མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྐང་འཁོར་རྒྱང་སྐྱོད་པ་པུ་ནཱ་རུ་འབྱོར་བ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp


བོད་པའི་གནད་དོན་ཁྱབ་བསྒྲགས་དང་རྔ་པ་ས་ཁུལ་གྱི་ཛ་དྲག་གི་གནས་སྟངས་ཐད། ཁ་སྔོན་ཕྱི་ཚེས་ ༨ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་མགོ་འཛུགས་གནང་བའི་མི་སྣ་ ༡༥ ལས་གྲུབ་པའི་རྐང་འཁོར་རྒྱང་སྐྱོད་ཀྱི་ལས་འགུལ་དེ་
ཕྱི་ཚེས་ ༡༡ ཉིན་གྱི་ཉིན་པུ་ན་གྲོང་ཁྱེར་དུ་འབྱོར་ཏེ། བོད་དོན་ཁྱབ་བསྒྲགས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་ཅིང་། ཕྱི་ཚེས་ ༡༢ ཉིན་ཁུལ་དེའི་ནང་པའི་དགོན་པ་ཞིག་ཏུ་བསྐྱོད་དེ་བོད་དོན་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་གནང་ཡོད་འདུག

སང་ཉིན་ཕྱི་ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་ཆེད་མངག་གནང་བ་ལྟར། ཀརྨ་ཆོས་འཕེལ་ལགས་ས་གནས་དེར་ཕེབས་ཏེ་རྒྱ་གར་གྱི་མི་སྣ་དང་ས་གནས་བོད་རིགས་སུད་ཚོང་བ་ཚོར་གཏམ་བཤད་ཅིག་གོ་སྒྲིག་ཞུ་རྒྱུ་ཡིན་ཞིང་། དེ་དང་ལྷན་དུ་ལས་འགུལ་བ་དག་གིས་གྲོང་ཁྱེར་དེ་རུ་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་འཆར་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་མུ་མཐུད་སྐྱོད་འཆར་ཡོད་པ་རེད།

ཐེངས་འདིའི་ལས་འགུལ་ནང་ཞུགས་མཁན་ལོ་ན་ཆེ་ཤོས་ ༤༥  དང་། ཆུང་ཤོས་ ༡༧  ཡིན་འདུག དེང་སྐབས་རྒྱ་གར་ལྷོ་ཕྱོགས་སུ་གནམ་གཤིས་ཧ་ཅང་ཚ་བོ་ཡིན་སྟབས། ལས་འགུལ་ནང་ཞུགས་མཁན་རེ་ཟུང་ལ་མགོ་བོ་ན་བ་དང་ཆམ་པ་ཕོག་པ་སོགས་གཟུགས་པོ་མི་བདེ་བའི་གནས་ཚུལ་ཡང་རེ་ཟུང་ཡོང་གི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

སྐར་མ ༡༠ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༢
Tsadha County Nomad in haixi mongolian and Tibetan autonomous prefecture, Qinghai province
Mobile App

འབྲོག་པའི་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་དགོས་པའི་སྐུལ་འདེད་ཚོགས་འདུ་བསྡུས།

༢༠༢༦/༠༤/༢༢

མཆན། 4

  1. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    རྐང་འཁོར་རྒྱང་སྐྱོད་བྱེད་མཁན་ཁོང་རྣམ་པའི་ངོས་ནས་དགོས་འདུན་དོན་ཚན་གཉིས་དང་འབོད་སྐུལ་གཅིག།

    དོན་ཚན་དང་པོ། རྒྱ་དམར་གཞུང་གིས་རྔ་བ་ཀིརྟི་དགོན་པ་གཙོས་རྔ་བའི་མི་མང་ལ་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དང་། མྱུར་ཏུ་དྲག་ཆས་དམག་མི་ཕྱིར་འཐེན་བྱེད་དགོས།

    དོན་ཚན་གཉིས་པ། ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཆ་ཚང་གློད་བཀྲོལ་བྱེད་དགོས།

    འབོད་སྐུལ་གཅིག རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་རང་དབང་གི་གསར་འགོད་པ་དག་རྔ་བ་ས་ཁུལ་དུ་ངེས་པར་ཏུ་གཏོང་རོགས་གནང།
    ཞེས་མོན་གྷོ་དབུ་མའི་ལས་འགུལ་ཁང་དང་རྒྱལ་ཡོངས་དམངས་གཙོ་ཚོགས་པ། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་།ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཚོགས་པ་ལྔ་ཐུན་མོང་ནས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༨ ལ།

    Reply
  2. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    ༄༅། །བོད་ནི་འཛམ་གླིང་གི་མཐོ་སར་གནས་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། སྐད་ཡིག་དང་། གོམས་གཤིས། རིག་གཞུང་། ས་ཁྱོན། མི་འབོར། ལོ་རྒྱུས་གང་ཅིའི་ཐད་ནས་རང་བཙན་གཙང་མར་ཁུངས་སྐྱེལ་ལྡན་པ་ཞིག་ཀྱང་ཡིན། ཕྱི་ལོ་ ༡༩༤༩ ནང་རྒྱ་དམག་བོད་དུ་སླེབས་འགོ་བཙུགས་པ་ནས་བཟུང་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་དང་འཕྲོག་བཅོམ། ཚད་མེད་ཀྱི་གཏོར་བཅོམ་བཏང་བ་དང་། བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་ཚེ་སྲོག་ཤོར་བ། དགོན་པ་དྲུག་སྟོང་ཙམ་གཏོར་བཤིག་བཏང་བ་མ་ཟད། ༡༩༥༩ ལོར་བོད་རྒྱལ་ཁབ་ཆེན་པོའི་ས་ཁུངས་ཆ་ཚང་དངོས་སུ་བཙན་བཟུང་བྱས་ཏེ། ༸གོང་ས་མཆོག་གིས་གཙོས་བོད་མི་གཅིག་འབུམ་ལྷག་ཅིག་རྒྱ་གར་གཙོ་བོ་གྱུར་བའི་རྒྱལ་ཁབ་མང་པོའི་ནང་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད། ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་ནས་བཟུང་། ༢༠༡༡ ་བར་དུ་བོད་མི་དམར་གསོད་བཏང་བ་ ༢༨༥ དང་། ཉེས་མེད་བཙོན་དུ་ཚུད་པ་དང་གར་སོང་ཆ་མེད་དུ་གྱུར་བ་ ༢༢༡༩ ཙམ་ཡོད། ད་དུང་བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས། སྨྲ་བརྗོད་རང་དབང་། རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་སོགས་ཉིན་རེ་ནས་ཉིན་རེར་གནས་སྟངས་ཇེ་སྡུག་དང་ཛ་དྲག་ཆགས་བཞིན་ཡོད།
    ཉེ་ཆར་ ༢༠༡༡ ཟླ་ ༣ ཚེས ༡༦ ཉིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་ནས་རྒྱ་དམར་གཞུང་གིས་བོད་ནང་དུ་མི་སྤྱོད་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པར་རང་ལུས་མེ་རུ་བསྒྲོན་ཏེ་ཞི་བའི་ངོ་རྒོལ་བྱས་པ་ནས་བཟུང་། རྒྱ་ནག་གི་དྲག་ཆས་དམག་མི་བཀོལ་ཏེ་རྔ་བ་ཀིརྟི་དགོན་པ་དང་རྔ་བའི་མི་མང་ལ་དྲག་གནོན་ཚབས་ཆེན་བྱས་དང་བྱེད་བཞིན་པའི་གནས་སྟངས་ཛ་དྲག་མུ་མཐུད་གནས་མུས་ལ་སོང་། བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་ཡོད་པར་བརྟེན། མོན་གྷོ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་དང། མོན་གྷོ་དབུ་མའི་ལམ་ལས་འགུལ་ཁང། མོན་གྷོ་རྒྱལ་ཡོངས་དམངས་གཙོ་ཚོགས་པ། མོན་གྷོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། མོན་གྷོ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཚོགས་པ་ལྔ་ཐུན་མོང་ནས་རྔ་བ་ཀིརྟི་དགོན་པ་གཙོས་རྔ་བའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་མོན་གྷོ་ནས་པུ་ན་བར་གྱི་རྫོང་དང་གྲོང་ཁྱེར་ཁག་ནང་ཡིག་ཆ་འགྲེམ་སྤེལ་ཆེད་རྐང་འཁོར་རྒྱང་སྐྱོད་ཀྱི་ལས་འགུལ་འདི་སྤེལ་བཞིན་ཡོད་པས། དངོས་ཡོད་བོད་དོན་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་བྱེད་མཁན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཁག་དང་། སྲིད་གཞུང་། མི་མང་། གྲོས་ཚོགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། ལྷག་པར་དུ་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་དང་ལམ་སྟོན་ཡོང་བའི་འབོད་སྐུལ་ཞུ་བ་ལགས་ན། བདེན་དོན་ལ་རྒྱབ་སྐྱོར་ཡོང་བ་མཁྱེན་མཁྱེན་ཞུ།

    ཁ་བརྡ་དྲ་ངོས་ལས་དྲངས་སོ།།

    Reply
  3. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    བཀའ་དྲིན་ཆེའོ།།
    ཁྱེད་ཅག་གིས་ལས་འགུལ་གྱིས་ང་ཚོའི་དཀའ་སྡུག་བསལ་བར་ཤོག
    བཀའ་དྲིན་ཆེའོ།།
    ཁྱེད་ཅག་གིས་ལས་འགུལ་འདིས་ང་ཚོའི་གནས་སྟངས་ཇེ་བཟང་དུ་ཡོང་བར་སྨོན།
    བཀའ་དྲིན་ཆེའོ།།
    ཁྱེད་ཅག་གིས་ལས་འགུལ་གྱི་རྗེས་སུ་འདི་ལྟར་མུ་མཐུད་ནས་ཡོང་བར་སྨོན།
    བཀའ་དྲིན་ཆའོ།།
    ཁྱེད་ཅག་གིས་ལས་འགུལ་འདི་འཛམ་གླིང་ལ་ཁྱབ་པར་རེའོ།།
    བཀའ་དྲིན་ཆེའོ།།
    ཁྱེད་ཅག་གིས་ལས་འགུལ་གྱིས་ང་ཚོ་སད་དུ་འཇུག་པར་ཤོག
    བཀའ་དྲིན་ཆེའོ།།
    ཁྱེད་ཅག་གིས་ལས་འགུལ་འདིས་ང་ཚོའི་མདུན་ལྗོངས་གསལ་བར་ཤོག

    Reply
  4. རོ་བདག says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། རིག་རྒྱུད་གཅིག་པའི་སྙིང་ཉེ་བའི་གྲོགས་པོ་ཚོ་བདེན་དོན་དང་ལ་བརྒྱའི་ཆེད་དུ་དཀའ་ལས་གང་མང་ཞིག་རྒྱག་བཞིན་པ་ངས་སྙིང་ཐག་ནས་སླར་ཡང་ཐུགས་རྗེ་ཆེ་ཞུས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese