མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གིས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp
༸གོང་ས་མཆོག་གིས་ཉིན་གཉིས་རིང་བཞུགས་སྒར་གཙོས་པའི་ཕྱོགས་མཐའ་ཁག་གི་བོད་རིགས་གཞོན་སྐྱེས་ཚོར་ཉིན་གཉིས་རིང་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ལོ་ལྟར་༸གོང་ས་མཆོག་ལ་གསོལ་འདེབས་ཀྱིས་བཞུགས་སྒར་ཉེ་འཁྲིས་སུ་ཡོད་པའི་སཱ་ར་དང་ནོར་གླིང་། སྨན་རྩིས་ཁང་བཅས་མཐོ་སློབ་ཁག་གསུམ་དང་ཕྱོགས་མཐའ་ཁག་ནས་སླེབས་པའི་མཐོ་སློབ་ཁག་གི་སློབ་མ། གཞན་ངྷ་སྟེང་བོད་ཁྱིམ་དང་ངྷ་ཤོད། གྷོལ་པ་པུར། སུ་ཇཱ་བོད་ཁྱིམ་བཅས་ཀྱི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་མ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་ཀྱི་སློབ་མ་དང་གཞན་སློབ་གྲྭ་བ་མ་ཡིན་པའི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་ལྟར། ཉེ་ཆར་༸གོང་ས་མཆོག་གི་ཞལ་བཞེས་གནང་སྟེ་འདི་ལོའི་ནང་ཆོས་ངོ་སྤྲོད་དེ་འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༣ ནས་ ༤ བར་གྱི་ཉིན་གྲངས་གཉིས་རིང་ངྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་གནང་གཏན་འཁེལ་ཡོད་འདུག
འདིའི་ཐད་གསར་འགོད་པས་ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་ཡོངས་གླིང་ཟླ་བ་ཚེ་རིང་ལགས་སུ་ནང་ཆོས་ངོ་སྤྲོད་ཀྱི་བརྗོད་གཞི་དང་ཚོགས་ཞུགས་མི་སྣའི་གྲངས་འབོར་སོགས་ཀྱི་སྐོར་ནས་བཅར་འདྲི་བྱས་པར། ཁོང་གིས། ༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་དམིགས་བསལ་ནང་ཆོས་ངོ་སྤྲོད་གནང་བའི་ལས་རིམ་འདི་ ༢༠༠༧ ལོ་ནས་༸གོང་ས་མཆོག་གིས་ཞལ་བཞེས་གནང་བཞིན་པ་ལྟར། འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༣ ནས་ ༤ བར་ཉིན་གྲངས་གཉིས་རིང་ནང་ཆོས་ངོ་སྤྲོད་གནང་གཏན་ཁེལ་ཡོད། ཡིན་ནའང་། བརྗོད་གཞིའི་ཐད་ནས་ང་ཚོས་༸གོང་ས་མཆོག་གིས་སྔོན་མར་ནང་ཆོས་ངོ་སྤྲོད་གནང་ཟིན་པའི་༼ལེགས་བཤད་བློ་གསལ་མིག་འབྱེད༽གནང་ཐུབ་ན་ཡག་པོ་འདུག ཅེས་སྙན་སེང་ཞུས་ཡོད། ཡིན་ནའང། ད་ལྟའི་ཆར་ནང་ཆོས་ངོ་སྤྲོད་ཀྱི་བརྗོད་གཞི་གང་ཡིན་ཐུགས་གཏན་ཁེལ་ཏེ་ཐག་བཅད་གནང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
ཡང་ཁོང་གིས། ང་ཚོའི་ནང་ཆོས་ངོ་སྤྲོད་ཀྱི་དམིགས་བྱ་གཙོ་བོ། ༸གོང་ས་མཆོག་གིས་དུས་རྟག་ཏུ་སྔོན་མའི་ལུགས་སྲོལ་ལྟར་ནང་པའི་ཆོས་དེ་དད་པ་དང་ཡིད་ཆེས་ཁོ་ན་མིན་པར། དངོས་ཡོད་ཀྱི་ནང་པའི་ཆོས་དེ་གང་འདྲ་ཞིག་ཡིན་མིན་ཤེས་པའི་ཐོག་ནས་ནང་པ་ཚད་ལྡན་ཞིག་བྱ་རྒྱུར་འབད་བརྩོན་བྱ་དགོས། ཞེས་གསུངས་བ་ལྟར། ང་ཚོ་ནང་པ་ཡིན་ཡང་ནང་པ་ཚད་ལྡན་ཞིག་ཡོང་ཐུབ་ཀྱིན་མེད་པའི་གནས་སྟངས་དང་། ང་ཚོའི་ནང་པའི་བསྟན་པ་དེ་བོད་པའི་གཞོན་སྐྱེས་ཚོས་གང་འདྲ་ཞིག་ཡིན་མིན་ཤེས་རྒྱུ་དང་དེ་ཤེས་པའི་ཐོག་ནས་ནང་པའི་ཆོས་ལ་ཡིད་ཆེས་འཕེར་བ་ཞིག་ཡོང་ཆེད་གོ་སྒྲིག་གནང་གི་ཡོད་སྟབས། གཙོ་བོ། མཐོ་སློབ་འགྲིམ་བཞིན་པའི་གཞོན་སྐྱེས་དང་ལྷག་པར་དུ་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་མ། དེ་བཞིན་སློབ་མ་མ་ཡིན་པའི་གཞིས་ཆགས་དང་བཞུགས་སྒར་ཁུལ་གྱི་གཞོན་སྐྱེས་མང་པོ་ཞིག་ལ་དམིགས་པ་ཡིན་ལ། ཐེངས་འདིའི་ནང་ཆོས་ངོ་སྤྲོད་སྐབས་གཞོན་སྐྱེས་མང་པོ་ཞིག་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། ཅེས་བརྗོད་བྱུང་།
ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་འདི་ནི། ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་བྱེད་ཀྱིན་ཡོད་པ་དང་། འདས་པའི་ཐེངས་གསུམ་རིང་གི་ནང་ཆོས་ངོ་སྤྲོད་སྐབས་བཞུགས་སྒར་མ་ཡིན་པའི་ཕྱོགས་མཐའ་ཁག་ནས་ལོ་ལྟར་གཞོན་སྐྱེས་ ༥༠༠ ལྷག་ཕེབས་ཡོད་པར་མ་ཟད། བཞུགས་སྒར་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་གཞོན་སྐྱེས་ ༣༠༠༠ ལྷག་ལ་སྔ་དྲོ་ནང་ཆོས་ངོ་སྤྲོད་རྗེས་༸གོང་ས་མཆོག་ལ་དྲི་བ་ཕུལ་བའི་གོ་སྐབས་གནང་བ་དང་། ཉིན་རྒྱབ་དགེ་བཤེས་ཁག་ཅིག་གདན་ཞུས་ཐོག་གཞོན་སྐྱེས་ཚོར་དོག་གཅོད་ཀྱི་དྲི་བ་དྲིས་ལན་གནང་བའི་གོ་སྐབས་སྤྲོད་ཀྱིན་པ་ལྟར། འདི་ལོ་ཡང་གཅིག་མཚུངས་ཀྱིས་གོ་སྒྲིག་གནང་འཆར་ཡོད་འདུག  
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

སྐར་མ ༤༢ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་བརླག་ཏུ་གཏོང་ཐབས་ཀྱི་སྲིད་ཇུས་ལ་འགེབ་སྲུང་གི་ཚོགས་འདུ་བསྡུས།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

ཀརྨ་པདྨ་རྡོ་རྗེ་ལགས་དང་ལྷན་དུ་བོད་ཡིག་བོད་སྐད་ག་འདྲ་སྦྱོང་བཞིན་ཡོད་པའི་སྐོར་ལ་གླེང་མོལ།

༢༠༢༥/༡༡/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese