རྒྱ་བལ་འབྲུག་གསུམ་ཁུལ་ནས་བོད་པ་མི་ཉུང་བ་ཞིག་ཡུ་རོབ་རྒྱལ་ཁབ་ཁག་ཏུ་བསྐྱོད་དེ། ད་ཆར་སིད་སི་དང་བྷེལ་ཇམ། ཧྥ་རན་སི་གཙོས་པའི་ཡུ་རོབ་རྒྱལ་ཁབ་བཅུ་གྲངས་ནང་ཁྱོན་བོད་པ་ཆིག་ཁྲི་ ༡༠༠༠༠ ལྷག་གནས་སྡོད་བྱས་ཡོད་ཀྱང་། དེ་དག་ཁྲོད་དང་བླང་དཔྱ་དངུལ་འབུལ་མཁན་མི་ ༤༠༠༠ ཙམ་ལས་མི་འདུག་ཟེར།
སི་ཕན་བོད་ཁང་འགན་འཛིན་དང་ཡུ་རོབ་སྤྱི་འཐུས་གྲྭ་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཡུ་རོབ་ཁུལ་གྱི་བོད་མིའི་གནས་སྟངས་སྐོར་ངོ་སྤྲོད་བྱས་དོན་ལྟར་ན། ད་ཆར་ཡུ་རོབ་ཁུལ་དུ་ཁྱོན་བོད་པ་ཆིག་ཁྲི་ ༡༠༠༠༠ ཙམ་ཡོད་པའི་ཁྲོད། སུད་སིར་བོད་པ་ ༤༠༠༠ དང་། བྷེལ་ཇམ ༡༣༠༠། ཧྥ་རན་སིར་བོད་མི་ ༡༢༠༠ ཙམ་བཅས་ཡོད་པ་དང་། འཇར་མན་དང་དབྱིན་ལན། ཨི་ཊ་ལི། ཨོ་སི་ཊོ་ལི་ཡ། སི་ཕན། ནོར་ཝེ། ཌན་མག སི་ཝེ་ཌིན། ཧྥིན་ལན་ཌི། གྷི་རི་སི། ཕོར་ཅི་གྷལ་བཅས་སུ་བོད་མི་བཞི་སྟོང་ ༤༠༠༠ གནས་སྡོད་བྱེད་ཀྱི་ཡོད་ལ། འདས་པའི་ལོ་ངོ་ ༤༠ ནང་སུད་སི་ནང་བོད་རིགས་ཚོགས་པ་དང་མཛའ་འབྲེལ་ཚོགས་པ། ཟློས་གར་དང་གཞོན་ནུ་ཚོགས་པ་སོགས་གསར་འཛུགས་གནང་ཐུབ་པ་དེས། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཐོག་གྲུབ་འབྲས་གང་འཚམ་བྱུང་ཡོད་ལ། ཕྱིས་སུ་འབྱོར་མཁན་བོད་པ་ཚོར་བོད་སྐད་ཀྱི་བག་ཆགས་མཐུག་པོ་ཡོད་ཐོག ཁོང་ཚོའི་བྱིས་པ་ཚོར་ཡང་རེས་གཟའ་སྤེན་པ་དང་ཉི་མ་ནམ་ཡིན་ལ་བོད་ཀྱི་ཟློས་གར་དང་བོད་ཡིག་སློབ་ཁྲིད་གནང་བཞིན་པ་མི་རིགས་ངོ་བོ་སྲུང་སྐྱོབ་ཕབ་ཐོགས་ཆེན་པོ་ཡོང་གི་ཡོད་པ་རེད། སི་ཕན་ལ་མཚོན་ནའང་། བོད་མི་ ༡༡༠ ཙམ་ལས་མེད་ཀྱང་༼ སི་ཕན་བོད་ཁང ༽ཞེས་པ་ཞིག་གསར་འཛུགས་ཀྱིས་སྐབས་བསྟུན་གྱི་བོད་ཀྱི་རིས་མེད་བླ་ཆེན་ཁག་གདན་ཞུ་དང་། ཚེས་བཟང་དུས་བཟང་ལ་སྨོན་ལམ་འདོན་པ། ཟློས་གར་དང་གཉེན་སྟོན། ཐུགས་སྤྲོ་སོགས་གོ་སྒྲིག་གནང་བཞིན་ཡོད་འདུག
སྤྱི་འཐུས་དབང་ཆེན་ལགས་ཀྱིས་ཡུ་རོབ་བོད་མིའི་དཔྱ་དངུལ་གནས་སྟངས་ཐད་ལ། ཡུ་རོབ་རྒྱལ་ཁབ་ཁག་ཏུ་བོད་མི་ཆིག་ཁྲི་ཙམ་ཡོད་པའི་ཁྲོད་དཔྱ་དངུལ་འབུལ་མཁན་བོད་མི་ ༤༠༠༠ ལས་བྱུང་མེད་ཅིང་། ད་ལོའི་བཀའ་སྤྱིའི་འོས་འདེམས་ནང་ཡུ་རོབ་རྒྱལ་ཁབ་ཅིག་ཏུ་མི་ ༣༠༠ ཙམ་ཡོད་པའི་ནང་ལས་འོས་ལྡུག་མཁན་ ༡༥ ཙམ་ལས་བྱུང་མེད་པ་དང་། རྒྱལ་ཁབ་ཅིག་ཏུ་མི་ ༢༨༠ ནང་འོས་ལྡུག་མཁན་༩ ལས་བྱུང་ཡོད་མི་འདུག བོད་པ་མང་པོ་ཞིག་སྐྱབས་བཅོལ་ལ་འབྱོར་སྐབས་སོ་སོའི་མིང་ལ་འགྱུར་བ་གཏོང་དགོས་བྱུང་ཡོད་སྟབས། ད་ལྟ་དོན་གཅོད་ཁང་ལ་ཕར་དཔྱ་དངུལ་ཕུལ་ནའང་ལག་དེབ་སྤྲོད་ཀྱི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། བཀའ་ཤག་རྙིང་པས་བོད་པ་ཚོས་མིང་རྫུན་མ་བེད་སྤྱོད་བཏང་བ་དེ་ཁྲིམས་འགལ་གྱི་ངོ་བོར་བརྩིས་ཏེ་རྒྱབ་སྐྱོར་གནང་མེད་ཅིང་། བཀའ་ཤག་གསར་པའི་དཔལ་འབྱོར་བཀའ་བློན་མཆོག་གིས་ཀྱང་སྲིད་བྱུས་དེར་འགྱུར་བ་མེད་ལུགས་གསུངས་ཡོད་སྐོར་བརྗོད་བྱུང་།
ཁོ་རང་ཡུ་རོབ་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་ཡུ་རོབ་ཁུལ་གྱི་བོད་མི་རེ་ནས་ལོ་རེར་དཔྱ་དངུལ་ཡུ་སྒོར་ ༧༦ ཙམ་འབུལ་དགོས་པ་དེ་དག་དུས་ཐོག་ལ་ལེན་རྒྱུ་དང་། ལོ་ཤས་རིང་དཔྱ་དངུལ་སྤྲད་མེད་མཁན་ཚོར་ཡུ་སྒོར་ ༡༠ རེ་ཆག་ཡང་བཏང་སྟེ་བསྡུ་རུབ་བྱས་ཏེ། གང་ཐུབ་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ཐོག་རོགས་རམ་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།
གསར་འགོད་པས་ཁོང་ལ་བོད་པ་མང་པོ་ཁྲིམས་མཐུན་ཁྲིམས་འགལ་ཅི་རིགས་ཐོག་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཕེབས་ཀྱི་ཡོད་པ་དེར་གཟིགས་ཚུལ་ཅི་ཡོད་དྲིས་པར། “ ཁྲིམས་མཐུན་གྱི་ཐོག་ནས་བསླེབ་ན་ལམ་ཁ་ཡག་ཤོས་ཆགས་ཡོད་ཀྱང་། བོད་མི་མང་ཆེ་བ་ཁྲིམས་མཐུན་ཐོག་ཡོང་རྒྱུའི་མཐུན་རྐྱེན་དང་ཐབས་ལམ་གཉིས་ཀ་ཡོད་པ་མ་རེད། ཐབས་ལམ་དེ་ཁྲིམས་འགལ་ཆགས་ཡོད་ནའང་ཁོང་ཚོར་ཐབས་ཤེས་གཞན་མེད་དུས་ལམ་ཁ་དེ་བརྒྱུད་ནས་ཡོང་དགོས་པ་ཆགས་ཡོད། སྤྱིར་བཏང་ཁྲིམས་མཐུན་བྱས་ཏེ་ཡོང་ན་ལམ་འགྲོ་རྒྱུག་ཁག་པོ་ཡིན་དུས། སྒོར་མོ་མང་པོ་སྤྲད་དེ་བོད་ནས་མ་ཡོང་ནའང་ཡོང་བ་ཡིན་ཞེས་སྐྱག་རྫུན་བཤད་ཀྱི་ཡོད་པ་རེད། དེ་ཚོ་རྩ་བའི་ཆ་ནས་ཡག་པོ་མིན་ནའང་། མི་སོ་སོར་རང་དོན་རེ་བསྒྲུབ་རྒྱུ་ཡོད་སྟབས། ཁྲིམས་འགལ་ཐོག་བསླེབ་ནའང་ང་ཚོའི་ངོས་ནས་བོད་པ་ཚོར་ཡིག་ཆ་རག་རྒྱུ་དང་ལས་ཀ་ཡག་པོ་རག་རྒྱུར་གང་ཐུབ་རོགས་རམ་བྱེད་ཀྱི་ཡོད། བོད་གཞུང་གིས་ཁྲིམས་འགལ་གྱི་འགྲོ་སྟངས་དེར་ངོས་ལེན་གནང་གི་མེད་ཀྱང་། ཕར་ཕྱོགས་སུ་བསླེབས་རྗེས་བོད་པ་མང་ཆེ་བ་རང་གི་མི་རིགས་དང་རིག་གཞུང་ལ་བདག་པོ་རྒྱག་ཐུབ་མཁན་རྐྱང་ཆགས་ཡོད ” ཅེས་སོགས་ས་བརྗོད་སོང་།
ཁོང་གིས་མུ་མཐུད་དུ་ཡུ་རོབ་ནང་གི་བོད་དོན་དང་འབྲེལ་བའི་ལས་འགུལ་སྐོར་བརྗོད་དོན། “ ཡུ་རོབ་ནང་ལས་འགུལ་སྤེལ་མཁན་མང་ཆེ་བ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཆགས་ཡོད། བོད་ཀྱི་ལོ་གསར་དང་འཁྲུངས་སྐར་སྐབས་མི་དེ་ཙམ་མང་པོ་འཛོམ་གྱི་མི་འདུག གསུམ་བཅུའི་དུས་དྲན་དང་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་སྐབས་མི་མང་པོ་འཛོམ་ཀྱི་ཡོད། དེ་མིན། བོད་རིགས་ཚོགས་པ་ཁག་གིས་གོ་སྒྲིག་བྱས་ན། ཕྱི་རྒྱལ་མི་རིགས་དེ་ཙམ་མཉམ་ཞུགས་བྱེད་ཀྱི་མེད་པར་མ་ཟད། ཁོང་ཚོའི་ལས་འགུལ་ལ་མཚམས་རེར་རྒྱབ་སྐྱོར་ཡོད་པའི་བཟོ་འདྲ་བོ། མཚམས་རེར་རྒྱབ་སྐྱོར་དེ་ཙམ་མེད་པའི་བཟོ་འདྲ་བོ་འདུག དེའི་ཐོག་ལ་བོད་རིགས་ཚོགས་པ་ཁག་གི་བསམ་བློ་ཡག་པོ་བཏང་སྟེ་ཡར་རྒྱས་གཏོང་དགོས་ཀྱི་འདུག ” ཅེས་བརྗོད་སོང་།
ནོར་ཝེ་བོད་དོན་ཚོགས་པའི་འགན་འཛིན་དང་ཡུ་རོབ་སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་ཀྱིས་བརྗོད་དོན་ལྟར་ན། ད་ཆར་ཡུ་རོབ་ཁུལ་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༦༠ ལྷག་ཡོད་པ་དང་། ཚོགས་པ་དེ་དག་གི་དམིགས་ཡུལ་ནི་བོད་ཀྱི་རིག་གཞུང་ལ་རྒྱབ་སྐྱོར་དང་། ཆབ་སྲིད་བཙོན་པར་རྒྱབ་སྐྱོར། ལམ་དབུ་མར་རྒྱབ་སྐྱོར། རང་བཙན་ལ་རྒྱབ་སྐྱོར་བཅས་ཡིན་འདུག ནོར་ཝེ་ནང་བོད་དོན་ཚོགས་པ་དང་བོད་རིགས་ཚོགས་པ་གཉིས་ཡོད་པའི་ནང་། བོད་དོན་ཚོགས་པར་ཡན་ལག་ཚོགས་པ་ ༤ དང་ཁྱོན་ཚོགས་མི་ ༡༥༠༠ ཙམ་ཡོད་པ་དང་། བོད་རིགས་ཚོགས་པར་ཚོགས་མི་ ༥༠ ཙམ་ལས་མེད་ཟེར། ཆུང་བདག་ལགས་ཀྱིས་ལོ་མང་རིང་ཚོགས་པ་དེ་གཉིས་ནང་ཕྱག་ལས་གནང་བཞིན་པར་མ་ཟད། ད་ལྟ་བོད་དོན་ཚོགས་པའི་འགན་འཛིན་དང་བོད་རིགས་ཚོགས་པའི་འགན་གཅིག་ལྕོགས་ཡིན་འདུག
ཆུང་བདག་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བརྗོད་དོན། “ སྤྱིར་བཏང་ཡུ་རོབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་འགུལ་སྤེལ་ཕྱོགས་དེ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་དེ་རེད་བསམ་གྱི་ཡོད། ཡིན་ནའང་། བོད་དོན་ལས་འགུལ་སྔར་ལས་ཚགས་ཚུད་ཡོང་ཆེད། ཉེ་སྔོན་ནས་རྒྱལ་ཁབ་རེར་བོད་དོན་ཚོགས་པའི་ལས་ཁུངས་ཨ་མ་རེ་བཙུགས་ཡོད་ལ། དེ་ནས་ཚོགས་པ་དེ་དག་ལོན་ཊོན་དུ་གསར་འཛུགས་བྱས་པའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་བཀོད་འདོམས་འོག་འགྲོ་དགོས་ཀྱི་ཡོད། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་ནང་བོད་པའི་འཐུས་མི་གཅིག་ཀྱང་མེད་པར་བརྟེན། ན་ནིང་ལོར་རྒྱ་གར་ཧ་རུ་ཡཱ་ནར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཚོགས་སྐབས། བོད་དོན་རྒྱབ་སྐྱོར་ཚོགས་པ་ལབ་ན་འགྲིག་གི་མི་འདུག་ལབ་སྟེ། མཐར་བོད་དོན་ཚོགས་པ་ཞེས་པར་མིང་བསྒྱུར་བྱས་ཡོད། དེ་ཡིན་དུས། བོད་དོན་ཚོགས་པ་དེ་དག་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་ལས་དེར་བོད་རང་བཙན་དང་ལམ་དབུ་མའི་དབྱེ་བ་གང་ཡང་ཡོད་པ་མ་རེད ” ཅེས་བརྗོད་སོང་།
གསར་འགོད་པ། དཔལ་ལྡན།
བཀའ་ཤག་སྐབས་སྔོན་མ་གཉིས་ཀྱི་དུས་སུ་དཔྱ་དངུལ་ལག་དེབ་གསོར་བཟོའི་ཐད་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། ད་དུང་མུ་མཐུད་དུ་ལས་འཕྲོ་སྐྱོང་ན་དཔྱ་དངུལ་ལག་དེབ་བརྒྱ་ཆའི་དགུ་བཅུ་བར་ལ་འཕེལ་རྒྱས་གཏོང་ཐུབ་ངེས་རེད།
དེ་སྔོན་ཆག་ཡང་གཅིག་བཏང་བ་དེས་ལག་དེབ་གསར་བཟོ་ཐད་ལ་ཕན་ཐོགས་བྱུང་ཡོད། རྒྱལ་ཁོངས་སོ་སོའི་དོན་གཅོད་ཁང་ནས་དཔྱ་དངུལ་ལག་དེབ་ཐད་ཀར་དུ་བཟོ་ཆོག་པའི་སྒྲིག་གཞི་ཞིག་གཏན་འཁེལ་ཐུབ་ན་ལས་ཀ་བྱེད་རྒྱུར་སྟབས་བདེ་ཡོང་གི་རེད། མི་དམངས་ནང་ལ་ཞལ་འདེབས་འབུལ་འདོད་ཡོད་མཁན་ཧ་ཅང་མང།
ཕྱི་ལོ་༢༠༠༧ལོར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཀེ་ན་ཌ་ཁྲོ་རོན་ཀྲོ་ལ་ཕེབས་སོང་། སྐབས་དེ་བོད་མི་ཚོས་དགའ་འཚོ་ཆེན་པོས་ཕེབས་བསུ་དང་མི་མང་ཡོངས་ལ་བཀའ་སློབ་ཞིག་ཀྱང་གནང་སོང་། སྐབས་དེར་བཀའ་ཁྲི་རིན་པོ་ཆེ་མཆོག་གིས་གསུང་དོན། ཁྱེད་རང་ཚོ་འདིར་སླེབས་སྡོད་པ་ཕལ་ཆེ་བ་ཁྲིམས་འགལ་གྱི་ལམ་ནས་སླེབས་སྡོད་པ་ཤ་སྟག་རེད་བཅས་ཐུགས་ཐག་ཆད་པོས་གསུངས་སོང་། །ཁྲོ་རོན་ཀྲོ་གྲོང་འཁྱེར་ནང་བཀའ་ཤག་བརྙིང་པས་ཁྲིམས་འགལ་གྱི་ནག་ཉེས་འཕོག་ཟིན་པ་དེ་འདྲ་ཞིག་ཡིན་ན་ཡང་ཁྲོ་རོན་ཀྲོ་གནས་སྡོད་བོད་མི་ཚོས་སྔ་ལོ༢༠༡༠ ཕྱི་ཟླ་༣ པ་ནས་འདི་ལོ་ཕྱི་ཟླ་༥བའི་བར་འདས་པའི་ཟླ་ངོ་༡༤་རིང་ལ་རང་བཙན་ལག་དེབ་ཀྱི་དངུལ་འབབ་དེ་ཧིན་སྒོར་ས་ཡ་བདུན་༧༠༠༠༠༠༠ལྷག་ཕུལ་འདུག དངུལ་འབབ་དེ་དག་ཀྱང་ཁྲིམས་འགལ་ཉེས་ཅན་པའི་ལག་ནས་བླངས་པའི་དངུལ་འབབ་ཡིན་སྟབས་བོད་གཞུང་ནས་བཞེས་ཡོད་མེད་ནི་མ་ཤེས། ཚུར་སློགས་འདུག་ཟེར་བ་དེ་འདྲ་ནི་གོ་རྒྱུ་མི་འདུག གཅིག་བྱས་ན་དཔལ་འབྱོར་ལས་ཁང་ནས་ཁ་ཁར་ཉར་སྡོད་ཡོད་འགྲོ
འཐུས་ཤོར་འདི་གཞུང་དམངས་གཉིས་ཀར་འཁྲི་བ་ཞིག་ལས་མི་དམངས་གཅིག་པོས་འགན་མ་འཁུར་བ་ཞིག་མ་རེད། དཀའ་ངལ་དངོས་དེ་ཤེས་འདོད་ཡོད་ན། འདིའི་ཆེད་དུ་སུད་སི་དོན་གཅོད་ལ་ཐེངས་མང་འབྲེལ་བ་བྱས་ཀྱང་དོན་ཕན་མ་བྱུང་སྟབས། ཉེ་འཆར་སྤྱི་འཐུས་རྒྱུན་ལས་སུ་འདི་ལ་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཡོད་པ་གོ་ཐོས་ལྟར་འབྲེལ་བ་བྱས་ཀྱང་། ཕར་བོད་ཡིག་གིས་སྙན་ཞུ་བྲིས་ན་བདུན་ཕྲག་རེ་འགའི་རྗེས་སུ་ཚུར་དབྱིན་ཡིག་གིས་ལན་ཐན་ཐུན་རེ་རྒྱག་གིན་འདུག ཁོ་ཚོས་དཀའ་ངལ་དང་འཐུས་ཤོར་འདི་ལྟ་བུར་ཞིབ་འཇུག་ཅི་ལྟར་བྱེད། ཕར་ཡིག་ཐོག་ནས་་frankfurt ཧྥི་རན་ཁི་ཧྥོར་ཊི་ས་གནས་བོད་རིགས་ཚོགས་ཆུང་ཞེས་བྲིས་ན་ཚུར་franceཧྥ་རན་སི་བོད་རིགས་ཚོགས་པ་ལ་ཞེས་ལན་རྒྱག་གིན་འདུག གནས་ཚུལ་ལ་ཞིབ་འཇུག་ཚགས་ཚུད་ཕར་ཤོག ཐ་ན་ས་གནས་གང་ཞིག་ནས་བཏང་བར་ཡང་ཡག་པོ་བལྟ་གིན་མི་འདུག ས་གནས་འདིར་མཚོན་ན་་མི་དམངས་ཀྱིས་དངུལ་སྤྲོད་མིན་གྱི་དཀའ་ངལ་མ་ཡིན་པར་ལག་དེབ་གསར་བཟོའི་དཀའ་ངལ་སོགས་རང་གཞུང་བཀའ་ཤག་དང་སྤྱི་འཐུས་གྲོས་ཚོགས་ནས་ངེས་པར་ཞིབ་འཇུག་གནང་དགོས་སའི་འཐུས་ཤོར་མང་པོ་ཞིག་ཡོད་སྟབས། ཉེ་འཆར་ཡོ་རོབ་སྤྱི་འཐུས་ས་གནས་སུ་གདན་འདྲེན་ཞུ་རྒྱུ་བྱས་ཏེ་ཚོགས་ཁང་བཙལ་ཏེ་མི་དམངས་ལ་བརྡ་ཐོ་བཏངས་ཟིན་མོད། འཚོགས་གཏན་འཁེལ་བའི་ཉིན་ཤས་སྔོན་ལ་སྤྱི་འཐུས་མཆོག་གི་ཡོང་མི་ཐུབ་པའི་ལན་འབྱོར་བྱུང་། གོ་ཐོས་སུ་རྐུན་རྒྱབ་ཇག་ལངས་ཀྱིས་སྤྱི་འཐུས་ཕྱིར་འཐེན་བྱས་བ་གོ་བྱུང་།
དེབ་བསྐྱལ་ཟིན་པ་རྣམས་ལ་དྲྭ་ལམ་ནས་སོ་སོའི་གནས་ཚུལ་ཞིབ་ཕྲ་བལྟ་ཐུབ་པ་དང་། དཔྱ་ཁྲལ་ཕུལ་ཐུབ་པ། དེ་རིང་སང་ཉིན་གྱི་ལས་འགུལ་འདི་འདྲ་བ་སྤེལ་སྐབས་ཞལ་འདེབས་ཕུལ་འདོད་ཡོད་ན་ཕུལ་ས་ཡོད་པ་ཞིག་བཟོ་དགོས་པ་གལ་ཆེར་མཐོང་། དེ་འདྲ་བྱུང་ན་སྤྱི་སྒེར་གཉིས་ཀར་སྟབས་བདེ་དང་ཁེ་ཕན་ཆེ་བར་མཐོང་། ང་ཚོས་འཆར་ཅན་དུ་མ་སོང་བར་དུས་དང་བསྟུན་ནས་གོམ་པ་མདུན་སྤོས་དང་ཡར་རྒྱས་ངེས་པར་དུ་བཏང་དགོས།
འགྱུར་མེད་བསྟན་འཛིན། ཟེར་བའི་མི་ངན་དེར་དུས་བབ་ནས་སྟངས་འཛིན་གནང་རོགས་ཟེར་དེ་སྔོན་ནས་རེ་བ་ཞུས་པ་ཡིན། ད་ལྟོས་དང་། ཁོས་ཅི་ཞིག་བཤད་འདུག
དུས་དང་བསྟུན་ནས་དྭངས་བླང་དཔྱ་ཁྲལ་ཡང་དྲྭ་ལམ་བརྒྱུད་ནས་འབུལ་ཐུབ་པ་ཞིག་བཟོས་གནང་ན་ཡག་པོ་འདུག དེ་མིན་བླ་མ་ཡོད་དུས་སློབ་མ་མེད། སློབ་མ་ཡོད་དུས་བླ་མ་མེད་པའི་གནས་སྟངས་ཆགས་ཀྱི་འདུག ང་ཚོར་དུས་ཚོད་ཡོད་དུས་དངུལ་བཞེས་མཁན་མ་བཞུགས་པ་དང་། ཁོང་རྣམས་ཡོད་དུས་ང་ཚོར་དུས་ཚོད་མེད་པ་འདི་འདྲ་ཡོང་གི་འདུག
མཚམས་རེ་དཔྱ་ཁྲལ་ལེན་མཁན་གྱི་བོད་ཡིག་མཐོང་དུས་ངུ་ཡང་བྲོ་ལ་དགོད་ཀྱང་བྲོ་བའི་གནས་ཚུལ་བྱུང་མྱོང་། འདི་ཞོར་འཕྲོས་ཡིན།
བཀའ་དྲིན་ཚོར་ཤེས་མེད་པའི་འགྱུར་མེད་བསྟན་འཛིན་ཁྱོད་ལྟ་བུའི་མིའི་ལུས་ལ་བྱོལ་སོང་གི་སྙིང་རྩ་ཅན་རྣམས་ཀྱིས་རང་གི་གཞུང་ལ་མཐོང་ཆུང་དང་ཁྱད་གསོད་བྱས་དང་བྱེད་བཞིན་པ་ཙམ་དུ་མ་ཟད། མ་འོངས་པར་ཡང་བྱེད་ངེས་རེད། དཔྱ་དངུལ་མི་སྤྲོད་པ་དང་རང་གཞུང་མི་བརྩི་བ་ནི་ཁྱོད་ཀྱི་འཇོན་ཐང་མིན་པར། ཁྱོད་ཀྱིས་རང་གི་ཕ་རབས་བུ་རྒྱུད་ལ་བཞག་པའི་ཞབས་འདྲེན་དང་ནག་ཉེས་རེད།
ཡུ་རོབ་ཁུལ་དུ་ཡོད་པའི་བོད་མི་དེ་དག་གིས་དཔྱ་དངུལ་མི་སྤྲོད་པའི་རྒྱུ་མཚན་གཙོ་བོ་ངས་ལྟོས་ན་ཁོ་ཚོར་རྒྱལ་ཞེན་དང་རིགས་ཞེན་གྱི་འདུ་ཤེས་མེད་པ་འམ་ཡང་ན་ཆུང་དྲག་པའི་རེད་བསམ་གྱིད་འདུག དེས་ཕྱིར་ང་ཚོའི་གཞུང་འཛིན་པ་རྣམས་ཀྱིས་བོད་མི་རྒན་དར་གཞོན་གསུམ་གྱི་རྒྱུད་ལ་རྒྱལ་ཞེན་དང་རིགས་ཞེན་གྱི་ས་བོན་བཏབ་སྟེ་སྨྱུ་གུ་འཁྲུགས་པའི་ཐབས་ལ་ངེས་པ་དུ་འབད་པ་བྱེད་དགོས་སོ།
རང་སྤྱི་ཚོགས་ནང་ཡོད་དུས་ཟ་ཀྱང་འཐུང་ཀྱང་རྐང་སྐྱོང་ལག་སྐྱང་ཕྱི་རྒྱལ་ལ་སླེབས་རྗེས་རང་ཉིད་བོད་པ་རྗེད་པ་དང་བོད་གཞུངགི་རེ་ཆེན་བྱས་ཏེ་བཏང་པའི་ཚོས་ཡང་རང་ཉིད་བོད་པ་ཡིན་དང་བོད་གཞུང་གི་བདག་སྐྱོང་བྱས་པ་ཡང་བརྗེད་པ་ངོ་ཚ་མེད་་ཁྲེལ་མེད།།
བཙན་བྱོལ་བོད་མི་སུ་ཡིན་གྱིས་བོད་རྒྱལ་ཁབ་ལ་རང་གི་རྒྱལ་ཁབ་ཀྱི་བརྩི་མཐོང་དང་། རང་ཉིད་བོད་ཀྱི་འབངས་མི་ཡིན་པའི་འདུ་ཤེས་ཁྱེར་ནས་རྒྱལ་ཁབ་ཀྱི་དཔྱ་དངུལ་འབུལ་རྒྱུ་གལ་ཆེ་ལ། གཞུང་ངོས་ནས་ཀྱང་ལག་དེབ་དེས་དོ་བདག་དེར་གནས་ཡུལ་ལུང་པ་གང་དེའི་ལག་འཁྱེར་དང་མཐུན་པའམ་གང་ལྟར་ཁོ་ལ་ཕན་ཐོག་ཡོད་ཁ་ཞིག་བཟོ་དགོས་འདུག
དེ་ཚོ་ལ་ཁེ་བཟང་གི་ནད་གཞི་ཕོག་ནས་ཡིན་རྒྱུ་རེད།
བྱུང་ན་དཔྱ་དངུལ་ངེས་པར་དུ་འབུལ་དགོས་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་དཔྱ་དངུལ་དགོས་མཁོའི་སྲིད་བྱུས་དང་དམིགས་ཡུལ་དེ་ཆབ་སྲིད་ལས་དཔལ་འབྱོར་གལ་ཆེ་བ་བརྩིས་ཙང་འབུལ་མཁན་གྲངས་ཉུང་དུ་ཕྱིན་པའང་ཡིན་སྲིད་པ་རེད། འདི་ནི་བསམ་འཆར་ཙམ་མོ །
འདི་ཁུལ་ན་ཡང་། དཔྱ་དངུལ་ལེན་མཁན་མེད་པའི་དཀའ་ངལ་བཤད་མཁན་ཁ་ཤས་ལ་ཐུག་བྱུང་། ཕར་ཞུ་བ་འཐེན་དགོས་པའི་ཚད་ལོས་ཡིན་སྙམ་པ་ཞིག་བཤད་གི་འདུག
ཡུ་རོབ་ཀྱི་བོད་མི་ཆིག་ཁྲིའི་ཁྲོད་ནས་ ༤༠༠༠ སྟོང་དཔྱ་དངུལ་ཕུལ་ཡོད་ཚེ་གང་ལ་གང་འཚམ་གྱིས་ཡག་ཐག་ཆོད་རེད།
ཆིག་ཁྲིའི་ནང་དུ་འཚོ་བ་རང་མགོ་མི་འཁྱོལ་མཁན་ཡང་གང་འཚམ་ཡོད་ཀྱི་རེད།
དཔྱ་དངུལ་འབུལ་འདོད་ཡོད་རུང་འབུལ་མ་ཐུབ་པ་དང་། སྟབས་མ་འགྲིག་པ་ནི་མང་ཤོས་ཡིན་རྒྱུ་རེད་འདོད།
བཀའ་ཤག་ལ་དབང་ཆ་བརྒྱ་ཆ་བརྒྱ་ནི་ཡོད་ཀྱི་མ་རེད། མང་ཚོགས་ལ་དཔྱ་དངུལ་འབུལ་འདོད་ཡོད་ཚེ། གྲོས་ཚོགས་བརྒྱུད་ནས་ཁྲིམས་བཟོ་དགོས་པ་རེད་འདོད། ང་ཚོ་དམངས་གཙོའི་གཞུང་རེད་མ་གཏོགས། དམར་ཤོག་གཞུང་མ་རེད།
འགྱུར་བསྟན་རང་ཉིད་ཡི་གེ་དེ་ཚོ་ལ་བལྟས་ན་དེབ་ལྗང་ཁུ་སྒམ་ནང་བཅུག་སྟེ་སྐར་ལྔ་རྟགས་ཅན་གྱི་ལག་ཁྱེར་ལ་ཞབས་ཕྱི་འགྲུབ་གི་མེད་འགྲོ་བསམ་པ་འདུག་
འགྱུར་མེད་བསྟན་འཛིན་མིང་ཅན་ལའོ།
འགྲོ་བ་མིའི་རིགས་སུ་ཏོགས་པ་ཞིག་ཡིན་ཚེ་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་གཅིག་ཡང་ན་སྒྲིག་འཛུགས་ཚོགས་པ་ཞིག་གི་
ཁོངས་སུ་གཏོགས་པའི་མི་ཞིག་ཡིན་དགོས་ངེས་རེད།
གནམ་ནས་ཟག་པ་དང་ས་ནས་ཐོན་པའི་སྲོག་མེད་བེམ་པོ་ཞིག་ཡིན་ན་ཁྱོད་ལ་དམིགས་བསལ་ལོས་ཡོད།
དེ་མིན་ཚོགས་པ་ཞིག་ལ་ཚོགས་དངུལ་དང་ཁྲལ་སྤྲོད་དགོས་པ་ནི་ཚོགས་པ་ཡོད་དོ་ཅོག་གི་སྒྲིག་འཛུགས་དང་
བཅའ་ཁྲིམས་རེད་ལ།མི་ཡོད་དོ་ཅོག་གི་མི་ཟས་སྤྱོད་པའི་ཁྲལ་ཡིན་པ་ནི་འཛམ་གླིང་རྒྱལ་ཁབ་ཀུན་ལ་གཅིག་མཚུངས་རེད།
བཙན་བྱོན་བོད་མིའི་སྒྲིགས་འཛུག་ལ་ཁྲལ་སྤྲོད་དགོས་པ་ནི་ཁྱོད་ཀྱིས་སྔོན་བསགས་པའི་ལས་ངན་རེད་ལ་ཐར་ཐབས་མེད་པའི་
ཁྲིམས་ཀྱང་རེད།
ཤེས་པ་རང་བཞིན་དུ་གནས་པའི་མི་ཞིག་ཡིན་ན་སོ་སོའི་གཞུང་དང་སྒྲིགས་འཛུགས་ཚོགས་པ་སོགས་ལ་ཁྲལ་དགོས་པ་
འགྲོ་བ་མིའི་ཁྲིམས་ལུགས་རེད།
ཁྱོད་ལྟ་བུའི་ཤེས་པ་རང་བཞིན་དུ་མི་གནས་པ་སྨྱོན་པ་རྣམས་ལ་དམིགས་བསལ་ཡོད་པ་ནི་བཅའ་ཁྲིམས་ཡོད་ཚད་ཀྱི་ངོ་བོ་ཡིན་པ་གཅིག་
མཚུངས་རེད།གལ་ཏེ་ཁྱོད་ཀྱིས་རྒྱལ་དམར་གཞུང་ལ་ཁྲལ་དངུལ་སྤྲོད་བཞིན་པ་དང་ལས་ཀ་ལ་ཞུགས་བཞིན་པ་ཡིན་ན་
བོད་མིའི་སྒྲིག་འཛུགས་ལ་ཁྲལ་སྤྲོད་མི་དགོས་པ་རང་བཞིན་གྱི་ཆགས་སོང་བ་དང་།
བོད་མི་སྒྲིག་འཛུགས་ཀྱི་དེབ་ཐེར་སྔོན་པོ་ལ་ཚོགས་དངུལ་སྤྲོད་མི་སྤྲོད་ཐད་ཁྱོད་ལ་ཐེ་བྱུས་བྱེད་མི་ཆོག་པ་ཡང་
རང་བཞིན་དུ་སོང་བས། དབྱར་ཁར་ལྕགས་དང་དགུན་ཁ་རྫ།
དུས་རྒྱུན་དུ་ཁ་ལ་བདག་པོ་རྒྱབ་དགོས་ཞེས་བོད་ཀྱི་གཏམ་དཔེ་བཞིན་ཁ་ཙུམ་ན་ལེགས་སྙམ་མོ།
གང་ལགས་ཞུ་ན་མི་ཞིག་ཡིན་ན་མིའི་ཁྲིམས་ལ་རྩི་འཇོག་དང་ནང་ཆོས་ཁས་ལེན་མཁན་ཞིན་ཡིན་ན
ལས་འབྲས་ལ་རྩི་སྲུང་དགོས།་མ་མཐར་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཞིག་ནི་རྒྱལ་དམར་གཞུང་ཡང་དགོས་ངེས་ཤིག་རེད།
ཁྱོད་ཀྱི་སྐད་ཆ་ཤོད་སྟངས་ལ་གཞིགས་ན་རྒྱ་དམར་གཞུང་ལ་ཡང་མི་དགོས་ཤིང་།ནམ་ཞིག་རྒྱ་དམར་གཞུང་གིས་
ཡ་མཚན་ཞིག་རེད།
རང་ཉིད་ཀྱིས་རྒྱུས་ལོན་བྱས་པ་དང་འབྲེལ་ཡོད་བོད་མི་ཚོར་སྐད་ཆ་དྲིས་ཏེ་ཤེས་གསལ་ལ། ཡུ་རོབ་ཁུལ་དུ་གནས་སྡོད་བོད་མི་ཚོར་དཀའ་ངལ་གཉིས་འདུག གཙོ་བོ་གཅིག་གོང་དུ་ཡུ་རོབ་སྤྱི་མཐུས་ཀྱིས་གསུངས་གསལ་ལྟར། ཡུ་རོབ་ཁུལ་དུ་སླེབས་ནས་བོད་མི་བརྒྱ་ཆ་དགུ་བཅུ་ལྷག་མིང་བརྗེ་བསྒྱུར་བྱས་ཡོད་པ་དང་། དེ་སྔོན་གྱི་རང་བཙན་ལག་དེབ་སྟེང་མིང་གཅིག་ཡོད། ཡུ་རོབ་ཁུལ་དུ་སླེབས་ནས་ཁོ་པ་ཚོའི་མིང་གསར་པ་དེ་ཁྲིམས་མཐུན་ཆགས་ཡོད་སྟབས། མིང་དེའི་སྟེང་བོད་མིའི་སྒྲིག་འཛུགས་ནས་ངོས་ལེན་གནང་གི་མེད་པ་དང་། སྔོན་གྱི་དཔྱའ་དེབ་ཐོག་དཔྱའ་དངུལ་འབུལ་སྐབས་ཁོ་པ་ཚོར་དེ་བས་སྟབས་བདེ་མེས་པས་རེད་འདུག
གཉིས་པ་དེ། རིགས་གཅིག་ལོ་མང་ཕྱིན་ཡང་དཔྱའ་དངུལ་འབུལ་བར་ས་གནས་ཀྱི་བར་ཐག་དང་རྒྱལ་ཁབ་གཅིག་ནས་གཅིག་བརྒྱུད་དགོས་པའི་དཀའ་ངལ་གྱིས་སྤྲོད་མ་ཐུབ་པར་ལུས་ནས། ད་ལྟ་ལོ་ངོ་མང་པོ་མཉམ་གཅིག་ཏུ་སྤྲོད་དགོས་དུས་དངུལ་གྱི་དཀའ་ངལ་ཡོད་པར་གླེང་།
སྟབས་བདེ་ཤོས་ནི་བོད་མིའི་སྒྲིག་འཛུགས་ནས་ཁོང་ཚོར་དཔྱའ་དེབ་གསར་པ་རེ་བཟོ་རྒྱུ་དེ་རེད། དེ་ལྟར་བྱུང་ན་བརྒྱ་ཆ་བརྒྱ་བཅུས་དཔྱ་དངུལ་འབུལ་ངེས་རེད་ཟེར།
ང་རང་ལ་དེབ་སྔོན་པོ་ཞིག་ཡོད་ཀྱང་སྒམ་ནད་དུ་རྙིང་པ་ཆགས་་འདུག་་་་དངུལ་མ་མཇལ་ནས་་་ལོ་ལྔ་ཙམ་ཕྱིན་ཚར་འདུག་་་་ད་བེད་སྤྱོད་གང་མི་འདུག་་དངུལ་འཇལ་ན་གང་བྱེད་་་་དཔེ་ཤག་འཕྲོ་བརླགས་རེད་་་་་་་་སྔོན་མ་རྒྱ་གར་ནས་དེ་ལ་དངུལ་མ་འཇལ་ལ་མཚམས་རེ་ལས་དོན་འདྲ་བུང་ན་དེས་་མགྲིན་པ་གཙེར་གྱིན་འདུག་ག་་་་་་་་་ད་བེད་སྤྱོད་མི་འདུག་་་དངུལ་འཇལ་གྱིན་མིན་་་་་་་བཀའ་ཤག་དགོངས་འཚོམ་ཀྱང་ཐབས་ཤེས་མི་འདུག་ཨ།
བོད་པའི་བོད་ཡུལ་བློ་གཏོང་བྱས་སོང་
ཡིད་ཕམ་པ་ལ་བོད་མིའི་ཤ་ཁྲག་རུས་མ་རྗེས་གོང་བོད་པ་དྲུག་སྟོང་བོད་པ་མ་ཡིན་པ་ཆག་ཚར་དེ་དྲ་ཡིད་ཕམ་པ་ལ།།