མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་ཞིག་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp


སྐད་ཡིག་ཚགས་པར་གྱི་གསར་འགོད་པ་འབྲོག་རྡོར་གྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།
ཉེ་ཆར་རྔ་པ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་ཀྱི་ནང་མར་བརྡ་ཡིག་ཅིག་སྤྲད་ཡོད་པའི་ནང་། མི་འགྱང་པར་འབྲོག་རུ་ཚུལ་ཁྲིམས་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུའི་ཐག་གཅོད་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༨ ཉིན་འབྲོག་རུ་ཚུལ་ཁྲིམས་ཀྱི་ཕ་རྒན་དང་ཕུ་བོ་བཅས་མི་གསུམ་འབར་ཁམས་སུ་ཕྱིན་ཡོད་ཀྱང་། ཁྲིམས་ཁང་གིས་ནང་མི་འབྱོར་བའི་སྔར་ཉིན་ཏེ། ཕྱི་ཚེས་ ༧ ཉིན་འབྲོག་རུ་ཚུལ་ཁྲིམས་དང་གྲྭ་བ་གཅིག་བཅས་སོ་སོར་ལོ་ ༤ དང་ཟླ་བ་ ༦ གི་ཁྲིམས་ཐག་བཅད་དེ། ནང་མི་ཚོར་ཁྲིམས་ཐག་བཅད་ཟིན་པའི་ཡིག་ཆ་ཙམ་ལས་ཁྲིམས་རྭ་ཚོགས་པའི་གོ་སྐབས་སྤྲད་མི་འདུག

ཕྱིས་སུ་ནང་མིས་རེ་སྐུལ་ཡང་ཡང་ཞུས་མཐར་སྐར་མ་ ༡༠ རིང་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་ཡོད་ཅིང་། སྐབས་དེར་འབྲོག་རུ་ཚུལ་ཁྲིམས་ལ་བཙོན་ཁང་ནས་མནར་གཅོད་བཏང་བའི་དབང་གིས་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་འདུག་ཟེར་ཞིང་། འབར་ཁམས་ནས་མཚོ་སྔོན་གྱི་བཙོན་ཁང་དུ་གནས་སྤོར་བྱ་དགོས་པའི་རེ་བ་བཏོན་ཡང་ངོས་ལེན་གཏན་ནས་མ་བྱས་པར། ཟླ་གཅིག་ལྷག་གི་རྗེས་ནས་ཁོང་ཁྲིན་ཏུའུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བསྐྱལ་རྒྱུ་ཡིན་ཚུལ་བརྗོད་འདུག

རང་ལོ་ ༢༨ ཡིན་པའི་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་ནི།  ༡༩༨༢ ལོར་མཚོ་ལྷོ་ཁུལ་མང་ར་རྫོང་མགོ་མང་གྲོང་རྡལ་གྱི་འབྲོག་རུ་སྡེ་བ་ནས་སྐྱེས་ཤིང་། རང་ལོ་བརྒྱད་ཀྱི་སྟེང་མདོ་སྨད་ཀླུ་ཚང་དགོན་པར་རབ་ཏུ་བྱུང་སྟེ། འབྲོག་རུའི་ཆོས་ཁང་དང་ཀླུ་ཚང་དགོན། དྷི་ཚ་དགོན། རེབ་གོང་། རྔ་བ་སྒོ་མང་དགོན་པ་སོགས་ནས་སློབ་གཉེར་གནང་ཞིང་། སྔ་ཕྱིར་འབྲོག་རུ་སྡེ་བའི་དུས་དེབ་༼གསེར་ཐང་གི་མེ་ཏོག༽ གི་རྩོམ་སྒྲིག་པ་དང་། ༢༠༠༧ ལོར་ཁོང་རང་ཉིད་ཀྱི་ཆེད་དེབ་༼དུངས་པའི་དབྱངས་རྟ།༽ ཞེས་པ་དཔར་སྐྲུན་བྱས་ཡོད།

འབྲོག་རུ་ཚུལ་ཁྲིམས་ལགས་ཀྱིས་༼ཁ་བའི་ཚེ་སྲོག ༽ཅེས་པའི་ཚགས་པར་གཙོ་གཉེར་གནང་སྟབས། རྒྱ་ནག་གཞུང་གིས་ཚགས་པར་དེའི་ནང་སྲིད་ཀྱི་གནད་དོན་ཡོད་ཚུལ་བརྗོད་དེ། སྔ་ཕྱི་ཐེངས་གཉིས་ལ་བཀག་འགོག་བྱས་ཡོད་ཅིང་། ༢༠༡༠ ཟླ ༥ ཚེས ༢༤ ཉིན་འབྲོག་རུ་ཚུལ་ཁྲིམས་དང་མཚོ་སྔོན་འབའ་ཁ་སྒང་ནས་ཡིན་པའི་ཁོང་གི་གྲོགས་པོ་ཁ་སྒང་ཚུལ་ཁྲིམས་གཉིས་ཀྱིས་མཚོ་སྔོན་ཡུལ་ཤུལ་ས་ཡོམ་ལ་མྱ་ངན་ཆེད་དེབ་ཅིག་ཕྱོགས་བསྒྲིགས་གནང་བཞིན་པའི་སྐབས་སུ། རྒྱ་གཞུང་གི་ཉེན་རྟོག་པས་རྔ་པ་སྒོ་མང་དགོན་པའི་རང་ཤག་ནས་འཛིན་བཟུང་བྱས་ཡོད། ཐེངས་འདིར་འབྲོག་རུ་ཚུལ་ཁྲིམས་དང་ལྷན་དུ་གྲྭ་བ་གཞན་ཞིག་ལའང་ལོ་ ༤ དང་ཟླ་ ༦ གི་ཁྲིམས་ཐག་བཅད་ཡོད་པ་དེ་ནི། ཐོག་མར་ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་འབའ་ཁ་སྒང་ནས་ཡིན་པའི་ཚུལ་ཁྲིམས་ཟེར་བ་དེ་ཡིན་མིན་གསལ་ཁ་བྱུང་མི་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༣ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese