མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་འཐབ་རྩོད་དེ་གཞུང་འབྲེལ་ཡིན་མིན་གྱི་འཐབ་རྩོད་མིན།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཞུགས་སྒར་ནས་ཀ་ཅཱ་རིལ་བར་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་ལ། སྐབས་དེར་བཞུགས་སྒར་ཁུལ་གྱི་སྐྱ་སེར་མི་མང་ ༢༠༠ ལྷག་མཉམ་ཞུགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་རྒྱལ་སྤྱིའི་ཐོག་ཏུ་འབོད་སྐུལ་བཅས་ཞུས་སོང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ། ༣༠ སྟེང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག  བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་ནས་ཀ་ཅཱ་རིལ་བར་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་། ལས་འགུལ་ནང་སཱ་ར་མཐོ་སློབ་དང་བོད་ཀྱི་ཟློས་གར་ཚོགས་པ། བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་དང་མཚན་ཉིད་གྲྭ་ཚང་། ཀིརྟི་བྱེས་བ་གྲྭ་ཚང་སོགས་གཙོས་པའི་བཞུགས་སྒར་ཉེ་འཁྲིས་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་སེར་སྐྱ་ ༢༠༠ ལྷག་མཉམ་ཞུགས་གནང་སྟེ། ཉེ་ལམ་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མཆོད་འབུལ་བྱས་པའི་རྒྱལ་སྤྱིའི་དཔའ་བོ་རྣམ་པའི་སྐུ་པར་དང་། དབྱིན་ཡིག་གིས( Tibt burning )སོགས་ཀྱི་བརྗོད་ཚིག་འདྲ་མིན་བཀོད་པའི་འཕྲེད་དར་འཕྱར་བཞིན། “ བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས། བོད་རང་བཙན་ཡིན” སོགས་ཀྱི་འབོད་ཚིག་སྒྲོག་བཞིན་བཞུགས་སྒར་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་ནས་ངྷ་ཤོད་ཀ་ཅཱ་རིལ་བར་སྐད་འབོད་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་གནང་སོང་ལ། ལས་འགུལ་མཇུག་བསྡོམས་སྐབས་དུས་ཡུན་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་ཞུས་རྗེས། ལས་འགུལ་སྣེ་འཁྲིད་པ་དག་གིས་བོད་ནང་གི་གནས་ཚུལ་དང་འབྲེལ་བའི་ཐོག་གཏམ་བཤད་དང་། རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཅས་བཏང་སོང་།

 

ལས་འགུལ་མཇུག་བསྡོམས་ཐོག་དབུས་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་དེར་ཡོད་མི་མང་ལ། ད་ལོའི་ཕྱི་ཟླ་ ༣ པ་ནས་བཟུང་རྒྱ་ནག་གི་དྲག་གནོན་འོག་བོད་ནང་རང་ལོ་ ༡༧ ནས་ ༡༨ བར་ཡིན་པའི་རྒྱལ་གཅེས་དཔའ་བོ་ ༧ གྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྩ་ཆེའི་སྐུ་སྲོག་བློས་གཏོང་གནང་བ་དེ་འཕྲོ་བརླག་ཏུ་ཕྱིན་མེད་པར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཁོང་རྣམ་པའི་བློས་གཏོང་དེས་མི་རིགས་ཀྱི་འཐབ་རྩོད་ལ་ནུས་པ་དང་། ཁ་གཏད་ཀྱི་དགྲ་བོར་གནོན་ཤུགས། འཛམ་གླིང་གི་རྒྱབ་སྐྱོར་བཅས་ལ་གྲུབ་འབྲས་ཆེན་པོ་བླངས་ཡོད་པར་ངོས་འཛིན་ཞུ་རྒྱུ་མ་ཟད། རྒྱལ་གཅེས་དཔའ་བོ་བདུན་གྱིས་སྐུ་སྲོག་མཆོད་མེར་ཕུལ་བ་དེ། ༸གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་ཀྱི་སྔ་རྗེས་སུ་བྱུང་ཡོད་སྟབས། གནས་ཚུལ་དེས་བོད་ཀྱི་མི་རབས་གསར་བའི་གཞོན་སྐྱེས་ཚོས་མི་རབས་ནས་མི་རབས་སུ་འགྱུར་བ་གང་འདྲ་ཕྱིན་ཡང་བོད་ཀྱི་འཐབ་རྩོད་ལ་འགྱུར་བ་མེད་པར། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་དང་སྙིང་སྟོབས་རྒྱུན་གནས་ཐུབ་པའི་བརྡ་ལན་གསལ་བོ་ཞིག་སྤྲད་སྟབས་སྐོར་བཅས་བརྗོད་བྱུང་།

དེ་བཞིན་ཁོང་གིས་གཞོན་ལྷན་གྱི་ངོས་ནས་ཉེ་ཆར་རྒྱལ་གཅེས་དཔའ་བོ་ཆོས་འཕེལ་ལགས་དང་མཁའ་དབྱིངས་ལགས་གཉིས་ཀྱི་སྐུ་སྲོག་ཤོར་བ་དེ་མེར་འཚིགས་པ་གཅིག་པུ་མིན་པར། མེར་བསྲེགས་བཏང་བའི་རྗེས་སུ་རྒྱ་གཞུང་གིས་ཚད་ལས་བརྒལ་བའི་མནར་གཅོད་དང་སྨན་བཅོས་མ་བྱས་པར་འདས་གྲོངས་སུ་སོང་བ་ཞིག་ལ་ངོས་འཛིན་བྱ་རྒྱུ་ཡིན་སྐོར་དང་། ཉིན་ཤས་རྗེས་སུ་ཧྥ་རན་སིར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ ༢༠ ཙམ་གྱི་ལྷན་ཚོགས་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་མཉམ་ཞུགས་བྱེད་ཀྱི་ཡོད་པར། ད་ལྟའི་ཆར་རྒྱ་ནག་གི་ལག་ཏུ་ཡོད་པའི་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་པ་གསུམ་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སྤྲོད་ཕྱིར་མྱུར་དུ་ནང་མིར་རྩིས་སྤྲོད་བྱ་རྒྱུར་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་འཆར་ཡོད་ཚུལ་བཅས་བརྗོད་སོང་།

 

མཇུག་ཏུ་ཁོང་གིས། “ གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ལ་ཞུ་སྙན་ཕུལ་ཏེ། ལས་འགུལ་ནང་མཉམ་ཞུགས་གནང་རྒྱུར་རེ་སྐུལ་ཞུས་ཀྱང་། བོད་ཁྱིམ་གྱི་ངོས་ནས་གཞུང་གི་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ་ལས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ་མིན་ཞེས་བརྡ་ལན་སྤྲད་སོང་། ང་ཚོའི་ངོས་ནས་དེའི་ཐད་བློ་ཕམ་ཆེན་པོ་ཡོད། ང་ཚོའི་འཐབ་རྩོད་དེ་གཞུང་དང་གཞུང་འབྲེལ་མིན་པ་དབྱེ་འབྱེད་ཀྱི་འཐབ་རྩོད་ཅིག་མིན་པར། བོད་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཆགས་ཡོད ” ཅེས་བརྗོད་བྱུང་།

ཐེངས་འདིའི་ཛ་དྲག་གི་ལས་འགུལ་ཆེད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་ཕྱི་འབྲེལ་འགན་འཛིན་རྣམ་གཉིས་ལྡི་ལིར་ཡོད་པའི་རྒྱལ་སྤྱིའི་གཞུང་ཚབ་ཁག་གི་མི་སྣ་དང་རྒྱ་གར་གནད་ཡོད་མི་སྣ། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱི་མི་སྣར་ཐུག་འཕྲད་ཀྱིས་ཞུ་སྙན་འབུལ་འཆར་ཡོད་འདུག་ལ། དེ་རིང་དགོང་དྲོའི་ཆུ་ཚོད་ ༦ པའི་ཐོག་ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག་བཞུགས་སྒར་རླངས་འཁོར་ས་ཚིགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་མར་མེ་ཁྲོམ་སྐོར་ཞིག་ཀྱང་སྤེལ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 13

  1. གངས་ཆབ། says:
    ལོ་ 14 སྔོན།

    བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ལས་འགུལ་གང་འདྲ་ཤིག་སྤེལ་ནའང་འགྲིག་ཀྱང་།གཙོ་བོ་དེར་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པའི་ཚེ་སྲོག་ལ་རིན་ཐང་ལྡན་པའི་བརྩི་འཇོག་དང་།ཚེ་སྲོག་ལ་འགན་ཁྱེར་དགོས་པ་དེ་གལ་གནས་ཆེ་ཤོས་སུ་མཐོང་།

    གོང་དུ་དྲ་གྲོགས་ཚེ་རིང་རྡོ་རྗེ་ལགས་ཀྱིས་དངོས་ཡོད་དང་རྒྱུ་མཚན་གཞིར་བཞག་ཐོག་ནས་མཆན་བཀོད་འདུག་པར་དགའ་བསུ་ཞུ།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    གཞིས་ལུས་བོད་མིས་རྩ་དོན་ཁོ་ནའི་ཆེད།།
    ལུས་དང་སྲོག་གི་མཆོད་འབུལ་ཕངས་མེད་བྱེད།།
    བྱེས་འཁོད་བོད་མིས་མིང་དང་སྙན་གྲགས་ཆེད།།
    ཁྱོད་དང་ང་ཡི་ནང་འཁྲུག་རྫོགས་མེད་བྱེད།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་གཞུང་མ་རབས་བཙན་ཤེད་གཉའ་གནོན་གྱི་མེ་ཡིས། །
    བོད་མིའི་བཟོད་བསྲན་ལྗང་མྱུག་མང་དག་ཅིག་བསྲེགས་སོང། །

    Reply
  4. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    མཚུངས་མེད་དབུས་གཞོན་ནུ་ཚོགས་པའི་ཚོགས་གཙོ་དང་སྣེ་ལས་ཡོངས་ཀྱི་དྲུད་དུ།
    བོད་ཀྱི་གཞོན་ནུ་ཚོགས་པ་ནས་ལས་འགུལ་གང་མང་ཞིག་སྤེལ་ཟིན་པ་དང་།
    གྲུབ་འབྲས་ཀྱང་གང་མཚམས་ཤིག་ཐོབ་ཡོད།དེ་ལ་བོད་མི་ཡོངས་ནས་ཡི་རངས་དང་བསྔགས་བརྗོད་ལོས་ཡོད།
    ཡིན་ན་ཡང་ལངས་ཕྱོགས་དང་དམིགས་ཡུལ་ཁ་ནས་བཤད་པ་བཞིན་ལས་འགུལ་སྣ་གཅིག་སྤེལ་མེད་ལ།
    2008་ནང་གྲ་སྒྲིག་དང་འཆར་གཞི་འཐུས་ཚང་མེད་པའི་ལས་འགུལ་སྤེལ་བའི་སྐབས།
    བོད་མི་ཡོངས་ལ་འདོད་བློ་མ་ཁེངས་པ་དང་བློ་ཕམ་དགོས་པའི་གནས་ཚུལ་བྱུང་ཡོད།
    བོད་ལ་མི་སླེབས་རྒྱུའི་གྲ་སྒྲིག་དང་འཆར་གཞི་འཐུས་ཚང་བྱས་ནས་བོད་ལ་གོམ་འགྲོ་བྱས་ཁུལ་བྱས་པ་སོགས།
    བོད་མི་ཡོངས་ལ་རེ་ཐག་ཆད་ཡོད་པ་ལྟ་བུའི་ཚོར་སྣང་བྱུང་ཡོད།
    ལྷག་པར་དུ་གཞིས་ལུས་མི་དམངས་རྣམས་ཐུགས་ཕམ་དགོས་པ་ཆགས་ཡོད།
    གཞིས་ལུས་མི་དམངས་ནས་བོད་ལ་གོམ་འགྲོ་པ་རྣམས་ཡོང་གི་རེད་ཅེས་གྲ་སྒྲིག་བྱས་ནས་སྒུག་ཡོད།
    ཡིན་ན་ཡང་བོད་ཀྱི་གཞོན་ནུ་ཚོགས་པ་ནས་མིང་དོན་མཚུངས་པའི་གོམ་འགྲོ་དང་ལས་འགུལ་སྤེལ་ཐུབ་མེད།
    བཅོས་མིན་གྱི་ལྟ་བ་དང་ལངས་ཕྱོགས་བརྟན་པོ་ཡོད་པའི་ཐོག་ཚོགས་པ་རང་ཉིད་ལ་ཡོད་པའི་ཐོ་ཐང་དང་རང་དབང་
    ནུས་པ་གསུམ་བེད་སྤྱོད་ཆ་ཚང་གཏོང་ཐུབ་དགོས་པ་ནི་ཚོགས་པ་གང་ཞིག་གི་རྩ་དོན་རེད།

    Reply
  5. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ལར་ནས་དོན་གྲུབ་ལྷ་དར་གྱིས་མགོ་མཇུག་གཙང་སྒྲིལ་གྱི་ལས་ཀ འགན་འཁུར་ཐུབ་པའི་སྐད་ཆ་ཧ་ལམ་བཤད་མྱོང་མེད་ཚོད

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གཞོན་ནུ་ཚོགས་པས་རང་གི་ཚོགས་པའི་དམིགས་ཡུལ་གཞིར་བཟུང་དུས་བསྟུན་ལས་འགུལ་གང་ཞིག་སྤེལ་ཐུབ་ན་དེ་ཡག་པོ་རེད། ཚོགས་པ་ཞིག་ཡིན་ཕྱིན་དེ་འདྲ་དགོས་ངེས་ཀྱང་རེད། གཞན་དག་ལྷན་དུ་ཞུགས་མིན་དེ་ཡང་དོན་དག་གཞན་པ་རེད། གལ་ཏེ་ལས་འགུལ་ཆེན་པོ་ཞིག་སྤེལ་འདོད་ན་དང་པོ་ནས་ཚོགས་སྡེ་ཁག་མཉམ་འབྲེལ་གནང་རྒྱུ་གལ་ཆེ།
    ད་ལྟ་བཀའ་སྤྱི་གཉིས་ནས་སྣེ་ཁྲིད་ནས་ལས་འགུལ་སྤེལ་རྒྱུ་ཡིན་པས་ཚོགས་སྡེ་སོ་སོ་ནས་དམིགས་བསལ་མ་བྱས་ཀྱང་འགྲིགས། གཞུང་གིས་བྱེད་ཀྱིན་མེད་དུས་ཚོགས་སྡེ་སོ་སོས་སྤེལ་གང་ལ་གང་འོས་དང་ཐུན་མོང་གིས་གང་འོས་བསམ་གཞིགས་ཀྱིས་སྤེལ་རྒྱུ་གལ་ཆེ།
    དེ་མ་གཏོགས་ད་བསམ་པ་ཆིག་སྒྲིལ་དང་ནུས་པ་ཆིག་སྒྲིལ་ཡག་པོ་ཡོང་རྒྱུ་དཀའ་སེ་རེད་པ། མནའ་གན་དང་ལྷན་དུ་ཐུན་མོང་གི་སྒྲིག་གཞི་ཞིག་ཀྱང་དགོས་པ་འདྲ།

    Reply
  7. ཉི་མ་བཀྲ་ཤིས། says:
    ལོ་ 14 སྔོན།

    ང་ཚོའི་མཐའ་རྩོད་ནི་གཞུང་འབྲེལ་ཡིན་མིན་གྱི་ཁྱད་པ་མེད་ན་ཡང་ང་ཚོའི་རྡོག་རྩ་ཅིག་སྒྲིལ་ནི་ནམ་ཡིན་ཡང་གལ་ཆེ་ནང་གི་དོན་ཆེ་རེད་བསམ་གྱི་འདུག
    སོང་ཙམ་ང་ཚོ་སྐྱབས་མགོན་རིན་པོ་ཆེའི་དཀའ་དགོངས་དང་བོད་མི་མང་གི་བསམ་ཚུལ་བཞིན་རང་བཙན་དོར་ནས་དབུ་མའི་ལམ་རྩོད་ན་ཡག་པོ་འདུག་
    མི་ཁ་ཤེས་ཀྱི་འཁྱོགས་བཤད་ལ་རྩ་བ་ནས་མགོ་འཐོམ་མི་ཉེན།

    Reply
  8. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    འཐབ་གྲོགས་རྣམས། ཐུགས་ཕམ་མ་གནང་རོགས། ཁྱེད་རྣམས་ཀྱིས་བོད་སྤྱི་དོན་ལ་སྨན་པའི་ལས་དོན་གང་སྤྱིར་རྒྱབ་སྐྱོར་ཡོད། བུ་ཁྱིམ་གྱིས་ཡོང་ལ་ཉེ་བའི་གཞུང་འབྲེལ་ལས་འགུལ་ནང་མཉམ་ཞུགས་ཇི་ལྟར་བྱེད་མིན་ལྟ་རྒྱུ་རེད།

    Reply
  9. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    རྡ་ས་ནས་མི་སྲོག་ལ་སྣང་ཆུང་འཕྲོག་གིན་འདུག
    དོན་དངོས་ཐོག་ཁ་གཡང་ཙམ་ལས་བྱེས་གྱར་གྱི་བོད་མི་དང་རྒྱབ་སྐྱོར་བ་སུ་ཞིག་གིས་ཀྱང་བོད་རང་དབང་འཐབ་རྩོད་ཀྱི་ནུས་པ་དང་། སྙིང་སྟོབས་དང་སེམས་ཤུགས་མེད་པ་མི་ལོ་བཅུ་གྲངས་རྡ་སར་བསྡད་རྗེས་ཤེས་ཚོར་བྱུང་། འོན་ཀྱང་སོ་སོའི་རྐུབ་སྟེགས་དང་དཔལ་འབྱོར་འདུ་འགོད་ཀྱིས་ཆེད་ཁྱི་ཟུག་པ་དང་མཚུངས་པའི་ནུས་མེད་ལས་འདྲ་ལས། གཞན་ཕན་ཐོག་སོང་བསམ་པའི་ལས་འགུལ་ནི་སྣ་ཅིག་ཀྱང་སྤེལ་ཐུབ་པའི་ནུས་པ་མིན་འདུག གསལ་པོར་ཞུས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ག་གེ་མོ་དེ་བར་སོ་སོའི་ལངས་ཕྱོགས་གསལ་པོ་སྨྲ་བའི་སྤོབས་པ་དངོས་གནས་མིན་འདུག འོན་ཀྱང་སོ་སོའི་ཁེ་ཕན་ཕྲ་མོ་ཙམ་གྱི་ཆེད་དུ་བོད་ནང་གི་བོད་མི་ཚོའི་ཚེ་སྲོག་ལ་སྣང་ཆུང་རྡོག་རོལ་གཏོང་གིན་པའི་བློ་ཕམ་ནང་གི་བློ་ཕམ་རང་རེད། དུས་རྒྱུན་དུ་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ བོད་ནང་གི་བོད་མོའི་ཚོའི་ཆེད་དུ་ཟེར་བ་དངོས་ནས་སྐེ་ཡན་གྱི་སྐད་ཆ་རང་རེད། བོད་ནས་དངོས་སུ་བཙན་བྱོལ་ནང་སླེབས་པའི་གསར་འབྱོར་ཚོར་ལྟ་སྟངས་དང་ཁོ་ཚོའི་དོན་དུ་སེམས་འཁུར་ཇི་ཙམ་བྱེད་ཀྱིན་འདུག་པ་ནི་ཕྱི་གསལ་ནང་གསལ་རེད། སྐད་ཆ་གསལ་པོ་བྱས་ནས་ཞུས་ན་བོད་ནང་གི་བོད་མི་དེ་ཚོ་བཙན་བྱོལ་སྒྲིག་འཛུགས་དང་ཚོགས་པ་ཁག་གི་དཔལ་འབྱོར་འདུ་འགོད་དང་ཆབ་སྲིད་ཀྱི་ལག་ཆ་རང་ཡིན་པ་གསལ་པོ་རེད། ཡང་ང་བའི་མཐོ་སྒང་གི་མི་རིགས་དེར་རྒྱ་དམར་པོའི་འོག་ཏུ་ཆབ་སྲིད་ཀྱི་ཐོབ་ཐང་མེད་པ་འཛམ་གླིང་ཁ་གཅིག་གྲགས་ཡིན་པ་གང་ཞིག་ལ། དེ་ལས་ལྷག་བསམ་ཟོལ་མེད་ཀྱིས་སྐྱོབ་འདོད་པ་བོད་ནང་གི་བོད་མི་དེ་དག་རེད་མ་གཏོགས། བྱེས་སུ་གྱར་བའི་གང་ཟག་གམ་སྒྲིག་ཚོགས་སུ་ལའང་ནུས་པ་དང་སྙིང་སྟོབས། སེམས་ཤུགས་སོགས་རྩ་བ་མེད་པ་དེ་གཞིས་ཀྱི་བོད་མི་དེ་དག་གིས་ཤེས་དགོས་རྒྱུར། ང་དང་ང་འདྲ་བའི་ཆབ་སྲིད་དང་རྒྱང་ཐག་རིང་ཞིང་རང་གི་རྐང་རུས་ཤ་ཁྲག་གཅིག་པའི་མི་རིགས་ལ་དུང་བ་ཟབ་པ་ཁག་གཅིག་གིས་འབོད་སྐུལ་ཡིན། རང་གིས་འདོད་པ་སྒྲུབ་ཆེད་དུ་ཅིག་འཇོན་མདོག་མདོག་དང་། གཉིས་བསྒྲུབ་མདོག་མདོག་གིས་ཉམས་ཆུང་བོད་རིགས་རྣམས་ལ་མགོ་སྐོར་མི་གཏོང་བར་ཁོང་ཚོར་ཞི་བདེ་ལྷིང་འཇགས་དང་ནང་མི་ཚ་སོབ་སོབ་གི་འཚོ་བ་ཞིག་བསྐྱལ་བཅུག་རོགས།

    Reply
  10. ཤར་མདའ། says:
    ལོ་ 14 སྔོན།

    དོན་དམ་བོད་ནང་དུ་ད་སྐབས་གནང་སྟངས་འཛའ་དྲག་ཆགས་ཡོད་པ་དངོས་ཡོད་རེད།   འདི་འདྲ་ལས་འགུལ་གནང་ཐུབ་པ་ཧ་ཀྱང་ཡག་པོ་འདུག   ད་དུང་ལས་འགུལ་གང་མང་ཞིག་གནང་རོགས་ཞུ་དང་གང་ཟང་སྒེར་པ་གཅིག་གཉིས་ཞིག་གི་དུས་རྟག་ཏུ་སྐྱོན་བརྗོད་བྱེད་ཀྱི་རེད་དེ་ལ་ཉལ་དགོས་པ་གང་ཡང་ཡོད་ནི་མ་རེད་དེ་ཚོས་རྒྱབ་ན་སུ་ཞིག་ཡོད་མེད་གླེང་དཀའ་མོ་རེད།   ང་ཚོ་ལ་ནུས་པ་ཞིག་ཡོད་པ་ལས་འགུལ་སྤེལ་ནས་འཛམ་གླིང་མི་མང་ལ་བསྒྲགས་ཀྱི་དེ་རེད་མ་ཟད་ང་ཚོ་བོད་ནང་གི་བོད་མིའི་མགྲིན་ཚབ་པ་ཞིག་བྱེད་ཐུབ་གནང་དགོས་པ་རེད་དྲན་སོང་ལས་འགུལ་གནང་མཁན་ཚང་མ་ལ་དགའ་བསུ་དང་དུ་དུང་ཤུགས་རྒྱག་རོགས་ཞུ་རྒྱུ་ཡིན།

    Reply
  11. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཡག་པོ་བྱུང་འདུག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་རེད་ཟེར་ནས་བཤད་བཞིན་ཡོད་རེད་ལ། དོན་ལ་ཡང་ལས་འགུལ་དེ་ལྟ་བུ་སྤེལ་བཞིན་འདུག་པས་དོན་དང་མཐུན་པ་ཞུག་རེད་འདུག་པས་བསྔགས་བརྗོད་ཡོད། མུ་མཐུད་མདུན་བསྐྱོད་བྱེད་རོགས།

    ངེད་ཅག་རྣམས་བརྒྱ་བཤད་སྟོང་བཤད་ཞེ་དྲག་བྱེད་མ་དགོས་པའི་ཐོག་ནས་ཚེས་ ༡༩ ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་ལ་མཉམ་ཞུགས་གནང་རོགས། བྱུང་ན་རྒྱ་གར་གྱི་རྒྱལ་ས་དྷི་ལི་རུ་འཛོམས་རོགས། དེ་མིན་དཔྱད་རྩོམ་འདྲ་ཆགས་པོ་དང་ཁ་ནས་གཅིག་བྱེད་དགོས་རྒྱུ་གཉིས་བྱེད་དགོས་རྒྱུ་སོགས་མང་དག་གཅིག་བཤད་ནས་ཕན་ཐོགས་མེད། འདྲ་ཆགས་པོ་སུས་ཀྱང་བཤད་ཐུབ། དགོངས་འགལ་མེད་པར་ཞུ། འདི་ནི་གང་ཟག་བྱེ་བྲག་པ་ལ་ཞུས་པ་ཞིག་མིན་པར་སྤྱི་ཡོངས་ལ་ཞུས་པ་ཡིན།

    Reply
  12. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    མི་ལོ་ལྔ་བཅུ་ལ་འདི་འདྲའི་འདྲ་ཆགས་མདོག་གི་སྐད་ཆ་རྐྱང་བཤད་བཤད་ནས་ད་རྣ་བ་ཚ་སོང་།
    རྡ་སའི་རི་གྲོང་ནས་ཀ་ཅ་རི་བར་དུ་གོམ་པ་བརྒྱབ་བརྒྱབ་ནས་རྐང་པ་ན་སོང།
    གྲུབ་འབྲས་སྣ་གཅིག་ཀྱང་ཐོན་མ་སོང།
    ལས་འགུལ་ཚང་མ་ལ་རྒྱ་དང་མི་རིགས་ཀྱི་ཞེན་འཁོགས་ཚོར་སྣང་དང་འཆར་གཞི་དམིག་ཡུལ་ཡོད་པའི་ལས་འགུལ་ཞིག་སུས་ཀྱས་སྤེལ་གྱི་མི་འདུག
    ལས་འགུལ་ཚང་མ་ངོ་སྲུང་དང་སྤེལ་ལད།
    དཔལ་འབྱོར་འདུ་འགོད་ཀྱི་ལས་འགུལ་རེད་ཤག
    ང་དེང་སང་ལས་འགུལ་གང་ལ་ཡང་འགྲོ་གི་མེད་ཕྱིན་ཆད་ཀྱང་འགྲི་རྩིས་མེད།
    བོད་ནང་གི་རྒྱལ་གཅེས་དཔའ་བོ་དེ་ཚོའི་ཆེད་དུ་མ་ཎི་རེ་དང་སྨོན་ལམ་རེ་བྱ་གི་ཡོད།
    ཁོང་ཚོ་དང་ཁོང་ཚོའི་ནང་མི་སྤུན་མཆེད་ལ་སྙིང་རྗེ་གི་འདུག
    ཤ་ཚ་གི་འདུག
    གཞན་ང་ལ་རེ་བ་གང་ཡང་མེད་པར་ཆགས་ཚར་སོང

    སྐད་ཆ་དྲང་གཏམ་རང་ཡིན།

    Reply
  13. ཆོས་སྒྲོན། says:
    ལོ་ 14 སྔོན།

    ཕྱོགས་གཅིག་ལ་ཛ་དྲག་གི་གནས་ཚུལ་བྱུང་སྐབས་ཕྱོགས་ཡོངས་ནས་རྡོག་རྩ་ཅིག་ཏུ་སྒྲིལ་ནས་ནུས་པ་མཉམ་རུབས་བྱེད་གལ་ཆེ།. ད་ལན་གྱི་གོ་སྐབས་འདི་བརྒྱུད་ནས་བཙན་བྱོལ་ནང་ནས་རྒྱ་མིས་བཅའ་ལག་ཉོ་ཚོང་མཚམས་འཇོག་དང་ལྷག་པར་དུ་དུས་འཁོར་དབང་ཆེན་སྐབས་སུ་སྐད་ཡིད་དར་སྤེལ་དང་རྒྱ་མིས་བཅའ་དངོས་གཅིག་ཀྱང་བཀོལ་སྤྱོད་མི་གནང་ཐབས་སུ་ལས་འགུལ་སྤེལ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese