མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྩེ་བ་གནོད་ཁུལ་དུ་སྐྱེལ།

བོད་ཀྱི་དུས་བབ།
༢༠༡༡/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོར་ཐའེ་ཝན་གྱི་གྲོང་ཁྱེར་ཐའེ་པེ་ཡི་གཡུ་འབྲུག་རི་བོ་དགོན་པའི་ཚོགས་ཁང་དུ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག ཉེ་ཆར་ཉི་ཧོང་ནང་ས་ཡོམ་དང་མཚོ་འཁྱོམ། ཉིང་རྡུལ་གློག་ཁང་འབར་གས་སོགས་ཀྱི་གནོད་འཚེ་ཚབས་ཆེན་ཐེབས་པའི་འདས་གསོན་དག་གི་ཆེད་དུ་ (བྱམས་བརྩེ་ལ་རྒྱལ་མཚམས་མེད། བརྩེ་བ་གནོད་ཁུལ་དུ་སྐྱེལ) ཞེས་པའི་དབུ་བྱང་འོག་བསྔོ་སྨོན་གསོལ་འདེབས་རྒྱ་ཆེན་པོ་ཞིག་གནང་ཡོད་འདུག

 

བསྔོ་སྨོན་དེའི་སྟེང་གསར་རྙིང་རིས་མེད་ཀྱི་ཆོས་ཚོགས་ཁག་གི་གནད་ཡོད་མཁན་སྤྲུལ་དང་དགེ་བཤེས་བཅུ་གྲངས་ཤིག་དང་། གྲྭ་བཙུན་སུམ་ཅུ་ལྷག རྒྱ་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་དང་དགེ་བསྙེན་བརྒྱ་ཕྲག་བརྒལ་བ་བཅས་མཉམ་འཛོམས་གནང་བའི་ཐོག ལས་རིམ་གཙོ་སྐྱོང་བས་མཚམས་སྦྱོར་གྱི་གཏམ་བཤད་གྲུབ་རྗེས་མཁན་པོ་ཚེ་རིང་བཀྲ་ཤིས་ནས་བོད་སྐད་དང་། ཀཿཐོག་རིག་འཛིན་ཆེན་པོ་ནས་རྒྱ་སྐད་ཐོག་ཞིབ་འཇུག་ཚོགས་པའི་གཏམ་བཤད་གནང་ཡོད་འདུག  

 

དེ་ཡང་ཀཿཐོག་རིག་འཛིན་ཆེན་པོས། ང་ཚོ་ནི་གོ་ལ་གཅིག་གྱུར་ཅན་གྱི་ཁྱིམ་ཚང་གཅིག་གི་ནང་མི་ཡིན་པ་དང་། ས་ཁུལ་གཅིག་ལ་བྱུང་བའི་གོད་ཆག་དེ་ནམ་ཡང་ང་ཚོའི་གོད་ཆག་ཡིན། ཞེས་དང་། ཐའེ་ཝན་ནི་གཞན་ཕན་གྱི་བསམ་སྦྱོར་ཁྱད་པར་ཅན་དང་ལྡན་པའི་སྤྱི་ཚོགས་ཤིག་ཡིན། ང་ཚོའི་ནུས་ཤུགས་ནི་མཆོག་གསུམ་གྱི་བྱིན་རླབས་ཡིན་ལ། ང་ཚོས་གང་བྱེད་ཐུབ་པ་ནི་མཆོག་གསུམ་ལ་བརྟེན་ནས་སྙིང་ཉེ་བའི་བརྩེ་སེམས་འབུལ་རྒྱུ་དེ་ཡིན། ཞེས་སོགས་གསུངས་འདུག

 

སྐབས་དེར་མཁན་པོ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གསུང་བཤད་གནང་དོན། ས་ཁུལ་བྱེ་བྲག་པ་གཅིག་ལ་བྱུང་བའི་གནས་ཚུལ་དེས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་དེ་རིང་། འཛམ་གླིང་ཧྲིལ་བོའི་སྣོད་བཅུད་ཡོངས་ལ་འགྱུར་ལྡོག་ཤིན་ཏུ་མྱུར་པོ་འགྲོ་བཞིན་པ་ལྟར། ཉིས་སྟོང་བཅུ་གཅིག་ལོ་འདིར་ང་ཚོས་བསྟུད་མར་རང་བྱུང་དང་མིས་བཟོས་ཀྱི་ཆག་སྒོ་མང་པོར་གདོང་ལེན་བྱ་དགོས་བྱུང་ཞིང་། ཁྱད་པར་དུ་ད་ལྟའི་ཉི་ཧོང་ནི་ཤིན་ཏུ་ཡ་ང་བའི་གནས་སྟངས་ཤིག་གི་འོག་ལྷག་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་འདི་དག་ནི་ང་ཚོ་མིའི་རིགས་ཀྱིས་ཕན་ཚུན་ལ་རོགས་རམ་དང་། དུང་སེམས་མཉམ་སྐྱེད་སོགས་ཀྱི་འདུ་ཤེས་གོང་མཐོར་བཏང་ནས་བྱམས་བརྩེ་ཉམས་ལེན་བྱེད་པའི་གལ་ཆེའི་གོ་སྐབས་ཤིག་ཀྱང་རེད། ཅེས་གསུངས་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 8

  1. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 15 སྔོན།

    ༼བྱམས་བརྩེ་ལ་རྒྱལ་མཚམས་མེད། བརྩེ་བ་གནོད་ཁུལ་དུ་སྐྱེལ།༽ དངོས་གནས་རེད། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་མཁན་པོ་ཚེ་རིང་བཀྲ་ཤིས་ཀྱི་གཙོས་ཚོགས་མི་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    Reply
  2. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 15 སྔོན།

    རྗེས་སུ་ཡིད་རང་ཁྱེད་རྣམ་པར་ཕུལ་ཡང་། དགེ་བའི་ཕན་ཡོན་ངས་ཞུས་ཆོག་པ་བཅས།

    Reply
  3. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 15 སྔོན།

    རྒྱལ་སྤྱིའི་ནང་བསྟན་ཚོགས་པས་བསྔོ་སྨོན་ཟབ་རྒྱས་གནང་བ་ལ་ཐུགས་རྗེ་ཆེ་ཞུ་བ་དང་་་དེ་དང་འབྲེལ་བའི་བོད་མི་མང་ཡོང་ནས་སེམས་ཅན་ཐམས་ཅད་ཀྱི་ཁྱེད་དུ་བསྔོ་སྨོན་ཟབ་རྒྱས་གནང་རོག་གནང

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    རྫ་ཚེ་རིང་བཀྲ་ཤིས་ལགས་ཉེ་ཆར་བོད་ནས་གསར་དུ་འབྱོན་པ་ཞིག་ཡིན་པར་ཐོས་ན་ཡང་། ད་ལྟ་ཕྱི་རྒྱལ་ལ་བཞུགས་པ་མ་ཚད་ཉི་ཧོང་གི་མི་མང་རྣམས་ས་ཡོམ་དང་མཚོ་འཁྱམས་ཀྱིས་མི་རྒྱུ་ཡོད་ཚད་ལ་གོད་ཆག་དང་གྱོད་གུད་གསབ་ཏུ་མེད་པ་བྱུང་འདུག་པའི་ཆེད་དུ་དམིགས་ནས་བོད་རྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག་འདི་ལྟར་ཚོགས་པ་བསྐང་ཐུབ་པ་དང་གསུང་བཤད་རྣ་བའི་བདུད་རྩི་ལྟ་བུ་གསུང་འདུག་པ་ལ་ངོས་རང་ནི་རྗེས་སུ་ཡིང་དང་འབྲེལ། མཛད་ཕྲིན་ཡར་ཟླ་ལྟར་རྒྱས་པའི་སྨོན་འདུན་ཞུ་གི་ཡོད། བོད་མི་ཞིག་ཡིན་ནས་བཟུང་མི་རེའི་ངོ་རེ་བོད་མིའི་བཟང་སྤྱོད་དང་གཞན་ཕན་མཐུན་འབྲེལ་ཤེས་ཡོན་སོགས་གྲོད་ཁོག་དང་དངུལ་ལོར་གཅིག་པུར་རྩིས་སུ་མི་འཛིན་ནས་འདི་ལྟ་བུའི་ནུས་ཤུགས་འདོན་ཐུབ་དགོས་པ་ནི་ངོ་མ་སེར་མོ་བ་ཡོད་ཚད་ཀྱི་བྱེད་དགོས་པ་ཞིག་དང་མ་བྱེད་ན་མི་འགྲིག་པའི་དོན་གནད་གལ་ཆེལ་ཞིག་ཡིན་པར་མངོན།
    །ལྷད་མེད་གཞན་ཕན་བཟང་པོའི་རྣམ་ཐར་ཀྱིས།
    །ཐར་འདོད་བློ་ལྡན་མགུ་བའི་ཕྲིན་ལས་འབུམ།
    །ལྷག་བསམ་དཔུང་པ་བཟང་པོས་ཚུལ་ཇི་བཞིན།
    །སྨན་མཛད་ཡིད་རབ་འཕྲོག་པ་འདི་བསྔགས་འོས།

    Reply
  5. རྒྱ་རྙི། says:
    ལོ་ 15 སྔོན།

    བོད་རྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས། གཟི་བརྗིད་དང་ཕན་འབྲས་ལྡནཔའི་ཆོས་ཀྱི་བྱ་འགུལ་འདི་ལྟ་བུ་ཞིག་གནང་བར་སྙིང་ནས་རྗེས་སུ་ཡིད་རིངས་ཞུ། མ་འོངས་བར་མུ་འཐུ་དུ་འདི་ལྟ་བའི་ལས་འགུལ་ཡང་ཡང་སྤེལ་བར་འབོད་བསྐུལ་ཞུ།

    Reply
  6. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    དེ་རྗེས་འདུས་མང་ཡོངས་ཀྱིས་མར་མེ་ཕྱག་ཏུ་བསྣམས་ནས་སྡིང་ཆའི་ཐོག་གི་སངས་རྒྱས་ཀྱི་སྐུ་ཐང་རིན་པོ་ཆེ་དང་། དེའི་མདུན་གྱི་མེ་ཏོག་གི་ཆུན་པོ་སྣ་ཚོགས་ཀྱི་དབུས་སུ་སྒྲིག་ཤོམ་བྱས་པའི་འཇར་པན་གནོད་ཐེབས་སྤུན་ཟླའི་གནས་སྟངས་གསལ་བའི་ཡིད་འགུལ་ཐེབས་པའི་པར་རིས་དང་བརྙན་ཡོལ་ལ་ཞལ་ཕྱོགས་ཏེ་སྐར་མ་གཅིག་གི་ངག་བསྡམས་གུས་འདུད་ཞུས་རྗེས། འཕགས་པ་སྤྱན་རིས་གཟིགས་ཀྱི་མངོན་རྟོགས་དང་འབྲེལ་བའི་མ་ཎི་དང་བཟང་སྤྱོད་སོགས་དངོས་གཞིའི་ཆོ་ག་དབུ་མཛུགས་མཛད་ཡོད།
    དམིགས་བསལ་སྨོན་ལམ་འདི་ལ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་རྒྱུན་ལས་རྣམ་པའི་ལས་དོན་ཆ་བགོས་ཀྱི་འབྲུ་དོན་ལྟར་སྤྱི་ཚོགས་ཞབས་ཞུའི་ལས་དོན་གྱི་འགན་ཁུར་བ་མཁན་པོ་ཆོས་ཉིད་དོན་རྟོགས་ནས་གྲྭ་སྒྲིག་གི་གཙོ་འགན་བཞེས་ཡོད།
    ལར་སྨོན་ལམ་འདི་ལྟ་བུ་ཞིག་འཚོགས་པའི་དགོས་དམིགས་ནི་༸གོང་ས་མཆོག་གིས་ནམ་རྒྱུན་བོད་མི་རྣམས་ས་ཆ་གང་དུ་ཡོད་ཀྱང་མི་རེ་ངོ་རེ་ནས་ཡ་རབས་བཟང་སྤྱོད་དང་ཐུན་མིན་ཆོས་རིག་གི་བསམ་སྦྱོར་གྱིས་རང་ཉིད་བོད་མི་ཞིག་ཡིན་པའི་ངོ་ཚབ་མཚོན་དགོས་ཞེས་གསུངས་པའི་བཀའ་དགོངས་ཀྱི་ཆ་ཤས་ལག་ལེན་ཞུས་པ་ཞིག་ཀྱང་ཡིན།
    རྒྱལ་སྤྱིའི་བོད་བརྒྱུད་ཞིབ་འཇུག་ཚོགས་པ་ནི་ཐའེ་ཝན་དུ་༢༠༠༩ལོར་རིས་མེད་མཁན་སྤྲུལ་ཁག་ཅིག་གིས་བཙུགས་པའི་བོད་བརྒྱུད་ནང་བསྟན་གྱི་འབྱུང་འགྱུར་ལ་དམིགས་པའི་ཚད་ལྡན་གྱི་ཚོགས་པ་ཞིག་རེད།
    ཚོགས་པའི་དྲ་རྒྱ། http:www.buddha jnana.org/

    Reply
  7. སྟག་ཕྲུག says:
    ལོ་ 15 སྔོན།

    རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་བྱ་བ་འདིར་རྗེས་སུ་ཡི་རང་བར་བྱའོ།། ཨོཾ་མ་ཎི་པདྨེ་ཧཱུྂ།

    Reply
  8. བདེན་རྒྱལ། says:
    ལོ་ 15 སྔོན།

    ཨོྂ་མ་ནི་པདྨེ་ཧུྂ། ཨོྂ་མ་ནི་པདྨེ་ཧུྂ། ཨོྂ་མ་ནི་པདྨེ་ཧུྂ། ཨོྂ་མ་ནི་པདྨེ་ཧུྂ། ཨོྂ་མ་ནི་པདྨེ་ཧུྂ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese