མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོག་ལྟ་ཅན་ཆཊ་འགྲོ་བ་རེད་ཅེས་འཇིཊ་སྐུལ་བྱེད་མཁན་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

སོ་སོའི་རྒྱུད་ན་ནང་ཆོས་གདེང་ཕེར་བ་ཞིག་མེད་པའི་རྟགས་རེད། ནང་ཆོས་ཀྱི་ཤེས་ཚད་རགས་ཙམ་ལས་མེད་ན། རླུང་ཤར་ལ་གཡུག་ན་ཤར་དང་ནུབ་ལ་གཡུག་ན་ནུབ་ཅེས་པའི་དཔེ་ལྟར་ཆགས་བ་ཡོང་གི་རེད་ཟེར།

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ནས་ཟླ་རྗེས་མའི་ཚེས་ ༢༠ བར་ཨ་རིའི་ཨེ་མི་རི་གཙུག་ལག་སློབ་གཉེར་ཁང་དང་།  བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གཉིས་མཉམ་འབྲེལ་ཐོག་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་དབྱར་ཁའི་ཚན་རིག་འཛིན་གྲྭ་ “ཨེ་མོ་རི་དང་བོད་ཀྱི་ཚན་རིག་སྣེ་ཁྲིད” ཐེངས་བཞི་པ་དེ། ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ཚན་རིག་འཛིན་གྲྭར་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་ ༨༠ ཙམ་མཉམ་ཞུགས་གནང་ཡོད་འདུག

ཐེངས་འདིའི་ཚན་རིག་ཟབ་སྦྱོང་སྐབས་གཙོ་བོ་རྩིས་རིག་དང་སྐྱེ་དངོས་ཚན་རིག དབང་རྩའི་ཚན་རིག དངོས་ཁམས་ཚན་རིག་སོགས་ལ་ཟབ་སྦྱོང་སྤྲོད་འཆར་ཡོད་པ་དང་། དེ་ཡང་རྩིས་རིག་ནི་དེང་རབས་རིག་གནས་སྤྱི་དང་ཁྱད་པར་དུ་ཚན་རིག་སློབ་སྦྱོང་གི་རྨང་གཞིའི་ཤེས་བྱ་ཞིག་ཆགས་ཡོད་སྟབས། དངོས་ཁམས་ཚན་རིག་གིས་མཚོན་པའི་ཚན་རིག་གི་སློབ་ཚན་གཞན་དག་ལ་གོ་བ་ཡག་པོ་ལོན་ཆེད། ཐེངས་འདིའི་ཟབ་སྦྱོང་གི་བདུན་ཕྲག་དང་པོར་རྩིས་རིག་སློབ་ཁྲིད་གནང་རྒྱུ་དང་། ནང་པ་སངས་རྒྱས་པས་འཇིག་རྟེན་བཀོད་པ་པོ་མི་འདོད་ཅིང་། འཇིག་རྟེན་འདིའི་ཕྱི་ནང་གི་བཀོད་པ་མཐའ་དག་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བར་ངོས་འཛིན་ལྟར། ཚན་རིག་གི་ལྟ་ཚུལ་དང་སྒྲུབ་བྱེད་འགོད་སྟངས་སོགས་ཤེས་རྟོགས་ཡོང་ཆེད། ཟབ་སྦྱོང་གིོ་བདུན་ཕྲག་གཉིས་པར་སྐྱེ་དངོས་ཚན་རིག་དང་། བདུན་ཕྲག་བཞི་པར་དངོས་ཁམས་ཚན་རིག་བཅས་ཀྱི་ཟབ་སྦྱོང་སྤྲོད་རྒྱུ་ཡིན་འདུག

 

འདི་གའི་གསར་འགོད་པས་ཟབ་སྦྱོང་གོ་སྒྲིག་ཚོགས་ཆུང་གི་ལས་བྱེད་ཉི་མ་རྒྱལ་མཚན་ལགས་སུ། ཚན་རིག་ཟབ་སྦྱོང་འདིའི་ཐོག་མའི་བྱུང་རིམ་དང་། ད་ལྟའི་གྲུབ་འབྲས་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། ལས་གཞི་འདི་ཐོག་མར་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་བརྒྱུད་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་དང་བོད་ཀྱི་དཔེ་མཛོད་ཁང་བར་འབྲེལ་པ་བྱུང་སྟེ། ༢༠༠༨ ལོར་གྲྭ་པ ༣༠ ལས་གྲུབ་པའི་སྐབས་དང་པོའི་འཛིན་གྲྭ་མགོ་འཛུགས་བྱས་ཤིང་། ༢༠༠༩ ལོར་གྲྭ་པ་ ༥༠ ལས་གྲུབ་པའི་སྐབས་གཉིས་པ་བསྡུས་ཏེ། ད་ལྟ་འཛིན་གྲྭ་གཅིག་ལོ་རིམ་གསུམ་པ་དང་། གཞན་པ་དེ་ལོ་རིམ་བཞི་པར་བསླེབས་ཡོད། ལོ་ལྔ་ཡི་དུས་ཡུན་དེ་ ༢༠༡༢ དང་ ༢༠༡༣ བཅས་ལ་རིམ་བཞིན་ཐོན་རྗེས་ཁོང་ཚོ་ཕྱིར་སོ་སོའི་དགོན་པར་ཕྱིན་ཏེ། གཙོ་བོ་དགོན་སྡེ་ཁག་ཏུ་ཚན་རིག་སློབ་སྦྱོང་གི་སྣེ་ཁྲིད་པ་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་རེད། ཅེས་ངོ་སྤྲོད་གནང་བྱུང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། གྲྭ་པ་ཚོར་ཚན་རིག་སློབ་སྦྱོང་སྤྲད་ན་གྲུབ་འབྲས་ཅི་འདྲ་ཡོང་མིན་ཐད་དོགས་གཞི་ཡོད་མཁན་ཡོད། ཐེངས་ཤིག་ཨ་རི་ནས་ཡིན་པ་བྷོ་བྷི་སེ་གྷར་ཁོང་གིས་༧གོང་ས་མཆོག་ལ་ངས་བོད་ལ་ཇི་ལྟར་རོགས་སྐྱོར་བྱ་དགོས་ཞེས་ཞུས་སྐབས། ཚན་རིག་གི་ཐོག་ནས་རོགས་སྐྱོར་ཡོང་བའི་བཀའ་ལན་བསྩལ་ཡོད། སེ་གྷར་གྱིས་དེ་ལ་གྲུབ་འབྲས་ཐོན་སྲིད་དམ་ཞེས་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས་གཅིག་བྱས་ན་ལོ་ ༡༠༠ རྗེས་ནས་གྲུབ་འབྲས་འཐོན་སྲིད་ཅེས་གསུངས་ཡོད་པ་རེད། དེ་བཞིན་དགོན་སྡེ་ཁག་ཏུ་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་བྱེད་པའི་སྟེང་ཚན་རིག་ལ་སློབ་སྦྱོང་བྱས་ཚེ་གཅིག་ནས་ནང་ཆོས་སློབ་གཉེར་པ་ཚོའི་གོ་རྟོགས་སད་རྒྱུ་དང་གཉིས་ནས་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ནང་ཆོས་དང་ཚན་རིག་ཟུང་འབྲེལ་བྱས་ན། གནས་ལུགས་དང་དཔྱད་པ་གཏོང་སྟངས་ལ་ཕན་རླབས་ཆེན་པོ་ཡོད་པར་དགོངས་པ་བཞེས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

 

ཚན་རིག་ཟབ་སྦྱོང་གི་ལོ་རིམ་གསུམ་པའི་འབྲས་སྤུངས་བློ་གསལ་གླིང་གི་གྲྭ་དབང་གྲགས་ལགས་སུ། ཚན་རིག་སློབ་གཉེར་གྱི་འདུན་པ་ཇི་ལྟར་འཁོར་ཚུལ་དྲིས་སྐབས་ཁོང་གིས་ལན་འདེབས་གནང་དོན། ༧གོང་ས་མཆོག་སྐུ་ན་གཞོན་དུས་ནས་ཚན་རིག་ལ་ཐུགས་སྣང་ཡོད་ཅིང་། ལྷག་པར་དུ་ ༡༩༦༢ ཙམ་ནས་ཁོང་གིས་ཚན་རིག་ལ་སློབ་སྦྱོང་གནང་ཞིང་། ཕྱིས་སུ་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ལ་ཚན་རིག་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེར་གཟིགས་ཏེ། ནང་པའི་དགེ་འདུན་པ་ཚོས་ཚན་རིག་ལ་དོ་སྣང་བྱ་དགོས་པའི་བཀའ་སློབ་རིམ་པར་བསྩལ་ཡོད་པ་མ་ཟད།  སུད་སིར་བརྟེན་གཞི་བྱས་པའི་འབྲི་གུང་དགོན་པ་བརྒྱུད་ “ཚན་རིག་ནང་ཆོས་ལ་འཕྲད་པ་” ཞེས་པའི་ལས་གཞི་ཞིག་ ༢༠༠༠ ལོ་ནས་མགོ་བརྩམས་ཡོད་པ་དེ་དག་ལ་བརྟེན་ཏེ། ང་རང་གིས་ཚན་རིག་སྦྱང་འདོད་ཆེན་པོ་བྱུང་སོང་། རྗེས་མ་བོད་པའི་སྤྱི་ཚོགས་དང་ལྷག་པར་དུ་དགོན་སྡེ་གྲྭ་ཚང་ཁག་ལ་ཚན་རིག་སློབ་ཁྲིད་དར་སྤེལ་གཏོང་རྒྱུ་དང་། ཚན་རིག་དང་ནང་ཆོས་ཟུང་འབྲེལ་ཐོག་ཕན་ནུས་འདོན་ཐུབ་པའི་ལས་དོན་ཞིག་ལ་འཇུག་ཐུབ་པར་དམིགས་ཡུལ་བཟུང་ཡོད། ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་བརྗོད་རྒྱུར། ཚན་རིག་ཟེར་པ་དེ་ཕྱི་དངོས་པོའི་གནས་ལུགས་གཏན་ལ་འབེབ་པའི་རིག་པ་ཞིག་དང་། ནང་ཆོས་ལས་ཞིབ་ཚགས་ལྡན་ཞིང་གཏིང་ཟབ་པ་ཞིག་རེད། ནང་ཆོས་ནི་གང་ཟག་དེའི་སྤྱོད་པ་ཞི་ཞིང་དུལ་པ་ཞིག་དང་། རྒྱུད་ལ་བཟང་སྤྱོད་དང་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་ཀྱི་བསླབ་གཞི་ཞིག་རེད། ལྟོས་གྲུབ་ཀྱི་ཆ་ནས་གཞི་དངོས་པོའི་གནས་ལུགས་གཏན་ལ་འབེབས་པ་དང་ནང་སེམས་ཀྱི་བདེ་བ་སྐྲུན་པར་ཚན་རིག་དང་ནང་ཆོས་ཟུང་འབྲེལ་ཐོག་སློབ་གཉེར་བྱས་ན་ཕན་ཐོགས་ཆེན་པོ་ཡོད་པ་གཏན་འཁེལ་རེད། ཅེས་བརྗོད་བྱུང་།  

 

ཟབ་སྦྱོང་ལོ་རིམ་བཞི་པའི་ནང་གི་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་ཡིན་པ་འབྲུ་སྐལ་བཟང་ལགས་སུ་ཚན་རིག་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ཀྱི་བློ་སྐྱེད་དང་། དགོན་སྡེ་ཁག་ཏུ་ཚན་རིག་སློབ་གཉེར་དར་བའི་དགེ་སྐྱོན་སྐོར་དྲིས་པའི་ལན་དུ། ༢༠༠༡ ནས་ང་ཚན་རིག་སློབ་སྦྱོང་གི་ལས་རིམ་ལ་ཞུགས་པ་ཡིན། ཚན་རིག་ནི་ནང་ཆོས་ལས་གཞན་པའི་རིག་གཞུང་ཞིག་ཡིན་སྟབས། རིག་གནས་མ་འདྲ་པ་གཉིས་ཞིབ་བསྡུར་ཐོག་སློབ་སྦྱོང་བྱས་ཡོང་སྐབས། དེ་སྔོན་སྦྱང་པའི་གཞུང་བཀའ་པོད་ལྔ་སོགས་ཕུད་པའི་གཞུང་གཞན་མང་པོ་ཞིག་ལ་ལྟ་ཀློག་བྱ་དགོས་ཀྱི་འདུག ཚན་རིག་ལ་སློབ་གཉེར་བྱས་པ་བརྒྱུད་དེ་ནང་ཆོས་ལ་སྔར་ལས་ལྷག་པའི་གོ་བ་ཇེ་ཟབ་དང་། ཁ་ཇེ་གསལ་ཡོང་བའི་ཕན་ཐོགས་འདུག ད་ཆར་ངས་ནང་ཆོས་དང་ཚན་རིག་གཉིས་ཀྱི་འབྲེལ་པ་དང་འགལ་འདུ་རིགས་ལ་ཉམས་ཞིབ་བྱ་རྒྱུར་བསམ་བློ་གཏོང་གི་ཡོད།  ད་ལྟའི་ཆར་དབང་པོ་ལྔ་ཡུལ་ལ་འཇུག་ཚུལ་གྱི་ཐད་ཚན་རིག་གི་ལྟ་ཚུལ་དང་ནང་ཆོས་ཀྱི་འདོད་ཚུལ། དེའི་ཞིབ་ཕྲའི་གནས་ཚུལ་ལ་ཞིབ་འཇུག་གི་ལས་གཞི་ཞིག་མགོ་བརྩམས་ཡོད། ཅེས་དང་།

ཁོས་མུ་མཐུད་དོན། ཚན་རིག་དང་ནང་ཆོས་གཉིས་གཅིག་རྒྱལ་གཞན་ཕམ་དང་མཐུན་ཐབས་མེད་པའི་ཕྱོགས་འགལ་རང་བཞིན་གྱི་རིག་པའི་གཞུང་ལུགས་གཉིས་སུ་འདོད་པའི་ལྟ་ཚུལ་ཡོད་ཀྱང་། དོན་དངོས་ཐོག་དེ་འདྲ་ཞིག་མ་རེད། རིག་གནས་གཅིག་གི་སྟེང་ལ་རིག་གནས་གཞན་ཞིག་བསྣན་ཡོང་ན། གང་ཟག་དེའི་བློ་རིག་གི་ནུས་པས་འདང་མིན་ཡོང་སྲིད་ཀྱང་། ཚན་རིག་སློབ་པར་བརྟེན་ཏེ་ནང་ཆོས་ལ་དད་པ་དང་ཡིད་ཆེས་ཆུང་དུ་འགྲོ་བ་དེ་འདྲ་ཡོང་གི་མ་རེད་སྙམ། འོན་ཀྱང་། སྤྱི་ཡོངས་ནས་བཤད་ན་དེ་འདྲ་ཉུང་ཤས་ཡོང་སྲིད་ཀྱང་། དེ་ཚོ་སོ་སོའི་རྒྱུད་ན་ནང་ཆོས་གདེང་ཕེར་བ་ཞིག་མེད་པའི་རྟགས་རེད། ནང་ཆོས་ཀྱི་ཤེས་ཚད་རགས་ཙམ་ལས་མེད་ན། རླུང་ཤར་ལ་གཡུག་ན་ཤར་དང་ནུབ་ལ་གཡུག་ན་ནུབ་ཅེས་པའི་དཔེ་ལྟར་ཆགས་བ་ཡོང་གི་རེད། ཅེས་ལན་འདེབས་གནང་བྱུང་།

 

མཐར་ལོ་རིམ་བཞི་པའི་དགེ་བཤེས་ཉི་མ་བཀྲ་ཤིས་ལགས་སུ། ཚན་རིག་གི་ཟབ་སྦྱོང་འདིར་མ་ཞུགས་སྔོན་ལ་ཚན་རིག་ཐོག་དོ་སྣང་ཡོད་མེད་དྲིས་པར་ཁོང་གིས། ང་ཆུང་ཆུང་ཡིན་དུས་ཕ་མ་ཚོས་ནང་ཆོས་ནི་ཁུངས་བཙན་པོ་དང་རྒྱུ་མཚན་ཡང་དག་ཅིག་ཡོད་པ་རེད་གསུངས་མྱོང་ཡོད་ལ། རྗེས་སུ་སློབ་གྲྭ་ནས་ཚན་རིག་སློབ་སྦྱོང་བྱེད་སྐབས་ཀྱང་། རྒན་པ་རེ་ཟུང་གིས་ཚན་རིག་ཟེར་པ་དེས་ཆོས་ལ་དད་པ་ལོག་འགྲོ་པ་དང་། མི་ལོག་ལྟ་ཅན་ཆགས་འགྲོ་བ་རེད་ཟེར་ནས་འཇིགས་སྐུལ་བྱེད་མཁན་འདུག སྐབས་དེར་ང་ཆུང་ཆུང་ཡིན་ཡང་། གལ་སྲིད་ནང་ཆོས་ཁུངས་བཙན་པ་དང་རྒྱུ་མཚན་ཡང་དག་ཅིག་ཡོད་ན། ཚན་རིག་སྦྱངས་བ་ཙམ་གྱིས་ལྟ་བ་ལོག་འགྲོ་བ་དེ་འདྲ་གང་ཡིན་ན་བསམ་པའི་ཡ་མཚན་སྐྱེས་མྱོང་། ཞེས་དང་།

མ་འོངས་པར་དགོན་པ་ཁག་ནང་ཚན་རིག་སློབ་སྦྱོང་དར་སྤེལ་ཆེད། སྤྱིར་གྲྭ་ཚང་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་ཕྱག་དཔེ་གཅིག་པ་ཡིན་ན་ཡང་འགྲོ་སྟངས་ཀྱི་ཐད་ནས་གྲྭ་ཚང་སོ་སོ་མ་འདྲ་བ་ཅུང་ཙམ་རེ་ཡོད་སྟབས། སོ་སོའི་ཁོར་ཡུག་ལ་བསྟུན་པའི་ཚན་རིག་སློབ་ཚན་ཆ་བགོས་དང་སློབ་ཁྲིད་གནང་སྟེ། དགེ་ལུགས་རྒྱུགས་སྤྲོད་ཀྱི་གནས་རིམ་ལ་མ་བསླེབས་པའི་ལོ་གཅིག་ཙམ་གྱི་གོང་བར་ཚན་རིག་གི་སློབ་གཞི་ཐོན་ཐུབ་པ་ཞིག་བཟོས་པ་ཡིན་ན། ཕྱོགས་གཉིས་ཀར་འཐུས་ཤོར་མི་འགྲོ་པ་ཞིག་ཆགས་ངེས་རེད། ཅེས་ལན་འདེབས་གནང་སོང་།

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༨ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 4

  1. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ལོག་ལྟ་ཅན་ཆགས་འགྲོ་གིན་རེད་ཟེར་བ་དང་། བསྟན་པ་ཉམས་པའི་རྒྱུ་རུ་འགྲོ་གིན་རེད་ཟེར་བའི་སྐད་ཆ་དེ་སྔ་མོ་ཙམ་མ་ཟད། དེང་སང་ཡང་གདན་ས་ཁག་གི་ནང་དུ་དེ་ལྟར་ལྷག་ཡོད། ངོ་མ་ཡ་མཚན་རེད། རྟོག་གེ་མགོ་འཁྲེགས་པ་རིང་ལུགས།

    ཐ་ན་བཀའ་ཁྲི་ཟམ་གདོང་གིས་ཀྱང་གདན་ས་ནང་ཚན་རིག་གི་སློབ་སྦྱོང་སྤྲོད་པ་ལ་དགའ་མོས་མི་བྱེད་མཁན་ཞིག་རེད། མཐའ་མར་༸གོང་ས་མཆོག་གིས་ཡང་སེ་ཡང་སེ་གསུངས་ཀྱི་ཡོད་པ་ཡིན་ཙང་། ཅི་བྱ་གཏོལ་མེད་དུ་འགྱུར་བ་རེད།

    Reply
  2. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 15 སྔོན།

    ཚན་རིག་དེ་ཆོས་ཀྱི་རྗེས་སུ་ཁྲིད་ཐུབ་པ་ཞིག་བྱུང་ན། འཇིག་རྟེན་འདིར་ཕན་ངེས་ཡིན་ཡང་། ཆོས་དེ་ཚན་རིག་གི་རྗེས་སུ་ཤོར་ན་གནོད་པ་ལས་ཕན་ཐོགས་པ་ཁག་པོ་རེད། དེ་ཕྱིར་བློ་གྲོས་ལྡན་པ་དག་གིས་ཞིབ་དཔྱོད་ཀྱིས་རང་གཞན་གཉིས་ཀ་ལ་སྨན་པ་ཞིག་བྱ་རོགས་གནང་།

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    དམ་ཆོས་ཚན་རིག་དཔལ་དུ་འགྱུར་བ་དང། ཚན་རིག་ཆོས་ཀྱི་གྲོགས་སུ་འགྱུར་འདི་ཡང།
    བླ་མེད་སྟོན་པའི་མཛད་འཕྲིན་རྗེས་སྐྱོང་བ། དགེ་སྦྱོང་ཆེན་པོ་བསྟན་འཛིན་རྒྱ་མཚོའི་དྲིན།
    ལེགས་བྱས་འདི་ཉིད་ཁོ་ན་ཙམ་གྱིས་ཀྱང། གང་ཉིད་མཛངས་མི་བརྒྱད་པར་བགྲང་འོས་ཙམ།
    མ་ཟད་དེ་དག་ལས་ཀྱང་འཕགས་པར་ངེས།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    མཁས་དབང་རྣམ་པའི་གསུང་ལ་ཡི་རངས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese