མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ལྷན་ཁང་གིས་ལས་ཁུངས་གསར་པ་རྒྱག་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་ཁུངས་གསར་རྒྱག་བྱ་འཆར་ཡོད་པ་དང་།  འཆར་ཟིན་ལྟར་ན་ཧིན་སྒོར་འབུམ་ ༣༠༠ ཡས་མས་ཀྱི་འགྲོ་སོང་གཏོང་འཆར་ཡོད་པ་ལས། ཐོག་མའི་མགོ་འཛུགས་ལ་བཀའ་ཤག་གིས་ཧིན་སྒོར་འབུམ་ ༢༥ བཀའ་འཁྲོལ་ཐོབ་ཡོད་འདུག

མི་འགྱངས་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཁུངས་གསར་པ་འཛུགས་སྐྲུན་བྱ་འཆར་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་ལ་འགྲོ་གྲོན་ཧིན་སྒོར་འབུམ་ ༣༠༠ ཙམ་ཚོད་དཔག་བྱེད་བཞིན་ཡོད་འདུག ལས་གཞི་དེ་འདི་ལོའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་ཐག་གཅོད་བྱུང་ཀྱང་། ད་སྔ་རྒྱ་གར་ས་གནས་གྲུང་སྡེ་ལས་ཁུངས་ཀྱིས་བཀའ་འཁྲོལ་ཆོག་མཆན་ཐོབ་མེད་པས་ལས་གཞི་མགོ་འཛུགས་བྱས་མེད་པ་དང་། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ ༤༥༤ །༧ ཙམ་ཡོད་པ་དང་ཐོག་རྩེག་གསུམ་གྱི་འཛུགས་སྐྲུན་འཆར་ཟིན་ཞིག་བཀའ་ཤག་ལ་ཕུལ་ཏེ། ཐོག་མའི་མགོ་འཛུགས་ཐད་ཧིན་སྒོར་འབུམ་ ༥༠ ཡི་བཀའ་འཁྲོལ་ཞུས་ཡོད་པ་ལས་བཀའ་ཤག་གིས་འབུམ་ ༢༥ ཙམ་བཀའ་འཁྲོལ་གནང་ཡོད་འདུག

འདིའི་ཐད་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ “ལས་གཞི་འདིའི་ཐད་རྒྱ་གར་གྲོང་སྡེ་ལས་ཁུངས་མ་གཏོགས་གཞན་ཆོག་མཆན་ཆ་ཚང་ཐོབ་ཡོད། རྒྱ་གར་གྲོང་སྡེ་ལས་ཁུངས་ནས་ཀྱང་ཉིན་ཤས་ནང་ཆོག་མཆན་རག་ཡོང་གི་ཡོད། འགྲོ་གྲོན་ཐད་གཞུང་གི་བང་མཛོད་ནས་དངུལ་མང་པོ་འདོན་མ་དགོས་པ་བྱས་ཏེ། འཛུགས་སྐྲུན་གྱི་འགྲོ་གྲོན་མང་ཆེ་བ་སྤྱི་འཐུས་རྒྱུན་ལས་རང་གིས་འཚོལ་བསྒྲུབ་བྱ་རྒྱུ་ཡིན” ཞེས་གསུངས་བྱུང་།

འཆར་ཟིན་ལྟར་ན། ཐོག་རྩེག་གསུམ་ཅན་གྱི་ལས་ཁུངས་དེའི་འོག་ཤོད་དུ་ཚོགས་དྲུང་གི་འཛིན་སྐྱོང་ལས་ཁུངས་ཆ་ཚང་དང་། ཚོགས་གཙོ་ཚོགས་གཞོན་གྱི་ལས་ཁུངས། སྐུ་མགྲོན་དང་མཇལ་འཕྲད་གནང་ཡུལ་སོགས་ཡིན་འདུག་ལ། ཐོག་རྩེག་གཉིས་པར་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཁང་དང་། རྒྱུན་ལས་རེ་རེར་ལས་ཁུངས་རེ་བཅས་ཡིན་འདུག ཐོག་རྩེག་གསུམ་པར་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཁང་དང་དཔེ་མཛོད་ཁང་བཅས་ཀྱི་འཆར་འགོད་གནང་ཡོད་འདུག ཐོག་མའི་འཆར་གཞི་ལྟར་ན་ཟླ་ ༡༥ ནང་འཛུགས་སྐྲུན་ཡོངས་སུ་འགྲུབ་པ་བྱ་རྒྱུ་ཡིན་ཡང་། ༢༠༡༢ ལོའི་ཕྱི་ཟླ་གསུམ་པ་དང་དགུ་བའི་གྲོས་ཚོགས་གཉིས་གཞན་ཞིག་ནས་འཐབ་ཤེས་གནང་འཆར་ཡོད་པ་དང་། གཅིག་བྱས་ན་བཙན་བྱོལ་བོད་མིའི་གཞིས་ཆགས་གང་རུང་ཞིག་ཏུ་གོ་སྒྲིག་ཞུ་རྒྱུར་ཡང་གླེང་སློང་བྱུང་ཡོད་འདུག

ཚོགས་གཙོ་མཆོག་གིས་གསུངས་པ་ལྟར་ན། ཐེངས་འདིར་སྤྱི་འཐུས་ལས་ཁུངས་གསར་རྒྱག་བྱ་དགོས་དོན་ནི། ད་ཡོད་ལས་ཁུངས་ཆུང་དྲགས་ཏེ། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་སྡེ་ཚན་མང་པོ་ཞིག་ཤོང་གི་མེད་པའི་དཀའ་ངལ་ཡོད་པ་དང་། ད་སྔའི་ལས་ཁུངས་ཀྱི་རྨང་གཞིའི་སྟེང་རྒྱ་སྐྱེད་བཏང་བ་ཡིན་ན་འགྲོ་གྲོན་ཆུང་ཡང་། ལས་ཁུངས་རྙིང་པའི་ཐོག་མའི་འཛུགས་སྐྲུན་ཚད་གཞི་ལས་བརྒལ་གྱི་ཡོད་སྟབས། མ་འོངས་པར་ལས་ཁུངས་སྲ་བརྟེན་ཡོང་མིན་གྱི་ཉེན་ཁ་ཡོད་འདུག འདིའི་ཐད་ཚོགས་གཙོ་མཆོག་གིས “ད་ཡོད་སྤྱི་འཐུས་ལྷན་ཁང་འདི་ ༡༩༧༩ ནས་༡༩༨༢ བར་ཐོག་མར་རྒྱག་སྐབས། རྗེས་སུ་ཁང་པ་རྒྱ་སྐྱེད་དང་སྟེང་དུ་བརྩེགས་ཐོག་རྒྱག་རྒྱུ་སོགས་ཀྱི་འཆར་གཞི་གང་ཡང་མེད་སྟབས། གྲོས་ཚོགས་ཁང་པ་སྤྱི་དང་ལྷག་པར་དུ་གྲོས་ཚོགས་ཚོགས་ཁང་གི་དཀྱིལ་དུ་ཀ་བ་མེད་པར་རྩིག་གྱང་གིས་འཁུར་ཐུབ་པ་བཟོས་ཡོད། ང་ཚོར་ཐོག་མའི་འཛུགས་སྐྲུན་འཆར་འགོད་ཀྱི་ཡིག་ཆ་རག་གི་མེད་སྟབས། ཁང་པའི་ཀ་བ་དང་གདོང་མ། རྩིག་པ་སོགས་ཀྱི་ནང་ལྕགས་རིང་བཅུག་ཡོད་མེད་ཤེས་རྟོགས་བྱ་ཐུབ་ཀྱི་མི་འདུག སྤྱི་འཐུས་ལྷན་ཁང་གི་སྟེང་འཕྲོད་བསྟེན་ལས་ཁུངས་དང་གཞུང་ཞབས་འདེམས་ལྷན་ཁང་། སྤྱི་འཐུས་རྒྱུན་ལས་ཁང་སོགས་གསར་རྒྱག་བྱས་སྟབས། ལྗིད་ཚད་ཆེ་རུ་ཕྱིན་ཏེ་གྲོས་ཚོགས་ཚོགས་ཁང་གི་གདོང་མ་མང་པོར་གས་ཁ་ཐོན་འདུག” ཅེས་གསུངས་སོང་།

མཐའ་མའི་ཐག་གཅོད་སྐོར་ཚོགས་གཙོ་མཆོག་གིས་གསུངས་པ་ལྟར་ན། གྲོས་ཚོགས་ཁང་པ་རྒྱ་སྐྱེད་བྱ་རྒྱུར་ད་ལྟའི་ཁང་པ་གཏོར་ཏེ། ས་ཆ་དེ་གར་གཞི་རྒྱ་ཇེ་ཆེར་བཏང་སྟེ་རྨང་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་མ་ཟད། ཇུས་འགོད་ཚད་དང་ལྡན་པ་ཞིག་གི་ཐོག་ནས་ལོ་ང་བཅུ་དྲུག་བཅུར་སེམས་འཁྲལ་མེད་པ་ཞིག་རྒྱག་འཆར་ཡིན་པ་དང་། བོད་པའི་བདེ་མཐའ་སེལ་རྒྱུར་ལོ་དེ་ཙམ་མང་པོ་འགོར་མི་སྲིད་ཀྱང་། གྲ་སྒྲིག་སྡུག་ས་ནས་བྱ་དགོས་པའི་དགོངས་ཚུལ་ཡང་བཏོན་བྱུང་།

ད་ལྟའི་ཆར་གངས་སྐྱིད་ཁུལ་དུ་ལས་ཁུངས་དང་ལས་ཤག་མང་པོ་ཞིག་གསར་འགྱུར་བྱེད་ཀྱི་ཡོད་པའི་ཐད། ནང་སྲིད་ས་ཁང་འགན་འཛིན་བཟང་པོ་ལགས་ཀྱིས་ “བཀའ་ཤག་གསར་པ་དང་། ལས་ཤག་ཁག་ལྔ་བཅས་བརྒྱབ་དང་རྒྱག་མུས་རེད། དེ་དག་གི་ཐད་འགྲོ་གྲོན་ཧིན་སྒོར་འབུམ་ ༡༠༠༥ བཀའ་ཤག་ནས་བཀའ་འཁྲོལ་ཐོབ་ཡོད”ཅེས་བརྗོད་བྱུང་ལ། བཀའ་ཤག་གསར་པའི་འཛུགས་སྐྲུན་ལ་ད་སྔ་ཧིན་སྒོར་འབུམ་ ༤༥༩ དང་ཁྲི་གཉིས་ཙམ་ཕྱིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༩ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 10

  1. བཙན་པོའི་བུ། says:
    ལོ་ 14 སྔོན།

    སྤྱི་འཐུས་རྣམས་ལ་ཁང་པ་ཞིག་ལོས་ཀྱང་དགོས། འོན་ཀྱང་སྤྱི་འཐུས་རྣམས་ཀྱི་རྒྱབ་ལ་མི་མང་སྤྱིའི་འགན་ཞིག་ཡོད་པ་གཏད་ནས་བརྗེད་མི་ཉན་ཡ།

    Reply
  2. ཉི་མ། says:
    ལོ་ 14 སྔོན།

    གསར་འགོད་པ་བན་ཏེ་སྐྱབས། ཁྱོད་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་གསར་པ་ཡིན་ཡང་ཡར་རྒྱས་ཀྱི་འགྲོས་མགྱོགས་པོར་མཐོང་སོང་། སྔོན་མ་ཁྱེད་ཀྱི་གསར་འགྱུར་རེ་ཟུང་ཐེངས་ཁ་ཤས་ལ་མ་ཀློག་ན་མགོ་ཚོས་ཁག་པོ་རེད། གོང་གི་གསར་འགྱུར་འདི་ལ་མཚོན་ན། ནང་དོན་ཞིབ་ཚགས་དང་ཚིག་སྦྱོར་གཉིས་ཐད་ནས་གང་ཡག་པོ་མཐོང་སོང་།
    སྤྱི་འཐུས་སྤེན་པ་ཚེ་རིང་ལ་དོགས་འདྲི་ཞུ་རྒྱུ་ཞིག་ལ། ཁྱོད་ཀྱིས་སྤྱི་འཐུས་ཚོགས་དྲུང་ལ་སྡེ་ཚན་མང་པོ་ཡོད་པས་ཤོང་གི་མི་འདུག་ཟེར་བ་བདེན་ནམ། ཡང་ན་སྤྱི་འཐུས་ཚོགས་ཁང་གི་ཉིས་ཐོག་གི་ཁང་མིག་མང་ཆེ་བ་འཕྲོད་བསྟེན་སོགས་ལྷན་ཁང་གཞན་ལ་གཡར་ཡོད་པ་བདེན། འདི་ལ་ལན་ཞིག་འདེབས་རོགས།

    Reply
  3. tanya says:
    ལོ་ 14 སྔོན།

    ལས་ཁུངས་ཆུང་དྲག་པ་ལས་གཤམ་འོག་ལས་བྱེད་ཉམ་ཆུང་དག་གི་ལས་ཤག་གི་གནས་སྟངས་མཉམ་པ་ག་ལ་སྲིད། ལས་བྱེད་རྣམས་ལོ་བཞི་ལྔ་ལས་ཤག་སྒུག་ཀྱང་རག་རྒྱུ་མིན་འདུག ལས་བྱེད་བུད་མེད་ཅིག་པུར་བཞུགས་མཁན་རྣམས་རྒྱ་གར་ཁང་བདག་ར་བཟིའི་སྡིག་རར་འཇིགས་རྒྱུ་དང་རྡ་ས་འགྲོ་སོང་ཆེ་བའི་མཁར་ཁང་དོད་ཀྱི་སྟེང་རང་གི་བཟའ་འཐུང་བྱེད་ཆེད་ནས་སྒོར་ ༡༠༠༠ – ༢༠༠༠ རྒྱ་གར་ལ་སྤྲད་པས་ལས་ལས་ཤག་རྒྱབ་ནས་འཕོག་མང་པོ་མེད་ནའང་ལས་བྱེད་རྣམས་བཞུགས་གནས་ཧྲག་ཧྲག་ཞིག་ཡོད་ནས་དགའ་ཀྱི་མ་རེད་དམ། ཉེ་འཆར་ལས་ཤག་རྒྱབ་སོང་ཡང་ད་དུང་ལས་བྱེད་རྒྱ་ཆ་ 60%-70% ལས་ཤག་མེད་པ་གསལ་པོ་རེད། དའ་དཔེར་ན་ཉུང་མཐར་ལས་བྱེད། 300 ཡོད་པ་དང་ཁོང་ཚོར་གཞུང་ནས་ སྒོར 1800 དང་ རང་ངོས་ནས་ སྒོར་ 1500 ཁང་པར་བཏང་གི་ཡོད་ན་དའ་རྩེས་ཞིག་རྒྱོབ་དང ཟླ་རེར་ 300*3300=99,000 དང ལོ་རེར 99,000*12=11,88,000 གང་ཞིག་ལོ་བཅུ་སོང་ན་ 11,88,000*10=1,18,80,000 ཙམ་ཉེ་འཁོར་གྱི་རྒྱ་གར་གི་དངུལ་ཁུག་ནང་འགྲོ་གི་ཡོད། དེ་བས་བཀའ་ཤག་དང་སྤྱི་ལྷན་ཡོད་བཞིན་པར་འགྲོ་སོང་མིན་བཏང་བར་ལས་བྱེད་རྣམས་ཀྱིས་ཨ་སྒོར་བསམ་བློར་འཁོར་དུ་མི་བཅུག་ན་ཡག་གི་མ་རེད་དམ།

    Reply
  4. གྲགས་བསོད་ says:
    ལོ་ 14 སྔོན།

    བཙན་བྱོལ་གཞུང་གི་ད་ལྟ་ཡང་ཡུན་རིང་པོ་འདུག་ཤིག་གི་གྲ་སྒྲིག་གང་རྒྱས་བྱེད་ཀྱིད་འདུག ཡི་ན་ཡང་གཞི་ལུས་བོད་མི་ཚོ་ནི་རང་སྲོག་ཀྱང་བློས་བཏང་སྟེ་དགྲ་དམར་པོའི་ལག་འོག་ཏུ་མཆོང་བཞིན་པ་ཕལ་ཆེར་མཐོང་གིན་མེད་པ་འདྲ།

    Reply
  5. ནད་པ says:
    ལོ་ 14 སྔོན།

    བུད་མེད་རིག་འཛིན་ལགས་ཀྱི་སྐྲ་ལོ་བཅད་པ་དང་། སྣ་ལ་ཇེམ་ཙེ་བརྒྱབ་པ། ལུས་དམར་ཧྲེང་དུ་བཏོན་པ། ཁྲོམ་གཞུང་དུ་དམར་ཧྲེང་མར་བཙན་འཁྲིད་བྱས་པ་དེ་ནི་བོད་མི་རིགས་འདིས་ད་ལྟའི་འཛམ་གླིང་རྒྱལ་སྤྱིའི་སྟེང་དུ་ཞབས་འདྲེན་ཞིག་ཞུས་པ་ཡིན།

    ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་བཙན་འཛུལ་བྱས་ཏེ་ཕྱི་ལོ་ ༡༩༦༦ ནས་༡༩༧༦ བར་ཁྱོན་མི་ལོ་ ཧྲིལ་པོ་ ༡༠ ནང་རིག་གནས་གསར་བརྗེའི་དྲག་ཆར་རླུང་འཚུབ་ཁྲོད་བོད་ཀྱི་མངའ་བདག་ཆེན་པོ་གསུམ་གྱིས་གཙོས་པའི་གྲལ་རིམ་འཐབ་རྩོད་བྱས་པའི་ཁྲོད་དུའང་སྣ་གཅོད་པ་དང་། བུད་མེད་དམར་ཧྲེང་དུ་ཁྲོམ་དུ་བཙན་འཁྲིད་བྱས་པའི་གནས་ཚུལ་ཐབས་སྡུག་དེ་འདྲ་གོ་ཐོས་བྱུང་མེད།

    ༡༩༥༩ ༸ གོང་ས་མཆོག་བཙན་བྱོལ་དུ་ཕེབས་ནས་བོད་ཀྱི་ལམ་ལུགས་དེ་དེ་སྔ་དང་མི་འདྲ་བར་ཡང་དག་པའི་དམངས་གཙོ་དང་། རང་དབང་། དྲང་བདེན། འཚེ་བ་མེད་པ་བཅས་ཀྱིས་ཐོག་ནས་སྣེ་འཁྲིད་དེ་ ༡༩༨༩ ལོར་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཀྱང་ཐོབ་ཡོད།

    ད་ཆ་༸ གོང་ས་མཆོག་གི་ཐུགས་རྗེའི་གཟིགས་སྐྱོང་ཐོག་ནས་འཚོ་བཞིན་པའི་དམངས་གཙོ་དང་། རང་དབང་། དྲང་བདེན། འཚེ་བའི་མེད་པའི་མང་གཙའི་ཆབ་སྲིད་ཐོག་ཏུ་ཡོད་པའི་བཙན་བྱོལ་བོད་མིས་སྐྲ་བཅད་པ་དང་། སྣ་བཅད་པ། དམར་ཧྲེང་སྤུད་པ། བུད་མེད་ཉམ་ཆུང་ཞིག་ལུས་དམར་ཧྲེང་དུ་ཁྲོམ་དུ་བཙན་འཁྲིད་བྱས་པ་དེ་ནི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་གཅིག་ཡིན་པ་ཙམ་མ་ཟད་ཆོས་དང་ལས་རྒྱུ་འབྲས་ལ་མི་བརྩི་བའི་རྒྱ་མི་གུང་ཁྲན་གྱིས་ཀྱང་བུད་མེད་དམར་ཧྲེང་མར་ཁྲོམ་དུ་བཙན་འཁྲིད་བྱས་པའི་གནས་ཚུལ་བོད་མི་ཚོས་གོ་མྱོང་ཡོད་དམ་མེད།

    ད་ལྟའི་བཙན་བྱོལ་སྒྲིག་འཛུགས་འདིའི་སྲིད་སྐྱོང་བློ་བཟང་སེང་གེས་སྣེ་འཁྲིད་པའི་བཀའ་ཤག་དང་། ཆེས་མཐོའི་ཁྲིམས་ཁང་། སྤྱི་འཐུས་གྲོས་ཚོགས། བུད་ཀྱི་བུད་མེད་ལྷན་ཚོགས། འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་བཅས་ཀྱིས་ངེས་པར་དུ་གནས་དོན་དེར་ཐག་གཅོད་ནན་མོ་བྱེད་དགོས།

    གལ་ཏེ་གནས་ཚུལ་དེ་རིགས་ལ་ཐག་གཅོད་ཡག་པོ་གཅག་བྱེད་མ་ཐུབ་ཚེ་དམངས་སེམས་ལོག་པ་དང་། ཁ་བཤད་དོན་འཁྱོལ་མེད་པ། དམངས་གཙོ། རང་དབང་། དྲང་བདེན། འཚེ་བ་མེད་པའི་དམངས་གཙོའི་སྤྱི་ཚོགས་ཡང་དག་གཅིག་ཡིན་ཞེས་པའི་སྐད་ཆ་དེ་ཤོད་རྒྱུ་མཚམས་འཇོག་བྱེད་དགོས་པ་ལྟ་བུར་གྱུར།

    ང་ཚོས་རྒྱ་ནག་གཞུང་གིས་བོད་མི་ཚོར་དམངས་གཙོ་མེད་པ། རང་དབང་མེད་པ། དྲང་བདེན་མེད་། འགྲོབ་བ་མིའི་ཐོབ་ཐང་མེད་པ། འཚེ་བའི་ཐོག་ནས་བོད་མིར་བཙན་ཤེད་བྱེད་ཀྱིན་འདུག་ཅེས་ཤོད་བཞིན་ཡོད་ཀྱང་སོ་སོའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་དུ་མི་དམངས་གནས་ཚུལ་དང་། གནད་དོན། ལས་ཀ་བཅས་ཀྱི་གནད་དོན་གསར་པ་དང་དོན་རྐྱེན་གསར་པ་དེ་ཚོར་གནད་དོན་ཐག་གཅོད་ཡག་པོ་མ་བྱས་ཚེ་མ་འོངས་པ་ན་ང་ཚོའི་གཞུང་གིས་འགོ་འཁྲིད་ཚོས་དམངས་གཙོའི་དར་ཆ་མཐོན་པོར་བསྒྲེངས་ནས་རང་དབང་དང་འཚེ་བ་མེད་པ་ཟེར་བའི་སྐད་ཆ་དེ་རིགས་ཤོད་མཚམས་འཇོག་དགོས།

    གནས་ཚུལ་འདིར་བཀའ་ཤག་དང་། སྤྱི་འཐུས་། ཁྲིམས་ཁང་། བུད་མེད་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱིས་ལག་པ་ཞིག་མ་འཆང་ཚེ་མ་འོངས་པ་ན་འཛམ་གླིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་ ༡༩༥༩ ལོ་ནས་ད་བར་ ལོ་ ༦༠ ནང་བུད་མེད་ཀྱི་སྣ་བཅད་པ་དང། བུད་མེད་དམར་ཧྲེང་མར་ཁྲོམ་དུ་བཙན་འཁྲིད་ནམ་ཡང་བྱས་མྱོང་མེད། ཡིན་ན་ཡང་ཁྱེད་ཚོ་མེ་རྒྱལ་ཁ་རྒྱལ་བྲལ་དུ་གཏོང་མཁན་ཏྰ་ལའི་རུ་ཚོགས་དང་། བཀའ་ཤག སྤྱི་འཐུས། བུད་མེད་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་། དམངས་གཙོ་། དརང་དབང་། འཚེ་བ་མེད་པ་བཅས་ཤོད་བཞིན་པའི་ཐོག་ནས་བུད་མེད་དམར་ཧྲེང་མར་རྒྱ་གར་གྱི་ཁྲོམ་གཞུང་དུ་བཙན་ཁྲིད་བྱེད་བཞིན་ཡོད་སྟབས་ཁྱེད་ཚོ་ང་ཚོ་དང་བསྡུར་ན་ང་ཚོ་ཞེ་དྲག་གིས་ཡར་རྒྱས་ཡིན། ཁྱེད་ཚོས་ང་ཚོ་དམའ་འབེབ་ག་ཚོད་གཅིག་བྱས་ཀྱང་ང་ཚོ་གུང་ཁྲན་ཏང་གི་སྲིད་ཇུས་འོག་ཏུ་ཁྲིམས་དང་སྒྲིག་གཞིག་ཡོད་སྟབས། བུད་རིགས་བུད་མེད་དམར་ཧྲེང་མར་ཁྲོམ་དུ་བཙན་འཁྲིད་བྱས་པ་དེ་འདྲ་ད་བར་གནཏ་ནས་བྱུང་མྱོང་མེད། ཅེས་འགྲེལ་བཤད་བྱས་ན་དེ་དུས་ང་ཚོས་ལན་ཇི་ལྟར་རྒྱག་དགོས།

    ༸གོང་ས་ཡིད་བཞིན་ནོར་བུའི་ཞས་རས་དང་སཀྭ་གསུམ་ཐུགས་ཀྱི་མཛད་འཕྲིན་རྫབ་དོང་ནང་མ་གཡུགས་རོགས་ཞེས་ཞུ་འདོད་བྱུང་། རེ་བསྐུལ་ཞུ་བཞིན་ཡོད།

    Reply
  6. ཨ་ལ་ལ says:
    ལོ་ 14 སྔོན།

    ན་ནིང་གི་སྤྱི་འཐུས་ཚོས་ངར་ངར་རྫིག་རྫིག་གི་སྤྱོད་དང་རྣམ་འགྱུར་ལ་བལྟས་ན་ཚོགས་ཁང་དེ་ཆུང་དྲགས་པས་སྣང་བ་སྟེར། གང་ཞེ་ན། རྒྱབ་ལྗོངས་ཀྱི་གྲི་དང་རྡོ་དབྱུག་པ་སོགས་མཚོན་ཆ་འཇོག་ས་མེད་པར་མཐོང་། ད་ནི་མི་དེ་དག་རང་འཇགས་སྤྱི་འཐུས་སུ་སླེབས་ཡོད་སྟབས། རྗེས་སོར་འབུམ་༣༠༠དེའི་བཀའ་དྲིན་འཛིང་ས་དང་འདུག་ས། སྒུག་ས་སོགས་ཚང་མ་ཡོད་པ་རེད། དོན་དངོས་ཀྱི་གནས་སྟངས་དང་བསྟུན་པ་ཡིན་ན་ལོ་གཅིག་ལ་ཐེངས་གཉིས་ལས་ཚོགས་འདུ་མེད་པ་དང་། མི་གྲངས་ཀྱང་སྔར་བཞིན་ཡིན་སྟབས་ད་བར་དུ་འགྲིག་ས་ཞིག་ནས་མ་འགྲིག་པ་ཅི་ལ་ཡོད། ད་དུང་བརྟན་པོ་མེད་ཚུལ་བཤད་ཀྱི་ཡོད། དེ་འདྲ་ཡིན་ནའང་བཀའ་ཤག་ཚོགས་ཁང་དང་ཕྱི་དྲིལ་ཚོགས་ཀང་། གངས་སྐྱིད་ཚོགས་ཁང་སོགས་ཡོད་པས་དེ་དག་གིས་འཐུས་པ་བྱས་ནའང་མི་འགྲིག་པ་ཅི་ལ་ཡོད། ང་ཚོ་བཙན་བྱོལ་བ་ཡིན་པ་ནི་འཛམ་གླིང་ན་གསལ་གསལ་རེད། དེ་ལ་ངོ་ཚ་དང་སྤམ་ཤོར་དགོས་པ་ག་རེ་ཡོད་རེད། གཙོ་བོ་ལས་དོན་བསྒྲུབ་དགོས་པ་མ་རེད་པས། རྒྱ་མིའི་ཁ་ཐུག་ཀྱང་མིའི་ནུས་ཤུགས་ཐོག་ནས་གཅོག་དགོས་པ་མ་རེད་པས། གལ་སྲིད་འབུམ་༣༠༠དེ་ཤེས་ཡོན་དང་འཕྲོད་བསྟེན་ཆེད་བཏང་བ་ཡིན་ན་ནུས་ཆེན་པོ་འདོན་ནུས་པ་བཤད་ག་ལ་དགོས། ད་ཡིན་ན་ཚར་ཤག འདུག་སེ་ལྟ་དུས་ཕལ་ཆེར་བཙན་བྱོལ་བ་དང་བོད་མིའི་ལས་དབང་གི་མཇུག་བསྒྲིལ་བའི་དུས་ལ་བབ་ཡོད་པ་གསལ་པོ་རེད། ཡིད་སྐྱོ་བ་ལ།

    Reply
  7. གངས་དཀར་སྒྲོལ་མ་མཚོ། says:
    ལོ་ 14 སྔོན།

    སྐྱེས་མ་རིག་འཛིན་གྱི་ཐོབ་ཐང་རྡོག་རོལ་བཏང་བ་ལ་ཁ་རྡུང་
    [ སྨིན་དྲུག ] [ 2011-8-9 ]

    སྐྱེས་མ་རིག་འཛིན་གྱི་ཐོབ་ཐང་རྡོག་རོལ་བཏང་བ་ལ་ཁ་རྡུང་
    དང་དེ་ལས་འཕྲོས་པའི་གཏམ་ཐོར་བུ།
    ར་རྫ་འཇམ་དབྱངས་སྐྱིད།
    ཤེས་རིག་མ་དར་གོང་གི་གདོད་མའི་སྤྱི་ཚོགས་དུས་སུ། བུད་མེད་ཀྱིས་ལོག་གཡེམ་བྱས་པ་ཡིན་ན། སྲོག་གཅོད་པ་དང་སྐྲ་ལོ་འབྲེག་པ། སྣ་དང་རྣ་བ་གཅོད་པ་སོགས་ཀྱི་སྲོལ་ཡོད་པ་རེད། ཕྱི་གླིང་གི་རྒྱལ་ཁབ་ཁ་ཤས་སུ་བུ་མོ་ཞིག་གིས་འགྲོགས་བཟང་བཙལ་བ་ཡིན་ན། ཁྱོ་ག་དང་རང་གི་ཕ་དང་ཕུ་ནུ་གང་རུང་གིས་བུ་མོ་དེ་བསད་ཀྱང་ཁྲིམས་མཐུན་ཡིན་པ་རེད། གཞན། དབྱིན་ཇི་རུ་ཁྱོ་ག་དམག་ལ་འགྲོ་སྐབས་ཁྱོ་མོའི་མོ་མཚན་ལ་ལྕགས་ཟྭ་རྒྱག་པའི་སྲོལ་ཞིག་ཀྱང་དར་མྱོང་ཡོད་རེད། དེ་ནི་དམུ་རྒོད་སྤྱི་ཚོགས་གང་གི་མཚོན་རྟགས་རེད་ལ། མིའི་རིགས་ཀྱི་ངོ་གནོང་དགོས་པའི་ལོ་རྒྱུས་ནག་པོ་ཞིག་ཅི་ལ་མིན། བུད་མེད་ལ་སྲོལ་དང་ཁྲིམས་དང་སྒྲིགས་དང་ལམ་ལུགས་འཛུགས་མཁན་ནི། ཏག་ཏག་སྐྱེས་པ་ཚོ་ཡིན་པ་རེད་ལ། ཡིན་ཡང་། ཁོ་ཚོས་རང་སྣང་གང་ཤར་གྱིས་ཁྱོ་མོ་མང་པོ་བསྟེན་ཆོག་གི་ཡོད་པར་མ་ཟད། བུད་མེད་ལ་གང་འདོད་དུ་ལོག་གཡེམ་དང་ཐ་ན་བཙན་གཡེམ་བྱས་ཀྱང་ཉེས་ཆད་ཕོག་གི་ཡོད་པ་མ་རེད། དོན་དག་འདི་ནི། སྔོན་ཐོན་རྒྱལ་ཁབ་ཅིག་ལ་མཚོན་ན། འདས་ཟིན་པའི་ལོ་རྒྱུས་རལ་པོ་ཞིག་རེད་འདུག
    ཡིན་ཡང་། འུ་ཅག་གངས་ཅན་བུད་མེད་ཚོར་མཚོན་ན། དོན་དག་དེ་ད་ལྟ་བའི་དུས་སུ་ཡང་འབྱུང་གིན་པ་སྐྱེས་མ་རིག་འཛིན་ལ་བྱུང་བའི་གནས་ཚུལ་དེས་གསལ་ར་སྤྲད་འདུག ཁ་སང་དོན་རྐྱེན་དེ་མཐོང་མ་ཐག གློ་བུར་དུ། ཟླ་བ་ཁ་ཤས་སྔོན་ལ་བལྟས་པའི་ཨི་རན་གྱིས་དོན་དག་ངོ་མ་གཞིར་བཟུང་ནས་ཕབ་པའི《རྡོ་འཛིང་གིས་བསད་པའི་བུ་མོ་སོ་ལ་ཡ》ཞེས་པའི་གློག་བརྙན་ཏེ་ཡིད་ལ་ཝ་ལེར་ཤར་ཡོང་། ང་ཚོས་ཀླ་ཀློ་ཞེས་འབོད་པའི་ཁོ་ཚོའི་བྱ་སྤྱོད་དེར། ལྟ་མཁན་ཀུན་ཞེན་པ་གཏིང་ནས་ལོག་སྟེ་༼ཀླ་ཀློ་དམུ་རྒོད་ཚོ༽་ཞེས་དམའ་འབེབས་སེར་བ་འབབ་འབབ་བྱེད་ཀྱི་འདུག་ན་ཡང་། ངས་སོ་ལ་ཡ་ཡི་ལས་དབང་མཐོང་ནས་མིག་ཟུང་མཆི་མས་བརླན། དེ་མུར། རང་ཉིད་བསྐལ་པ་ནས་བསྐལ་པའི་བར་མི་རིགས་དེའི་བུད་མེད་ཅིག་གི་སྐྱེ་བ་མི་ལེན་པའི་སྨོན་ལམ་ཕུར་ཚུགས་སུ་བཏབ་པ་ཡིན།
    སྤྱི་ཟླ7པའི་ཚེས 16 ཉིན་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་། མོ་ལོ30 ཅན་གྱི་སྐྱེས་མ་རིག་འཛིན། སྐྱེས་པ་ཞིག་དང་ལུས་འབྲེལ་བྱུང་བར་རྐྱེན་བྱས། ཁོ་མོའི་མགོ་སྐྲ་བཅད་པ་དང་། སྣ་ལ་ཇེམ་ཙེ་བརྒྱབ་པ། ལུས་ཧྲིལ་པོ་དམར་ཧྲེང་ལ་ཕུད་དེ་གཞིས་གྲོང་གི་མི་ཚོགས་འཛོམས་སའི་ཁྲོམ་སྲང་དུ་བཙན་ཁྲིད་བྱས་ཏེ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་དོན་དེས། ང་རང་ཧ་ལས་ཧང་སང་ཧོན་ཐོར་སོང་། དེ་ནི་ཏག་ཏག་ཀླ་ཀློའི་སྤྱོད་པ་རེད། ཁ་ནས་དམངས་གཙོ་འདྲ་མཉམ་བར་མེད་དུ་སྒྲོག་པའི་སྤྱི་ཚོགས་ཤིག་ཏུ་དེ་འདྲའི་ཡ་བྲལ་དུ་སོང་བའི་སྦྱོར་བ་རྩོམ་པ་མཐོང་སྐབས། ཡིད་ནི་རབ་ཏུ་སྐྱོ་ཞིང་སེམས་པ་འཁྱག་གིས་བསྡམས་སོང་།
    སྤྱིར་ཕོ་མོ་ལྐོག་འབྲེལ་བྱས་པ་ལ། ཀུན་སྤྱོད་ཀྱི་རྣམ་གཞག་གིས་བཤུང་ན་འགྲིག་པ་མ་གཏོགས། དབང་པོ་རྣམ་ལྔ་ཚང་བའི་བདེ་ཐང་གི་མི་ཞིག་དབང་པོ་སྐྱོན་ཅན་དུ་བཏང་བ་ནི་ཁྲིམས་འགལ་གྱིས་མིའི་ལུས་ལ་གནོད་འཚེ་བཟོས་པ་རེད་ལ། གྱོན་ཆས་བཙན་བཤུ་བྱས་ནས་དམར་ཧྲེང་དུ་ཁྲོམ་ལ་ཁྲིད་པ་ནི་ཁྲིམས་འགལ་གྱིས་མིའི་སེམས་ལ་གནོད་འཚེ་བཏང་བ་ཤ་སྟག་ཡིན་པས། བྱེད་གཏེ་བདུན་པོ་ནི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་དོགས་གཞིའི་ཉེས་ཅན་རྩོད་མེད་ཡིན་པ་རེད། གནས་ལུགས་དེ་ལྟར་ཡིན་པས་ན། ཐོག་མར་མིའི་ཐོབ་ཐང་ལ་ཁྲིམས་འགལ་གྱིས་རྡོག་རོལ་གཏོང་མཁན་དེ་ཚོ་ཁྲིམས་གཏུགས་ཀྱིས་ཁོ་ཚོས་སྐྱེས་མ་རིག་འཛིན་གྱི་ལུས་སེམས་ལ་བཟོས་པའི་སྡུག་བསྔལ་ལ་ཁྲིམས་གཅོད་གུན་གསབ་བྱེད་དུ་བཅུག་པའི་རྗེས་ཐོགས་སུ། ད་གཟོད་རིག་འཛིན་དང་སྐྱེས་པ་དེའི་བར་བྱུང་བའི་ཚུལ་མིན་ལོག་གཡེམ་གྱི་དོན་དག་དེ་རྩད་གཅོད་ཞིབ་གསལ་དང་ཐག་གཅོད་དྲང་སྙོམས་བྱས་ན་འགྲིག་པ་རེད།
    དེ་ལྟ་མ་ཡིན་པར་དོགས་གཞི་ཉེས་ཅན་བདུན་པོ་རྒྱ་ཡན་དུ་བསྐྱུར་པ་ཡིན་ན་ནི། བོད་མིའི་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་ཡིན་ཟེར་བ་སྐྱག་རྫུན་དུ་འགྲོ་ཉེན་ཆེ་བར་མ་ཟད། སྐྱེས་པ་དང་བུད་མེད་སུ་གང་གི་ཐོབ་ཐང་ལའང་འགན་སྲུང་མེད་པ་ཆགས་ངེས་པས། ངེད་ཅག་ཕོ་མོ་རིས་མེད་ཀྱིས་དོན་འདིར་དོ་ཁུར་དང་འབྲེལ་ཡོད་ལས་སྣེར་གནོན་ཤུགས་སྤྲོད་དགོས་གལ་ཤིན་ཏུ་ཆེ་བ་རེད། བརྒྱ་ལ་དོན་དག་དེ་འགྲོ་མིའི་ཐོབ་ཐང་གཞི་རྩར་བཞག་ནས་ཐག་གཅོད་དྲང་སྙོམས་ཤིག་མ་ཐུབ་ཚེ། ང་ཚོའི་སྤྱི་ཚོགས་སུ་མང་གཙོ་དང་འདྲ་མཉམ། དྲང་བདེན་ཡོང་བར་གེགས་སུ་འགྲོ་བའི་དོན་རྐྱེན་དེ་རིགས་ཆུ་ངན་ལམ་ཞུགས་ཀྱིས་མང་ནས་མང་དུ་འགྲོ་རྒྱུ་རེད།
    ཀུན་གྱིས་ཤེས་དགོས་པ་ཞིག་ནི། དོན་རྐྱེན་དེས་སྐྱེས་མ་རིག་འཛིན་གྱི་སེམས་ཁམས་ལ་ག་འདྲའི་ཟུག་གཟེར་དང་མི་ཚེ་ལ་ཅི་འདྲའི་སྐྱོ་སྣང་བཟོ་ཡོང་བ་དེ་རེད། ང་བུད་མེད་ཅིག་གི་ངོས་ནས་བལྟས་ན། སྲོལ་རྒྱུན་གྱི་སྤྱི་ཚོགས་ཁྲོད་འཚར་བའི་བུད་མེད་ཅིག་ལ་མཚོན་ན། གཅེར་བུར་བཏང་བ་ནི། བཙན་གྱིས་ཤི་ལམ་དུ་བརྫང་བ་དང་གཅིག་མཚུངས་ཡིན་པ་རེད།
    འཇིག་རྟེན་འདི་ནས་མི་གཅིག་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་ཡིན་ན། མི་ཐམས་ཅད་ཀྱི་ཐོབ་ཐང་ལ་འགན་སྲུང་མེད་པ་རེད། ཡང་། མི་སྟོབས་ཆེན་དག་དཔུང་བསྡོངས་ནས་མི་གཉོམ་ཆུང་རྣམས་ཀྱི་ཐོབ་ཐང་ལ་རྡོག་རོལ་བཏང་ཆོག་ན། མི་རིགས་སྟོབས་ཆེན་དག་གིས་མི་རིགས་གཉོམ་ཆུང་ལ་ཐུབ་ཚོད་མི་ཆོག་པའི་གནས་ལུགས་ཇི་ལྟར་རྩོད།
    བྱེས་སུ་སྡོད་པའི་སྐྱེས་མ་རིག་འཛིན་གྱི་མགོ་ལ་སྡུག་བསྔལ་དེ་བྱུང་བ་དང་འདྲ་བར། གཞིས་སུ་སྡོད་པའི་བུད་མེད་ཀྱི་ཐོབ་ཐང་ལ་ཡང་རྡོག་རོལ་བཏང་དང་གཏོང་མུས་སུ་ཡོད་པ་རེད། དེ་ཡང་། ལོ་དུ་མའི་སྔོན་ཞིག་ལ་མགོ་ལོག་རྨ་ཆེན་དུ་བུད་མེད་ཅིག་གིས་འགྲོགས་བཟང་བཙལ་བ་ཁྱོ་གས་ཤེས་རྗེས། ཁོས་ཆུང་མའི་རྣ་བ་ཡ་གཅིག་བཙན་གྱིས་གྲི་ཡིས་བྲེགས། འགོར་འགྱངས་བྱས་པ་མིན་ནམ། གང་ལྟར་སྨན་ཁང་དུ་འབྱོར་རྗེས་ཐང་ལ་ལྷུང་བའི་རྣ་བ་དེ་བཙེམ་སོས་མ་ཐུབ་པ་རེད། མོས་འགྲོགས་བཟང་བཙལ་བའི་ནག་ཉེས་ལ་རྣ་བ་ཡ་གཅིག་ཤོར་བས་མི་ཚད། གནས་ཡུལ་ནས་འདུག་ཏུ་མ་བཅུག་པར་ཁྱོ་གས་བཙན་ཤེད་ཀྱིས་ཁོ་མོ་ཕྱིར་ཕ་ཡུལ་དུ་སྤྱུགས་པ་རེད། ཐོས་ཚུལ་ཡིན་ན། མོས་རྣ་བ་མེད་སའི་སྐྲ་ལོ་རྟག་པར་ཐར་དུ་འཕྱངས་ནས་རྣ་ཤུལ་གྱི་ནག་ཁུང་དེ་འགེབས་ཀྱི་ཡོད་པ་རེད་ཟེར། ས་ཆ་དེ་རུ་དོན་དེ་རིགས་རྒྱུན་ལྡན་ཞིག་ཏུ་ལྟ་བ་དང་། ངས་ཀྱང་གནས་ཚུལ་དེ་ནང་གཏམ་གྱི་ཚུལ་དུ་ཐོས་པ་ལས་གསར་ལམ་སོགས་སུ་མཐོང་བ་མིན། ཡང་གཅིག་བསམས་ན། གཞི་རིམ་མཐའ་འཁོབ་ཀྱི་བུད་མེད་ལ་མནར་གཅོད་གཏོང་བ་དེ་ནི། བོད་ནང་གི་སྤྱི་ཚོགས་ལ་མཚོན་ན་ཧ་ཅང་རྒྱུན་ལྡན་ཞིག་ཏུ་གྱུར་ནས་གསར་འགྱུར་ཞིག་གི་རིན་ཐང་ཡང་མེད་པ་ལྟར་སྣང་།
    དོན་དག་དེ་རིགས་བྱུང་བའི་རྒྱུ་མཚན་ནི། བོད་པའི་ལོ་རྒྱུས་སུ་བུད་མེད་ཀྱིས་ལོག་གཡེམ་བྱས་ན་སྣ་དང་རྣ་བ་འབྲེག་ཆོག་པ་ཁྲིམས་སུ་གཏན་ལ་ཕབ་ཡོད་པའི་སྲོལ་རོ་དེས་བསྐྱེད་པ་རེད་འདོད། ལར། ཕོ་མོ་གང་རུང་གི་ལོག་གཡེམ་བྱེད་པའི་སྲོལ་དེ་ཡག་པོ་ཞིག་མིན་པས་མི་ཚད། བདེ་ཐང་དང་འཕྲོད་བསྟེན་གང་ལ་ཡང་ཕན་མེད་གནོད་ཚབས་ཆེ་བས་སྤྱོད་པ་དེ་གཅུན་ན་འགྲིག་མོད་ཀྱང་། བློ་ཕངས་པ་ཞིག་ལ། དེ་འདྲ་ཞིག་མ་ཡིན་པར། བོད་ནང་གི་གཞི་རིམ་གྱི་སྐྱེས་པ་ཚོས་གྲོང་ཁྱེར་དང་གྲོང་བརྡལ་གང་རུང་དུ་སྨད་འཚོང་མ་ལས་མཚན་མའི་འགོས་ནད་རིན་གྱིས་ཉོས་ནས་རོང་འབྲོག་ཁུལ་དུ་ཁྱེར་ཏེ་རང་གི་ཆུང་མ་དང་བུ་ཕྲུག་ལ་བགོས་དང་བགོ་གི་ཡོད་པའི་དོན་དངོས་ཁ་དར་འདུག་པ་རེད། དགོས་དབང་གིས་མི་འགྱངས་པར་ཐོན་གྲབས་འདུག་པའི་བདག་གི《སྐྱེས་མའི་གནས་སྟངས་ཟུར་བལྟས་ལེབ་མཐོང་》ཞེས་པའི་བུད་མེད་ལས་དབང་སྐོར་གྱི་དེབ་ལས་དུམ་མཚམས་ཤིག་དྲངས་ན། “གཞན་ཡང་ཕ་ཡུལ་འབའ་རྫོང་རང་ནས་ཡིན་པའི་སྨན་པ་ལྷག་བསམ་ཅན་ཕག་མོ་སྒྲོལ་མ་ལགས་ཀྱི་སྙིང་གཏམ་ཚ་མོ་དེ་རེད། མོས། ས་དེ་གའི་ཞོལ་མ་ཡུལ་ཚོ་དང་རྨ་བྱང་ཡུལ་ཚོ་ལ་སོགས་ཀྱི་འབྲོག་ཁུལ་དུ། མཚན་མའི་འགོས་ནད་སྦྱར་མ་བྱུང་ཚད་ཇེ་དྲག་ཏུ་ཕྱིན་གྱི་ཡོད་ཐོག ནད་དེས་བསད་པའི་བུད་མེད་ཁ་ཤས་ཤིག་ཀྱང་ཡོད་ལ། ནད་དེ་ཚབས་ཆེན་དུ་གྱུར་པའི་བུད་མེད་ཅིག་ཟི་ལིང་གི་གཞུང་བཙུགས་སྨན་ཁང་དུ་ལེན་ཁ་མ་ཉན་པར་ཐབས་ཟད་འུ་ཐུག་ནས་སྒེར་གཉེར་གྱིས་སྨན་ཁང་ཞིག་ཏུ་བསྡད་པ་རེད་ཅིང་། དེ་ལས་བརྟག་དཔྱད་མཐར། བུད་མེད་གང་དེའི་མོ་མཚན་ཧྲིལ་པོ་སྦྱར་ནད་ཀྱིས་ཟོས་ཚར་ཏེ་བུ་སྣོད་ལ་ཐུག་གི་བར་དུ་གཏུགས་འདུག་པ་རེད་ཅེས་ནན་སེམས་དྲག་པོས་ང་ལ་བཤད་བྱུང་། ཁོ་མོས་ད་དུང་། ཨ་ཡེ་རྒན་མོ་ཞིག་ལས། སྐྱེས་པ་ཞིག་གིས་ཟི་ལིང་གི་རླངས་འཁོར་ས་ཚིགས་སུ་སྒོར་གཉིས་བརྒྱ་ཕར་སྤྲད་ནས་འགོས་ནད་དེ་ཚུར་ཉོས་ཡོང་བ་རང་གི་ཆུང་མར་བསྒོས་ཤིང་། ཆུང་མའི་ནད་དེ་སྨན་བཅོས་ཀྱི་སྨན་རིན་ལ་ད་ཕན་སྒོར་ཁྲི་གཉིས་གསུམ་བཏང་ཡང་དྲག་བསྐྱེད་བྱུང་མེད་པའི་སྐད་ཆ་གོ་ཚུལ་ཡང་ང་ལ་བཤད་བྱུང་།” རེད་ཡ། དེ་དག་ཚང་མའི་སྐྲ་འབྲེག་སྣ་གཅོད་དགོས་ན། ང་ཚོའི་འཚོ་བའི་ཁྲོད་ཁ་སྣ་མི་ཚང་བའི་སྐྱེས་པ་ཅི་འདྲའི་མང་པོ་ཡོད་རྒྱུ་རེད་ཨང་།
    བུད་མེད་ཀྱིས་༼གྲལ་རིམ་དགྲ་བོ༽་ལྟར་གཉའ་གནོན་བཟེད་མི་དགོས་བར་དུ། ངས་སྤྱི་ཚོགས་ཀྱི་དམུ་རྒོད་བྱ་སྤྱོད་གང་ལ་ཡང་ཁ་གཏད་གཅོག་ངེས་ཡིན། རྒྱུ་མཚན། བུད་མེད་ཀྱང་སྐྱེས་པ་ནང་བཞིན་སྐྱིད་དགའ་ལོངས་སྐྱོད་ལ་དགའ་བའི་མཚན་ཉིད་ཡོངས་སུ་ཚང་བའི་༼མི༽་ཡིན་པས་སོ།།

    2011/08/09/ཉིན་གྱི་ཕྱི་དྲོར་བྲིས་གྲུབ།

    Reply
  8. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    རང་རེའི་སྤྱི་འཐུས་ཚོགས་གཙོས་གསུང་བཤད་དང་། ༧སྐྱབས་མགོན་རིན་པོ་ཆེས་གསུང་བཤད་གཉིས་ཕྱོགས་ཡོངས་ནས་ཐ་དད་དུ་སོང་འདུག གང་ལགས་ཤེ་ན། ༧སྐྱབས་མགོན་རིན་པོ་ཆེས་ལོ་གཅིག་གཉིས་ནང་བོད་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང་། ཚོགས་གཙོས་ད་དུང་ལོ་ལྔ་བཅུ་དྲུག་ཅུ་མདངས་པའི་ཚོགས་ཁང་གསར་རྒྱག་དགོས་པའི་བཀའ་མོལ་འདུག་པས་མུ་མཐུད་རྒྱ་གར་ནང་མི་ཚེ་བསྐྱེལ་རྒྱུ་ཡིན་ན། ངའི་བསམ་ན་ད་ལྟ་ང་ཚོ་ཚོགས་ཁང་གསར་རྒྱག་དང་། རྒྱ་བསྐྱེད་རིགས་ཉུང་དུ་གཏང་སྟེ་ཐབ་ཆུང་ཆུང་མེ་ཚ་པོ་གཏང་ན་མི་ལེགས་སམ། དགོས་རྒྱུ་དེ་ན་གཞོན་ཚོར་ཤེས་རིག་གོང་འཕེལ་གཏོང་རྒྱུ་དང་གསར་གཏོད་རིགས་གང་མང་སྒྲུབ་ཐུབ་ན་འཕྲལ་ཕུག་ཀུན་ལ་དགེ་མཚན་ལྡན་ནོ།

    Reply
  9. ཕྱུགས་རྫི says:
    ལོ་ 14 སྔོན།

    ད་ལོ་ན་ཉིན་སྤྱི་འཐུས་མང་དྲགས་པ་དང་རྩིང་པས་ཁང་པ་ཆེ་ཙམ་དང་མང་ཙམ་ཡོད་ན་མ་གཏོགས་ཤོང་ས་མ་རེད་ཁང་པ་ཆེ་ཙམ་དང་མང་ཙམ་འགྲུབ་པའི་རེ་བ་ཆེ།

    Reply
  10. འབྲོག་པ་དཀར་ཆེན། says:
    ལོ་ 14 སྔོན།

    སྤྱི་འཐུས་ལྷན་ཁང་གིས་ལས་ཁུངས་གསར་རྒྱག་ལེགས་འགྲུབ་ཡོང་བའི་སྨོན་འདུན་དང་རེ་བསྐུལ་ཞུ་རྒྱུ་ལ། བཀའ་ཤག་གསར་རྒྱག་གི་འཛུགས་བསྐྲུན་ཐད་ལ་དངོས་ཡོད་གནས་ཚུལ་གྱིས་གཟིགས་ཞིབ་གནང་ན་ཕྱི་ནང་གང་ཐད་ནས་འཆད་འགོད་ཧ་ཅང་སྐྱོ་བོ་རེད། ཕྱིའི་བཟོ་བཀོད་ཡིན་ན་བོད་རང་གི་ཁང་བའི་ཁྱད་ཆོས་དང་དེང་རབས་ཀྱི་གྲགས་ཆེ་བའི་ཁང་བའི་བཟོ་བཀོད་ཅི་ཡང་མི་འདུག ནང་ལོག་གི་ལས་ཁུངས་ཁག་དང་བཅའ་དངོས་ཆེ་ཆུང་ཡོངས་རྫོགས་སྤོས་ཀ་དང་གཟིགས་བརྗིད་ལྡན་པ་ཞིག་ཁྱོན་ནས་ཡོང་མི་འདུག་པ་རྒྱུ་མཚན་དུ་བྱས་སྟེ་སྤྱི་འཐུས་ལྷན་ཁང་གིས་ལས་ཁུངས་གསར་རྒྱག་འདི་བོད་རང་གི་ཁང་བའི་ཁྱད་ཆོས་ཡོད་པ་རྒྱུ་ཆ་སོགས་དང་འཆད་འགོད་ཁྱད་ལས་མཁས་པ་བསྟེན་རྒྱུ་ཧ་ཅང་གལ་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese