མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གང་བྱུང་མང་བྱུང་བྲིས་ན་འགྲིག་གི་མ་རེད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༡༡/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp


གཟའ་ཟླ་བའི་ཉིན་གྱི་ཞོགས་པར་ངྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། བོད་ཀྱི་སྨན་ལུགས་གཙང་བྲིས་ཐང་གའི་ལྷ་བྲིས་པ་ནུབ་རྒྱ་བུ་ཆུང་ལགས་ཀྱིས་བསྐྱངས་པའི་སློབ་ཕྲུག་འགའ་སློབ་མཐར་ཕྱིན་པའི་མཛད་སྒོ་དང་སྦྲགས་ཐང་གའི་འགྲེམས་སྟོན་ཞིག་ཚུགས་ཡོད་པ་རེད།

ཕྱི་ཟླ་ ༦ ཚེས་ ༢༧ ཉིན་གྱི་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོ་དེའི་སྟེང་། དཔལ་རྒྱལ་བ་ཀརྨ་པ་མཆོག་དང་བཀའ་ཁྲིའི་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་ཚབ། ཆོས་རིག་དང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྣམ་པ། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་སོགས་དབུ་བཞུགས་ཐོག ཐང་བྲིས་སྒྱུ་རྩལ་ཁང་ངོ་སྤྲོད་དང་སློབ་གཉེར་པ་ཁག་ཅིག་ལ་མཐར་ཕྱིན་ཕྱག་འཁྱེར་བསྩལ་སོང་།

ཐེངས་འདིར་༧གོང་ས་སྐུ་ཕྲེང་རིམ་བྱོན་དང་། སྟོན་པའི་མཛད་པ་བཅུ་གཉིས། ཙོང་ཁ་བརྒྱད་ཅུའི་ཐང་ག་བཅས་ཚུད་པའི་བོད་ཀྱི་སྲོལ་རྒྱུན་བྲིས་ཐང་རིགས་ཤིག་འགྲེམས་སྟོན་ཞུས་ཡོད་ཅིང་། བོད་ཀྱི་སྒྱུ་རྩལ་བྲིས་ཐང་འདི་ནི་བོད་གཙང་ཁུལ་གྱི་བྲིས་རྒྱུན་ཞིག་ཡིན་ཞིང་། ༡༩༨༥ ལོར་༧ པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་བཀྲ་ཤིས་ལྷུན་པོར་ལྷ་བྲིས་སློབ་སྦྱོང་གསར་འཇུག་གནང་སྐབས། པཎ་ཆེན་རིན་པོ་ཆེ་མཆོག་གི་གམ་བཅར་སྨན་ཐང་གསར་མའི་ལུགས་ཀྱི་ལྷ་བྲིས་པ་དཀར་ཆེན་བློ་བཟང་ཕུན་ཚོགས་དང་། གཡང་པ་ཕུན་ཚོགས་རྡོ་རྗེ་རྣམ་གཉིས་ལ་ཆེད་དུ་བཀོལ་མངགས་གནང་པ་ལས་སྦྱངས་བརྩོན་བྱས་པའི་བྲིས་རྒྱུན་ཞིག་རེད་འདུག

མཛད་སྒོའི་ཐོག་མར་ལྷ་བྲིས་དགེ་རྒན་ནུབ་རྒྱ་བུ་ཆུང་ལགས་ཀྱིས་ཐེངས་འདིའི་སྒྱུ་རྩལ་ཐང་གའི་འགྲེམས་སྟོན་དང་འབྲེལ་ཏེ་བརྗོད་དོན། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་འཚོ་བཞུགས་སྐབས་ཁོང་གིས། དཀའ་ཆེན་ཁྱེད་ཀྱིས་དགེ་ཕྲུག་འགའ་གསོ་སྐྱོང་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་ཞལ་ཐང་འབྲི་མཁན་གྱི་གཞོན་སྐྱེས་སྐྱེད་སྲིང་བྱེད་དགོས། བོད་ཀྱི་སྲོལ་རྒྱུན་བྲིས་ཐང་མི་ཉམས་རྒྱུན་འཛིན་བྱེད་པའི་ལས་འགན་དེ་དཀའ་ཆེན་ཁྱེད་ལ་སྤྲད་ཡོད་ཅེས་བཀའ་ཕེབས་པ་བཞིན། རྒན་ལགས་རྣམ་གཉིས་ཀྱིས་ཀྱང་གུས་པ་ཚོར་ད་ལྟ་སློབ་སྦྱོང་ཡག་པོ་བྱས་ཏེ་རྗེས་སུ་བོད་ཀྱི་སྲོལ་རྒྱུན་ཞལ་ཐང་འབྲི་མཁན་མི་སྣ་སྐྱེད་སྲིང་བྱ་དགོས་པའི་བཀའ་སློབ་ཡང་ཡང་གནང་པའི་བག་ཆགས་དེས་ཕྲན་ལ་དམིགས་བསལ་འགན་འཁྲི་ཞིག་ཡོད་པའི་སྐུལ་ལྕག་དང་སེམས་ཚོར་ཐེབས་པ་ཞིག་ཡིན། ཞེས་དང་། ལོ་རབས་ ༨༠ དང་༩༠ ནང་ཕྲན་གྱིས་བཀྲིས་ལྷུན་པོར་༧པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པ་བར་གྱི་སྐུ་གདུང་གསར་བཞེངས་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་གདུང་གསར་བཞེངས་ཀྱི་ལྡེབས་རིས་སོགས་མཚོན་པའི་བོད་ནང་ལྷ་སྐུ་དང་ལྡེབས་རིས་འབྲི་རྒྱུན་འཛིན་ཐུབ་ཙམ་ལས། རྒྱུན་འཛིན་སློབ་མ་སྐྱེད་སྲིང་བྱེད་མ་ཐུབ། འོན་ཀྱང་། ༡༩༩༧ ལོར་བཙན་བྱོལ་དུ་འབྱོར་པ་ནས་༧གོང་ས་མཆོག་དང་རང་གཞུང་གི་བཀའ་དྲིན་འོག་གཟིམ་ཆུང་དང་སྐུ་སྒེར་ཡིག་ཚང་། རྣམ་རྒྱལ་གྲྭ་ཚང་སོགས་བཙན་བྱོལ་ནང་གི་ཚོགས་སྒེར་མང་པོ་ཞིག་ལ་ཞལ་ཐང་གསར་བཞེངས་དང་རིམ་བཞིན་རྒྱུན་འཛིན་སློབ་བུ་སྐྱེད་སྲིང་གི་ལས་དོན་གཉེར་ཐུབ་པ་བྱུང་། ད་སྔ་བོད་རིགས་དང་ཕྱི་རྒྱལ་པ་བོད་ཀྱི་ལྷ་བྲིས་ལ་དོན་གཉེར་ཅན་བཅས་སློབ་ཕྲུག་ ༣༧ ཙམ་བྱུང་པའི་ཁྲོད། རང་རྐྱ་འཕེར་མཁན་སློབ་ཕྲུག་ ༧ མཐར་ཕྱིན་ཅིང་། ད་ལྟ་སློབ་གཉེར་པ་ ༡༠ ཡོད། མ་འོངས་པར་སློབ་གཉེར་ཁང་འདི་རྒྱ་སྐྱེད་དང་། བོད་ཀྱི་མཐོ་རིམ་སློབ་གྲྭ་གང་རུང་ཞིག་དང་ཟུང་འབྲེལ་གྱིས་སློབ་གཉེར་པའི་ལག་འཁྱེར་ཚད་ལྡན་བཟོ་ཐབས་བཅས་ཀྱི་ལས་འཆར་འགྲོ་བཞིན་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

དེའི་རྗེས་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གསུང་བཤད་གནང་དོན། སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ་རྒྱ་གར་གྱི་རྒྱལ་པོ་དེ་ཚོས་ཁོང་གི་མཛད་པ་འཕྲིན་ལས་རི་མོར་བཀོད་དེ་འདི་ཕྱི་གཉིས་ཕན་ཡོང་པའི་བྱ་བ་རླབས་ཆེན་བསྒྲུབས་མྱོང་ཡོད་རེད་ལ། ད་ལྟའི་དུས་ཚོད་ལ་ཡང་སྐུ་པར་དང་ཞལ་ཐང་རིགས་ལ་ཧ་ཅང་རིན་ཐང་ཡོད་བསྡད་པ་ཞིག་རེད། དཔེར་ན་༧གོང་ས་མཆོག་གི་སྐུ་པར་ཞིག་བོད་ནང་གི་བོད་མི་ཞིག་ལ་རག་ཡོང་སྐབས་སེམས་ཚོར་གང་འདྲ་སླེབས་ཀྱི་ཡོད་པ་གསལ་པོ་ཤེས་ཐུབ་པ་ཞིག་རེད། དེ་བཞིན་ང་འདྲ་བོ་ཞིག་གིས་སྐད་ཆ་བཤད་པ་ཡིན་ན། ཉན་འདོད་ཡོད་མེད་སྣ་ཚོགས་ཡོང་གི་རེད། འོན་ཀྱང་། སྐུ་ཐང་ཞིག་སྒྱུ་རྩལ་གྱི་ལམ་ནས་རི་མོར་བྲིས་ཡོད་ཚེ། ལོང་པ་ཞིག་ཡིན་ན་མ་གཏོགས་ཚང་མས་བལྟ་ངེས་རེད་ལ། བལྟས་པ་ཙམ་མ་ཡིན་པར་རི་མོའི་སྟེང་གི་བླ་མའམ་སངས་རྒྱས་བྱང་སེམས་གང་དེའི་མཛད་པ་དང་འཕྲིན་ལས་སོགས་ལ་རྒྱུས་ལོན་བྱ་ངེས་ཀྱི་ཕན་ཐོགས་ཆེན་པོ་ཡོད་སྟབས། བྲིས་ཐང་སྒྱུ་རྩལ་འདི་བོད་ཀྱི་སྲོལ་རྒྱུན་རི་མོའི་འབྲི་རྒྱུན་དར་སྤེལ་དང་། ཕྱི་རྒྱལ་མི་རིགས་ལ་བོད་ཀྱི་རིག་གཞུང་གིས་མཚོན་པའི་སྒྱུ་རྩལ་རི་མོ་ངོ་སྤྲོད་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ངེས་རེད། ཅེས་གསུངས་བྱུང་།

མཐར་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་པ་ཀརྨ་པ་མཆོག་གིས་བཀའ་སློབ་གནང་དོན། ང་རང་རི་མོ་ལ་དོ་སྣང་ཡོད་པ་ལས་རི་མོའི་བྱུང་རབས་ལོ་རྒྱུས་ལ་དེ་ཙམ་ཤེས་རྟོགས་མེད། གང་ལྟར་རྒན་བུ་ཆུང་ལགས་དང་ངེད་གཉིས་ངོ་ཤེས་པ་ཡིན་པས། ཁོང་གི་བྲིས་ཐང་ལ་རྒྱུས་མངའ་གང་འཚམ་ཡོད་ལ་སྨན་ལུགས་ཀྱི་ཐང་བྲིས་རྒྱུན་འཛིན་ཐོག་འདི་འདྲའི་འགྲེམས་སྟོན་བྱས་པར་ཡང་བསྔགས་བརྗོད། བོད་ལ་ལྷ་བྲིས་ཀྱི་ཕྱག་རྒྱུན་ཕུལ་དུ་བྱུང་པ་མང་པོ་བྱུང་ཡོད་པ་དེ་དག་དེང་སྐབས་དཀོན་པོ་ཆགས་འདུག འོན་ཀྱང་། སྨན་ལུགས་གསར་མའི་ཐང་བྲིས་ཀྱི་རྒྱུན་འདི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བཅར་ལྷ་བྲིས་ཚོ་བརྒྱུད་ད་ལྟའི་བར་རྒྱུན་མ་ཆད་ཅིང་། ད་ལྟ་རྒན་བུ་ཆུང་ལགས་ཀྱིས་མི་རབས་མང་པོ་བརྒྱུད་ཡོད་པའི་བྲིས་རྒྱུན་འདི་མུ་མཐུད་རྒྱུན་འཛིན་བྱེད་ཀྱི་ཡོད་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།

ཁོང་གིས་མུ་མཐུད། དེང་སང་ཐང་ག་གང་བྱུང་མ་བྱུང་འབྲི་མཁན་དེ་འདྲ་ཡོང་གི་འདུག དཀྱིལ་འཁོར་ཡིན་པའི་ཟོལ་གྱིས་དེ་འདྲའི་སྟེང་བོད་ཡིག་འདྲ་མི་འདྲ་ཞིག་བྲིས། ཡིན་པ་སྔགས་ཡིན་མདོག་མདོག་རེད། ཡིན་ན་ཡང་ཕྱི་རྒྱལ་དེ་ཚོས་བོད་ཡིག་ཀློག་ཤེས་ཀྱི་མེད་སྟབས་སྣང་བ་གང་ཤར་འདྲ་པོ་ཞིག་བྲིས། རི་མོའི་སྟེང་བྲིས་བཞག་པ་དེ་ཚོ་ལྷ་ཡིན་པ་འདྲ་པོ། འདྲེ་ཡིན་པ་འདྲ་པོ། གང་ལྟར་ཚོང་གི་ཆེད་དུ་འདྲ་མི་འདྲ་བྲིས་ཏེ་བོད་ཀྱི་ཐང་ག་ཡིན་ཁུལ་གྱིས་བཙོང་གི་ཡོད་པ་དེ་དག་བློ་ཕམ་འབྱུང་ཡུལ་རང་རེད་འདུག དཔེར་ན་ང་འདྲ་པོ་ཞིག་ཐང་ག་དེ་དག་ཉོ་མཁན་ཞིག་ཡིན་པ་ཆ་བཞག་ན། ཐང་ག་དེ་ཚོ་ཡར་མཆོད་བཤམས་ནང་སྒྲིག་དགོས་ཡོད་དང་མར་གད་སྙིགས་ནང་གཡུགས་དགོས་ཡོད་ཁྱོན་ནས་ཧ་གོ་ཡ་མི་འདུག སྤྱིར་རི་མོ་མཁན་སོ་སོའི་རྣམ་དཔྱོད་དང་སྒྱུ་རྩལ་ལ་བརྟེན་ནས་རི་མོ་གསར་གཏོད་བྱ་རྒྱུ་དེ་གལ་ཆེན་པོ་རེད། བོད་ཀྱི་རི་མོ་ལབ་དུས་ཆོས་ཕྱོགས་དང་འབྲེལ་བའི་ལྷ་སྐུ་ཐང་ག་རྐྱང་ཡིན་དགོས་མ་རེད། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་ཏེ་བརྩམས་ཆོས་གསར་པ་གསར་གཏོད་བྱ་རྒྱུ་དེ་གལ་ཆེན་པོ་རེད་དྲན་བསྡད་ཡོད། ཡིན་ན་ཡང་། ཆོས་ལུགས་ཀྱི་བརྩམས་བྱ་ཞིག་འབྲི་སྐབས་ལུགས་དང་མཐུན་པ་ཞིག་འབྲི་དགོས་རེད་མ་གཏོགས་གང་བྱུང་མ་བྱུང་བྲིས་ན་འགྲིག་གི་ཡོད་པ་མ་རེད།

དེ་བཞིན་ང་རང་པཎ་ཆེན་སྐུ་ཕྲང་བཅུ་པ་ཆེན་པོ་མཆོག་ལ་མཇལ་ཐུབ་མེད། འོན་ཀྱང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཆོས་ལུགས་ཙམ་མ་ཡིན་པར་བོད་མི་རིགས་རྒྱུན་གནས་སྲ་བརྟན་ཡོང་ཆེད་སྐད་ཡིག་རིག་གཞུང་སོགས་ཕྱོགས་ཡོངས་ནས་སྐུ་ལས་ཆེན་པོ་བསྐྱོན་གནང་མཛད་ཡོད། ཁོང་དུས་ངན་དེ་འདྲ་ཞིག་གི་ཁྲོད་བྱོན་པ་དང་སྐུ་ཚེ་རིང་པོར་འཚོ་བཞུགས་མ་ཐུབ་པ་རེད་ལ། ཁོང་གི་ཡང་སྲིད་སྐོར་ལ་ཡང་ད་ལྟ་གོ་རྒྱུ་ཚོར་རྒྱུ་མེད་པར་ལྷག་ཡོད་པའི་གནས་སྟངས་ཤིག་གྱུར་ཡོད། ད་ལྟ་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་ཀྱི་ཆ་ལག་རེ་ང་ཚོའི་ལག་ཏུ་ཡོད་པ་རྣམས་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་བླ་མའི་ཐུགས་རྒྱས་པར་བསྐང་པའི་མཆོད་པ་ཞིག་ཆགས་ཡོད།  རི་མོའི་སྒྱུ་རྩལ་འདི་ལ་མཚོན་ན་ཡང་ཁོང་གི་མཛད་འཕྲིན་གྱི་ཆ་ལག་ཅིག་ཆགས་ཡོད་སྟབས། སྔར་ནས་ཐུགས་ཁུར་ཆེར་བཞེས་གནང་པ་རེད་ལ་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། ངའི་ངོས་ནས་ཐུབ་པ་རེ་ཡིན་ན་རོགས་པ་ག་རེ་དགོས་ན་གནང་གི་ཡིན། མ་གཞི་ངས་རོགས་པ་ཞུ་ཐུབ་ཡ་ཆེན་པོ་གང་ཡང་ཡོད་པ་མ་རེད། སྔོན་མ་ཡིན་ན་མཚམས་རེར་ཞལ་འདེབས་ཞུ་མཁན་འདྲ་ཡོང་གི་ཡོད་རེད། ད་ཞལ་འདེབས་ནི་འབུལ་རྒྱུ་མེད། ཚང་མ་འཁྱེར་སོང་། ད་གཅིག་ལྷག་ཡོད་པ་ནི་སེམས་ཤུགས་སྤར་རྒྱུ་ཙམ་རེད། ཅེས་གསུངས་སོང་།

ལྷ་བྲིས་དགེ་རྒན་ནུབ་རྒྱ་བུ་ཆུང་ལགས་ཀྱིས་ ༡༩༩༨ ལོ་ནས་མགོ་འཛུགས་ཀྱིས་ཐང་གའི་སློབ་ཁྲིད་གནང་ཡོད་པ་དང་། ད་བར་སློབ་ཕྲུག་སུམ་ཅུ་ལྷག་ཙམ་གསོ་སྐྱོང་བྱས་དང་བྱེད་བཞིན་པའི་ཁྲོད་ བོད་པ་དང་ཕྱི་རྒྱལ་རྒྱལ་ཁབ་ཁག་འགའ་བཅས་ཀྱི་སློབ་ཕྲུག་འདུས་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

མཆན། 2

  1. འབྲུག says:
    ལོ་ 15 སྔོན།

    དངོས་གནས་དོན་སྙིང་དང་ལྡན་པ་ཞིག་བྲིས་འདུག་་་་་་ལྷ་བྲིས་དགེ་རྒན་ནུབ་རྒྱ་བུ་ཆུང་ལ་ཐུགས་རྗེ་རྒྱུ་ཡིནཆེ་ཞུ་

    Reply
  2. གངས་ཅན་པ། says:
    ལོ་ 15 སྔོན།

    མཐར་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ངའི་ངོས་ནས་ཐུབ་པ་རེ་ཡིན་ན་རོགས་པ་ག་རེ་དགོས་ན་གནང་གི་ཡིན། མ་གཞི་ངས་རོགས་པ་ཞུ་ཐུབ་ཡ་ཆེན་པོ་གང་ཡང་ཡོད་པ་མ་རེད། སྔོན་མ་ཡིན་ན་མཚམས་རེར་ཞལ་འདེབས་ཞུ་མཁན་འདྲ་ཡོང་གི་ཡོད་རེད། ད་ཞལ་འདེབས་ནི་འབུལ་རྒྱུ་མེད། ཚང་མ་འཁྱེར་སོང་། ད་གཅིག་ལྷག་ཡོད་པ་ནི་སེམས་ཤུགས་སྤར་རྒྱུ་ཙམ་རེད། གསུང་འདུག་པས་དེ་ལྟར་གསུང་དགོས་པ་བཟོ་མཁན་གྱི་མི་དེ་དག་ངོ་སྤྲོད་ཞིག་ཤམ་བྷ་ལའི་ཕོ་ཉ་དྲྭ་ཚིག་ཐོག་འདུག་པས་དྲྭ་གྲོགས་ཚོ་གཟིགས་དང་། དྲྭ་ཚིག་ནི། http://www.shambalapost.com/component/content/article/328-ནམ་མཁའ།/6668-2011-06-20-04-45-01

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese