས་པར་སེམས། འདི་གཙོ་བོ་དྲྭ་བའི་རྒོལ་བ་ཡིན་ཙང་གཞོན་སྐྱེས་ཀུན་གྱི་མེ་ཏོག་དཀར་པོའི་གསར་རྗེ་ལ་ཡི་རང་ཡོད་ཞེས་དྲྭ་བར་གང་མང་མང་འདྲི་དགོས་པར་སེམས། གུས་པའི་བསམ་ཚུལ་ཡིན།

    Reply
  4. ཐུབ་བསྟན says:
    ལོ་ 15 སྔོན།

    མེ་ཏོག་བ་སྤུའི་ལས་གཞི་འདི་ནི་མ་འོངས་པའི་རྒྱ་ནག་མི་དམངས་ཀྱི་བདེ་སྐྱིད་ཀྱི་ལམ་ཆེན་ཞིག་དང་། བོད་མི་རིགས་འདིས་ཡུན་རིང་སྙིང་ལ་གཉར་བའི་རེ་སྒུག་ཅིག་ད་དུང་དམར་བའི་རང་ལུགས་མཇུག་སྒྲིལ་བའི་མཚོན་རྟགས་གསོན་པོ་བཅས་ཡིན་པར་འདོད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་རིགས་ཅིག་མེ་ཏོག་བ་སྤུའི་གསར་བརྗེ་ལ་བཞུགས་འདོད་ཡོད་ན། ག་འདྲ་ཟེ་བཞུགས་དགོས་སམ།

    Reply
  6. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    སྤྱིར་ད་རེས་གྱེན་ལང་འདིའི་མིང་ལ་(མེ་ཏོག་བ་སྤུའི་གསར་བརྗེ་)ཞེས་པ་འདི་ལ་ཡང་མཚན་མཚོན་གཉིས་ཅུང་མ་སྙོམ་པ་ལྟ་བུ་ཞིག་མཐོང་གི་འདུག་སྒྲ་བསྒྱུར་ལ་ནོར་འཁྲུལ་ནི་མི་སྲིད་པས་གོ་བ་ལེན་ཁག་པོ་ཞིག་འདུག གོང་གི་གསར་འགྱུར་ནང་དུ་ཡང་(མེ་ཏོག་བ་སྤྲུའི་གསར་རྗེ་)ཞེས་བརྗོད་འདུག་པས་དེ་ལས་ཀྱང་ཁག་རུ་འགྲོ་གི་འདུག་དོན་ངོ་མའི་མིང་གི་མཚོན་བྱའི་འབྲེལ་གང་ཡིན་ནམ་???
    ཡིན་རྒྱུ་ཞི་བའི་ཐོག་ནས་དམར་པོ་མགོ་སྟིང་སློག་པའི་ཐབས་ཇུས་རྒྱ་ཆེན་པོ་ཞིག་ཡིན་འདུག་པས།
    དམར་པོ་དོར་ནས་(མེ་ཏོག་དཀར་པོའི་གསར་བརྗེ་)ཞེས་པ་ནི་ཡིན་རྒྱུ་མ་རེད། འདི་ཐད་ལ་དོག་གཅོད་དང་གསལ་བཤད་ཞིག་བྱེད་རོག

    Reply
  7. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    གནས་ཚུལ་འདི་ནི་ད་ལྟའི་ཆབ་སྲིད་ཀྱི་ཡོ་འཁྱོམ་ཆེ་བའི་སྐབས་ལ་མཚོན་ན་ཁ་ཚ་དགོས་གཏུགས་ཀྱིས་ང་ཚོས་བསམ་གཞིགས་བྱ་རྒྱུ་ཡོད་པས་ཤིན་ཏུ་ལེགས་ལ། སྐབས་འདིར་ཝང་ལེ་ཞོན་དང་འོད་ཟེར་གཉིས་ཀྱི་སྡོད་གནས་སུ་དམག་གིས་བསྲུངས་འདུག་པར་བཤད་པ་དང་། དེ་མིན་རྒྱ་ནག་གི་མཁས་པ་རྒན་པ་མང་པོ་ཞིག་གིས་འདི་ལ་གདེང་འཇོག་དང་རེ་བ་ཆེན་པོ་ཞིག་བྱེད་བཞིན་པར་མ་ཟད། ཁོང་ཚོས་རྒྱ་མི་ན་གཞོན་གྱི་སེམས་ཁམས་ན་འདི་ལྟ་བུའི་དམངས་གཙོ་ལ་དགའ་ཕྱོགས་ཤིག་ཡོད་པ་དེ་རིང་བར་དུ་ཧ་གོ་མ་སོང་ཞེས་ཆེས་དམངས་གཙོའི་ཡིད་ཆེས་ཀྱི་འགོ་འབུས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དང་། སྐབས་འདིར་ཁྲིམས་རྩོད་པ་མང་པོ་ཞིག་གིས་ཀྱང་མི་མང་ངེས་པར་དུ་རང་ཁྱིམ་ནས་མི་སྡོད་པར་སྲང་དུ་ལོག་རོགས་ཞུ། ཁྱོད་ཚོས་སྐད་འབོད་བྱ་མི་དགོས། ཁྱོད་ཚོས་སྲིད་གཞུང་ལ་ངོ་ལོག་བྱ་མི་དགོས། ཁྱོད་ཚོས་ཕྱི་རོལ་ན་གནས་ཚུལ་ཅི་ཞིག་འབྱུང་བཞིན་པ་གསལ་པོ་མཐོང་དགོས་པ་ཡིན་ཞེས་སྐུལ་མ་བྱས་ཡོད་ལ། འདི་ལྟར་སྐུལ་མཁན་གྱི་ཁྲོད་དུ་ཆེས་མཐོའི་ཁྲིམས་རྩོད་པ་སོགས་ཀྱང་ཐེ་བ་ཡིན། གང་ལྟར་མི་མང་སྲང་དུ་འདུ་འཛོམས་ཀྱི་འཁྲིགས་ཆ་དོད་པའི་ལས་འགུལ་དམིགས་བསལ་བ་ཞིག་ཏུ་གྱུར་བ་ཤིན་ཏུ་མངོན་གསལ་དོད་པོར་གྱུར་ཡོད།

    Reply
  8. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཐེངས་འདིའི་གསར་བརྗེ་ལ་དབྱིན་ཡིག་ནང་ (Jasmine Revolution) ཞེས་བཀོད་འདུག་ཅིང་། ( Jasmine ) ཞེས་པ་ནི་མེ་ཏོག་ཅིག་གི་མིང་ཡིན་ཚོད་འདུག་ལ། དེར་ཚིག་མཛོད་དག་ཏུ་བསྒྱུར་སྟངས་མི་འདྲ་ཁ་ཤས་འདུག ༼ དབྱིན་བོད་ཚིགས་མཛོད་གསར་མ ༽རུ་”མེ་ཏོག་ཀུནྔ་” ཞེས་བསྒྱུར་འདུག་ཅིང་། ༼རྒྱ་བོད་ཚིག་མཛོད ༽ ནང་ ” མེ་ཏོག་སྤུ ” ཞེས་བསྒྱུར་འདུག དེ་བཞིན་༼ བོད་རྒྱ་དབྱིན་གསུམ་ཚིག་མཛོད་༽ ནང་ “མེ་ཏོག་བ་སྤྲུ” དང་ ” མེ་ཏོག་ཀུནྡ་” བཅས་སུ་བསྒྱུར་འདུག

    མཐར་གཏུག་ན་ཐ་སྙད་མི་འདྲ་བ་གསུམ་འདུག
    མེ་ཏོག་བ་སྤུ།
    མེ་ཏོག་བ་སྤྲུ།
    མེ་ཏོག་ཀུནྡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese