མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ལྕཊ་རི་རིང་མོ་བརྒལ་ཏེ་བཙན་འཛུལ་བྱས་པ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

དོ་ནུབ་གངས་སྐྱིད་དུ་རྒྱ་གར་གནད་ཡོད་མི་སྣ་ཁག་ཅིག་དང་ས་གནས་ཡུལ་མི། དེ་བཞིན། བཙན་བྱོལ་བོད་པའི་བཀའ་བློན་ཁྲི་པ་མཆོག་དང་བོད་པ་སྐོར་ཞིག་བཅས་ཀྱིས་བོད་དོན་ཐོག་བགྲོ་གླེང་གནང་སྟེ། བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་དང་རྒྱ་གར་གཉིས་བར་གྱི་མཛའ་འབྲེལ་རྒྱུན་གནས་ཡོང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་སྟེང་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ། རྒྱ་གར་ཧི་མ་ལ་ཡའི་ཁྱིམ་ཚང་ཞེས་པའི་གོ་སྒྲིག་འོག ༼ རྒྱ་གར་དང་རྒྱ་ནག བོད། ༽ ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཤོང་ལ། སྐུ་མགྲོན་གཙོ་བོར་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ ( RSS ) ཡི་ཚོགས་གཞོན་ཨེན་ཌི་རེ་ཤི་ཁའུ་མཱར་( Indreshi Kumar )མཆོག་དང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་རྣམ་གཉིས་གདན་འདྲེན་ཞུས་འདུག གཞན། ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་རཱ་ཇིབ་བྷེན་ཌལ་( Rajeev Bindal ) མཆོག་དང་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་བྱང་ཤར་འབྲེལ་མཐུད་པ། ཧི་མ་ཅལ་མངའ་སྡེ་དང་ཀཱང་ར་རྫོང་འོག་གི་ཚོགས་པ་ཁག་གི་སྐུ་ཚབ་དང་ཡུལ་མི། བཙན་བྱོལ་བོད་གཞུང་གི་དྲུང་ཆེ་རྣམ་པ་དང་། བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་བཅས་མཉམ་ཞུགས་གནང་སོང་།  

 

 སྐུ་མགྲོན་གཙོ་བོ་ཨེན་ཌི་རེ་ཤི་ཁའུ་མཱར་མཆོག་གིས་གཏམ་བཤད་གནང་བའི་ནང་། བོད་ནི་ལོ་རྒྱུས་ཐོག་ཁྲིམས་མཐུན་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ཆར་རྒྱ་ནག་གཞུང་གིས་བོད་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཟེར་གྱི་ཡོད་པ་དེ། སྤྱི་དམངས་ཀྱི་འདོད་འདུན་ལ་བརྩི་བཀུར་མ་བྱས་པ་ཞིག་དང་ཁུངས་འཁྱོལ་ཐབས་མེད་པའི་ཆབ་སྲིད་ཧམ་བཤད་ཁོ་ན་ཡིན་ཚུལ། བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་པའི་བཤད་སྟངས་ཤིག་འཛམ་གླིང་ལོ་རྒྱུས་ཡིག་ཚང་གང་དུ་ཡང་མེད་པ་དང་། ཕྱོགས་སུ་མ་ལྷུང་བའི་རྒྱལ་སྤྱིའི་མཁས་དབང་དང་ཆབ་སྲིད་དཔྱད་བརྗོད་པ་སུས་ཀྱང་བཤད་མྱོང་མེད་པས། བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བའི་ཚིག་བརྗོད་དེ་ལ་བསམ་བློ་ཞིབ་ཏུ་བཏང་ན། ད་ཆར་བོད་ལ “ རྒྱ ” ་དང་བོད་མི་ལ་ “ རྒྱ་མི ” ཟེར་བ་ལས་བོད་དང་བོད་མི་ཞེས་འབོད་མཁན་ཞིག་ཡོང་ཐབས་མེད། ད་ལྟ་འཛམ་གླིང་ཐོག་བོད་ཟེར་པ་ཞིག་དང་། བོད་མི་ཟེར་བ་ཞིག་ཡོད་པ་དེ་རྒྱ་ནག་དང་ཐ་དད་ཡིན་པ་གསལ་སྟོན་བྱེད་ཀྱི་ཡོད་སྐོར་བཅས་བརྗོད་བྱུང་།

 

 ཡང་ཁོང་གིས་མུ་མཐུད་དུ ” རྒྱ་ནག ” ཟེར་བ་དང ” རྒྱ་མི ” ཟེར་བ་འདི་ཁ་བཤད་དོན་ལ་མི་གནས་མཁན་ཞིག་དང་མི་ཆོས་ཀུན་སྤྱོད་མི་བརྩི་མཁན་ཞིག་ཡིན་པའི་དཔེ་མཚོན་དུ། རྒྱ་ནག་ལྕགས་རི་རིང་མོ་དེ་རྒྱ་གར་བས་བཟོས་པ་ཞིག་མིན་ལ། བོད་པས་བཟོས་པ་ཞིག་ཀྱང་མིན་པར་རྒྱ་ནག་ཁོ་རང་ཚོས་བཟོས་ཏེ། རྒྱ་ནག་གི་རྒྱལ་མཚམས་མཚོན་བྱེད་ཅིག་དང་རྒྱལ་ཁོངས་སྲུང་སྐྱོབ་ཆེད་བཟོས་པ་ཞིག་ཡིན་ཟེར་གྱི་ཡོད་པ་དང་། འཛམ་གླིང་ཐོག་དེ་ལ་ཆེ་མཐོང་གོང་བཀུར་ཐོབ་ཀྱི་ཡོད་ཀྱང་། རྒྱ་མི་ཁོ་རང་ཚོས་ཁོ་རང་ཚོའི་ལོ་རྒྱུས་རྡོག་རོལ་དུ་བཏང་སྟེ་ལྕགས་རི་རིང་མོར་ཆེ་མཐོང་སྤྲོད་ཀྱི་མེད་པར། གོ་སྐབས་དང་བསྟུན་ཏེ་ལྕགས་རི་རིང་མོ་ལས་བརྒལ་ཏེ་མི་རིགས་གཞན་ལ་བཙན་གནོན་དང་རྒྱལ་ཁབ་གཞན་ལ་བཙན་འཛུལ་བྱས་པ་ཞིག་ཡིན་སྐོར་བརྗོད་བྱུང་།  

 

ཡང་ཁོང་གིས་ཉེ་ལམ་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་བཀའ་བློན་ཁྲི་པར་བསྩལ་པ་དེ་ལ་བསྔགས་བརྗོད་དང་འབྲེལ་ཏེ་བརྗོད་དོན། “ དེ་སྔོན་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞག་མ་ཐག ངས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྟེན་འབྲེལ་ཞུས་ཏེ། ཐེངས་འདིར་སྐུ་ཉིད་ཐུགས་ཐག་གཅོད་སྟངས་དེ་ཧ་ཅང་རླབས་ཆེན་གཟི་བརྗིད་ལྡན་པ་ཞིག་རེད། སྤྱིར་འཛམ་གླིང་ནང་ཁྱེད་ཉིད་ལ་བརྩི་བཀུར་སྙན་གྲགས་ཆེན་པོ་ཡོད་པའི་སྒང་ལ། ཐེངས་འདིའི་མཛད་པ་དེས་སྔར་བས་དད་གུས་ཆེ་རུ་འགྲོ་ངེས་རེད། གང་ཡིན་ཟེར་ན་དེ་སྔོན་སྐུ་ཉིད་ཀྱིས་ཆོས་ཕྱོགས་ཀྱི་ལས་དོན་བསྒྲུབས་ཀྱང་། ལུང་པར་རང་བཙན་མེད་པའི་ཆབ་སྲིད་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་མི་མང་པོ་ཞིག་གིས་རང་བཞིན་གྱིས་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཞིག་ལ་མཐོང་གི་ཡོད། ད་ནི་ཞལ་ནས་གང་གསུངས་པ་དང་ལག་ནས་གང་ལས་པ་ཡོངས་རྫོགས་བོད་པའི་ཡུལ་མི་དཀྱུས་མ་ཞིག་གི་བཤད་སྤྱོད་ལ་ངོས་ལེན་མི་བྱེད་ཐབས་མེད་ཆགས་ཡོད། ཅེས་བཀོད་ཡོད་པ་དེ་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དགའ་མོས་ཆེན་པོ་གནང་སྟེ། ཁོང་ལ་སྤྱིར་བསྟོད་བསྔགས་བྱེད་མཁན་མང་པོ་བྱུང་ཡོད་མོད། ཁྱེད་ཀྱི་སྐད་ཆ་འདི་དག་གིས་ང་ལ་དགའ་སྤོབས་ཆེན་པོ་སྐྱེ་རུ་བཅུག་སོང་གསུངས་བྱུང ” ཅེས་བརྗོད་བྱུང་།    

 

 དེའི་རྗེས་ཧི་མ་ཅལ་འཕྲོད་བསྟེན་བློན་ཆེན་མཆོག་གིས་བོད་དང་རྒྱ་གར་གཉིས་ཆོས་དང་རིག་གཞུང་ཐོག་འདས་པའི་ལོ་ངོ་སྟོང་ཕྲག་གཉིས་ལྷག་རིང་གི་མཛའ་འབྲེལ་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་གཉིས་ཆགས་ཡོད་པ་དང་། གནའ་སྔ་མོ་བོད་ནང་རང་དབང་དང་། བདེ་སྐྱིད་ལྡན་པའི་སྐབས་སུ་བོད་དང་རྒྱ་གར་གཉིས་ལ་ས་མཚམས་མེད་པར་ཁྱིམ་ཚང་གཅིག་གི་ངོ་བོར་བསྡད་ཡོད་པ། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས་རྒྱ་གར་གྱི་ས་མཚམས་ཁག་མང་པོ་ཞིག་ལ་ཡང་བདེ་སྐྱིད་མེད་པ་བཟོས་ཡོད་སྐོར་བརྗོད་དེ། མ་འོངས་པར་བོད་དང་རྒྱ་གར་གཉིས་ཀྱི་མཛའ་འབྲེལ་བརྟན་པོར་གནས་དགོས་པ་དང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་དང་བོད་མིའི་བར་གྱི་འབྲེལ་བ་གཏིང་ཇེ་ཟབ་ཏུ་བཏང་སྟེ། བོད་དང་རྒྱ་གར་གཉིས་མ་འོངས་ལོ་ངོ་སྟོང་ཕྲག་མང་པོའི་རིང་གཅིག་གྲོགས་གཅིག་བརྟེན་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཡག་ཤོས་གཉིས་ཀྱི་ངོ་བོར་གནས་གལ་ཆེ་ཚུལ་ནན་གྱིས་གསུངས་སོང་། དེ་བཞིན། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཀྱང་ཉེ་ལམ་༧གོང་ས་མཆོག་གིས་གཞུང་ས་དགའ་ལྡན་ཕོ་བྲང་གི་ཁྲིམས་མཐུན་སྲིད་དབང་ཁོང་ལ་བརྒྱུད་སྤྲོད་གནང་བའི་གོ་རིམ་དང་། འདས་པའི་ལོ་ངོ་ལྔ་བཅུའི་རིང་བཙན་བྱོལ་བོད་མི་ཆིག་འབུམ་ལྷག་ལ་རྒྱ་གར་གཞུང་དམངས་ཀྱིས་ལྟོ་གོས་གནས་མལ་གྱི་མཐུན་འགྱུར་གནང་བ་མ་ཟད། བོད་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་དང་། ལྷག་པར་དུ་བོད་པའི་ཆབ་སྲིད་ཐོག་ལངས་ཕྱོགས་བརྟན་པོ་བཟུང་སྟེ་རྒྱབ་སྐྱོར་གནང་བར་ཐུགས་རྗེས་ཆེ་ཞུས་པ་དང་འབྲེལ་མ་འོངས་པར་ཡང་འབྲེལ་བ་རྒྱུན་གནས་ཡོང་རྒྱུར་རེ་སྐུལ་གནང་སོང་། 

༼ ཧི་མ་ལ་ཡའི་ཁྱིམ་ཚང་ ༽ ཞེས་པའི་ཚོགས་པ་དེ་ཕྱི་ལོ་ ༢༠༠༠ ལོར་བཙུགས་པ་ཞིག་ཡིན་ཞིང་། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་བོད་པའི་ཆབ་སྲིད་ཐོག་རྒྱབ་སྐྱོར་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དཀའ་ངལ་རིགས་སེལ་ཐབས་སུ་ལས་དོན་བྱེད་མཁན་ཞིག་ཡིན་འདུག ཚོགས་པ་འདིས་ལོ་ལྟར་བོད་དོན་ཐོག་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་འདུག་ལ། ལོ་རེར་བོད་པའི་ཆབ་སྲིད་ཐོག་ཚོགས་འདུ་ཆེན་པོ་ཐེངས་གཉིས་རེར་འཚོགས་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 5

  1. གནས་ཚང་། says:
    ལོ་ 15 སྔོན།

    ད་རེས་རྒྱ་གར་གྱིས་བསམ་ཤེས་བཞིན་པར་སྣང་བས། བོད་པའི་ངོས་ནས་ཤུགས་བསྣོན་རྒྱག་རྒྱུ་གལ་ཆེན་རེད་འདོད།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ ( RSS ) ཡི་ཚོགས་གཞོན་ཨེན་ཌི་རེ་ཤི་ཁའུ་མཱར་( Indreshi Kumar )མཆོག་དང་། ཧི་མ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་རཱ་ཇིབ་བྷེན་ཌལ་( Rajeev Bindal ) མཆོག་རྣམ་གཉིས་ཀྱིས་བོད་རྒྱལ་ཁབ་འདིར་རང་བཙན་གཙང་མའི་རྒྱལ་ཁབ་ཤིག་ཡིན་པར་བཀའ་སློབ་གནང་བ་ལ་སྙིང་ཐག་ནས་བཀའ་དྲིན་ཆེ་བྱུང་ཞེས་ཞུ་རྒྱུ་ཡིན།

    གནད་འགག་ཆེ་ཤོས་རྒྱ་གར་གཞུང་གིས་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་བོད་རང་བཙན་གཙང་མ་ཡིན་པར་ངོས་གནང་དགོས་ཀྱི་གལ་ཆེན་པོ་རེད། ང་ཚོའི་རྒྱལ་ཁབ་འདིར་རྒྱལ་ཁབ་ཤིག་དང་ང་ཚོའི་བཙན་བྱོལ་བོད་གཞུང་འདིར་གཞུང་ཞིག་ཡིན་པར་ངོས་ལེན་གནང་ན་བོད་མི་རིགས་དང་རྒྱ་གའི་མི་རིགས་གཉིས་ཀྱི་བར་དུ་མཛའ་འབྲེལ་གྱི་ཟམ་པ་བརྟན་དུ་འགྲོ་གི་རེད།

    དེ་ལྟར་མ་ཡིན་བོད་གཞུང་གི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་གསུངས་སྟངས་ལྟར་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་ཙམ་ཡང་རྒྱ་གར་གཞུང་གི་ཁྲིམས་ཁང་ཁག་ནས་ངོས་ལེན་མེད་པའི་རྣམ་འགྱུར་སྟོན་ན་བོད་མི་རིགས་དང་རྒྱ་གར་གཞུང་གཉིས་བར་དུ་མཐུན་ལམ་ཞིག་ཡོང་ཐབས་མེད་པ་རེད།

    ༧གོང་ས་མཆོག་གིས་རིང་ནས་སྙིང་ལ་མནར་བའི་འདོད་པའི་དོན་དག་ངོ་མ་གངས་ལྗོངས་ཡོངས་སུ་རྫོགས་པ་ལ་རང་བཙན་གཙང་མ་ཞིག་གི་རེ་བ་ཡོད་རེད་ལ་བོད་རྒྱ་ཆེན་མི་དམངས་ཀྱི་དམིགས་ཡུལ་ཡང་དེ་བཞིན་ཡིན། མ་འོང་བོད་མི་རིགས་ཀྱི་ཁ་ཕྱོགས་ཡང་རང་བཙན་གཙང་མའི་ཐོག་ཏུ་ཡིན།

    བོད་རྒྱལ་ལོ།།།།

    Reply
  3. sangkye says:
    ལོ་ 15 སྔོན།

    དངོས་ཡོད་གནས་ཚུལ་བདེན་པའིི་གསུང་བཤད་ཅིག་གནང་འདུག དངོས་ནས་བཤད་ན་རྒྱ་ནག་དང་བོད་གཉིས་གནས་ཚུལ་གསལ་སྟོན་བྱེད་ན་རྒྱུ་མཚན་ཐ་དད་ཡིན། ཁོང་( Indreshi kumar and Rajeev Bindal )གཉིས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply
  4. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    དངོས་ཡོད་གནས་ཚུལ་བདེན་པའི་གསུང་འདུག་སོ་སོའི་ངོས་ནས་བདེན་པའི་གནས་ལུགས་ཤེས་ཏོགས་བྱེད་རྒྱུ་གལ་ཆེ་ཡིན་ན་ཡང་བོད་པ་ཡིན་ན་མདོ་དབུས་ཁམས་གསུམ་ནང་གི་བོད་པ་ཡིན་མི་དགོས་པར་ཧ་མ་ལ་ཡི་རི་བརྒྱུད་ཀྱི་བོད་པ་ཡོད་ད་ལྟ་རྒྱལ་ཁབ་སུ་འདྲ་ཞིག་གི་རྒྱལ་ཁོངས་ཡིན་རུང་ཁྱད་པར་མེད་པར་བོད་མི་རིགས་དང་རིགས་གཞུང་ཁོར་ཡུགས་སྲུངས་སྐྱོབས་བྱེད་རྒྱུ་འགན་བོད་པ་ཚང་མ་ལ་ཡོད་བོད་པ་ཡིན་དུས་བོད་པ་མིན་ལབ་དགོས་དོན་ཡོད་མ་རེད།།

    Reply
  5. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    འདི་ལྟར་རྒྱ་གར་རང་དབང་ལུང་པའི་གནད་ཡོད་མི་རྣམས་ཀྱིས་ངོ་ཚོ་བཙན་བྱོལ་བོད་མི་ཡོངས་ཀྱི་སེམས་ཁོང་གི་སྡུག་བསྔལ་ངོ་མ་དང་མངོན་འདོད་ལ་རྒྱབ་སྐྱོར་བྱེད་པ་དང་གཏམ་བཤད་སྤེལ་བ་ལ་རྗེས་སུ་ཡི་རང་ཡོད།
    དེ་བཞིན་རྒྱ་བོད་གཉིས་ཀྱི་མཐུན་ལམ་འདི་ཡང་རྗེ་བརྟན་དང་ཇེ་ཟབ་མུ་མཐུད་རྒྱུན་གནས་ཡོང་བའི་ཡིད་ཆེས་ཀྱང་ཡོད་ལ་བྱེད་ཀྱང་དགོས།

    འཕགས་ཡུལ་བ་ལྟ་བུའི་རྒྱལ་ཁབ་བཀའ་དྲིན་ཆེན་པོ་འདི་ལྟ་བུ་ངེད་བོད་པ་ཚོ་གི་དུས་ནམ་ཡང་བརྗེད་ཀྱི་མེད་ལ། ཁྱེད་རྣམ་པའི་གཟིགས་སྐྱོང་ལ་སེམས་གཏིང་ནས་ཡི་རང་བྱེད་ཀྱི་ཡོད། ཐུགས་རྗེ་རྒྱ་གར་བ། ཐུགས་རྗེ་ཆེ་ཨིན་དྲི་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese