མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགྲ་བོ་ཡང་སྤྱི་ཚོཊ་ཀྱི་ཆ་ཤས་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ད་ཆར་གོ་ལ་ཧྲིལ་པོ་གཅིག་གྱུར་ཆགས་ཡོད་དུས། མཐའ་གཅིག་ཏུ་འདི་ང་ཚོའི་དགྲ་རེད། དེ་ང་ཚོའི་གཉེན་རེད་ཅེས་བཤད་ཐུབ་ཐབས་ཡོད་པ་མ་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ཀང་ར་རྫོང་རྒྱལ་སྲས་སྐུ་འཁོར་གྱིས་གདན་ཞུ་བྱས་དོན་ལྟར། ཟླ་འདིའི་ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་ཀང་ར་རྒྱལ་པོའི་འགྲེམས་སྟོན་ཁང་དེའི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། མཛད་སྒོ་དེར་ཀང་ར་རྒྱལ་པོའི་གདུང་སྲས་སྐུ་འཁོར་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཅནྜེ་རེ་ཤི་ཀུ་མཱ་རི། དེ་བཞིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་པའི་བཀའ་བློན་ཕྱག་རོགས་བཅས་ཕེབས་ཡོད།

མཛད་སྒོའི་སྟེང་༧གོང་ས་མཆོག་གིས་བཀའ་བསྩལ་དོན། ངོས་རང་ཀང་རའི་ས་ཁུལ་འདིར་བསླེབས་ཏེ་མི་ངོ་ ༥༠ ཕྱིན་ཡོད་ཀྱང་ཀང་རའི་ཞིབ་ཕྲའི་གནས་ཚུལ་ད་དུང་ཤེས་ཀྱི་མེད། དེ་རིང་ཁྱོད་ཚོས་ཀང་རའི་རྒྱལ་པོའི་ལོ་རྒྱུས་དངོས་རྫས་འགྲེམས་སྟོན་བྱས་པ་འདི། ངོས་ལ་གནས་ཚུལ་གསར་པ་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སོང་བ་མ་ཟད། མི་གཞན་ལའང་ཕན་ཐོགས་ཡོང་གི་རེད། འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས་མཚམས་རེར་ཡར་རྒྱས་དང་སྐྱིད་པའི་དུས་སྐབས་བྱུང་ཡོད་ཀྱང་། མཚམས་རེར་ཕྱོགས་གཉིས་ལ་དམག་འཁྲུག་གིས་གནོད་འཚེ་ཆེན་པོ་བཟོས་ཡོད། ཡིན་ནའང་། གནའ་བོའི་དུས་སྐབས་ཀྱི་གཏོར་བཤིག་ལ་དེ་ཙམ་གྱི་ནུས་པ་ཡོད་པ་མ་རེད། ཅེས་དང་།  

ཡང་༧གོང་ས་མཆོག་གིས་མུ་མཐུད་དོན། འགྲེམས་སྟོན་ཁང་འདིར་ཁྱོད་ཚོའི་ཕ་མེས་ཀྱི་རལ་གྲི་དང་མདའ་མདུང་། གཞུ་དང་མེ་མདའ་རྙིང་པ་སོགས་འགྲེམས་སྟོན་བྱས་འདུག མཚོན་ཆ་དེ་དག་དེང་དུས་སྤྱི་ཚོགས་ནང་བེད་སྤྱོད་དེ་ཙམ་མེད་ནའང་། དེང་སྐབས་གཏོར་བཤིག་གཏོང་རྒྱུའི་ནུས་ཤུགས་སྔོན་མ་ལས་ཆེ་རུ་ཕྱིན་ཡོད། ང་ཚོས་སྔོན་མའི་འཚེ་བའི་དམག་འཁྲུག་དེ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཆ་ཤས་སུ་བརྩི་རྒྱུ་མེད། ད་ལྟ་དམག་འཁྲུག་གི་དུས་ཚོད་ཡོལ་ཟིན་པ་རེད། གཏོར་བཤིག་གི་ནུས་ཤུགས་ཅི་ཙམ་གྱིས་མང་ན་ཉེན་ཚབས་དེ་ལས་ཆེ་བ་ཡོད། ཅེས་གསུངས་ཡོད།

རྒྱལ་ཁབ་ཕན་ཚུན་རྟེན་འབྲེལ་དུ་གྲུབ་ཡོད་པའི་ཐད་ལ་༧གོང་ས་མཆོག་གིས་གསུངས་དོན། ད་ཆར་གོ་ལ་ཧྲིལ་པོ་གཅིག་གྱུར་ཆགས་ཡོད་དུས། མཐའ་གཅིག་ཏུ་འདི་ང་ཚོའི་དགྲ་རེད། དེ་ང་ཚོའི་གཉེན་རེད་ཅེས་བཤད་ཐུབ་ཐབས་ཡོད་པ་མ་རེད། དཔལ་འབྱོར་གྱིས་མཚོན་པའི་གནས་སྟངས་ཇི་འདྲ་ཞིག་ཡིན་རུང་། དགྲ་བོ་ཡང་རང་ཉིད་གང་ལ་བརྟེན་པའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཆགས་ཡོད་སྟབས། རང་ཉིད་ཀྱི་མ་འོངས་པ་ཇི་འདྲ་ཞིག་ཡོང་མིན་རང་ཉིད་གང་ལ་བརྟེན་པའི་སྤྱི་ཚོགས་དེར་རག་ལས་ཡོད། གནས་སྟངས་འདི་དངོས་ཡོད་གནས་ཚུལ་ཞིག་ཆགས་ཡོད། དེང་སང་རྒྱ་གར་གཅིག་ཆགས་ཡོད་སྟབས། རྒྱ་གར་ལ་ཕྱིའི་བཙན་འཛུལ་བྱ་རྒྱུ་ཁག་པོ་ཡོད་པ་རེད། ང་ཚོ་བོད་ལ་ཆ་བཞག་ན་དུས་རབས་བདུན་པ་བརྒྱད་པའི་སྐབས། ཆོས་རྒྱལ་ཚོའི་དབང་བསྒྱུར་འོག་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་བྱུང་ཡོད་སྟབས་སྟོབས་ཤུགས་ཆེན་པོ་ཡོད་ཀྱང་། ཕྱིས་སུ་རྒྱལ་པོའི་སྲིད་དབང་ཐོར་ཏེ་བོད་ཀྱི་སྟོབས་ཤུགས་ཀྱང་ཉམས་པ་རེད། ཅེས་དང་།  

རྩོད་རྙོག་རིགས་ལ་འདུམ་སྒྲིག་བྱེད་སྟངས་ཐད་ཁོང་གིས། འདས་པའི་ལོ་རྒྱུས་རྣམས་མཐོང་ཐོས་སྐབས་ངོས་ལ་སྐབས་རེར་དགའ་སྤྲོ་དང་སྐབས་རེར་མ་སྐྱིད་པ་ཡོང་གི་འདུག འདས་པ་ནི་འདས་པ་རང་ཡིན་པས་དུས་ཚོད་དེར་ཕྱིར་ལོག་བྱ་རྒྱུ་མེད་དུས། ང་ཚོས་མ་འོངས་པར་གནས་སྟངས་ཐོག་བསམ་བློ་གཏོང་དགོས་པ་རེད། ངོས་ཀྱིས་ནམ་རྒྱུན་གོ་ལ་གཅིག་གྱུར་དགོས། དམག་འཁྲུག་གི་དུས་ཚོད་དེ་ཡོལ་ཟིན་པ་རེད། ཅེས་བརྗོད་ཀྱི་ཡོད། ང་ཚོས་འཆམ་མཐུན་གྱི་འཛམ་གླིང་ཞིག་བསྐྲུན་དགོས་ན། སྐབས་སྐབས་སུ་སྤྱི་ཚོགས་ནང་རྩོད་རྙོག་དང་མི་མཐུན་པའི་རིགས་འབྱུང་སྲིད་ཀྱི་རེད། གལ་སྲིད་ཕན་ཚུན་བར་མི་མཐུན་པ་སོགས་བྱུང་ནའང་། གནས་དོན་དེ་གྲོས་མོལ་གྱིས་སེལ་དགོས་རྒྱུ་གལ་ཆེན་རེད། ཅེས་གསུངས་ཡོད།

གོང་ཚེས་ ༢ ཉིན་༧གོང་ས་མཆོག་ལྡི་ལིར་འཚོགས་བཞིན་པའི་རྒྱ་གར་སྲིད་འཛིན་ཨར་ཝན་ཀ་ཊ་ར་མན་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་རྟེན་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཏེ། དེར་ཡོད་སྐུ་མགྲོན་དང་མང་ཚོགས་ ༣༠༠ ལྷག་ལ་༼རྒྱ་གར་གྱི་འཚེ་བ་མེད་པ་དང་ཆོས་ལུཊ་རིས་མེད་ཀྱི་ལེགས་བྱུང་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་འདུག

                                                                                                             གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

ཆུ་ཚོད་ ༩ སྔོན་ལ།
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

༢༠༢༦/༠༩/༠༩
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

༢༠༢༦/༠༩/༠༩
Mobile App

རྒྱ་ནག་གི་དྲ་ལམ་དུ་མངོན་པའི་གཞོན་སྐྱེས་ལས་ཤོར་བའི་དཀའ་ངལ།

༢༠༢༦/༠༩/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese