མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༣༥༠༠ ལྷག་གིས་རྒྱལ་ས་ལྡི་ལིར་ཞི་བའི་གོམ་བགྲོད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མི་སྐྱ་སེར་ ༣༥༠༠ ལྷག་གིས་ལྡི་ལིའི་གྷན་ངྷི་མཆོག་གི་དྲན་རྟེན་གླིང་ཀར་བསྔོ་སྨོན་མཆོད་འབུལ་དང་ཇཱན་ཏར་མན་དར་བར་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་གནང་སོང་ལ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་ནག་གི་འཁྱོག་བཤད་ལ་གསལ་བཤད་དང་། བཀའ་སྤྱི་གཉིས་ཀྱིས་མུ་མཐུད་ལས་འགུལ་ལ་ཤུགས་སྣོན་གནང་རྒྱུ་ཡིན་སྐོར་ཡང་གསུངས་བྱུང་།

དེ་རིང་ཞོགས་པའི་ཆུ་ཚོད་ ༩ ། ༣༠ སྟེང་ལྡི་ལི་ར་རྗི་གྷེ་ཁྲི་ས་གནས་ཡོད་པའི་མེས་པོ་དམ་པ་གྷན་ངྷི་མཆོག་གི་དྲན་རྟེན་གླིང་ཀ་རུ་རྒྱ་གར་གྱི་ཆོས་ལུགས་ཁག་གི་སྐུ་ཚབ་དང་བོད་མི་མང་སྤྱི་འཐུས་རྣམ་པ། བོད་གཞུང་སྐུ་ཚབ་དོན་གཅོད་གཙོས་པའི་གཞུང་འབྲེལ་གྱི་གནད་ཡོད་མི་སྣ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མགོ་འཁྲིད། རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་སེར་སྐྱ་མི་མང་། དེ་བཞིན་ཕྱི་རྒྱལ་དང་རྒྱ་གར་བཅས་ཀྱི་གསར་འགོད་པ་བཅས་མཉམ་ཞུགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་པ་རྣམ་པ་དང་དཀའ་སྡུག་འོག་ལྷག་ཡོད་པའི་གཞིས་བཞུགས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་བསྔོ་སྨོན་གནང་ཡོད་པ་མ་ཟད། དེར་ཡོད་མི་མང་ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་འཕྱར་ཏེ། ལྡི་ལི་ར་རྗི་གྷེ་ཊི་ནས་ཇཱན་ཏར་མཱན་ཏར་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཡོད།  

 

དེ་རིང་གི་ལས་འགུལ་ནང་རྒྱ་བལ་འབྲུག་གསུམ་དང་། རྒྱ་གར་གྱི་མངའ་སྡེ་ ༨  དང་ས་གནས་ ༣༦ ལྷག་གི་སེར་སྐྱ་མི་གྲངས་ ༣༥༠༠ ལྷག་མཉམ་ཞུགས་ཀྱིས་ཀེ་ལོ་མི་ཊིར་ ༣ ལྷག་གི་ལམ་དུ་ཞི་བའི་ལམ་ནས་ལས་འགུལ་སྤེལ་ཡོད་ལ། ལས་འགུལ་ཐོག་རྒྱ་གར་གྱི་གྲོང་གསེབ་གསར་བ་འཛུགས་སྐྲུན་ལས་གཞིའི་བློན་ཆེན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ལོ་གྷོ་ཝ་ཕུ་ས་སེན་མཆོག་དང་གྲོས་ཚོགས་གོང་མའི་འཐུས་མི་དང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་མོན་ཧཱན་སེན་མཆོག   རྒྱ་གར་བྱང་ཕྱོགས་ཨོ་ཏི་ར་མངའ་སྡེའི་བློན་ཆེན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་གྷི་ཞཱ་རེ་མཆོག  རྒྱ་གར་གྲོས་ཚོགས་འཐུས་མི་ར་གྷོ་ཝན་མཆོག་བཅས་གཙོས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་གཏམ་བཤད་གནང་ཡོད་པར་མ་ཟད། ཕྱི་དྲོ་ཆུ་ཚོད་ ༤ པའི་སྟེང་བཀའ་ཤག་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་མི་མང་ལ་གཏམ་བཤད་བཅས་གནང་སོང་།   

 

དེ་རིང་གི་ལས་འགུལ་འདིའི་ཐད་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་བྱས་པར། དེ་རིང་ཞོགས་པ་ནས་མགོ་བརྩམས་པའི་ལས་འགུལ་གྱི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་གྱིན་པ་དེ་བཙན་བྱོལ་བོད་མི་ཚོས་བརྒྱུད་སྐུལ་བྱས་པ་ཡིན་ཚུལ་གྱི་རྫུན་གཏམ་བཤད་ཀྱིན་པའི་ཐད་གསུངས་དོན། “ ང་ཚོས་གོ་ཚུལ་ལ་རྒྱ་ནག་གཞུང་གིས་ད་ལྟའི་ཆར་ཀིརྟི་དགོན་པ་གཙོས་པའི་ས་གནས་བོད་མིའི་གནས་སྟངས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་ཚུལ་དང་ཕྱི་སྡོད་བོད་མི་ཚོས་བརྒྱུད་སྐུལ་ཐོག་ལས་འགུལ་སྤེལ་བ་ཡིན་ཚུལ་གོང་བྱུང་།  དེའི་ཐད་ང་ཚོའི་ངོས་ནས་གསར་འགོད་གསལ་བསྒྲགས་རིམ་པའི་ཐོག་ད་ལྟའི་བོད་ནང་ལས་འགུལ་སྤེལ་གྱིན་པ་དེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་འཛིན་སྟངས་ནོར་འཁྲུལ་ཡིན་པའི་ཐོག  བོད་མིའི་མངོན་འདོད་མཐོང་མ་ཐུབ་པར་བོད་མི་ཚོ་དཀའ་སྡུག་གི་འོག་ནས་རང་ལུས་མེར་བསྲེགས་བཏང་བ་ལས། བཙན་བྱོལ་སྤྱི་ཚོགས་ཀྱི་ངོས་ནས་བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེགས་མ་བཏང་ཚེ། བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཐོག་ཁྱབ་ཐུབ་ཀྱི་མེད་པའི་བརྒྱུད་སྐུལ་གྱི་གནས་སྟངས་རྩ་བ་ནས་མེད་སྟབས། རྒྱ་ནག་གི་བཤད་ཀྱིན་པ་དེ་བདེན་པ་མ་རེད།  རྒྱ་ནག་གཞུང་གིས་དུས་ནམ་ཡང་བོད་ནང་གནས་ཚུལ་བྱུང་བའི་སྐབས་སུ་གནད་དོན་སེལ་ཐབས་བྱ་རྒྱུ་ལས་ལྡོག་ཏེ། གནད་དོན་གཞན་པ་ཞིག་ལ་འཁྲིད་འགྲོ་བའི་གནས་སྟངས་ཆགས་ཡོད། “ ཅེས་གསུངས་བྱུང་།

 

ཡང་ཁོང་གིས། “ ད་ལྟའི་ཆར་ཨ་རིའི་གཞུང་གི་ངོས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་ཆེན་པོ་བྱས་ཏེ་རྒྱ་ནག་གཞུང་ལ་འབྲེལ་བ་གནང་གི་ཡོད་འདུག་ལ། རྒྱལ་ཁབ་གཞན་པ་དག་དང་རྒྱལ་སྤྱིའི་ནང་བོད་དང་རྒྱ་ནག་གི་འབྲེལ་ལམ་ཐོག་ཕྱག་ལས་གནང་མཁན་ཚོས་ཀྱང་དོ་སྣང་བྱེད་ཀྱི་འདུག གཙོ་བོ། ཁོང་ཚོའི་གནོན་ཤུགས་དེ་བོད་ནང་གི་བོད་མི་ཚོའི་དཀའ་ངལ་སེལ་རྒྱུ་དེ་ཡིན་སྟབས།  བོད་ནང་གི་བོད་མི་ཚོར་མཚོན་ན་ཡང་། ཁྱེད་རང་ཚོས་བོད་ནང་རང་སྲོག་བློས་གཏོང་གི་ལས་འགུལ་སྤེལ་བ་དེར། ང་ཚོ་བཙན་བྱོལ་བོད་མི་ཡོངས་ཀྱིས་གང་ཐུབ་བྱེད་ཀྱི་ཡོད་ལ། རྒྱལ་སྤྱིའི་གཞུང་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།  ང་ཚོའི་ངོས་ནས་ཁྱེད་རང་ཚོའི་དཀའ་ངལ་སེལ་ཆེད་མུ་མཐུད་ལས་འགུལ་རིམ་པར་སྤེལ་འཆར་ཡོད། “ ཅེས་གསུངས་བྱུང་།  

 

ལྡི་ལི་ནས་གསར་འགོད་པ་དོན་གོ

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 9

  1. ཨ་ལ་ལ says:
    ལོ་ 15 སྔོན།

    དོན་གྲུབ་བཀྲ་ཤིས་ཟེར་བ་འདི་ཅི་ཞིག་ཡིན་ནམ། ? ཁོས་སྤྱི་འཐུས་གོམ་བགྲོད་ལ་མ་ཕེབས་པ་རྣམས་ཀྱི་ཚབ་བྱེད་དགོས་དོན། ཁོང་ཚོས་གླས་པ་ཡིན་ནམ། ཁོང་ཚོར་ངོ་དགའ་སྤྲེད་ལད་འཁྲབ་ཀྱི་ཡོད་རེད། ད་དུང་དྲང་གཏམ་བཤད་མཁན་དྲང་གཟུ་ལ་ཁ་རྡུང་འདྲ་བཏང་ནས། ་བཀའ་སྤྱི་གཉིས་ནས་རྒྱལ་ས་ལྡི་ལི་གལ་ཆེའི་ས་གནས་སུ་འདེམས་པ་དེ་མ་འགྲིག་འདོག་འདོག་བྱེད་ཀྱི་ཡོད་དམ། ས་གནས་སུ་མཉམ་ཞུགས་བྱས་ནས་འགྲིག་གི་ཡོད་ན་རྒྱ་བལ་འབྲུག་གསུམ་གྱི་ནང་ནས་འགྲོ་གྲོན་ཕོན་ཆེན་བཏང་ནས་ལྡི་ལིར་ཡོང་དགོས་དོན་མེད་པ་རེད་པཱ། དེ་ལྟར་མིན་སྟབས་ལྡི་ལིར་འཛོམས་དགོས་བྱུང་བ་རེད། ཁྱེད་ཀྱིས་བཀོད་པ་གསལ་བཤད་དེ་ཚོའི་ནང་དུ་བདེན་པ་རེད་བསམ་པ་གཅིག་ཀྱང་མི་འདུག འཇུ་ཆེན་དཀོན་མཆོག་ནི་སྐུ་ངོ་གྲུངས་རྐྱེན་གྱིས་སླེབས་མེད་ཚོད་བཤད་འདུག་པ། སྐུ་ངོའི་དགུང་ཞག་ཚང་ནས་མང་པོ་སོང་འདུག་པས་དེ་འདྲ་ཞིག་གཏན་ནས་མ་རེད། ནམ་རྒྱུན་སྤྱི་བ་བཤད་བསྡད་མཁན་ཚང་མ་ད་ཐེངས་སླེབས་མེད་པ་འདིས་གསལ་བཤད་ཅི་ཞིག་བྱས་ཡོད་པ་ང་ཚོས་བསམ་བློ་གཏོང་དགོས།

    Reply
  2. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 15 སྔོན།

    གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་སུ་ཞིག་ཡིན་ཡང་།
    ལས་འགུལ་འདིའི་ནུས་པ་འཛམ་གླིང་ཡུལ་གྲུ་ག་སར་ཁྱབ་ཐུབ་པ་གནང་རྒྱུ་དེ་གལ་གནད་ཆེ། ལྷག་པར་དུ་ད་རེས་ཀྱི་གོ་སྐབས་འདི་བཟུང་ནས་བོད་དོན་གྱི་ཐོག་འགྱུར་པ་ཞིག་འགྲོ་ཐུབ་པ་དང་། འགྱུར་པ་ཞིག་མ་བཏང་རང་བཏང་བཟོས་དགོས་འདུག ད་རེས་གོ་སྐབས་འདི་ཤོར་སོང་ན་ཧ་ཅང་གི་ཕང་པོ་རེད། བོད་ནང་གི་ཚེ་སྲོག་བློས་བཏང་གནང་བ་དེ་ཚོ་ཡང་འཕྲོ་རླག་ཏུ་འགྲོ་ཉེན་ཤིན་ཏུ་ནས་ཀྱང་ཆེ། དེར་བརྟན་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་གླེང་སློང་བྱེད་ཐུབ་པ་དང་། དགྲ་བོ་རྒྱ་དམར་གྱིས་བཤད་བཞིན་པའི་རྫུན་གཏམ་དེ་ཚོ་དུས་ནས་དུས་སུ་ར་སྤྲོད་གསལ་བོ་གནང་རྒྱུ་དེ་གལ་ཆེ། བོད་རྒྱལ་ལོ།

    Reply
  3. ཤག་སྒང་པ། says:
    ལོ་ 15 སྔོན།

    གང་ནས་སྤེལ་ཡང་གཅིག་པ་རེད། སྟོང་བཤད་ཀྱི་གཏམ་བཤད་རྐྱང་སྤེལ་་ནས་ལག་བསྟར་དུ་སྟོང་པ་ཡིན་ན་བློ་ཕམ་རེད།

    Reply
  4. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དམངས་གཙོའི་ལམ་སྲོལ་ལྟར་ན་གནས་ཚུལ་གང་ཡིན་གསལ་བོ་བཟོ་རྒྱུ་གལ་ཆེན་པོ་ཡིན་ཡང་། དོན་དག་ལ་ལ་ཞིག་གསལ་ཁ་མ་བྱུང་སྔོན་ལ་སྐྱོན་བརྗོད་བྱེད་པ་དེ་ཙམ་ཡག་པོར་མཐོང་མ་སོང་།
    ལྡི་ལིར་སྤྱི་འཐུས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་ནང་སྤྱི་འཐུས་ ༩ ཞུགས་ཐུབ་མེད་པ་དངོས་ཡོད་རེད། དེ་དག་ཁྲོད་ཀྱི་སྤྱི་འཐུས་སྐོར་ཞིག་ཕྱི་རྒྱལ་དུ་ཡོད། སྤྱི་འཐུས་ཁག་ཅིག་གིས་ས་གནས་ཁག་ཏུ་མི་མང་ལས་འགུལ་ལ་སྣེ་ཁྲིད་བྱེད་ཀྱི་ཡོད།
    ཨ་རི་དང་ཡུ་རོབ་ཀྱི་སྤྱི་འཐུས་ ༤ ཕེབས་ཐབས་ཡོད་པར་ས་གནས་མི་མང་གི་ལས་འགུལ་ལ་སྣེ་ཁྲིད་ལམ་སྟོན་གནང་གི་ཡོད་པ་རེད།
    སྤྱི་འཐུས་གངས་ལྷ་མོ་ལགས་ཚེས་ ༡༤ ཉིན་བདེ་ལེགས་སྨན་ཁང་དུ་མཐོང་བྱུང་། ཟླ་འགའ་གོང་ནས་ཁོང་མོའི་རྐང་པར་ཆག་སྐྱོན་ཆེན་པོ་ཞིག་བྱུང་ཡོད། ཉེ་སྔོན་སྤྱི་འཐུས་གྲོས་ཚོགས་སྐབས་སུའང་ཚོགས་འདུར་བཅར་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་དངོས་སུ་མཐོང་།
    སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཁ་སང་སྦེལ་ཀོབ་སེར་སྐྱ་མི་མང་ལ་སྣེ་ཁྲིད་དེ་ལས་འགུལ་སྤེལ་གྱི་ཡོད་པ་པར་ལས་མཐོང་སོང་།
    སྤྱི་འཐུས་རྣམ་དག་གཙུག་ཕུད་ལགས་ཀྱིས་ཁ་སང་ཝར་ན་མཐོ་སློབ་ཏུ་དགེ་ལས་སློབ་མ་དག་གི་སྣེ་ཁྲིད་དེ་ལས་འགུལ་སྤེལ་གྱི་ཡོད་པ་ད་ནངས་རླུང་འཕྲིན་ལས་གོ་སོང་།
    སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ལགས་ཀྱི་ཕ་དམ་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་གྲོངས་ཏེ་རྒྱུན་རིང་ཕྱིན་མེད་སྟབས། ད་དུང་ཡར་མར་འགྲུལ་བཞུད་དང་ལས་འགུལ་རིགས་སུ་ཞུགས་ཐུབ་ཀྱི་མེད་པ་འདྲ།

    Reply
  5. དྲང་གཟུ་ says:
    ལོ་ 15 སྔོན།

    དཀོན་མཆོག་དང་། གངས་ལྷ་མོ། ཚུལ་ཁྲིམས་བསྟན་འཛིན། གཡུང་དྲུང་རྒྱལ་མཚན། རྣམ་དག་གཙུག་ཕུད། བློ་བཟང་སྙན་གྲགས། བསྟན་པ་ཡར་འཕེལ་བཅས་ལ་ག་རེ་བྱུང་ཡོད་དམ། སྤྱི་འཐུས་ཤིག་གི་ཆ་ནས་མི་མང་གི་སྣེ་ཁྲིད་བྱ་མ་ཐུབ་ཀྱང་མཉམ་ཞུགས་ཙམ་ཡང་བྱ་མི་ཐུབ་དོན་ག་རེ་ཡིན་ནམ། ངེས་པར་སྤྱི་འཐུས་འགན་ལེན་མེད་པ་འདི་ཚོའི་བྱ་སྤྱོད་བཟང་ངན་གང་ཡིན་སྤྱི་འཐུས་ལྷན་ཚོགས་ནས་ཞིབ་འཇུག་བྱས་ཏེ་བོད་གཞིས་བྱེས་གཉིས་ཀྱི་མི་མང་ལ་གསལ་བཤད་ཅིག་ངེས་པར་གནང་དགོས།

    Reply
  6. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    ང་རང་ཡང་རྡི་ལིའི་ལས་འགུལ་འདིར་མཉམ་ཞུགས་བྱས་པ་ཡིན།
    ངས་མཐོང་ཚུལ་ལ་མི་མང་བརྒྱ་ཆ་མང་ཤོས་དེ་ན་གཞོན་ལོ་ཆུང་རྐྱང་རྐྱང་ཡིན་པའི་ཚོར་སྣང་བྱུང།
    གསར་འགྱུར་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱ་སྟངས་ལ་ལྟ་ན་མི་མང་ཧང་སང་བ་ཞིག་འཛོམ་ཡོད་རྒྱུ་རེད་བསམ་ཀྱང་ངའི་ཚོད་དཔག་ལ་ལྟོས་ན་བརྡབ་འགྱུར་མང་པོས་ཉུང་ཉུང་རེད་ཤག
    ངས་རེ་རེ་ནས་བརྩིས་མེད་ཀྱང་མི་ཆིག་སྟོང་ལྷག་ཙམ་ཡོད་ན་སྣམ་པའི་ཚོར་སྣང་བྱུང།
    གནས་ཚུལ་འདི་ཚོས་བོད་གཞིས་བྱེས་གཉིས་ཀྱི་བསམ་བློའི་བར་ཐག་དེ་ལེ་བར་མང་པོས་ད་དུང་ང་ཚོ་རྗེས་སུ་ལྷག་ཡོད་པ་བཤད་ཐུབ།

    Reply
  7. རང་དབང་རྒྱལ། says:
    ལོ་ 15 སྔོན།

    ཞོགས་ཀ་དུས་ཚོད་ལྔ་བ་ནས་གཉིད་ལས་སད་མ་ཐག་སེམས་འཚབ་འཚུབ་ཏུ་གྱུར་འདུག གང་ཡིན་ཟེར་ན། དེ་རིང་ནི། བཙན་བྱོལ་གཞུང་མང་གཉིས་མཉམ་འབྲེལ་གྱིས་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཞི་བའི་གོམ་བགྲོད་དང་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་པས་ཡིན་ན་ཐང་། གང་ལྟར། རང་ངོས་ནས་གྲ་སྒྲིག་བྱས་ནས་སོང་བ་ཡིན་མོད། ང་རང་སྔ་དྲགས་སོང་བས་ན། དུས་ཚོད་ལྔ་ལ་འགུགས་དགོས་བྱུང་སོང་།
    གཞི་ནས་གྷན་ངྷེའི་བདེ་བར་གཤེགས་ས་ནས་གཞི་ནས་མགོ་འཛུགས་སོང་། དེ་ནས་ཞི་བའི་གོམ་བགྲོད་བྱེད་ཞོར་དུ་སོང་བའི་ལམ་བར་ནས་མི་མང་གི་སྐད་འབོད་སྣ་ཚོགས་ཤིག་བྱེད་ཀྱིན་པ་ལས་འབོད་ཚིག་གཅིག་རྩ་བ་ནས་མི་འདུག རང་ངོས་ནས་དོ་སྣང་བྱས་པའི་ཁུལ་གྱིས་སྔོན་མར་བཀའ་སྤྱི་གཉིས་ཐུན་མོང་གིས་བསྒྲགས་པའི་འབོད་ཚིག་རྣམས་ཟིན་དེབ་ཐོག་ཏུ་བཀོད་ཡོད་མོད། འོན་ཀྱང་། འབོད་ཚིག་དེ་འཕྲེད་དར་དང་འབོད་མཁན་གཅིག་ཀྱང་མི་འདུག 《བོད་རང་བཙན་གཙང་མ་ཡིན།》ཟེར་བ་སོགས་མ་གཏོགས་དབུ་མ་ལམ་གྱི་ཐོག་ནས་ཞི་མོལ་བྱེད་དགོས་པ་ཟེར་སོགས་གཅིག་ཀྱང་མི་འདུག
    དེ་རིང་དམིགས་བསལ་གྱི་གནས་ཚུལ་ཞིག་མཐོང་བ་ནི། ཞི་བའི་གོམ་བགྲོད་ནི། གོམ་པ་བརྒྱབས་ནས་འགྲོ་བ་ཡིན་དུས། གོམ་པ་རྒྱག་སྤྱད་ཀྱི་རྐང་པ་ཞིག་ངེས་པར་དུ་ཡོད་དགོས་པ་ཞིག་ཡིན་པ་འདྲ། ཡིན་རུང་། སེམས་ཤུགས་ཡོད་ན། རྐང་པ་ཡོད་མེད་ལ་ཁྱད་པར་མི་འདུག དཔེར་ན། རྐང་གཡས་རྩ་བ་མེད་སའི་ཕོ་གསར་ཞིག་དང་། རྐང་པ་གཉིས་ཀ་ཀྱོག་ཀྱོག་ཡིན་པའི་གྲྭ་པ་ཞིག་གིས་མཁར་བ་ལ་བརྟེན་ནས་ཞི་བའི་གོམ་བགྲོད་བྱེད་དུས། ང་ལ་དམིགས་བསལ་གྱི་ཚོར་སྣང་ཆེན་པོ་ཞིག་སྤྲད་སོང་། ངའི་རྐང་པ་ཐང་ཐང་ཡིན་རུང་། ཁོང་རྣམ་པ་གཉིས་ཀྱིས་རྐང་ཕྱེད་ལ་མི་དོ་བ་འདི། གནད་འགག་ཐུག་ས་ནི། སེམས་ཤུགས་ཆེ་ཆུང་གི་གནད་དོན་ཞིག་ཡིན་པ་ཚོར་སོང་།
    བཀའ་སྤྱི་ཐུན་མོང་གིས་གསལ་བསྒྲགས་སྔོན་བྱས་ལྟར་ན། ཐེངས་འདིའི་ལས་འགུལ་ནང་རྒྱ་གར་མངའ་སྡེ་ཁག་དང་བལ་ཡུལ་སོགས་ཀྱི་ཁོངས་ནས་བོད་མི་ ༣༠༠༠ འཛུལ་ཞུགས་བྱེད་རྒྱུ་ཡིན་སྟངས་བསྒྲགས་སོང་། དེ་རིང་དུས་བབ་དྲ་ཚིགས་ཀིས་ཀྱང་དེ་མཚུངས་ ༣༥༠༠ ཡོད་རབས་སྤེལ་སོང་རུང་། ངོ་མ་ཡིན་ན། ༢༥༠༠ མ་ཟིན་མ་གཏོགས་མི་འདུག འདི་ནི། ཕལ་ཆེར་མི་རེ་རེར་རྩིས་པའི་ཁུལ་ཡིན། འདིས་ག་རེ་མཚོན་གི་འདུག་ཟེར་ན། བོད་ནང་ནས་རང་ལུས་མེར་བསྲེགས་ཀྱིས་བོད་མི་རིགས་ཀྱི་དཀའ་ངལ་གསལ་སྟོན་བྱེད་ཀྱིན་པ་ཡིན་རུང་། འདི་ཕྱོགས་ནས་སྐད་འབོད་ཙམ་ལ་མཉམ་ཞུགས་བྱེད་མཁན་ཉུང་བ་འདིས། བོད་ཀྱི་དཀའ་ངལ་འདི། ངོས་མ་ཟིན་པའམ་དང་བརྗེད་ཀྱིན་པ། ཡང་ན། སེམས་ཚོར་མེད་པ་མཚོན་གྱིན་པ་མ་ཡིན་ནམ།

    Reply
  8. གྲྭ་རྐྱང་། says:
    ལོ་ 15 སྔོན།

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་འདིའི་ནང་མཉམ་ཞུགས་ཀྱི་ཆ་ཤས་མི་ལེན་མཁན་འཇུ་ཆེན་དཀོན་མཆོག་དང་། གངས་ལྷ་མོ། ཚུལ་ཁྲིམས་བསྟན་འཛིན། གཡུང་དྲུང་རྒྱལ་མཚན། རྣམ་དག་གཙུག་ཕུད། བློ་བཟང་སྙན་གྲགས། བསྟན་པ་ཡར་འཕེལ་བཅས་ལ་ག་རེ་བྱུང་ཡོད་དམ། སྤྱི་འཐུས་ཤིག་གི་ཆ་ནས་མི་མང་གི་སྣེ་ཁྲིད་བྱ་མ་ཐུབ་ཀྱང་མཉམ་ཞུགས་ཙམ་ཡང་བྱ་མི་ཐུབ་དོན་ག་རེ་ཡིན་ནམ། ངེས་པར་སྤྱི་འཐུས་འགན་ལེན་མེད་པ་འདི་ཚོའི་བྱ་སྤྱོད་བཟང་ངན་གང་ཡིན་སྤྱི་འཐུས་ལྷན་ཚོགས་ནས་ཞིབ་འཇུག་བྱས་ཏེ་བོད་གཞིས་བྱེས་གཉིས་ཀྱི་མི་མང་ལ་གསལ་བཤད་ཅིག་ངེས་པར་གནང་དགོས།

    Reply
  9. འཇིགས་མེད་རྣམ་རྒྱལ། says:
    ལོ་ 15 སྔོན།

    ཕྱི་སྡོད་བོད་མི་ཀུན། བསམ་བློ་རྣལ་མ་ཐོང་ཏ། ངས་བསམ་ན་བོད་ཕྱི་ན་ཡོད་པ་དག་ངོ་ཚ་དགོས་པའི་དུས་རེད། ལྷག་པར་ཏུ་བོད་གཞུང་གི་ཆབ་སྲིད་དབུ་ཁྲིད་དག་དང་། ཆབ་སྲིད་ཚོགས་པ་ཁག་གི་དབུ་ཁྲིད་དག་ངོ་ཚ་དགོས། མི་མང་དཀྱུས་མ་རྣམས་ཡང་རང་བཞིན་དུ་འདུག་རན་མིན།
    གཞེས་བཞུགས་བོད་མི་ཚོས་རིན་ཐང་བྲལ་བའི་སྲོག་ཡང་བཏང་ཐུབ་ན། དབུ་ཁྲིད་ཚོས་འཛམ་གླིང་གསར་འགྱུར་དུ་བཟོ་མ་ཐུབ་པ་ལ་ངོ་མི་ཚ་འམ། ཉིན་མཚན་བར་མེད་དུ་འདིའི་ཆེད་དུ་ལས་ག་མ་བྱས་པར་ཁྲི་ལ་འགྱང་ཕོད་དམ། འདི་ལས་ཆེ་བའི་གསར་འགྱུར་ཞིག་ཡོད་ཚུལ་མེད་མོད། འོན་དེ་འཛམ་གླིང་གིས་མཐོང་ཐུབ་མེད་པ་ང་ཚོའི་རང་སྐྱོན་མ་རེད་དམ། ངོ་མི་ཚ་འམ།
    འདི་ནི་རང་དོན་དུ་རང་སྲོག་བཅད་པ་མ་རེད་མོད། འདི་ལས་ལྷག་ཞིག་བྱེད་རྒྱུ་མེད་མོད། འདི་ནི་རང་བྱུང་གི་གོད་ཆགས་ཙམ་མ་རེད་མོད། ཅེས་ཕྱིར་འཛམ་གླིང་ལ་ཁྱབ་པའི་གསར་འགྱུར་དུ་མ་ཁྱབ་པ་རེད། བོད་ཀྱི་ཆབ་སྲིད་དབུ་ཁྲིད་ཚོས་མཐུས་ཤོར་རེད། འདི་ལ་མཐུས་ཤོར་གཏོང་ཕོད་ན། གཞན་མི་ཕོད་པ་ཞིག་ཡོད་དམ། བོད་ནས་གཅེས་སྲོག་བློས་བཏང་ཡང་། པར་རྣམ་དག་ཞིག་མི་འབྱོར་བ་ལ་ལྟོས་དང་། འདི་ནི་བྱེས་སྡོད་ཚོས་ཁོང་ཚོར་ཤེས་ཡོན་སྤྲད་མ་ཐུབ་པ་རེད། བློ་ཕམ ལྷག་པར་དུ་སྐུ་ངོ་ཚོ་ངོ་རེ་མི་ཚ་འམ།
    མར་མེ་ཁྲོམ་སྐོར་ལས་གཞན་ཞིག་བྱེད་མི་ཤེས་སམ། ཤུ་རེ་གོ་ཡིན་ན། ཨོ་སུ་ཁྲིའུ་ལིའུ་ཡའི་ཆབ་སྲིད་པ་དག་ཤི་སོང་ངམ། དབུ་ཁྲིད་དག་ཤི་སོང་ངམ། ཅིག་བྱེད་རན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese