མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་གཙང་སྤྱི་འཐུས་གཉིས།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

སྐབས་བཅོ་ལྔ་པའི་དབུས་གཙང་སྤྱི་འཐུས་ཀྱི་འོས་བསྡུ་འཕར་མའི་དངོས་གཞིའི་ཁྲོད་ཟླ་བ་ཕུན་སྐྱིད་ལགས་སུ་ཨང་དང་པོ་དང་། འཇིགས་མེད་འབྱུང་གནས་ལགས་སུ་ཨང་གཉིས་པ་བཅས་ཐོབ་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འོས་བསྡུ་ལྷན་ཁང་གིས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། སྐབས་བཅོ་ལྔ་པའི་དབུས་གཙང་སྤྱི་འཐུས་ཀྱི་འོས་བསྡུ་འཕར་མའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་དོན་ལྟར་ན། ཐེངས་འདིའི་འོས་བསྡུའི་ཁྲོད་སྤྱི་ཟུར་ཟླ་བ་ཕུན་སྐྱིད་ལགས་སུ་འོས་གྲངས་ ༩༧༨༣། བརྒྱ་ཆ་ ༦༡།༦༤ ཐོབ་སྟེ་ཨང་དང་པོ་ཆགས་ཡོད་པ་དང་། འཇིགས་མེད་འབྱུང་གནས་ལགས་སུ་འོས་གྲངས་ ༨༠༧༥། བརྒྱ་ཆ་ ༥༠།༨༨ ཐོབ་སྟེ་ཨང་གཉིས་པ་ཆགས་ཡོད་འདུག

གཞན། ཨང་གསུམ་པ་པདྨ་རྡོ་རྗེ་ལགས་སུ་འོས་གྲངས་ ༦༥༡༡ དང་། ཨང་བཞི་པ་ཨོ་རྒྱན་བསྟན་འཛིན་ལགས་སུ་འོས་གྲངས་ ༦༠༩༠ བཅས་ཐོབ་ཡོད་འདུག ཐེངས་འདིར་མིང་གཞུང་དེབ་འགོད་བྱེད་མཁན་ ༤༥༨༧༤ བྱུང་ཡོད་པ་ལས་དངོས་སུ་འོས་འཕེན་མཁན་ ༡༥༨༧༠ བྱུང་ཡོད་འདུག

འོས་བསྡུ་འཕར་མའི་སྔོན་འགྲོའི་སྐབས། ཟླ་བ་ཕུན་སྐྱིད་ལགས་སུ་འོས་གྲངས་ ༣༦༩༡ དང་། འཇིགས་མེད་འབྱུང་གནས་ལགས་སུ་འོས་གྲངས་ ༣༡༥༦ ། ཨོ་རྒྱན་བསྟན་འཛིན་ལགས་སུ་འོས་གྲངས། ༢༤༨༦ ། པདྨ་རྡོ་རྗེ་ལགས་སུ་འོས་གྲངས། ༡༦༩༣ བཅས་ཐོབ་ཡོད།

སྐབས་དེར་འོས་བསྡུའི་འགན་འཛིན་ལས་འཕར་གཡང་མཁོ་རྒྱལ་ལགས་ཀྱིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ནང་མདོ་སྟོད་སྨད་ནས་གསར་འབྱོར་བ་མང་པོ་བསླེབས་ཡོད་ཀྱང་། དབུས་གཙང་སྤྱི་འཐུས་ནང་གསར་འབྱོར་བ་དེ་ཙམ་ཡོང་ཐུབ་ཀྱི་མེད་པ་དེ་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཆགས་ཡོད་པ་དང་། ལྷ་ས་ནི་འདས་པའི་ལོ་རྒྱུས་ཐོག་བོད་བསྟན་སྲིད་ཀྱི་བསྟིི་གནས་ཤིག་ཆགས་ཡོད་སྟབས། རྒྱལ་ས་ལྷ་སའི་ཕྱོགས་ནས་གསར་འབྱོར་སྤྱི་འཐུས་འགའ་རེ་བསླེབས་པ་ཡིན་ན། བོད་པའི་འཐབ་རྩོད་ལ་དམིགས་བསལ་ཕན་ཐོགས་ཆེན་པོ་ཡོད་སྐོར་བཅས་གསུངས་སོང་ལ། སྐབས་བཅུ་དྲུག་པའི་སྤྱི་འཐུས་འོས་འདེམས་ཁྲོད་དབུས་གཙང་མི་མང་གིས་ཁ་ཞེ་གཉིས་མེད་ཐོག་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་ཐུབ་པའི་གསར་འབྱོར་བ་ཚོར་འོས་ལྡུག་རོགས་གནང་ཞེས་འབོད་སྐུལ་ཡང་གནང་སོང་།   

དེ་བཞིན་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་ཀྱང་བཞུགས་སྒར་ངྷ་ས་ནི་༧གོང་ས་མཆོག་གི་བཞུགས་གནས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གནས་ཡུལ་གཉིས་ཆགས་ཡོད་སྟབས། ས་གནས་གཞན་དང་མི་འདྲ་བར་དམིགས་བསལ་ས་གནས་ཞིག་ཆགས་ཡོད་ཀྱང་། དབུས་གཙང་སྤྱི་འཐུས་ཀྱི་སྔོན་འགྲོའི་སྐབས་ངྷ་སར་འོས་བསྡུ་དེབ་སྐྱེལ་བྱེད་མཁན་ ༦༣༠༡ དང་། དངོས་སུ་འོས་འཕེན་མཁན་ ༡༥༠༠ བྱུང་སྟེ། བརྒྱ་ཆ་ ༢༤ ཙམ་ལས་ཟིན་མེད་ཀྱི་མེད་པས་འོས་བསྡུ་སྤྱི་ཡོངས་ཀྱི་གྲུབ་འབྲས་དང་བསྡུར་ན་མཐའ་མ་གཉིས་པ་དེ་ཆགས་ཡོད་པ་དང་། ཐེངས་འདིའི་འོས་བསྡུ་འཕར་མའི་སྐབས་སུའང་འོས་འཕེན་མཁན་ ༡༣༧༠ ཙམ་དང་། དེས་བརྒྱ་ཆ་ ༢༢ ཙམ་ལས་ཟིན་མེད་པས་ཆེས་མཐའ་མ་དེ་ཆགས་ཡོད་སྐོར་སོགས་གསུངས་སོང་།

 

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 8

  1. ཆོས་བཟང་། says:
    ལོ་ 14 སྔོན།

    སྤྱི་འཐུས་གསར་བ་འཇིགས་མེད་འབྱུང་གནས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ལ་རེ་བ་ཆེན་པོ་ཡོད།
    གཞན་ད་ཡང་མ་བྱུང། དབུས་གཙང་མི་མང་གིས་སླར་ཡང་ཞབས་འདྲེན་ཞུས་འདུག ད་བར་གསར་འབྱོར་གཅིག་ཀྱང་སྤྱི་འཐུས་ནང་མ་སླེབས་པ་དེ་ཞབས་འདྲེན་རེད། དེ་བཞིན་བདེ་ལེགས་སྨན་ཁང་གི་དབུ་འཛིན་ཟླ་བ་ཕུན་སྐྱིད་ཟེར་བའི་མགོ་གཉིས་མ་དེ་སླར་ཡང་སླེབས་བྱུང་བས་མ་བྱུང་རེད། སྤྱི་འཐུས་སྐབས་༡༤བའི་ནང་མདོ་སྟོད་སྤྱི་འཐུས་སྨྲ་ཁམས་བསོད་ནམས་སྟོབས་རྒྱལ་གྱི་ལམ་གྲོན་ཆེད་རྙོགས་དྲ་བྱུང་སྐབས་ཟླ་བ་ཕུན་སྐྱིད་ཀྱིས་མདོ་སྟོད་སྤྱི་འཐུས་ཚོར་ཁྱེད་ཚོ་ཕྱི་ལ་ཐོན་པར་ཐུགས་ཁག་རྒྱུད་ནས་མི་འདུག ཁྱེད་ཅག་གི་རྗེས་ལ་ང་ཡང་ཐོན་གྲབས་བྱས་ཀྱང་། སྐབས་༡༥བའི་སྤྱི་འཐུས་ཀྱི་འོས་ཤོག་ལ་གནོད་མི་ཡོང་བསམ་བློ་འཁོར་ནས་ཡོང་ཐུབ་མ་སོང་། ཞེས་བཤད།
    དེ་བཞིན་དབུས་གཙང་དང་། མདོ་སྨད་སྤྱི་འཐུས་ཚོར་མདོ་སྟོད་སྤྱི་འཐུས་དེ་ཚོ་ལྐུག་པ་ལྐུག་ནག་རེད། དུད་འགྲོ་དང་གཅིག་པ་རེད། དེ་ཚོར་ག་ཚོད་བཤད་ཀྱང་གོ་བརྡ་མི་འཕྲོད་པ་ང་ཚོས་ཤེས་ཤེས་པ་རེད། ཅེས་བཤད་ཡོད་རེད། ཞབས་འདྲེན་དེ།

    Reply
  2. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    གཡང་མཁོ་རྒྱལ་ལགས་ཀྱིས་གསུངས་པ་དེ་དངོས་གནས་རེད། དབུས་གཙང་གི་སྤྱི་འཐུས་ནང་ལ་ད་བར་གསར་འབྱོར་བ་རྩ་བ་ནས་སླེབས་མྱོང་མེད་པ་དེ་དངོས་ཡོད་རེད། དེ་ནི་དཀྲུགས་ཤིང་རྩ་བ་ནས་མ་རེད། ང་ཚོས་དངོས་ཡོད་ཀྱི་གནས་ཚུལ་ཁས་ལེན་དགོས་ཀྱི་རེད། གལ་སྲིད་ང་ཚོར་དངོས་ཡོད་ཀྱི་གནས་ཚུལ་ཁས་ལེན་རྒྱུའི་སྤོབས་པ་མེད་ན། ཁ་ནས་དམངས་གཙོ་དང་ཞི་བདེ་ག་རི་བཤད་ཀྱང་ཆུའི་དཀྱིལ་ལ་སྟུ་དྲི་བཏང་བ་དང་ཁྱད་པར་ཅི།།

    Reply
  3. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    དབུས་གཙང་ཆོལ་ཁའི་སྤྱི་མཐུས་གཉིས་འདེམས་ཐོན་བྱུང་བ་ལ་མཚམས་འདྲི་ཞུ། ཁྱེད་རྣམ་གཉིས་ཀྱི་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ།
    འོས་བསྡུ་ལས་འཕར་གཡང་མཁོ་རྒྱལ་གྱི་འཐེན་འཁྱེར་གྱི་གཏམ་བཤད་ལ་དགག་པ་མཐའ་གཅིག་ཏུ་ཡོད། གསར་འབྱོར་རྙིང་འབྱོར་གྱི་སྐད་ཆ་དཀྲོག་གཏམ་དེ་མ་སླང་ན་གང་འདྲ་འདུག གཞིས་ཆགས་པས་གསར་འབྱོར་ལ་རྙོག་དྲ་བཤད་མ་ཤེས་པ་མ་རེད། ཁྱེད་རང་གསར་འབྱོར་བ་ཡིན་ཙང་གྲོས་ཚོགས་ནང་དུ་གསར་འབྱོར་བ་སླེབས་ཐབས་ཆེད་སྐུལ་སློང་གཏམ་བཤད་སྤེལ་བ་ལ་ངོས་རང་བློ་ཕམ་བྱུང་། མ་གཞི་ཁྱེད་རང་ལས་ཀ་འདི་ཟླ་བ་ཁ་ཤས་རིང་གི་ལས་ཀ་རེད་དེ་རྐུབ་རྐྱག་སྒང་ནས་གཏམ་བཤད་སྤེལ་སྐབས་ནམ་རྒྱུན་གྲོགས་པོ་ཕན་ཚུན་བཤད་རེས་བྱེད་པ་དང་མི་འདྲ། འདི་ལ་འགན་ལེན་ཆེན་པོ་ཁུར་དགོས། མ་འོངས་པར་གཟབ་གཟབ་བྱེད་ནས་སྐད་ཆ་དེ་འདྲས་རིགས་མ་སྤེལ་ན་ཡག་པོ་རེད་སྙམ། གསར་འབྱོར་བ་མང་སའི་ས་ཁུལ་ལ་གཞིས་ཆགས་པ་རྣམས་ལ་དཀའ་ངལ་འཕྲད་པ་རྣམས་བྲིས་ན་བྲིས་ཚད་ཡོད་མ་རེད། རྙོག་དྲ་ཆུང་ཆུང་གིས་སྤྱི་ཚོགས་དཀྲུགས་ནས་ཆོ་ཡོད་མ་རེད།

    Reply
  4. དབྱངས་འཛོམས། says:
    ལོ་ 14 སྔོན།

    ནམ་ཡང་རང་ཚུགས་མི་བོར་ཞིང་དྲང་བདེན་དང་ལྷག་བསམ་གྱི་ཕྱོགས་སུ་སྐྱོད་མཁན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སླར་ཡང་གྲོས་ཚོགས་ཀྱི་ཞབས་སྟེགས་སུ་བསླེབས་པ་འདི་ནི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་གཟི་བརྗིད་ཅིག་ཏུ་ངོས་འཛིན་ཞུ་འོས་སུ་མཐོང་ལགས།ད་དུང་ཡང་སྔར་ལྟར་གནང་རྒྱུའི་རེ་བ་དང་སྨོན་ལམ་ཡོད། འཇིགས་མེད་འབྱུང་གནས་ཀྱང་ཁོང་ལྟར་ལྷག་བསམ་དང་དྲང་བདེན་གྱི་ཕྱོགས་སུ་སྐྱོད་མཁན་ཞིག་ཡིན་པའི་རེ་བ་ཡོད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དབུས་གཙང་སྤྱི་འཐུས་མི་སྣ་བཅུ་བོ་ཏག་ཏག་འདེམས་ཐུབ་ཀྱིན་མེད་པར་གཟིགས་དང། ད་གསར་འབྱོར་ཞིག་ད་ཕ་རིའི་སྤང་རྒྱན་མིན་ན་ཅི་ཡིན། ངས་དེ་སྔོན་ཞིག་ནས་དབུས་ཚང་མི་མང་གི་མིག་གཅིག་ལོང་པ་རེད་ལབ་ཡོད།
    གཅིག་བྱས་ན་རྗེས་མ་ནས་ཆོལ་ཁོངས་གསུམ་པོའི་ནང་ཁུལ་གྱི་ས་ཁུལ་ཆེ་ཁག་ལ་ཡང་མི་གྲངས་ཀྱི་ཐོབ་སྐལ་ཞིག་འཇོག་ཐུབ་ན་བསྐྱར་འདེམས་ཡང་བདམས་མི་དགོས་པ་ཞིག་ཡོང་གི་རེད་ལ། འཐུས་མིའི་ཁྱབ་ཁོངས་ཀྱི་ཆ་ནས་ཀྱང་བཟང་ས་ཡོད། འདི་འོས་འདེམས་སྐབས་སུ་ཆོལ་ཁོངས་སོ་སོའི་ས་ཁུལ་ཚང་མ་འདུས་པའི་ཚོགས་ཆེན་འཚོགས་ནས་གླེང་སློབ་བྱ་འོས།

    Reply
  6. དམ་སྲི་འབྱུང་པོ། says:
    ལོ་ 14 སྔོན།

    དབུ་གཙང་སྤྱི་འཐུས་གཉིས་ལ་མཚམས་འདྲི་ཡོད།

    Reply
  7. མི་ཆུང་། says:
    ལོ་ 14 སྔོན།

    རང་མི་རིགས་དང་རིག་གཞུང་ལ་རྨ་མེད་པའི་ཞབས་འདེགས་སྒྲུབ་ཐུབ་པའི་རེ་བ་ཡོད། ཅུང་ངར་ཙམ་ཡོད། གང་ལྟར་ནམ་ཡིན་ཡང་དྲང་ཚུགས་བོར་མི་ཉན།

    Reply
  8. མང་ཐོས། says:
    ལོ་ 14 སྔོན།

    དབུས་གཙང་སྤྱི་འཐུས་ཀྱི་འཕར་མའི་འོས་བསྡུ་ལེགས་འགྲུབ་བྱུང་བ་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese