མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྲུང་ཧོབ་འཁྱེར་སྐོར་ཚོང་།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

བཱེ་ནྲཌི་ར་སཱ་ཧེ་ཡི་བརྩམས། བནྡེ་སྐྱབས་ཀྱིས་བསྒྱར།

ཕྱི་ལོ་ ༡༩༩༩ ལོའི་ཉིན་མཐའ་མ་དེར་འཛམ་གླིང་མི་མང་གིས་ཟང་ཟིང་ལང་ལོང་གིས་སྟོང་ལོ་གསར་བ་ཞིག་ཚུར་བསུ་རྒྱུར་སྟ་གོན་བྱེད་བཞིན་པའི་སྐབས་དེར། བོད་མི་ཁག་ཅིག་རྐང་ཐང་དུ་ཧི་མ་ལ་དང་རྒྱང་ཐག་རིང་བའི་གཡང་གཟར་དང་གྲོག་རོང་བརྒལ་ཏེ་རྒྱ་གར་ཕྱོགས་སུ་སྐྱོད་བཞིན་འདུག ༢༠༠༠ ལོའི་ཕྱི་ཟླ་ ༡ ཚེས་ ༥ ཉིན་དཔལ་རྒྱལ་བ་ཀརྨ་པ་ངྷ་རམ་ས་ལར་འབྱོར་བའི་གསར་འགྱུར་དེ་རྩྭ་ས་སྟུག་པོའི་རི་ལུང་ལ་མེ་ལྕེ་མཆེད་པ་བཞིན་གང་སར་ཁྱབ་ཡོད། ༧གོང་ས་ཏཱ་ལའི་བླ་མ་གཙོས་པའི་བཙན་བྱོལ་བོད་མི་རྣམས་ཧ་ཅང་དགའ་སྤྲོས་ཁེངས་ཡོད་ཅིང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་མཚོན་ན་ཡང་། དགུང་ལོ་ ༡༥ ལ་སོན་མ་ཐག་པའི་གྲྭ་བ་ཆུང་ཆུང་ཞིག་རྒྱ་ནག་གི་སྟངས་འཛིན་ས་ཁུལ་ནས་བྲོས་ཏེ་རྒྱ་གར་རང་དབང་ལུང་པ་ཞིག་ལ་ཐར་ཙམ་བྱུང་བ་དེ་ནི། “དུས་རབས་ཤིག་གི་གཏམ་རྒྱུད” དུ་གྱུར་བ་རེད། འོན་ཀྱང་། རྒྱ་གར་གསང་བའི་ལས་ཁུངས་ལ་མཚོན་ན། གནས་ཚུལ་དེའི་ཐད་གྱ་གྱུ་འཁྲུལ་འཛིང་ཆེ་བའི་གནད་དོན་ཞིག་ཏུ་གྱུར་སོང་། དེ་ནི་བྱིས་པ་ཆུང་ཆུང་ཁོང་དང་ཁོང་གི་གཅུང་མོ། གཞན་སྐུ་འཁོར་གྲྭ་བ་བཞི་བཅས་བོད་ནས་བྲོས་བྱོལ་དུ་ཡོང་ཐུབ་པར་ཡིད་ཆེས་བྱ་མི་ཐུབ་པར་དོགས་པ་དང་ཐེ་ཚོམ་གྱི་ངང་དུ་ལུས་ཤིང་། རྒྱལ་སྲུང་འགན་ལེན་གྱི་དོགས་ཟོན་འོག རྒྱལ་བ་ཀརྨ་པ་འབྲས་ལྗོངས་སུ་ཡོད་པའི་ཁོང་གི་སྐུ་ཐོག་གོང་མའི་གདན་ས་རུམ་བཏེག་དགོན་དུ་ཕེབས་རྒྱུར་ཡང་ཆོག་མཆན་སྤྲད་མེད།

ཕྱི་ལོ་ ༢༠༠༨ ཟླ་ ༦ པའི་ནང་ཨ་རིར་ཡོད་པའི་ཁོང་གི་ཆོས་ཚོགས་ཁག་ཏུ་ཕེབས་པར་ཕྱི་སྐྱོད་ཆོག་མཆན་ཐོབ་ཡོད་ཀྱང་། ལོ་སྔོན་མའི་ནང་རྒྱ་གར་ནང་སྲིད་བློན་ཆེན་གྱིས་རྒྱལ་བ་ཀརྨ་པའི་ཕྱི་འབྲེལ་གཟིགས་སྐོར་གྱི་གནད་དོན་ལ་ཁས་ལེན་མ་བྱས་པར་བརྟེན། སྐབས་དེར་ཁོང་གི་ཕྱི་སྐྱོད་བྱེད་སྒོའི་རིགས་ཕྱིར་འཐེན་བྱ་དགོས་བྱུང་ཡོད། ད་ལྟ་ཁོང་གི་བླ་བྲང་ནས་རྒྱ་སྒོར་གང་འཚམ་སྔོག་འདོན་བྱུང་སྐབས་དོགས་གཞི་སྔར་ལས་ཧེ་ཆེར་སོང་སྟེ། ཀརྨ་པ་རྒྱ་གར་ལ་ཕེབས་པ་དེ་ནི་ལྐོག་ཇུས་ཀྱི་ལྟ་བ་རྙིང་པ་བསྐྱར་གསོ་བྱས་ཏེ། ཧ་ཅང་རྩ་ཆེན་དུ་རྩི་བའི་སྐུ་ཐོག་གོང་མའི་ཞྭ་ནག་དེ་རུམ་བཏེག་དགོན་ནས་བླངས་ཏེ། ཕྱིར་བོད་ནང་དུ་ཡོད་པའི་ཚུར་ཕུ་དགོན་དུ་ལོག་རྩིས་ཡིན་ལུགས་ཀྱི་དོགས་འདྲོག་དེ་རེད། ལྟ་ཚུལ་འདི་ཕྱོགས་ཡོངས་ནས་བོད་ནང་གི་འགོག་སྲུང་དམ་པོ་ཡིན་པའི་ས་ཁུལ་དུ་ཡོད་པའི་ཚུར་ཕུ་དགོན་ནས་རྒྱལ་བ་ཀརྨ་པ་བྲོས་བྱོལ་དུ་ཐར་བའི་གནད་དོན་ལ་གཞི་བརྟེན་བྱས་པ་ཞིག་ཡིན།

རྒྱ་གར་གསར་ལམ་ཁག་གིས་ཚུར་ཕུ་དགོན་ནས་བྲོས་བྱོལ་དུ་ཡོང་རྒྱུ་ནི་ལས་སླ་བོ་ཞིག་མིན་པར། དཀའ་ངལ་དང་འགག་ཕྲེང་ག་ཚོད་ཅིག་བརྒྱུད་དགོས་སམ་ཞེས་པའི་དྲི་རྟགས་ཤིག་ལ་མགོ་འཐོམ་སྟེ་གོང་གི་ལྟ་ཚུལ་དེ་ཁྱུར་མིད་གཏོང་རྐྱང་བྱས་པ་རེད། ང་ཡང་ ༢༠༠༤ ལོར་བོད་དུ་སྐྱོད་སྐབས་དྲི་བ་འདི་སེམས་ལ་འཁོར་མྱོང་། ང་ལྷ་སར་སྡོད་སྐབས། ང་དང་ཨོ་སི་ཊི་ལི་ཡའི་དགེ་རྒན་ཆེན་མོ་ཞིག་མཉམ་དུ། ལྷ་ས་ནས་རླངས་འཁོར་གྱིས་ཆུ་ཚོད་ ༤ སར་ཡོད་པའི་ཚུར་ཕུ་དགོན་དུ་ཕྱིན་པ་ཡིན། རྡོ་ཧྲུག་གི་གྲོང་ལམ་ཞིག་གི་ལམ་སྣེ་མ་ཟིན་བར་གྱི་ལྷ་སའི་བྱང་ངོས་ཀྱི་གཞུང་ལམ་ནི་ཧ་ཅང་ལེགས་པོ་ཞིག་འདུག གྲོང་ལམ་དེ་བརྒྱུད་ནས་བགྲོད་སྐབས་རླངས་འཁོར་གྱི་སྒེའུ་ཁུང་ལས་ཧ་ཅང་དབེན་པའི་གྲོང་ཚོ་འགའ་རེ་མཐོང་བྱུང་ལ། ས་གནས་དེ་ནི་སྐམ་ཐེར་དུ་གྱུར་ཏེ་རྨོ་འདེབས་སྟོན་ཐོག་གང་ཡང་མེད་པའི་ཡུལ་ལུང་ཞིག་རེད་འདུག

ང་ཚོ་ཚུར་ཕུ་དགོན་དུ་འབྱོར་སྐབས་གཞི་ནས་ངས་ཧ་གོ་བ་ནི་དགོན་པ་དེ་ལྷ་སའི་ནང་གི་དགོན་པ་ཚོ་དང་བསྡུར་ན་གཞི་རྒྱ་ཆེ་ཆུང་འབྲིང་ཙམ་རེད་འདུག ཐེངས་དེའི་ང་ཚོའི་འགྲུལ་བཞུད་དེ་ཡོངས་ཁྱབ་ཐོག་མིན་པར་རླངས་འཁོར་ཁ་ལོ་བ་བོད་མི་ཞིག་དང་། གནས་ཤན་པ་རྒྱ་རིགས་ཤིག་གི་མཉམ་དུ་ཕྱིན་པ་ཡིན། ཁོ་ཚོས་ངེད་གཉིས་ཀརྨ་པའི་གཟིམ་གནས་སུ་ཁྲིད་བྱུང་། ང་ཚོ་ ༢༠༠༤ ལོར་ཕྱིན་པ་རེད། སྐབས་དེའི་གཟིམ་ཤག་ནི་ ༡༩༩༩ ལོར་ཁོང་བྲོས་བྱོལ་སྐབས་ཀྱི་གནས་སྟངས་རང་འཇགས་མིན་ནམ་སྙམ་པ་ཇི་བཞིན་ཉར་ཚགས་བྱས་འདུག དེར་བརྡ་སྟོན་པང་ལེབ་ཆེན་པོ་ཞིག་བཀལ་འདུག་ཅིང་། དེ་ནི་ཀརྨ་པ་བཞུགས་དུས་ཀྱི་ཡིན་པ་འདྲ། དེའི་སྟེང་མཇལ་ཞུ་བ་ཚོས་རྒྱལ་བ་ཀརྨ་པར་མཇལ་ཁ་ཞུ་རྒྱུར་ཆོག་མཆན་ཞུ་དགོས། ཞེས་བཀོད་འདུག

ང་ཚོས་དགོན་པའི་ཐོག་ཁང་དང་པོའི་སྟེང་གི་སྒེའུ་ཁུང་ཞིག་མཐོང་བྱུང་། རྒྱལ་བ་ཀརྨ་པ་བྲོས་བྱོལ་སྐབས་སྒེའུ་ཁུང་དེ་ལས་སྐས་རིམ་འབབ་སྟེགས་བརྒྱུད་དེ། ཁོང་ལ་སྒུག་ཡོད་པའི་རླངས་འཁོར་ཡོད་སའི་ལྷེ་རྭ་དེར་མར་བབས་པ་ཞིག་རེད་འདུག དགོན་པའི་སྒོ་ཆེན་དུ་སྲུང་དམག་གི་ཁང་ཆུང་གཅིག་ལས་གཞན་མི་འདུག་ལ། དགོན་པའི་ལྕགས་རི་དེ་ཙམ་མཐོ་རྒྱུ་མེད་ཅིང་། ཆུ་འགྲམ་དུ་ཆགས་པའི་དགོན་པ་དེ་ཡི་མཐའ་འཁོར་ཡོངས་རི་མཐོ་བོས་བསྐོར་བ་དང་། དགོན་པའི་ཆགས་སྟངས་དེས་ཀརྨ་པ་བྲོས་བྱོལ་དུ་འགྲོ་རྒྱུར་སྟབས་བདེ་བཟོས་འདུག

ང་ཚོ་ལམ་བར་ནས་བདེ་སྲུང་ཞིབ་བཤེར་ས་ཚིགས་གཅིག་ལའང་འཕྲད་མ་བྱུང་ལ། ངེད་གཉིས་ཕྱི་མི་ཡིན་རུང་མི་སུ་གང་གིས་ཀྱང་བཀག་འགོག་འདྲི་རྩད་བྱས་མ་སོང་། དམག་དོན་གསང་བའི་ལས་ཁུངས་ནས་ལས་ཀ་བྱས་མྱོང་མཁན་ཞིག་ཡིན་ན། བློ་ཐག་ཆོད་པའི་ན་གཞོན་ཞིག་ལ་མཚོན་ན་དབེན་གནས་ཀྱི་དགོན་པ་འདི་ནས་བྲོས་ཐར་བྱ་རྒྱུ་ནི་དེ་འདྲའི་དཀའ་ལས་ཁག་པོ་ཞིག་མིན་པ་ངས་གསལ་བོར་རྟོགས་ཐུབ་ཀྱི་འདུག འདི་ནི་ ༡༩༥༩ ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་བྲོས་བྱོལ་དུ་ཕེབས་པ་ལས་རྦད་དེ་ལས་སླ་ཞིང་། སྐབས་དེར་རྒྱ་ནག་དམག་དཔུང་གིས་པོ་ཏ་ལ་ཡོངས་སུ་བསྐོར་ཡོད་ཀྱང་། ཏཱ་ལའི་བླ་མ་འགག་ཕྲེང་དེ་ནས་བྲོས་ཐར་བྱུང་བ་རེད།

རྒྱལ་བ་ཀརྨ་པ་བྲོས་བྱོལ་དུ་ཐར་བའི་གནས་སྟངས་དེའི་ཐད་ནས་དོགས་གཞི་བྱེད་མཁན་ཚོས་དངོས་ཡོད་ལ་རྒྱུས་ལོན་མ་བྱས་པར་རྒྱ་ནག་གི་བདེ་སྲུང་ལ་ཡིད་ཆེས་བྱེད་རྒྱུ་མང་དྲགས་པ་རེད། ཀརྨ་པ་རྒྱ་གར་ནང་འབྱོར་ཏེ་ལྟ་བར་མི་ལོ་ ༡༠ ཕྱིན་པའི་རིང་ལ། ང་ཚོས་རྒྱ་ནག་གིས་“ཀརྨ་པ་རྒྱ་གར་དུ་ཁོང་གི་ཞྭ་ནག་ལེན་པར་ཕྱིན་པ་རེད” ཅེས་པའི་སྐད་ཆ་དེར་ཡིད་ཆེས་བྱས་བསྡད་པ་རེད། རྟོག་སྒྲུང་འདི་བསྒྲུབ་ཕྱིར་རྒྱ་ནག་གིས་ད་དུང་ཚུར་ཕུ་དགོན་པའི་བརྡ་སྟོན་པང་ལེབ་སྟེང་གི་གསལ་བསྒྲགས་དེ་ཡང་མུ་མཐུད་བཞག་པ་ལོས་ཡིན།

རྒྱ་ནག་གཞུང་གནས་ཚུལ་མགོ་རྙོག་བཟོ་རྒྱུར་དགའ་མོས་ཡོད་ནའང་། ང་ཚོས་ཅིའི་ཕྱིར་བོད་ཀྱི་བླ་སྤྲུལ་ཁོང་རྒྱ་གཞུང་ལ་འབྲེལ་བ་ཡོད་ཚུལ་གྱི་ཉེས་འཛུགས་དེར་ལས་སླ་བོས་ཡིད་ཆེས་བྱས་བསྡད་པ་མགོ་འཚོས་མ་སོང་། རྒྱལ་བ་ཀརྨ་པ་རྒྱ་གར་དུ་ཕེབས་ནས་ད་བར་རྒྱ་ནག་གཞུང་ལ་རྒོལ་བའི་གསུང་བཤད་གང་ཡང་གནང་མེད་པ་དེར་བསྙོན་འཛུགས་བྱས་པ་ཞིག་རེད། རྒྱལ་བ་ཀརྨ་པས་༧གོང་ས་མཆོག་གི་དགོངས་པ་སྟེ། བོད་པའི་རང་སྲིད་རང་སྐྱོང་དང་བོད་ནང་གི་ཆོས་ལུགས་དད་རང་མོས་རང་དབང་ཐོག ཐེངས་བཅུ་གྲངས་ཤིག་ལ་བསྐྱར་ཟློས་ཡང་ཟློས་ཀྱིས་གསུང་བཤད་གནང་ཡོད།

ཧི་མ་ཅལ་ཉེན་རྟོག་པས་ཀརྨ་པའི་བླ་བྲང་ནས་རྒྱ་སྒོར་འབུམ་ ༡༡ ལྷག་སྔོག་འདོན་བྱུང་ཡོད་སྟབས། ཁོང་རྒྱ་གཞུང་གི་གསང་ཉུལ་བ་རེད་ཅེས་སྐྱོན་འཛུགས་བྱས་པ་རེད། དོན་དངོས་ཐོག་སྔོག་བཤེར་སྐབས། རྒྱལ་ཁབ་གཞན་མང་པོ་ཞིག་གི་དངུལ་སྒོར་ཡང་རྙེད་སོན་བྱུང་ཡོད་པ་རེད། དེ་དག་རྒྱལ་བ་ཀརྨ་པར་ཉིན་ལྟར་ཕྱིའི་རྒྱལ་ཁབ་འདྲ་མིན་ནས་མཇལ་ཞུ་བ་བརྒྱ་ཕྲག་མང་པོ་ཡོང་གི་ཡོད་པ་དེ་ཚོས་ཕུལ་བའི་འབུལ་བ་ཡིན་པའི་བདེན་དཔང་དེ་སྣང་མེད་དུ་བཞག་པ་རེད།

དགུང་ལོ་ ༧༥ ལ་བསླེབས་ཟིན་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་ལོ་མཐོན་པོར་ཕེབས་འགྲོ་བཞིན་པ་དང་། རྒྱལ་བ་ཀརྨ་པ་ནི་འབྱུང་འགྱུར་བཙན་བྱོལ་བོད་མིའི་གོང་བཀུར་གུས་བརྩི་འཐོབ་པའི་དབུ་ཁྲིད་ཅིག་ཡིན་ངེས་པ་དེར་འདི་འདྲའི་དཀྲོག་གཏམ་བཟོས་ན་སུ་ལ་ཁེ་ཕན་རག་རྒྱུ་ཡིན་མིན་ལ་ཚོད་དཔག་བྱ་རྒྱུ་གང་ཡང་ལྷག་མི་འདུག བོད་པའི་ཆོས་བརྒྱུད་ནང་ཁུལ་གྱི་དབང་ཆའི་འཐབ་རྩོད་དང་། ང་ཚོའི་ཉེན་རྟོག་པའི་གླེན་རྟགས་ཀྱིས་རྒྱ་གར་ཕྱི་འབྲེལ་སྲིད་ཇུས་དང་རྒྱལ་སྲུང་ལ་ཚབས་ཆེ་བའི་གནོད་སྐྱོན་བཏང་ཡོད། རྒྱ་ནག་གིས་འཁྲབ་ཚན་འདི་ཇེ་ལེགས་སུ་འགྲོ་རྒྱུར་སྐད་ཆ་བཤད་ཐུབ་པ་ཞིག་མིན་མོད། དོན་དངོས་ཐོག་ཐེངས་འདིར་ཁོ་ཚོར་ཧ་ཅང་དགའ་སྣང་སྐྱེས་ཡོད་ལ། གཅིག་བྱས་ན་དགའ་བའི་དགོད་སྒྲ་ཡང་ཤོར་ཡོད་སྲིད།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 2

  1. དམར་ཁ་ཚ། says:
    ལོ་ 15 སྔོན།

    རྨ་ཆུའི་སྐལ་་བཟང་ལ་བྲོ་བ་མེད་ན་ཧང་སངས་བ་གང་ཡང་མ་རེད།
    རྩྭ་ཐང་གི་འབྲོག་པ་གླེན་པ་ཞིག་རེད།

    Reply
  2. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    གྲོགས་རང་གིས་དོན་གྱི་བཤད་འདོད་པ་དེ་ག་རེ་ཡིན་ཧ་གོ་མ་སོང་།
    དང་པོ་རྒྱ་གར་གཞུང་ལ་ཁ་གཏད་ནས་བཤད་པ་འདྲ་པོ།
    ཡང་བོད་གཞུང་ལ་བཤད་གི་ཡོད་བཟོ་འདྲ་པོ།
    རྗེས་ལ་བོད་མི་ལ་བཤད་གི་ཡོད་པ་འདྲ་པོ།
    གང་ཤེས་བྲོ་བ་མི་འདུག།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese