མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱག་རྫུན་དེ་བཟང་སྤྱོད་ཀྱི་སྐྱག་རྫུན་ཞིག་ཆཊ་ཐབས་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རང་གཤིས་བཟང་པོ་དེ་དག་ག་ལེར་བརླག་འགྲོ་བའི་ཉེན་ཁ་ཞིག་ཡོང་གི་ཡོད། མི་རིགས་གཅིག་གི་ཁྱད་ཆོས་དང་གཤིས་ཀ་ཟེར་བ་དེ་གཙོ་བོ་སྐད་ཡིག་ལ་རག་ལས་ཡོད་སྟབས། བོད་སྐད་ཡིག་གི་ཉེན་ཁ་དེ་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས་དང་འཚོ་བ། གོམ་སྲོལ་སོགས་ཕྱོགས་མང་པོ་ཞིག་གི་ཉེན་ཁ་ཆགས་ཡོད། ཅེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་ཡོད།

ཟླ་འདིའི་ཕྱི་ཚེས་ ༦ ནས་ ༨ བར་ཉིན་གསུམ་རིང་སུ་ཇཱ་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ཏེ། ལོ་ངོ་ ༢༥ འཁོར་བའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་རྒྱལ་བ་ཀརྨ་པ་མཆོག་ཕེབས་ཡོད་ལ། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང་བོད་ཁྱིམ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན། སུ་ཇཱའི་སློབ་ཟུར་རྣམས་བཅས་གདན་ཞུ་གནང་འདུག  

དབུ་འབྱེད་མཛད་སྒོའི་ཐོག་མར་སློབ་གྲྭའི་དབུ་འཛིན་མཆོག་གིས་སློབ་གྲྭའི་ལས་བསྡོམས་སྙན་སྒྲོན་ཞུས་ཏེ། ཕྱི་ལོ་ ༡༩༨༦ ནས་ད་བར་སློབ་མ་ ༨༨༦༦  ཙམ་སྐྱེད་སྲིང་བྱས་ཤིང་། ད་ལྟའི་ཆར་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་རིམ་བཅུ་བའི་བར་སློབ་མ་ ༡༧༡༦ དང་། ལས་བྱེད་ ༡༦༣  ཡོད། འཆར་ལོའི་ནང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱང་སློབ་གྲྭ་འདིར་འཚོགས་ཐུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་། དེའི་རྗེས་བོད་ཁྱིམ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས། སློབ་གྲྭ་འདི་ཐོག་མར་༧གོང་ས་མཆོག་གི་དགོངས་གཞི་ལྟར། བོད་ནས་ཡོང་མཁན་རང་ལོ ༡༤ བརྒལ་བ་ཚོར་དམིགས་ཏེ། ཕྱི་ལོ་ ༡༩༨༦ ཟླ་ ༢ ཚེས་ ༢༤ ཉིན་མཱ་སོ་རི་སློབ་གྲྭའི་འཛིན་སྐྱོང་འོག་མགོ་འཛུགས་བྱས་ཤིང་། ཕྱིས་སུ་ཐད་ཀར་བཀའ་ཤག་གིས་འཛིན་སྐྱོང་བྱས་ཏེ།  ༡༩༩༠ ལོར་བཀའ་ཤག་གིས་སློབ་གྲྭ་འདི་བོད་ཁྱིམ་ལ་རྩིས་འབུལ་བྱས་ཏེ་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཆགས་ཡོད། ཅེས་བརྗོད་བྱུང་།

 

སྐབས་དེར་སློབ་གྲྭ་དེར་སློབ་སྤྱི་བསོད་ནམས་སྲིད་ཆོས་ལགས་གཙོས་དགེ་ལས་ཁག་ཅིག་ལ་ཞབས་ལོ་ ༢༥ ཟིན་པ་དག་ལ། ཤེས་རིག་ལས་ཁུངས་ཀྱིས་ཆེ་བསྟོད་གཟེངས་རྟགས་ཕུལ་བ་དང་། ཉེ་ལམ་བོད་ཀྱི་སྐད་ཡིག་གོང་འཕེལ་ཆེད་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་གཉིས་ཀྱིས་རྒྱ་གར་མངའ་སྡེ་མང་པོར་རྐང་འཁོར་སྐོར་སྐྱོད་བྱས་པར་བསྔགས་བརྗོད་བྱ་དགའ་བཅས་ཕུལ་སོང་།

དེའི་རྗེས་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་གསུང་བཤད་གནང་དོན། བོད་པའི་སྐད་ཡིག་རིག་གཞུང་དང་བཟང་སྤྱོད་ཀྱི་གཤིས་ཀ་རྒྱུན་འཛིན། བོད་ཀྱི་རྩ་དོན་བསྒྲུབ་ཕྱིར་སློབ་གྲྭ་འདི་བཙུགས་པ་ཞིག་ཡིན་སྟབས། ཤེས་ཡོན་གཅིག་པུས་འགྲིག་གི་མ་རེད། སློབ་གྲྭའི་ནང་གཙོ་བོ་ཤེས་སྤྱོད་གཉིས་ལ་དོ་སྣང་བྱ་དགོས་པ་དེ་གལ་ཆེན་པོ་རེད། བོད་མིའི་གནས་བབ་ཛ་དྲག་པོ་རེད། རང་བཙན་ཡོད་པའི་སློབ་ཕྲུག་ཚོ་ལས་བོད་པའི་སློབ་ཕྲུག་ཚོར་འགན་ཁུར་ཆེ་བ་ཡོད། ལྷག་པར་བོད་ནས་ཕེབས་པའི་སློབ་ཕྲུག་ཚོར་ཤུལ་དུ་ཕ་མ་གཉེན་ཉེ་ཚོས་རེ་བ་ཆེན་པོ་བཟུང་ཡོད། ཅེས་དང་།

སྔོན་མ་ཡིན་ན་སློབ་ཕྲུག་མང་པོ་ཞིག་གིས་ལོ་རྫུན་མ་བརྒྱབ་སྟེ། སློབ་གྲྭ་འདིར་ཚུད་ཐབས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། སྐྱག་རྫུན་བཤད་པ་དེ་ཟ་འཐུང་གི་ཆེད་དུ་མིན་པར་ཤེས་ཡོན་སློབ་སྦྱོང་ཆེད་ཡིན་སྟབས། རྫུན་བཤད་པ་དེ་བཟང་སྤྱོད་ཀྱི་སྐྱག་རྫུན་ཞིག་ཆགས་ཐབས་བྱ་དགོས། སློབ་གྲྭ་འདིའི་ནང་གི་དགེ་ལས་ཚོ་ཡིན་ནའང་དམིགས་བསལ་གཟབ་ནན་ཐོག ཕྲུ་གུ་འདི་དག་གནས་སྟངས་གང་འདྲ་ཞིག་གི་འོག་ནས་སློབ་སྦྱོང་བྱེད་དུ་ཡོང་བ་རེད། བཙན་བྱོལ་ནང་སྐྱེས་པའི་ཕྲུ་གུ་ལྟར་ཆུང་དུས་ཁོང་ཚོར་སློབ་སྦྱོང་གི་གོ་སྐབས་རག་ཡོད་མེད། བོད་ནང་དུ་ཕ་མ་ཚོ་རྒྱ་ནག་གི་བཙན་གནོན་འོག་གནས་ཡོད་པ་སོགས་ལ་ཐུགས་བསམ་བཞེས་ཏེ། དམིགས་བསལ་གྱིས་བྱམས་བརྩེ་དང་། གཟིགས་རྟོགས་ཡག་པོ་གནང་དགོས། ཞེས་གསུངས་སོང་།

 

མཐར་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གསུང་བཤད་གནང་དོན། ད་ལྟ་བོད་མི་རིགས་འདི་ཤི་གསོན་གྱི་དུས་ཚོད་འདྲ་བོ་ཞིག་ལ་འཁེལ་ཡོད། བོད་ནང་དུ་སྐྱེས་པའི་བོད་རིགས་ན་གཞོན་ཚོ་ཡིན་ན་འདྲ་ལ། རྒྱ་གར་ནང་དང་ཕྱི་རྒྱལ་ཁག་ཏུ་འཚར་ལོངས་བྱུང་པའི་ན་གཞོན་ཚོ་ཡིན་ནའང་འདྲ། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རང་གཤིས་བཟང་པོ་དེ་དག་ག་ལེར་བརླག་འགྲོ་བའི་ཉེན་ཁ་ཞིག་ཡོང་གི་ཡོད། མི་རིགས་གཅིག་གི་ཁྱད་ཆོས་དང་གཤིས་ཀ་སྟེ། དབྱིན་སྐད་ནང་ (Identity)ཟེར་བ་དེ་གཙོ་བོ་སྐད་ཡིག་ལ་རག་ལས་ཡོད་སྟབས། བོད་སྐད་ཡིག་གི་ཉེན་ཁ་དེ་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས་དང་འཚོ་བ། གོམ་སྲོལ་སོགས་ཕྱོགས་མང་པོ་ཞིག་གི་ཉེན་ཁ་ཆགས་ཡོད། ལྷག་པར་དུ་ཆབ་སྲིད་ཐད་ནས་བོད་དུ་རྒྱ་ནག་གཞུང་གིས་འཛིན་པའི་སྲིད་ཇུས་དེས་དངོས་ཤུགས་རྒྱུ་གསུམ་ནས་བོད་རིགས་རྒྱ་རིགས་ཅན་དུ་སྒྱུར་ཐབས་བྱེད་ཀྱི་ཡོད། ཕྱིའི་རྐྱེན་ཡིན་ཡང་སྲིད་མོད། བོད་པ་ནང་ཁུལ་གྱི་བོད་མི་རེ་ཟུང་གིས་ཀྱང་བོད་ཀྱི་སྐད་ཡིག་འདི་རྗེས་ལུས་ཀྱི་རྣམ་པ་འདྲ་བོ་ཞིག་དང་ཉམ་ཐག་པའི་རྣམ་པ་འདྲ་བོ་ཞིག་ལ་ངོས་འཛིན་བྱས་ཏེ། བོད་སྐད་བཤད་རྒྱུར་ངོ་ཚ་བོ་དང་ཉམས་དམའ་བོ་བྱེད་ཀྱི་ཡོད་པའི་གནས་ཚུལ་གོ་སོང་། ཞེས་དང་།

གང་ལྟར། བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་ཕྱིན་པ་ཡིན་ན། མི་རིགས་ཀྱི་ཁུངས་སྣེ་ཡོད་ཚད་སྡེབ་གཅིག་ལ་ཤི་བ་དང་ཁྱད་པར་ཡོད་པ་མ་རེད། སྐད་ཡིག་གི་ཉམས་རྒུད་དེ་མི་རིགས་ཤིག་གི་ཉམས་རྒུད་ཆགས་ཡོད། དེ་འདྲ་ཡིན་སྟབས་ངེས་པར་དུ་བོད་པའི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་ཡོད། སྲུང་སྐྱོབ་བྱེད་སྟངས་ལ་ཐབས་ཤེས་སྣ་ཚོགས་ཡོད་པ་རེད། དཔེར་ན། བོད་ཡིག་གི་དུས་དེབ་འདྲ་མིན་དཔར་སྐྲུན་བྱ་རྒྱུ་དང་། ཕ་སྐད་བེད་སྤྱོད་ཀྱི་ཁོར་ཡུག་རྒྱ་སྐྱེད་གཏོང་བ། གློག་ཀླད་དྲ་རྒྱ་སོགས་བརྒྱུད་དེ་བོད་ཡིག་བཀོལ་སྤྱོད་བྱ་རྒྱུ། ཐ་སྙད་རིགས་ཐུན་མོང་གིས་བཀོལ་སྤྱོད་ཐུབ་པར་གཏན་འབེབ་བྱས་ཏེ་དེང་དུས་ཀྱི་རྗེས་ཟིན་པ་བྱ་རྒྱུ། མདོར་ན་བོད་མི་ཚོར་ལས་འགན་མང་པོ་ཞིག་དང་ཛ་དྲག་གིས་ལེགས་བཅོས་བྱ་དགོས་ས་མང་པོ་ཞིག་ཡོད། འདོད་བློ་འདྲ་ཞིག་ཁེངས་བསྡད་ན། སྐད་ཡིག་རིག་གནས་ཉམས་རྒུད་དུ་འགྲོ་བའི་བར་ཆད་རེད། ཅེས་གསུངས་སོང་།

 

མཇུག་ཏུ་ཁོང་གིས་མིའི་བཟང་སྤྱོད་ཀྱི་རིན་ཐང་སྐོར་ནས་གསུངས་དོན། སྔར་ཨེ་ཤ་ཡའི་གནའ་རབས་སློབ་སྦྱོང་བྱེད་སྟངས་ནང་ཤེས་བྱ་ཡོན་ཏན་གཞན་ལ་སྦྱང་བརྩོན་མ་བྱས་སྔོན་ལ། མི་བཟང་པོ་ཞིག་ཆགས་རྒྱུ་དང་ཡ་རབས་སྤྱོད་བཟང་བསླབ་རྒྱུ་གལ་ཆེན་པོར་བརྩི་བའི་ལམ་དང་ལུགས་སྲོལ་ཞིག་ཡོད་པ་དེ་ཚོ་ཧ་ཅང་གལ་ཆེན་པོ་རེད། དང་པོ་མི་ཡ་རབས་ཤིག་དང་མི་བཟང་པོ་ཞིག་ཆགས་པར་བྱས་ཏེ། ཤེས་བྱ་ཡོན་ཏན་གཞན་ལ་སློབ་སྦྱོང་བྱས་ན། མི་དེ་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་མཁན་ཞིག་དང་། རྒྱལ་ཁབ་དང་མི་རིགས་ལ་ཞབས་འདེགས་སྒྲུབ་ཐུབ་མཁན་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཆེན་པོ་ཡོད།

དེང་སང་འཛམ་གླིང་ཇེ་ཆུང་དུ་འགྲོ་བཞིན་ཡོད་སྟབས། བོད་ཡིག་གཅིག་པུ་སྦྱང་རྒྱུ་ཡིན། སྐད་ཡིག་གཞན་སྦྱང་གི་མིན་ཞེས་ཀླད་པ་མཁྲེགས་འཛིན་བྱས་བསྡད་ན་འགྲིག་གི་མ་རེད། དེང་རབས་ཀྱི་རྗེས་ཟིན་པ་བྱས་ཏེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ང་ཚོ་བོད་པ་ཚོ་བསླེབ་ཐུབ་པ་བྱ་དགོས་དུས། དེང་དུས་ཀྱི་ཤེས་ཡོན་ལ་དོ་སྣང་དང་། ལྷག་པར་དུ་ཆེད་ལས་དང་དམིགས་བསལ་སློབ་སྦྱོང་བྱ་དགོས་པའི་རིགས་ལ་དོ་སྣང་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་སོང་།

གསར་འགོད་པ། བནྡེ་སྐྱབས།

 

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ༈ སུ་ཇ་ཞེས་པའི་མིང་ཚིག་འདི་འབྲི་སྐབས་བོད་བརྡ་དང་མཐུན་པའི་རྗེས་གྲུབ་ཀྱི་མིང་འདི་ལྟར་བཏགས་ན་ག་འདྲ་འདུག སྲུ་ཇ་ ཞེས་བོད་པའི་ཐུན་མོང་མ་ཡིན་པའི་གསོལ་ཇ་ལ་གོ་གི་འདུག
    སྐྱག་རྫུན་དེ་བཟང་སྤྱོད་ཀྱི་སྐྱག་རྫུན་འགྲོ་རྒྱུར་དཀའ་ངལ་དེ་ཙམ་ཅི་ཡོད། དཔེར་ན་སྔོན་སློབ་པ་ལམ་དུ་ཞུགས་སྐབས་སངས་རྒྱས་ཀྱིས་མི་ནག་མདུང་ཐུང་ཅན་བསད་པ་བཞིན་ནོ།

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    སྐྱག་རྫུན་དེ་བཟང་སྤྱོད་ཀྱི་སྐྱག་རྫུན་ཆགས་ཐབས་བྱ་དགོས་ཟེར་བའི་ཁ་བྱང་དེ་མཐོང་བ་དང་ཡ་མཚན་ཞིག་སྐྱེས་སོང་། འོན་ཀྱང་སྐྱག་རྫུན་ལ་བཟང་སྤྱོད་ཀྱི་སྐྱག་རྫུན་ཟེར་བ་ཞིག་བོད་ཀྱི་ཐ་རྙད་ལ་ཡོད་དམ། དེ་ནི་ཐལ་ཆ་ཆེ་བའི་ཐ་རྙད་ཞིག་ཡིན།

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ༈ སུ་ཇཱ་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་རྟེན་འབྲེལ་བཟང་པོ་འདི་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ད་ལན་མཛད་སྒོའི་ཐོག་བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་༧རྒྱལ་བ་ཀརྨ་པ་མཆོག་གིས་མ་འོངས་སྔོན་གཟིགས་ཀྱི་བཀའ་སློབ་ཁག་ལ་ལེགས་པར་སེམས་ཏེ་མ་འོངས་རང་རིགས་གངས་ཅན་པ་ཚོ་འཛམ་གླིང་གི་ཡུལ་གྲུ་འདི་ཡི་ནང་འགྲོ་བ་སྤྱི་མཚུངས་ལྟར་འཚོ་གནས་ཐུབ་པར་བཟང་སྤྱོད་ཀྱིས་རྒྱན་དགོས་པའི་བཀའ་སློབ་རིན་པོ་ཆེ་དང་། དེ་ཡི་ནང་ནས་ང་ཚོ་གངས་ཅན་པ་སྤྱི་ལ་ལས་ཀྱིས་དབང་བའི་བོད་ཀྱི་རིག་གཞུང་འདི་ཉིད་ཇི་ལྟར་སོན་ཉམས་ལྡན་པའི་ངང་གནས་དགོས་པའི་ན། གཞོན་སྐྱེས་ཚོར་ལས་འགན་ཇི་ཙམ་ཡོད་མེད་ཀྱི་བཀའ་སློབ་ཁག་ཉིན་གཅིག་གི་དུས་ཚོད་སྐྱེལ་ཐུབ་ཙམ་མིན་པར། རྟག་ཏུ་གཞོན་སྐྱེས་ཚོའི་ཡིད་ལམ་དུ་གསལ་ཐུབ་པ་བཟོ་རྒྱུ་དེ་འགན་ཡོད་ལས་བྱེད་ཁག་གི་ཕྲག་པར་བབས་པའི་ལས་འགན་ཞིག་ཡིན་པ་དེ་རྣམ་ཀུན་ཡིད་བཅང་གིས་ལེགས་སྤེལ་ཉེས་འགོག་གི་ལས་དོན་ཁག་བསྒྲུབ་རྒྱུར་ཐུས་ཤོར་མེད་པར་གནང་གལ་ཆེ་བ་དང་། དཔེར་ན་བོད་ཀྱི་ཁ་དཔེར། ཚེས་གཅིག་ལ་འཆུགས་ན། གནམ་གང་བར་འཆུགས་ཟེར་བའི་དཔེ་བཞིན། ཡང་ཁྱེད་ཚོ་ལས་བྱེད་ཚོའི་བླ་མ་ཆེ་ཁག་གི་མདུན་ནས་ཞལ་འདེབས་ཁོ་ནར་དམིགས་ཏེ་ངོ་བསྟོད་ཞེ་གཅིག་བྱས་པ་ལས། གནད་དུ་སྨིན་པའི་ལས་འགན་སྣེ་གཅིག་ཀྱང་མ་སྒྲུབ་ན། མ་འོངས་པར་བོད་གངས་ཅན་པའི་གསོན་རྩ་འདི་རྣམས་ཆུད་ཟོས་སུ་གཏང་བའི་ཉེས་པ་དང་འགན་འཁྲི་ཚང་མ་ཁྱེད་རང་ཚོའི་འཁྱེར་དགོས་པས་དེ་དོན་བློར་འཇགས་དང་ཡིད་གཟབ་གྱིས།

    Reply
  4. ལུང་རྟོགས། says:
    ལོ་ 15 སྔོན།

    སུ་ཇཱ་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་། ༢༥ འཁོར་བར་བརྟེན་འབྲེལ་ཞུ། འོན་ཀྱང་བོད་ནང་གི་སློབ་མ་ཚོས་སྲོག་འབེན་ལ་བཙུག་ནས་སྐད་ཡིག་བསྲུང་སྐྱོབ་བྱེད་བཞིན་ཡོད་ཀྱང་། བོད་ཁྱིམ་སློབ་གྲྭའི་དབུ་འཛིན་ཚོས་བོད་ཁྱིམ་སློབ་གྲྭ་ཁག་ཏུ། བོད་ཡིག་ཡར་རྒྱས་བཏོང་རྒྱུའི་ཆེད་དུ་དམིགས་པའི་ཤེས་ཡོན་སྲིད་ཇུས་ལག་བསྟར་མ་བྱས་པ་དེ་ལ་བློ་ཕམ་ཆེན་པོ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese