མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་རིཊ་ཀྱི་༧སྐྱབས་མགོན་དང་མཚོན་རྟཊ།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།

དོན་ཚན་དང་པོ། བོད་མི་རིགས་ཀྱི་༸སྐྱབས་མགོན་དང་མཚོན་རྟགས།

༸གོང་ས༸སྐྱབས་མགོན༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ནི་འཕགས་མཆོག་སྤྱན་རས་གཟིགས་དབང་མིའི་རྣམ་པར་རོལ་བའི་སྐྱེ་འགྲོ་སྤྱི་དང་ཡང་སྒོས་བོད་མི་རིགས་ཀྱི་འདི་ཕྱིའི༸སྐྱབས་མགོན་དང་། བླ་ན་མ་མཆིས་པའི་དབུ་ཁྲིད་ཡིན་པར་མ་ཟད། འཛམ་གླིང་ཞི་བདེའི་དེད་དཔོན་དམ་པའང་ལགས་པས། བོད་མི་རིགས་རིག་གནས་དང་བཅས་པའི་རླབས་ཆེན་གྱི་མཚོན་རྟགས་སུ་གྱུར་ཡོད། དེ་བས་ཐུན་མོང་མ་ཡིན་པའི་ཐུགས་འགན་དང་སྐུ་དབང་འགའ་ནམ་ཡང་རང་ཆས་སུ་ཡོད།

༡༽ བོད་མི་ཡོངས་ཀྱི་སྐུ་ཚབ་ཀྱི་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པའི་གཙོས་གལ་ཆེའི་མི་སྣ་རིགས་ལ་དུས་ནས་དུས་སུ་རང་དབང་གི་མཇལ་འཕྲད་གནང་རྒྱུ།

༢༽ དགོས་དབང་གིས་བོད་ཀྱི་རྩ་དོན་སྒྲུབ་སླད་དམིགས་བསལ་དང་སྤྱིར་བཏང་སྐུ་ཚབ་ཡིག་ཚང་ཁག་རང་འཇགས་གནས་ཐབས་གནང་རྒྱུ།

༣༽ དུས་རྒྱུན་དུ་བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་པའི་ཕྱོགས་ཡོངས་ལ་གཟིགས་ཞིབ་དང་བཀའ་སློབ་ལམ་སྟོན་གནང་རྒྱུ།

༤༽གོང་གསལ་དོན་ཆེན་གསུམ་ལས་གཞན་ཡང་། ཡུལ་དུས་གནས་བབ་ལ་གཟིགས་ཏེ་བོད་མི་མང་གི་འཕྲལ་ཡུན་ཕན་བདེའི་མཛད་འཕྲིན་ཅི་རིགས་སྐྱོང་གནང་ཡོང་བ་བཅས་སོ།

 

གོང་གསལ་ནི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་ཚིག་བརྗོད་དང་གོ་རིམ་ཐད་ལ་ངས་བསྒྱུར་བཅོས་ཆེ་ཙམ་བཏང་པའི་བསམ་འཆར་ཡིན། མ་ཡིག་ནང་གི་དོན་ཚན་གཉིས་པ་དེ་དོན་གྱིས་དོན་ཚན་དང་པོའི་ནང་དུ་ཚུད་ཡོད་ལ། ནང་དོན་ཆ་ནས་རེ་རེ་བྱས་ནས་འདྲེན་མི་དགོས་པར་སྤྱི་ཡོངས་ཀྱི་ཆ་ནས་བརྗོད་ན་འོས་པར་མཐོང་ནས་དོན་ཚན་གསུམ་པར་བཅོས་ཡོད། སྐབས་སུ་བབ་པའི་གལ་ཆེ་ཤོས་དེ་མ་ཡིག་གི་དོན་ཚན་གསུམ་པ་རེད། དེ་ངས་དབྱེ་བ་གཉིས་སུ་ཕྱེས་ཏེ། དོན་ཚན་དང་པོ་དང་གཉིས་པར་བཞག་ཡོད། གཞི་རྩའི་ནང་དོན་རྣམས་རང་འཇགས་ཡིན་ཐོག་དོན་ཚན་བཞི་བ་ཞིག་ཁ་སྣོན་གྱིས་༸གོང་ས་མཆོག་གི་ཐུགས་འགན་དང་སྐུ་དབང་ཡངས་པོར་ཕྱེས་ཡོད། མདོར་ན། ཚིག་བརྗོད་སྟབས་བདེ་དང་ནང་དོན་རྒྱ་ཆེར་བཏང་ཡོད།

གཙོ་བོ་གཞིས་ལུས་མི་མང་གི་མངོན་འདོད་དང་བཙན་བྱོལ་བའི་གནས་བབ་ཀྱི་ཆ་ནས་ཀྱང་ང་ཚོར་༸གོང་ས་མཆོག་གི་ཐད་ཀའི་གཟིགས་སྐྱོང་ཞིག་ཧ་ཅང་དགོས་གལ་ཆེ་བས་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་འདི་གཏན་འབེབས་ཡང་དག་ཅིག་གནང་དགོས།

གུས་པ་གྲོས་ཚོགས་སྔོན་མའི་༸གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེ་ཉམས་ལེན་ཐད་ཆེད་བཙུགས་གནང་བའི་ལས་རིམ་ཚོགས་ཆུང་ནང་ཡོད་མོད། སྐབས་དེར་བཀའ་ཁྲི་མཆོག་གིས་སྔ་ས་ནས་ཐུགས་ཞིབ་དང་གྲ་སྒྲིག་གང་ལེགས་གནང་ཟིན་པའི་མ་ཟིན་ཐོག་ལ་ང་ཚོས་ཉིན་གཅིག་ལྷག་གི་དུས་ཡུན་ནང་བསམ་ཞིབ་གོ་བསྡུར་བྱས་ཏེ་རྒྱབ་གཉེར་སྙན་ཞུ་དེ་ཕུལ་བ་ན་ཡང་། དོན་ཚན་རེ་རེ་དང་ཐ་སྙད་རེ་རེ་ནས་གོ་བསྡུར་གནང་ལོང་མེད་པས་ཡོངས་སུ་འཐུས་ཚང་དང་ཡང་དག་ཡིན་པའི་ངེས་པ་མེད། ང་ཚོའི་གཞི་རྩའི་ལས་འཆར་གྱི་ལམ་སྟོན་ད་དུང་འོས་ཤིང་འཚམས་པར་མཐོང་གི་ཡོད་མོད། གྲོས་ཚོགས་དང་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གཉིས་ཀྱི་ངོས་ནས་ཀྱང་ང་ཚོའི་ལས་འཆར་རྒྱབ་གཉེར་སྙན་ཐོར་ཧ་ཅང་ཞིབ་ཚགས་ངང་འདོར་ལེན་གནང་ཐུབ་མེད་པ་མཐོང་བས། ད་ལྟ་ཚོགས་ཆེན་ཐོག་ལ་རང་གི་བསམ་འཆར་འདི་རིགས་ཟུར་ལྟའི་དཔྱད་གཞིར་འབུལ་འདོད་བྱུང།

ཤེས་ནས་སྨྲ་བ་དག་གིས་དགོངས་འཆར་ལྷུག་གནང་དང་། སྤྱི་འཐུས་རྒྱུན་ལས་ནས་ཀྱང་ཕྲན་གྱི་བསམ་འཆར་སྔ་ཕྱི་འདི་དག་ཚོགས་ཆེན་གྱི་ཚོགས་ཆུང་ཚང་མར་འགྲེམས་སྤེལ་གནང་རྒྱུའི་རེ་སྐུལ་བཅས།།

༢༠༡༡ ། ༥ ། ༡༦ ལ་ཕུལ་ལོ།།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༨ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 5

  1. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ཨ་བཙན་པོ་ལགས། ཡར་བཤད་མར་བཤད་དེ་ཚོ་ལུང་འདྲེན་གྱིས་ཡང་དང་བསྐྱར་དུ་བཀོད་ནས་ཅི། ཡག་བཤད་དང་ངན་བཤད་་ཐབས་མཁས་དང་མ་མཁས་དེ་ཚོ་བཤད་ནས་མི་ཕན། ཁྲིམས་སུ་བཅས་རྗེས་དེ་ཁྲིམས་རེད། འཕྲལ་ཕུགས་ལདགེ་སྐྱོན་ཅི་འབྱུང་སྐོར་བསམ་ཞིབ་བྱེད་དགོས།
    ལ་ལས་རྒྱ་གཞུང་གིས་ཅི་བཤད་ལ་ཉན་མི་དགོས་ཟེར། ལ་ལས་རྒྱ་གཞུང་གིས་སྐྱོན་འདོགས་ཡོང་གི་ཟེར། ང་ཚོས་ཕར་ཕྱོགས་པས་ཅི་ཟེར་གཙོ་བོར་འཛིན་རྒྱུ་དེ་མིན། ང་ཚོས་དོན་ངོ་མའི་དམངས་གཙོའི་སྒྲིག་སྲོལ་ཡང་དག་གི་བཅའ་ཁྲིམས་སྒྲོམ་གཞི་ཞིག་བཞེངས་ཐུབ་པ་དགོས། སྔར་སྲོལ་ཏཱ་ལའི་བླའི་སྒེར་དབང་ལམ་ལུགས་དེ་སྒྱུར་བཅོས་བྱེད་པ་ལས་ཏཱ་ལའི་བླ་མར་མང་མོས་ལམ་ནས་དམིགས་བསལ་ཐུགས་འགན་དང་སྐུ་དབང་རེ་འབུལ་མ་ཆོག་ཡང་གཏན་ནས་མེད། མདོ་དོན་ང་ཚོས་ང་རང་ཚོའི་གོ་རེ་ཡག་པོ་ཚོས་ཐུབ་པ་ཞིག་ལ་བསམ་བློ་བཏང་ནས་ཐག་གཅོད་བྱེད་དགོས།

    Reply
  2. ཨ.བཙན་པོ། says:
    ལོ་ 15 སྔོན།

    དོན་ཚན་དང་པོའི་སྐོར་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་“བཅའ་ཁྲིམས་དོན་ཚན་དང་པོ་གསར་དུ་བཅུག་དགོས་དོན་ནི་ཐབས་མཁས་པོ་ལྟ་བུ་བྱས་ནས་༸གོང་ས་མཆོག་བླ་ན་མེད་པའི་དབུ་ཁྲིད་ཀྱི་ངོ་བོ་དེ་བཟོས་ཡོད་པའི་སྐད་ཆ་རེད་” ཅེས་གསུངས་ཡོད་ཚུལ་དང་། དོན་ཚན་དང་པོའི་ནང་དུ་ “བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། བླ་ན་མེད་པའི་དབུ་ཁྲིད།”ཅེས་དང་། ཡང་“བོད་ཀྱི་རྩ་དོན་བསྒྲུབ་སླད་སྤྱིར་བཏང་དང་དམིགས་བསལ་སྐུ་ཚབ་ཁག་གཏན་འཇགས་སམ་དུས་ཡུན་རྒྱས་བཅད་ཀྱི་བསྐོ་འཛུགས་གནང་རྒྱུ་”ཞེས་སོགས་ལ་བསམ་བློ་བཏང་ཡོང་དུས་རྒྱ་ནག་གིས་༸གོང་ས་མཆོག་ཁ་ཁོག་མི་གཅིག་ཚུལ་བསྒྲགས་བཞིན་པ་དེའི་ལམ་ཁར་ང་ཚོས་ཁྲིད་བཞིན་པའི་ཚོར་སྣང་ཞིག་ངང་གིས་འཕེལ་ཡོང་ལ། ང་ཚོས་ཞིབ་ཏུ་བསམ་བློ་བཏང་ན་༸གོང་ས་མཆོག་ང་ཚོས་བླ་ན་མེད་པའི་དབུ་ཁྲིད་དུ་མི་འདོད་མཁན་རྒྱ་ཆ་གཅིག་གཉིས་ཙམ་མི་ཟིན་པ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། འོན་ཀྱང་ད་སྐབས་དེ་ཙམ་གྱིས་མ་ཡིན་པར་“ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།”པའི་ལམ་སྟོན་ལ་ཡིད་ཆེས་འཕེལ་ན་འདི་དག་མི་དགོས་པར་སེམས་སོ།།

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    དེ་ཡང་བདེན་གི ཡིན་ཡང་་བོད་རྒྱ་ཞི་མོལ་གྱི་ལས་གཞི་མུ་མཐུད་འགྲོ་རྒྱུར་བཀའ་ཁྲི་གསར་བས་ཀྱང་ཐུགས་གཏན་འཁེལ་ཟིན་པ་དང། བོད་དོན་ཕྱི་གླིང་ལ་དྲིལ་བསྒྲགས་དང་འབྲེལ་བ་གནང་རྒྱུར་ད་ཡོད་༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གནས་དགོས་གལ་ཤིན་ཏུ་ཆེ་བས། ༸གོང་ས་མཆོག་ལ་འདིའི་ཐད་ཀྱི་ཐུགས་འགན་ཙམ་ཡང་མེད་པར་བཟོས་ན་དེ་དག་ཚང་མ་རང་བཞིན་གྱིས་ཕྱིར་བསྡུ་གནང་དགོས་པ་ཡང་ཆགས་མི་སྲིད་པ་མ་རེད། གལ་ཆེ་ཤོས་གཞན་ཞིག་བོད་གཞིས་བྱེས་གཉིས་ཀྱི་དོན་གྱི་བདག་པོའམ་རེ་བ་བཅོལ་ས་ཁོང་ཡིན་པས། ཁོང་གིས་བོད་མི་ཡོངས་ཀྱི་སྐུ་ཚབ་བམ་མགྲིན་ཚབ་པའི་ཐོབ་དབང་ཆ་ནས་རྒྱལ་སྤྱིའི་དབུ་ཁྲིད་ཁག་ལ་མཇལ་འཕྲད་གནང་རྒྱུ་ཧ་ཅང་གལ་ཆེ།་འདི་རིགས་ནི་བཅའ་ཁྲིམས་ཀྱི་ཆ་ཤས་སུ་མི་འགོད་ཐབས་མེད་ཅིག་ཡིན་པ་ཚང་མས་ཤེས་པར་མཛོད།

    Reply
  4. ཨ.བཙན་པོ། says:
    ལོ་ 15 སྔོན།

    དོན་ཚན་དང་པོའི་སྐོར་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་“བཅའ་ཁྲིམས་དོན་ཚན་དང་པོ་གསར་དུ་བཅུག་དགོས་དོན་ནི་ཐབས་མཁས་པོ་ལྟ་བུ་བྱས་ནས་༸གོང་ས་མཆོག་བླ་ན་མེད་པའི་དབུ་ཁྲིད་ཀྱི་ངོ་བོ་དེ་བཟོས་ཡོད་པའི་སྐད་ཆ་རེད་” ཅེས་གསུངས་ཡོད་ཚུལ་དང་། དོན་ཚན་དང་པོའི་ནང་དུ་ “བོད་མི་ཡོངས་ཀྱི་མགོན་སྐྱབས་དང་། བླ་ན་མེད་པའི་དབུ་ཁྲིད།”ཅེས་དང་། ཡང་“བོད་ཀྱི་རྩ་དོན་བསྒྲུབ་སླད་སྤྱིར་བཏང་དང་དམིགས་བསལ་སྐུ་ཚབ་ཁག་གཏན་འཇགས་སམ་དུས་ཡུན་རྒྱས་བཅད་ཀྱི་བསྐོ་འཛུགས་གནང་རྒྱུ་”ཞེས་སོགས་ལ་བསམ་བློ་བཏང་ཡོང་དུས་རྒྱ་ནག་གིས་༸གོང་ས་མཆོག་ཁ་ཁོག་མི་གཅིག་ཚུལ་བསྒྲགས་བཞིན་པ་དེའི་ལམ་ཁར་ང་ཚོས་ཁྲིད་བཞིན་པའི་ཚོར་སྣང་ཞིག་ངང་གིས་འཕེལ་ཡོང་ལ། ང་ཚོས་ཞིབ་ཏུ་བསམ་བློ་བཏང་ན་༸གོང་ས་མཆོག་ང་ཚོས་བླ་ན་མེད་པའི་དབུ་ཁྲིད་དུ་མི་འདོད་མཁན་རྒྱ་ཆ་གཅིག་གཉིས་ཙམ་མི་ཟིན་པ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། འོན་ཀྱང་ད་སྐབས་དེ་ཙམ་གྱིས་མ་ཡིན་པར་“ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།”པའི་ལམ་སྟོན་ལ་ཡིད་ཆེས་འཕེལ་ན་འདི་དག་མི་དགོས་པར་སེམས་སོ།།

    Reply
  5. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ངོ་མ་ཚིག་ཉུང་དོན་འདུས། གོ་རྒྱུ་ཆེ་བ། དོན་ལ་གནས་པ་ཞིག་མཐོང་སོང། བསམ་ཚུལ་འདི་རིགས་ཚང་མ་དུས་བབ་ཚང་གིས་ཕྱོགས་སྒྲིག་དེབ་ཆུང་ཞིག་བཟོས་ནས་ཚོགས་ཆེན་གྱི་མི་རེ་ངོ་རེར་སྔ་ས་ནས་འབུལ་ཐུབ་ན་བཟང་ངོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese