ཕྱི་ཟླ་ ༣ ཚེས་ ༢༨ ནས་ཁ་སང་ཕྱི་ཟླ་བཞི་པའི་ཚེས་ ༡ ཉིན་བར། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་བོད་མིའི་གཞིས་སྒར་དུ། བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ས་གནས་མང་ཚོགས་ལ་བོད་དོན་སྐོར་གྱི་པར་རིས་འགྲེམས་སྟོན་ཞིག་བྱས་ཡོད་ཅིང་། འགྲེམས་སྟོན་དེར་ས་གནས་བོད་རིགས་མང་ཚོགས་དང་སློབ་ཕྲུག དེ་བཞིན་རྒྱུད་སྟོད་དགོན་པའི་དགེ་འདུན་པ་བཅས་ཁྱོན་མི་ ༥༠༠ ཙམ་འདུ་འཛོམས་བྱུང་ཡོད། གོ་སྒྲིག་ཚོགས་པའི་ངོས་ནས་ཉིན་འདི་འགའི་འགྲེམས་སྟོན་སྐབས། ༼ང་ཚོར་ད་དུང་ཅི་ཞིག་ལྷག་ཡོད་༽ཅེས་པ་དང་། ༼༢༠༠༨ ལོའི་བོད་ནང་གི་ཞི་རྒོལ། ༽དེ་བཞིན་ད་ལྟའི་བོད་ཕྱི་ནང་གི་བོད་མིའི་འཚོ་བའི་གནས་སྟངས་སྐོར་གྱི་གློག་བརྙན་ཁག་ཅིག་བཅས་གཟིགས་འབུལ་ཞུས་ཡོད་འདུག་ལ། དེ་རིང་ཕྱི་ཚེས་ ༢ ཉིན་ནས་མུ་མཐུད་མོན་རྟ་དབང་དང་འབུམ་སྡེ་ལ་གཞིས་གྲོང་བཅས་སུ་འགྲེམས་སྟོན་ཞུ་བཞིན་ཡོད་འདུག
དཔལ་ལྡན་གྱིས་བསྡུས།
ས་ཁུལ་འདི་དག་ལ་བོད་མིའི་འདུ་ཤེས་སླར་གསོ་བྱ་གལ་ཧ་ཅང་ཆེ་བས་མུ་མཐུད་དེ་ལས་འགུལ་གང་མང་ཞིག་སྤེལ་གལ་ཆེ་སྙམ། ད་ལྟ་དུས་སུ་རྒྱ་གར་ནག་གཉིས་ཀྱི་ཆབ་སྲིད་ཀྱི་འཚོར་བ་ཆེན་པའི་སྐབས་འདི་ལ་བསྟུན་ཏེ་བོད་མིའི་ངོས་ནས་བོད་མིའི་འདུ་ཤེས་ལོ་ངོ་སྟོང་ཕྲག་ལྷག་འདས་ཟིན་པ་རྣམས་ཁོང་ཚོར་སེམས་གཏིང་ལ་སླར་གསོ་བྱ་གལ་ཆེ།